60225

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞབས་དྲུང་གདུང་སྲས་དང་པོ་ངག་དབང་འཇམ་དཔལ་རྡོ་རྗེ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་གི་གདན་ས་གསང་སྔགས་ཟབ་དོན་ཕོ་བྲང་དུ། ཡབ་ཀྱི་ལོ་སོ་བརྒྱད་བཞེས་པ། རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་ ༡༦༣༡ ལོར་འཁྲུངས། ཡོངས་འཛིན་རྗེ་དྲུང་པ་དམ་ཆོས་རྒྱལ་མཚན་ལ་བཅོལ་ཏེ། གསན་བསམ་མཛད། དགུང་ལོ་བརྒྱད་ནས་ཡབ་ལས་གདམས་པའི་བདུད་རྩི་བཞེས་ནས། གདན་ས་ལྕགས་རིར་སྐུ་ཚེ་སྒྲུབ་ལ་བསྐྱལ་བས། ཕྱག་རྒྱ་ཆེན་པོའི་གནས་ལུགས་གཟིགས། གདུང་འཛིན་དགོས་ཚུལ་ནན་གྱིས་གསོལ་བའི་ངོར། ས་སྐྱ་ཀླུ་སྡིངས་པའི་དབོན་མོ་ཞིག་བསུས་ཀྱང༌། སྲས་མོ་ཞིག་ལས་མ་འཁྲུངས་པས། དེ་ནས་བཟུང་འབྲུག་པའི་གདུང་རྒྱུད་མ་འཕེལ། དགུང་གྲངས་ང་གཅིག་པ་ལྕགས་བྱ་ ༡༦༨༡ ལོར་ཞི་བར་གཤེགས་སོ། །དེ་ནས་ཡང་སྲིད་ཀུན་དགའ་རྒྱལ་མཚན་སོགས་བྱོན་པའོ། །

{{#arraymap:ཞབས་དྲུང་གདུང་སྲས་དང་པོ་ངག་དབང་འཇམ་དཔལ་རྡོ་རྗེ་

|; |@@@ | | }}