41029

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེ་བ་ (1)
Part of speech རྒྱན་ཚིག
Definition ལུས་ལ་ན་ཚ་མེད་པའམ། སེམས་ལ་སྡུག་བསྔལ་མེད་པར་བག་ཕེབས་པའི་དོན་ཏེ།
Example ལུས་བདེ་བ། སེམས་བདེ་བ་ལྟ་བུ།
བདེ་བ་ (2)
Part of speech རྒྱན་ཚིག
Definition འཁྲུག་ཟིང་དང་གནོད་འཚེ་མེད་པའི་ལྷིང་འཇགས་ཀྱི་རྣམ་པ་སྟེ།
Example དུས་བདེ་བ། ཡུལ་ཁམས་ཀུན་བདེ་བ་ལྟ་བུ།
བདེ་བ་ (3)
Part of speech རྒྱན་ཚིག
Definition རན་པོའམ་འོས་འཚམ་ཡོད་པའི་རྣམ་པ་སྟེ།
Example ལྭ་བ་ལུས་ལ་གང་བདེ་བ་དེ་གོན་ལྟ་བུ།
བདེ་བ་ (4)
Part of speech རྒྱན་ཚིག
Definition བྱང་ཆ་ཡོད་པའམ་ཚུལ་དེར་མཁས་པའི་དོན་ཏེ།
Example མི་དེ་ཁ་བདེ་བ་ལ་ལྟ་བུ།
བདེ་བ་ (5)
Part of speech རྒྱན་ཚིག
Definition ས་ཆ་སོགས་ཁོད་སྙོམ་པོའམ་ངོས་སྙོམ་པོ་ཡོད་པའི་རྣམ་པ་སྟེ།
Example ལམ་བདེ་བས་འགྲོ་བདེ་ལྟ་བུ།
བདེ་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཚོར་བ་བདེ་བ་དང། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་། དེའི་ཡུལ་དང་བཅས་པ་རྣམས་ཡིན་ཏེ། མཆིམས་མཛོད་ལས། འགྲེལ་པ་ལས། དེའི་དབང་གིས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་འདུ་བྱེད་རྣམས་ཀྱང་ཡིད་དུ་འོང་བ་ལ་སོགས་པའི་མིང་འཐོབ་བོ་ཞེས་འབྱུང་བས་ཚོར་བ་དེ་དག་གི་དབང་གིས་དེ་དག་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་གཞན་རྣམས་དང༌། མཚུངས་ལྡན་མ་ཡིན་པ་བདག་རྐྱེན་དང༌། དམིགས་རྐྱེན་རྣམས་ཀྱང་ཡིད་དུ་འོང་བ་ལ་སོགས་པའི་མིང་དུ་བརྗོད་དོ། །ཞེས་གསུངས།
Domain ཆོས་ལུགས།
བདེ་བ་ (2)
Part of speech མིང་ཚིག
Definition རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་ཞེས་པའི་བདེ་བ་ནི་འབྲས་བུ་ཡིད་དུ་འོང་བ་ལ་བཤད་པ་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། ཁོ་ན་རེ། རྒྱུ་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་བསམ་གཏན་བཞི་པ་ཡན་ཆད་ན་མེད་པར་ཐལ། དེ་ཡན་ཆད་ཀྱི་སས་བསྡུས་པའི་བདེ་བ་མེད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། རྒྱུ་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་རྒྱུ་འབྲས་མི་འཁྲུལ་བ་ཡིན་པའི་ཕྱིར། དེ་ནི་ཁམས་གསུམ་ཆར་ན་ཡོད་ཅེས་སྨྲའོ། །འོ་ན་རྒྱུ་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་ཞེས་པའི་བདེ་བ་དེ་བདེ་བ་མཚན་ཉིད་པ་མ་ཡིན་པར་ཐལ་ལོ་ཟེར་ན། འདོད་པ་ཡིན་ལ། དེ་ནི་རྒྱུ་དགེ་བ་སྔོན་སོང་གི་འབྲས་བུ་ཡིད་དུ་འོང་བ་ལ་བདེ་བའི་མིང་གིས་བཏགས་པ་ཙམ་ཡིན་པའི་ཕྱིར། དེ་ལ་ནི་ཟག་བཅས་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་དང༌། རྒྱུ་མཐུན་གྱི་འབྲས་བུ་དང༌། བདག་པོའི་འབྲས་བུ་གསུམ་ཆར་འཇོག་པས་ན། དེ་གསུམ་གང་རུང་ལ་བདེ་བས་མ་ཁྱབ་པའི་ཕྱིར། ཞེས་གསུངས།