71629

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུམ་བཞིའི་ཕྱག་ཆེན་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། གཡས་པའི་ཐལ་མོ་བརྐྱངས་པ་སྙིང་གའི་ཐད་དུ་གན་རྐྱལ་དུ་བཞག་སྟེ་མཐེབ་མཛུབ་སྦྱར་བ་སྤྱན་མའི་འོ། །མཐེ་བོང་ལག་མཐིལ་དུ་བཀུག་པས་སོར་མོ་གཞན་རྣམས་བཀུག་པས་མནན་པ་མཱ་མ་ཀཱིའི་འོ། །ལག་གཡས་ཐལ་མོ་བརྐྱངས་པ་ཕྱིར་བསྟན་ནས་གྱེན་དུ་བསླངས་ཏེ་མཐེབ་མཛུབ་སྦྱར་བ་ནུ་མ་གཡས་པའི་ཐད་དུ་བཞག་པ་གོས་དཀར་མོའི་འོ། །དེ་ལས་མཐེ་བོང་དང་སྲིན་ལག་སྦྱར་ཏེ་ལྷག་མ་བརྐྱང་བ་སྒྲོལ་མའི་འོ། །འདི་བཞི་ཀའི་ཕྱག་གཡོན་གདན་ལ་བརྟེན་པའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།