24616

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཆུ་བྱ་ཕྱི་ལོ་ ༡༨༧༣ ལོར་ཆུ་བཟང་རྭ་ལོ་ཐང་དུ་ཡབ་གསེར་འོད་སྐྱབས་དང་། ཡུམ་ལྷ་མོ་བྱམས་གཉིས་ཀྱི་སྲས་སུ་འཁྲུངས། འོན་རྒྱལ་སྲས་པ་དང་། ཐར་ཤུལ་རི་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་གཉིས་ནས། ལ་མོ་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ངོས་བཟུང་། བརྒྱད་ཀྱི་སྟེང་གདན་ཁྲིར་བཞུགས། བདེ་ཆེན་དགོན་དུ་ཚོགས་བཞུགས་གནང་། དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། ཀླུ་འབུམ་ལྷ་རམས་པ་ངག་དབང་ཚུལ་ཁྲིམས། དགེ་བཤེས་སངས་རྒྱས་ཆོས་གྲགས། དཔལ་རིས་དགེ་བཤེས་བློ་བཟང་རབ་གསལ་སོགས་བསྟེན། བཀའ་པོད་ལྔ་ལ་གསན་སྦྱངས་མཛད། རྒྱ་ནག་ཏུ་སྔ་ཕྱིར་ལན་གཉིས་ཕེབས། དང་པོའི་སྐབས་གོང་མ་བཀྭང་ཞི་ལ་མཇལ་འཕྲད་བྱས། མང་ཕོ་སེར་བོ་སོགས་ན་བཟའ་ནེར་སྤྱད་ཕོན་ཆེན་དང་། པ་ཐེ་གྱོ་ཞེས་མི་བརྒྱད་ཀྱིས་འཁུར་བའི་ཅོ་ཙི་སེར་བོ་སོགས་བདག་རྐྱེན་ཕུལ། ལན་གཉིས་པར་ཡོན་ཧྲི་ཁེ་དང་མཇལ། མཚོ་སྔོན་སོག་པོའི་དཔོན་ཁག་སྤྱིའི་བླ་མ་ཞེས་བསྔགས་བརྗོད་བྱས། ཡངས་པའི་ས་ཆེན་གསལ་བའི་མཁས་པ་ཆེན་པོ་ཚ་ཀན་ནོ་མིན་ཧན་གྱི་བླ་གྲྭ་སྤྱིའི་བདག་པོ་ཧུ་ཐོག་ཐུའི་ཐམ་ག་རྒྱལ། ཞེས་རྒྱ་བོད་མཛྙུ་སོག་པོ་བཅས་ཀྱི་ཡི་གེ་ཡོད་པའི་དངུལ་ཐམ་ག་གནང་། མཁས་པ་མི་གསུམ་གྱི་ལྷ་ཁང་ལ་ཞིག་གསོས་དང་། ནང་རྟེན་གསར་བཞེངས་མཛད། རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་རྣམ་རྒྱལ་ཕུན་ཚོགས་ཆོས་རྫོང་གླིང་བཏབ། རབ་བྱུང་བཅུ་དྲུག་པའི་མེ་ཡོས་ཕྱི་ལོ ༡༩༢༧ ལོར་སྐུ་གཤེགས།