83753

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལམ་ (1)
Part of speech མིང་ཚིག
Definition ས་ཆ་གཅིག་ནས་ས་ཆ་གཞན་པ་ཞིག་ཏུ་འགྲོ་སའི་ལམ་ཁ།
Keyword True
Example རྒྱ་ལམ། འགྲོ་ལམ། ཁྲོམ་ལམ། ལམ་དོག་པོ་དང་། ལམ་མེད་སར་ལམ་བཟོས་ལྟ་བུ།
Synonyms ཀུན་འགྲོའི་བཤུལ། བཤུལ། ཀུན་འགྲོ། ཀུན་འགྲོའི་སྲོལ། སྐྱ་རིང་། བགྲོད་པ་གཅིག་པ། རྒྱུ་བའི་ས། འགྲོ་བའི་གཞི། འཇུག་བྱ། བགོམ་བྱ། འགྲོ་བྱ། བགྲོད་བྱ།

{{#arraymap:ལམ་

|; |@@@ | | }}

ལམ་ (2)
Part of speech མིང་ཚིག
Definition ལུགས་སྲོལ་གྱི་དོན་ཏེ།
Keyword True
Example ཁ་མཆུ་སྔར་ལམ་ལྟར་བསྡུམས་ལྟ་བུ།

{{#arraymap:ལམ་

|; |@@@ | | }}

ལམ་ (3)
Part of speech མིང་ཚིག
Definition ཐབས་ཤེས་དང་ལས་སྟངས།
Keyword True
Example རིག་ལམ། ཐབས་ལམ་ལྟ་བུ།

{{#arraymap:ལམ་

|; |@@@ | | }}

ལམ་ (4)
Part of speech མིང་ཚིག
Definition ཡུལ་དང་གནས་ཀྱི་དོན།
Keyword True
Example ལྔ་ལམ། མིག་ལམ་ལྟ་བུ།

{{#arraymap:ལམ་

|; |@@@ | | }}

ལམ་ (5)
Part of speech མིང་ཚིག
Definition མིག་སོགས་དབང་པོས་ཤེས་ཐུབ་པའི་ཁོངས་གཏོགས་ཀྱི་མིང་སྟེ།
Keyword True
Example གློག་བརྙན་མིག་ལམ་དུ་ཤར། རོལ་མོ་རྣ་ལམ་དུ་གྲགས་ལྟ་བུ།

{{#arraymap:ལམ་

|; |@@@ | | }}

ལམ་ (6)
Part of speech མིང་ཚིག
Definition ཚིག་སྦྱོར་གྱི་རྣམ་པའི་མིང་སྟེ།
Example སྙན་ངག་གི་ལམ་ནས་དྲངས་ཏེ་སྙན་ཞུ་ཕུལ། ཚིག་སྦྱོར་ཕུན་སུམ་ཚོགས་པའི་ལམ་ནས་དྲངས་ཏེ་བསྟོད་པ་བྱས་ལྟ་བུ།

{{#arraymap:ལམ་

|; |@@@ | | }}

ལམ་ (7)
Part of speech མིང་ཚིག
Definition དམིགས་ཡུལ་དང་འཆར་བཀོད་ཀྱི་འབྲས་བུ་སོགས་ཀྱི་དོན་ཏེ།
Keyword True
Example བྱ་བ་ལམ་འགྲོ་བྱུང་། གང་བྱས་ལམ་ལ་འགྲོ། ལས་ཀ་ལམ་ལ་སོང་ལྟ་བུ།

{{#arraymap:ལམ་

|; |@@@ | | }}

ལམ་ (8)
Part of speech མིང་ཚིག
Definition མདོ། བགྲོད་པར་བྱ་བའི་འཇུག་ངོགས་སམ་གཞིར་གྱུར་པ་གང་ལ་ཞུགས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གོ་འཕང་མཆོག་ཏུ་བགྲོད་པར་བྱ་བའི་འཇུག་ངོགས་སུ་གྱུར་པ་སྟེ། ལམ་དེས་འགོག་པ་ཚོལ་བའམ་མཚོན་པའམ་དམིགས་པའམ་འཐོབ་པར་འགྱུར་བ་ལ་བྱ་སྟེ་ལམ་ཞེས་བྱ། འཕགས་པའི་ལམ་དུ་ཞུགས་ནས་མྱ་ངན་ལས་འདས་པར་འགྲོ་བའི་དོན་གྱིས་ལམ་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:ལམ་

