49850
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མ་ཁྱབ་པའི་མཚན་ཉིད་ནི། མཚན་ཉིད་བཀོད་པ་གང་ཞིག་མཚན་གཞིའི་ཕྱོགས་གཅིག་ལ་མ་གྲུབ་པའོ། །དབྱེ་ན་དངོས་པོ་ལ་དཔེར་བརྗོད་ན། བ་ལང་གི་མཚན་ཉིད་ནོག་ལྐོག་ཤལ་ཁྲ་བོ་བཀོད་པའམ། དངོས་མེད་ལ་དཔེར་བརྗོད་ན། མེད་དགག་གི་མཚན་ཉིད་རི་བོང་གི་རྭ་བཀོད་པའམ། གཉིས་ཀའི་ཆོས་ལ་དཔེ་བརྗོད་ན་ཤེས་བྱའི་མཚན་ཉིད་རྒྱུས་བསྐྱེད་པ་བཀོད་པ་ལྟ་བུའོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། |
Domain | ཚད་མ། |
{{#arraymap:མ་ཁྱབ་པའི་མཚན་ཉིད་
|; |@@@ | | }}