Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ལུང་གི་བསྟན་པ་དང༌། རྟོགས་པའི་བསྟན་པ། ལུང་གི་བསྟན་པ་ནི་ཆོས་བཤད་པ་དང་ཉན་པ། རྟོགས་པའི་བསྟན་པ་ནི་རྟོགས་པ་སེམས་རྒྱུད་ལ་སྐྱེས་པ། +
1. སྒྱུ་མ། 2. སྨིག་སྒྱུ། 3. རྨི་ལམ། 4. གཟུགས་བརྙན། 5. དྲི་ཟའི་གྲོང་། 6. བྲག་ཆ། 7. ཆུ་ཟླ། 8. ཆུ་བུར། 9. མིག་ཡོར་ཏེ་གྲིབ་མ་ལ་བཤད། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་འཁོར་འདས་བྱེད་མེད་རྩ་འགྲེལ་ལས། མིག་ཡོར་ཞེས་མིག་བཙིར་བས་གཟུགས་གཉིས་མཐོང་བ་ལྟ་བུ་ལ་བཞེད་དོ། 10. སྤྲུལ་པ་སྟེ་དེ་ཡི་སའོ། དགུར་དབྱེ་ན། གསལ་ལ་མ་འགགས་མེ་ལོང་གཟུགས། མེད་བཞིན་སྣང་བ་མིག་ཡོར། སྣང་ངོར་སྟོང་པ་ཆུ་ཟླ་རྒྱུ་རྐྱེན་འདུས་པས་སྒྱུ་མ་གཡོ་བའི་རང་བཞིན་སྨིག་རྒྱུ། རླུང་ལས་གྲུབ་པ་ཆུ་བུར། སེམས་དང་བྱས་པས་རྨི་ལམ། མྱུར་ལས་མགྱོགས་པའི་གློག གཅིག་ལ་དུ་མར་སྣང་བས་སྤྲིན་ལྟ་བུའོ། +
བཅུ་བོ་དེ་རྣལ་འབྱོར་ཀུན་གྱིས་དང་དུ་བླངས་པ་སྟེ། 1. དཀོན་མཆོག་གསུམ་ཀྱི་སྤྱི་དགྲ 2. སློབ་དཔོན་གྱི་སྐུ་དགྲ 3. མཆེད་ལྕམ་གྱི་དགོས་དགྲ 4. རྣལ་འབྱོར་རང་ལ་འཁུ་བ། 5. སེམས་ཅན་ཡོངས་ལ་གནོད་པ། 6. མཚམས་མེད་པ་ལྔ་བྱེད་པ། 7.རང་རྒྱུད་ངན་པའི་ངང་ཚུལ་ཅན། 8. རྣལ་འབྱོར་པ་སྤྱིའི་དགྲར་གྱུར་པ། 9.དམ་ལས་ལོག་པ། 10. ངན་སོང་གསུམ་གཅིག་ཏུ་བརྩིས་ཏེ་བཅུའོ།་ བསྒྲལ་བའི་ཞིང་བཅུར་གྱུར་པ་ནི། མ་མོ་སྲིད་པའི་རྫོགས་ལུང་ལས། ཞེ་སྡང་མེ་ལྟར་འབར་པ་དང་གཅིག ཕྲག་དོག་རླུང་དམར་ལྟར་འཚུབ་པ་དང་གཉིས། འདོད་ཆགས་ཞིང་ལྟར་གཏམ་ས་ཏེ་གསུམ། གཏི་མུག་རི་ལྟར་སྤུངས་ཏེ་བཞི། ང་རྒྱལ་སེར་ལྟར་ཁམས་ཏེ་ལྔ། སེར་སྣ་རྩི་ལྟར་འབྱར་ཏེ་དྲུག གཏུམ་པོ་ཁྲོ་ཆུ་འདྲ་སྟེ་བདུན། གསོད་གཅོད་སྲིན་པོ་འདྲ་སྟེ་བརྒྱད། ཕྲག་དོག་རློམ་པ་སྲིན་མོ་འདྲ་སྟེ་དགུ ལོག་ཆོས་ཁ་དཔོན་བྱེད་དེ་བཅུ་ཞེས་སོ། ཡང་དཔལ་མགོན་གྱི་བསྐུལ་བྱང་ལས། སངས་རྒྱས་བསྟན་པ་བཤིག་པ་དང་། བླ་མའི་སྐུ་ལ་བསྔོ་བ་དང་། དབེན་གནས་གཉེན་པོ་འཇོམས་པ་དང་། དགེ་འདུན་འབྱེན་པའི་འབྱེད་བྱེད་དང༌། སེམས་ཅན་ཡོངས་ལ་འཚེ་བ་དང་། གསང་སྔགས་ཆོས་ལ་སྨད་པ་དང་། སྡེ་དགོན་ཡོ་བྱད་རྐུ་བ་དང་། བསམ་གཏན་པའི་སེམས་དཀྲུགས་པ་དང་། སྐྱེ་བོ་སྡིག་ལ་དགའ་བ་དང༌། དགེ་ལ་སྡིག་པར་བསྒྱུར་བྱེད་པའི། བསྒྲལ་བའི་ཞིང་བཅུ་ཚང་བ་ཡི། ཞེས་གསུངས་སོ། +
ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཡི་དྭགས། དུད་འགྲོའི་གནས་རྣམས་སོ། +
བསྙེན་པར་རྫོགས་པའི་སྐབས་ཀྱི་མངོན་དུ་གྱུར་པ་བཅུ་ནི། སྟོན་པ་མངོན་དུ་གྱུར་པ། སངས་རྒྱས་མངོན་དུ་གྱུར་པ། ཆོས་མངོན་དུ་གྱུར་པ། མཁན་པོ་མངོན་དུ་གྱུར་པ། སློབ་དཔོན་མངོན་དུ་གྱུར་པ། བསྙེན་པར་རྫོགས་འདོད་མངོན་དུ་གྱུར་པ། ཡོ་བྱད་མངོན་དུ་གྱུར་པ། ལོངས་སུ་དག་པ་མངོན་དུ་གྱུར་པ། གསོལ་བ་མངོན་དུ་གྱུར་པ། ལས་མངོན་དུ་གྱུར་པའོ། +
འདི་ཤཱཀྱ་མུ་ནེའི་ཆོས་ཀྱི་་གནས་ཚད་ལ་ལོ་ལྔ་སྟོང་ཡོད་པའི་ནང་གི་འབྲས་བུའི་དུས་ལོ་1500 སྒྲུབ་པའི་དུས་ལོ་ 1500 ལུང་གི་དུས་ལོ་1500 རྟགས་ཙམ་གྱི་དུས་ལོ་ 500 བཅས་སོ། +
དགེ་ཚུལ་གྱི་སྐབས་སུ་སྔོན་གྱི་ཆོ་གའི་དབྱེ་བ་བཅུ་སྟེ་བསྙེན་པར་རྫོགས་ཚུལ་བཅུ་ནི། 1. རང་བྱུང་གིས་བསྙེན་པར་རྫོགས་ཚུལ། 2. ངེས་པར་འཇུག་པས་བསྙེན་པར་རྫོགས་ཚུལ། 3. ཚུར་ཤོག་གིས་བསྙེན་པར་རྫོགས་ཚུལ། 4. སྟོན་པར་ཁས་བླངས་པའི་བསྙེན་པར་རྫོགས་ཚུལ། 5.དྲི་བས་མཉེས་པའི་བསྙེན་པར་རྫོགས་ཚུལ། 6. ལྕེ་ཆོས་ཁས་བླངས་པའི་བསྙེན་པར་རྫོགས་ཚུལ། 7. འཕྲིན་ཆོག་གི་སྒོ་ནས་བསྙེན་པར་རྫོགས་ཚུལ། 8. མཐའ་འཁོབ་ཏུ་ལྔ་ཚོགས་ཀྱིས་བསྙེན་པར་རྫོགས་ཚུལ། 9. དབུས་སུ་བཅུ་ཚོགས་ཀྱིས་བསྙེན་པར་རྫོགས་ཚུལ། 10. སྐྱབས་སུ་འགྲོ་པས་བསྙེན་པར་རྫོགས་ཚུལ་རྣམས་སོ། +
སྔོན་འཇུག་གི་མོ་ཡིག་འ་ཡིག་གི་འཇུག་ཡུལ་མིང་གཞིའི་ཡི་གེ་བཅུ་བོ་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་དང་། མོ་ཡིག་ག་ཇ་ད་བ་ཛ་བཅས་བཅུ་ལ་རྐྱང་པའི་སྒོ་ནས་འཇུག་པ་དང་། དེའི་ནང་ནས་ཁ་ག་ཕ་བ་རྣམས་ལ་འདོགས་ཅན་ལའང་འཇུག་གོ +
རབ་གནས་ཀྱི་རྒྱུད་ལས། དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག ཕྱག་རྒྱ་སྟངས་སྟབས་གདན་དང་ནི། བཟླས་བརྗོད་སྦྱིན་བསྲེག་མཆོད་པ་དང་། ལས་ལ་སྦྱར་དང་སླར་བསྡུ་བའོ་ཞེས་སོ། +
