58928

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚེ་བརྟན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༩ པ་དང་དགའ་ཁྲི་ ༢༣ པ་ཚེ་བརྟན་རྒྱ་མཚོ་ནི། ཕྱི་ལོ་ ༡༥༢༠ ལྕགས་འབྲུག་ལོོར་ལྷོ་ཁ་རྩེད་ཐང་སྲས་དཀྱིལ་དུ་སྐུ་འཁྲུངས། ཕྱིས་སུ་ཡུམ་གྱིས་དགའ་ལྡན་གྱི་ཁྲི་ཐོག་པ་ཞིག་བྱེད་དགོས་ཞེས་མངགས་ཏེ་སྐྱིད་ཤོད་དུ་སློབ་གཉེར་ལ་བཏང་བ་ལྟར་མདོ་སྔགས་ལ་སྦྱངས་པས་མཁས་པའི་གོ་འཕང་མཐོན་པོར་གཤེགས་པ་སོགས་དང་། ཕྱི་ལོ་ ༡༥༧༦ མེ་བྱི་ལོར་ཞིང་དུ་གཤེགས། གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་བཅས་བློས་བསླང་ཁང་དུ་བཞུགས་སོ། །