10387

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཡུ་རྔོག་བློ་བཟང་དཔལ་ལྡན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་མེ་ཁྱི་ཕྱི་ལོ་ ༡༨༢༦ ལོར་མདོ་སྨད་གཡུ་རྔོག་གི་འབྲོག་སྡེར་སྐུ་འཁྲུངས། ཆུང་དུས་ནས་གདན་སར་ཞུགས། དྲུང་ཡིག་སྤྲུལ་སྐུ་ལས་དགེ་བསྙེན་དང་། ཁྲི་ཆེན་བློ་བཟང་རྒྱ་མཚན་སེང་གེ་ལས་རབ་ཏུ་བྱུང་། རྗེ་གསེར་ཁང་བ་ལས་དགེ་ཚུལ་བསྒྲུབས། བཀའ་ཆོས་མང་དུ་གསན། བཅུ་གསུམ་པར་རོང་བོ་ཐོས་བསམ་གླིང་དུ་ཞུགས། དགེ་བཤེས་བསྟན་པ་དར་རྒྱས་དང་། རྐ་སར་ལྷ་རམས་པ་དཀོན་མཆོག་རྒྱ་མཚོ་སོགས་བསྟེན། གཞུང་ལུགས་མང་པོར་སྦྱངས། རིགས་ལམ་ལ་འགྲན་ཟླ་བྲལ་བར་གྱུར། སྐྱབས་མགོན་བློ་བཟང་འཕྲིན་ལས་རྒྱ་མཚོ་དང་། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ། བློ་བཟང་ལུང་རིགས་རྒྱ་མཚོ་སོགས་ལས། མི་ཏྲ་རྡོར་ཕྲེང་། སྒྲུབ་ཐབས། རིན་འབྱུང་། ལམ་རིམ། བླ་མཆོད་ཕྱག་ཆེན་སོགས་བཀའ་ཆོས་མཐའ་ཡས་པ་གསན། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཀའ་ཆོས་མང་དུ་གསན། ཤར་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་མཛད། སོ་གསུམ་པར་རོང་བོ་ཐོས་བསམ་གླིང་གི་གདན་སའི་ཁྲིར་ཕེབས། ལོ་གསུམ་གྱི་རིང་ཆོས་འཆད་ཉན་སོགས་ལ་དོ་དམ་གང་ལེགས་གནང་། ཁྲི་ཟུར་རྗེས་གདན་ས་རང་དང་གཉན་ཐོག་དར་ཟིང་སོགས་བདག་སྐྱོང་ལེགས་པར་མཛད། སྐྱབས་མགོན་སྐུ་ཕྲེང་དྲུག་པ་སྐལ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་བཀའ་ལྟར་སླར་ཡང་རོང་བོ་ཐོས་བསམ་གླིང་གི་གདན་སའི་ཁྲིར་བཞུགས། འཆད་ཉན་ཡར་ལྡན་དུ་མཛད། འདས་ལོ་མི་གསལ། རོང་བོ་ཐོས་བསམ་གླིང་གི་གདན་རབས་ཞེ་གཉིས་པ་ཡིན།