25689

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དངོས་སྟོབས་རྗེས་དཔག་ (1)
Part of speech མིང་ཚིག
Definition རྗེས་དཔག་ཚད་མ་ལ་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ནི། བྱས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་རྟོགས་པའི་བློ་ལྟ་བུ། ཞེས་གསུངས།
Domain ཚད་མ།

{{#arraymap:དངོས་སྟོབས་རྗེས་དཔག་

|; |@@@ | | }}

དངོས་སྟོབས་རྗེས་དཔག་ (2)
Part of speech མིང་ཚིག
Definition དངོས་སྟོབས་རྗེས་དཔག་ཅེས་པ། རང་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ཅིག་ལ་ཟེར།

{{#arraymap:དངོས་སྟོབས་རྗེས་དཔག་

|; |@@@ | | }}

དངོས་སྟོབས་རྗེས་དཔག་ (3)
Part of speech མིང་ཚིག
Definition རང་གི་རྟེན་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས། རང་གི་གཞལ་བྱ་ཅུང་ཟད་ལྐོག་གྱུར་ལ་མི་སླུ་བའི་ཞེན་རིག། མཚན་གཞི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལྟ་བུའོ། །

{{#arraymap:དངོས་སྟོབས་རྗེས་དཔག་

|; |@@@ | | }}