|; |@@@ | | }}

ལམ་ (9)
Part of speech མིང་ཚིག
Definition ལམ་བདེན་གྱི་ཁྱད་ཆོས་སུ་གྱུར་པའི་ལམ་ཞེས་པ་ནི་ཐར་ལམ་གཏན་མེད་དུ་འཛིན་པའི་ལོག་རྟོག་གི་གཉེན་པོར་མདོ་ལས་གསུངས་ཞིང་ཉོན་མོངས་ལས་ཐར་པའི་སར་བགྲོད་པར་བྱེད་པའི་དོན་གྱིས་ན་ལམ་ཞེས་བརྗོད་དེ། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ལམ་གྱི་བདེན་པ་ནི། རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དངོས་སུ་སྤོང་བའི་གཉེན་པོ་བར་ཆད་མེད་ལམ་དང། དེའི་སྤངས་པ་ལ་དབང་བྱེད་པ་རྣམ་གྲོལ་ལམ་དང་གཉིས་ཀྱིས་བསྡུས་པའི་འཕགས་པའི་ཡེ་ཤེས་རྣམས་ཡིན་ལ། དེ་ལ་ཡང་ཐར་ལམ་གཏན་མེད་དུ་འཛིན་པ་དང། བདག་མེད་རྟོགས་པའི་ཤེས་རབ་ཐར་ལམ་མ་ཡིན་པར་འཛིན་པ་དང། དེ་ཡུལ་གྱི་གནས་ལུགས་ལ་ལོག་པར་ཞུགས་པར་འཛིན་པ་དང། དེས་སྡུག་བསྔལ་གཏན་ནས་ཟད་པར་བྱེད་མི་ནུས་པར་འཛིན་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོར་བསྒོམ་པར་བྱ་པ་ལམ་གྱི་བདེན་པའི་རྣམ་པ་བཞི་སྟེ། འདི་ལྟར། བགྲོད་པར་བྱེད་པའི་དོན་གྱིས་ན་ལམ་དང། ཉོན་མོངས་པའི་གཉེན་པོ་བྱེད་པས་ན་རིགས་པ་དང། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་དོན་གྱིས་ན་སྒྲུབ་པ་དང། རྟག་པའི་གནས་སུ་གདོན་མི་ཟ་བར་ཕྱིན་པར་བྱེད་པས་དོན་གྱིས་ན་ངེས་འབྱིན་གྱི་རྣམ་པ་དང་བཞིའོ། །རྟག་པའི་གནས་ཞེས་པ་ནིསླར་མི་ལྡོག་པའི་གནས་གྱི་དོན་ནོ། །ཞེས་གསུངས། དབྱེ་ན། ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་མོ་ཞེས་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། །

{{#arraymap:ལམ་

|; |@@@ | | }}

ལམ་ (1)
Part of speech ཕྲད་ཚིག
Definition འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་ཡིག་མཐར་ལམ་འཐོབ་པ་ཡིན།
Keyword True
Example ཤིང་རྟའི་སྲོལ་གཉིས་ཏེ། རྒྱ་ཆེན་སྤྱོད་པའི་སྲོལ་ལམ། ཟབ་མོ་ལྟ་བའི་སྲོལ་ལོ་ལྟ་བུ།

{{#arraymap:ལམ་

|; |@@@ | | }}

ལམ་ (2)
Part of speech ཕྲད་ཚིག
Definition སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་ཡིག་མཐར་ལམ་འཐོབ་པ་ཡིན།
Keyword True
Example རྒྱ་ཆེན་སྤྱོད་པའི་སྲོལ་ལམ། ཟབ་མོ་ལྟ་བའི་སྲོལ་ནི་ཤིང་རྟའི་སྲོལ་གཉིས་སོ་ལྟ་བུ།

{{#arraymap:ལམ་

|; |@@@ | | }}

ལམ་ (3)
Part of speech ཕྲད་ཚིག
Definition གདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་ཡིག་མཐར་ལམ་འཐོབ་པ་ཡིན།
Keyword True
Example ཁོང་རབ་བྱུང་གསུམ་པའི་ཆུ་སྦྲུལ་ལམ་ལྕགས་ཡོས་གང་རུང་ཞིག་ཏུ་འཁྲུངས་པར་ངེས་ལྟ་བུ།

{{#arraymap:ལམ་

|; |@@@ | | }}

ལམ་ (4)
Part of speech ཕྲད་ཚིག
Definition དྲི་བ་སྟོན་པ། དོན་གང་ཡིན་མ་ངེས་པའམ་བློ་གཉིས་སུ་ཕྱོགས་ཏེ་ཐེ་ཚོམ་ཟ་བ་སོགས་དྲི་བའི་དོན་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་ཡིག་མཐར་ལམ་འཐོབ་པ་ཡིན།
Keyword True
Example སྟོད་གོས་དེ་རལ་ལམ་ལྟ་བུ།

{{#arraymap:ལམ་

|; |@@@ | | }}