ཐུན་མོང་ཁྱད་པར་མཆོག་གསུམ་གྱི་ལུགས་ལས། དང་པོ་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། ཐུབ་པ་ཆེན་པོའི་ཞལ་ནས། སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། བརྩོན་འགྲུས་བསམ་གཏན་ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཕ་རོལ་ཕྱིན་པ་བཅུ། གཉིས་པ་ལ་ནི་བསླབ་བྱ་བཅུ་སྟེ། མོས་པ་སྤྱོད་པའི་ས་ལ་ཆོས་སྤྱོད་བཅུ་ཡོད་པ་དེའོ། མགོན་པོ་བྱམས་པའི་ཞལ་ནས། ཡི་གེ་འབྲི་བ་དང་། མཆོད་པ་འབུལ། སྦྱིན་པ་གཏོང་བ། ཆོས་ཉན་པ། ཀློག་པ། འཛིན་པ། རབ་ཏུ་སྟོན་པ། ཁ་ཏོན་བྱེད་པ། ཆོས་ཀྱི་དོན་སེམས་པ། ཆོས་ཀྱི་དོན་སྒོམ་པ་སྟེ་བཅུ། གསུམ་པ་ཐར་ལམ་མམ་འགྲོ་དོན་བཅུ་སྟེ། སྤྱན་རས་གཟིགས་ཀྱི་ཞལ་ནས། རྟེན་གསུམ་བཞེངས་དང་སྲོག་འདོན་ཟམ་པ་འཛུགས། མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་རྣམས། འགྲོ་བ་དོན་ལ་བརྩོན་པ་ང་ཡི་སྲས། ལུས་དེ་བོར་ནས་བདེ་བ་ཅན་དུ་སྐྱེ་ཞེས་གསུངས་སོ། +
ཁྱབ་འཇུག་གི་འཇུག་པ་བཅུ་དང་དོན་གཅིག +
དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད། +
ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས། +
སངས་རྒྱས་རྗེས་སུ་དྲན་པ། ཆོས། དགེ་འདུན། ཚུལ་ཁྲིམས། གཏོང་བ། ལྷ། དབུགས་ཕྱི་ནང་དུ་རྒྱུ་བ། སྐྱོ་བ། འཆི་བ། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པའོ། +
ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང༌། མཚན་ཉིད་མེད་པར་མཉམ་པ་ཉིད་དང༌། སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང༌། དབེན་པ་དང༌། གདོད་མ་ནས་རྣམ་པར་དག་པ་དང་། སྤྲོས་པ་མེད་པ་དང་། བླང་དོར་མེད་པ་དང༌། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་བྲག་ཆ་དང་ཆུ་ཟླ་དང་གཟུགས་བརྙན་དང་སྤྲུལ་བ་ལྟ་བུར་མཉམ་པ་ཉིད་དང་། དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་དེ་བཅུའོ། +
1. དོན་ཉམས་པ། 2. དོན་འགལ་བ། 3. དོན་གཅིག་པ། 4. ཐེ་ཚོམ་ཅན། 5. རིམ་པ་ཉམས་པ། 6. སྒྲ་ཉམས་པ། 7. གཅོད་མཚམས་ཉམས་པ། 8. སྡེབ་སྦྱོར་ཉམས་པ། 9. མཚམས་སྦྱོར་ཉམས་པ། 10. ཡུལ་དུས་སོགས་ནང་འགལ་བའོ། +
