21170

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐ་སྙད་དུ་མེད་པའི་རྨི་ལམ་གྱི་ཁམས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། འགྲེལ་པར། སྒྲ་དང་རྣ་བའི་རྣམ་པར་ཤེས་པ་ནས། ཡིད་དང་ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །ཞེས་གསུངས་ཏེ། ལུགས་འདི་ལ་རྨི་ལམ་གྱི་ཁམས་བཅོ་བརྒྱད་པོ་ཐམས་ཅད་འཇིག་རྟེན་ཉིད་ལྟོས་ལོག་པའི་ཀུན་རྫོབ་ཡིན་པས། འཇིག་རྟེན་གྱི་ཐ་སྙད་དུ་ཡང་མེད་པར་མཚུངས་ལ། དབུ་མ་པ་ལ་སད་པའི་ཡུལ་མེད་ཀྱང་ཡུལ་ཤེས་པ་ཡོད་པའི་དཔེར་རྨི་ལམ་བརྗོད་ན། དབུ་མ་པས་རྨི་ལམ་གྱི་གནས་སྐབས་སུ་ཡུལ་མེད་པར་ཡུལ་ཅན་ཤེས་པ་ཡོད་པར་ཁས་བླངས་དགོས་པ་ལས་མ་བླངས་པའི་ཕྱིར་ན་མི་འཐད་ཅེས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཐ་སྙད་དུ་མེད་པའི་རྨི་ལམ་གྱི་ཁམས་

|; |@@@ | | }}