38822

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྲིན་ལས་ (1)
Part of speech མིང་ཚིག
Definition ལས་ཀ་དང་མཛད་པའམ་བྱ་བ་སོགས་ཀྱི་དོན།
Example ཕྲིན་ལས་ནམ་མཁའ་དང་མཉམ་པ་ལྟ་བུ།
Type ཞེ་ས།
ཕྲིན་ལས་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག ཕྲིན་ལས་ནི་རྒྱུད་ཀྱི་དངོས་པོའི་བྱེ་བྲག་ཅིག་སྟེ། དཀོན་ཅོག་འགྲེལ་ལས། ཕྲིན་ལས་ནི། སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་འགྲོ་བའི་དོན་སྤྱོད་པའི་མཚན་ཉིད་དེ་ཚད་མེད་པ་བཞིའི་རྒྱུ་ལས་བྱུང་བ་ཡིན་ནོ། ། འདིའི་དབྱེ་བ་ནི། རིགས་ཀྱི་སྒོ་ནས་ཚར་གཅོད་པ་དང་། ཕན་འདོགས་པ་གཉིས་ཀྱི་བྱེ་བྲག་ལས། ཞི་བ་ལ་སོགས་པའི་ལས་རྣམ་པ་བཞི་ལྟ་བུ་ལས་རབ་ཏུ་དབྱེ་བའི་སྤྲོས་པ་གྲངས་ཆད་པ་དང་། གྲངས་ཆད་པ་མེད་པར་གསུངས་པ་རྣམས་སོ། །ཐབས་ཀྱི་སྒོ་ནས་དབྱེ་བ་ནི་རྫས་ལ་བརྟེན་པ་དང་མ་བརྟེན་པའི་བྱེ་བྲག་གིས། བསམ་གཏན་དང་། བཟླས་བརྗོད་དང་། སྦྱིན་སྲེག་ལ་སོགས་པའི་སྒོ་ནས་ཐབས་ཀྱི་ཆོ་ག་ཇི་སྙེད་གསུངས་པ་རྣམས་སོ། །ཅིའི་ཕྱིར་བདག་ཉིད་ཆེན་པོ་རྣམས་ཀྱིས་རྒྱུད་རྣམས་སུ་ཕྲིན་ལས་བསྟན་ཅེ་ན། སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ་ལ་ཐབས་འདི་དག་ཙམ་ཡིན་པའི་ཕྱིར་རོ། །འདི་དག་ནི་གཞི་ལྔ་ཞེས་བྱ་སྟེ། སྔགས་ལ་སོགས་པའི་ཡན་ལག་བཞིའང་འདི་དག་གི་བྱ་བ་བསྒྲུབ་པའི་ཐབས་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ། །དེ་བས་ན་དངོས་པོ་དེ་དག་གང་གཙོ་བོར་བྱེད་ཀྱང་སྔགས་ལ་སོགས་པའི་ཡན་ལག་བཞི་པོ་འདི་ལས་ཐབས་ལྷག་པ་གཞན་མེད་དེ། བྱ་བ་ཐམས་ཅད་ལ་འདི་དག་ཚང་བའི་ཕྱིར་རོ། །ཞེས་དང་། འོད་གསལ་སྙིང་པོ་ལས། ཀརྨ་ཞེས་པའི་སྒྲ་ལས་སྒོ་གསུམ་གྱི་བྱ་བའི་ལས་ཏེ། དེ་ཡང་ཚད་མེད་པ་བཞིའི་རྒྱུ་ལས་བྱུང་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ཆེན་པོས་ཟིན་པའི་སྒོ་ནས་གཙོ་བོར་གཞན་དོན་སྒྲུབ་པ་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་ཁྱད་པར་ཅན་ནོ། །ཞེས་གསུངས། འདིའི་དབྱེ་བ་ལ། བསྒྲུབ་བྱའི་སྒོ་ནས་མཆོག་ཐུན་གྱི་ལས་གཉིས་དང་། རྟེན་གྱི་སྒོ་ནས་ཕྱི་རྫས་དང་ནང་སྒོ་གསུམ་ལ་བརྟེན་པའི་ལས་གཉིས། ངོ་བོའི་ཆ་ནས་ཕན་འདོགས་པ་དང་ཚར་གཅོད་པའི་བྱེ་བྲག་ལས། ཞི་རྒྱས་དབང་དྲག་གི་ལས་བཞི་བཅས་གསུངས།
Domain ཆོས་ལུགས།