69231

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འམ་ (1)
Part of speech ཕྲད་ཚིག
Definition འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་འ་དང་མཐའ་མེད་ཀྱི་རྗེས་སུ་འམ་འཐོབ་པ་ཡིན།
Keyword True
Example མངར་གསུམ་ནི། ཀ་རའམ། བུ་རམ་མམ། སྦྲང་རྩིའོ་ལྟ་བུ།

{{#arraymap:འམ་

|; |@@@ | | }}

འམ་ (2)
Part of speech ཕྲད་ཚིག
Definition སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅི་ཏུ་སྡུད་པ་སྟེ། སྦྱོར་ཚུལ་འ་དང་མཐའ་མེད་ཀྱི་རྗེས་སུ་འམ་འཐོབ་པ་ཡིན།
Keyword True
Example ཀ་རའམ། བུ་རམ་མམ། སྦྲང་རྩི་ནི་དཀར་གསུམ་མོ་ལྟ་བུ།

{{#arraymap:འམ་

|; |@@@ | | }}

འམ་ (3)
Part of speech ཕྲད་ཚིག
Definition འདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་འ་དང་མཐའ་མེད་ཀྱི་རྗེས་སུ་འམ་འཐོབ་པ་ཡིན།
Keyword True
Example གྲྭ་པའམ་མི་སྐྱའང་རུང་སྟེ་ཤེས་ཡོན་ཅན་ཞིག་དགོས་སོ་ལྟ་བུ།

{{#arraymap:འམ་

|; |@@@ | | }}

འམ་ (4)
Part of speech ཕྲད་ཚིག
Definition དྲི་བ་སྟོན་པ། དོན་གང་ཡིན་མ་ངེས་པའམ་བློ་གཉིས་སུ་ཕྱོགས་ཏེ་ཐེ་ཚོམ་ཟ་བ་སོགས་དྲི་བའི་དོན་ལ་འཇུག་པ་སྟེ། སྦྱོར་ཚུལ་འ་དང་མཐའ་མེད་ཀྱི་རྗེས་སུ་འམ་འཐོབ་པ་ཡིན།
Keyword True
Example ཁྱོད་ང་ལ་སེམས་གཏིང་ནས་དགའ་འམ་ལྟ་བུ།

{{#arraymap:འམ་

|; |@@@ | | }}