89838

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤེས་པར་གྱུར་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition དགག་གཞི་དང་། དགག་བྱའི་ཆོས་གཉིས་ཤེས་པའི་ངོ་བོར་གནས་ཤིང་དེ་གཉིས་གནོད་མེད་དུ་ལྷན་ཅིག་ཏུ་མི་གནས་པར་སྒྲུབ་པ་ཞིག འདིའི་མཚན་གཞི་ནི། བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་གྱི་རྟགས་རིགས་ལས། གང་ཟག་གི་བདག་འཛིན་གྱི་དངོས་གཉེན་དུ་གྱུར་པའི་ཉན་ཐོས་སྒོམ་ལམ་བར་ཆད་མེད་ལམ་ཆོས་ཅན། གང་ཟག་གི་བདག་འཛིན་དང་གནོད་མེད་དུ་ལྷན་ཅིག་ཏུ་མི་གནས་ཏེ། གང་ཟག་གི་བདག་འཛིན་གྱི་དངོས་གཉེན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དེ་ལྟ་བུའོ། །
Domain ཚད་མ།