རྣལ་འབྱོར་པ་དམིགས་པ་ལ་སེམས་ཟིན་པས། 1. ས་རླུང་ཟིན་པས་དུ་བ་སྔོ་བུན་ནོ། 2. མེ་རླུང་ཟིན་པས་སྲིན་བུ་མེ་ཁྱེར་ལྟ་བུའོ། 3. ཆུ་རླུང་ཟིན་པས་སྨིག་རྒྱུ་ལྟ་བུའོ། 4. རླུང་གི་རླུང་ཟིན་པས་མེ་འབར་བ་ལྟ་བུའོ། 5. ནམ་མཁའི་རླུང་ཟིན་པས་འཇའ་ཚོན་སྣ་ཚོགས། 6. སེམས་ལྷག་པར་བརྟེན་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་མཐོང་ངོ༌། 7. རིགས་དྲུག་གནས་མཐོང་ངོ༌། 8. ལུས་ལ་འཇའ་ཚོན་སྣ་ཚོགས་འཁོར། 9. ལྷའི་མིག་ལྟ་བུ་ཡུག་གཅིག་གིས་གཅིག་མི་བསྒྲིབ་པར་གསལ། 10. གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་དྲན་པ་སོགས་ཉམས་སྣང་སྣ་ཚོགས་འཆར་བའོ། +
དེ་བཞིན་གཤེགས་པའི་སྟོབས་བཅུ། 1.གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། 2. ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། 3. མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས། 4. ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས། 5. དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། 6. ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། 7. བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་སོགས་མཁྱེན་པའི་སྟོབས། 8. སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། 9. འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས། 10. ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སོ། +
ཆོས་སྤྱོད་བཅུའི་ཐུན་མོང་ཁྱད་པར་མཆོག་གསུམ་གྱི་ལུགས་ཀྱི་ནང་ཚན་གསུམ་པ་སྟེ། དེ་ལ་སྤྱན་རས་གཟིགས་ཀྱི་ཞལ་ནས། རྟེན་གསུམ་བཞེངས་དང་སྲོག་འདོན་ཟམ་པ་འཛུགས། མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་རྣམས། འགྲོ་བའི་དོན་ལ་བརྩོན་པ་ང་ཡི་སྲས། ལུས་དེ་བོར་ནས་བདེ་བ་ཅན་དུ་སྐྱེ་ཞེས་གསུངས་སོ། +
ཕྱི་གསང་བཞི། བར་གསང་བཞི། གསང་བར་འོས་པ་དང་། གསང་བ་གཉེར་གཏད་པ་སྟེ་བཅུ་སྟེ། ཕྱི་གསང་བཞི་ནི་ལྟ་ཟབ་སྤྱོད་པ་བརླང་པོ་དང་། ལྷ་མིན་གཟུགས་དང་གྲུབ་རྟགས་རྣམས། ཕྱི་གསང་རྣམ་པ་བཞིར་བཤད་དོ། བར་གསང་བཞི་ནི། བསྒྲུབ་པའི་གནས་དུས་གྲོགས་དང་རྫས། ཀུན་ལ་གསང་སྟེ་བསྒྲུབ་པར་བྱ། གསང་བར་འོས་པ་ནི། སེམས་ཅན་ཀུན་གྱི་ངན་སྤྱོད་ཀུན། ཤིན་ཏུ་གསང་ན་བྱང་ཆུབ་རྒྱུ། གསང་བར་གཉེར་དུ་གཏད་པ་ནི།གཉེར་གཏད་པ་ནི་དམ་པ་སྟེ། +