93291

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེར་སྐྱ་ (1)
Part of speech རྒྱན་ཚིག
Definition སེར་པོ་དང་དཀར་པོ་བསྲེས་པའི་མདོག
Keyword True
Example ཁ་དོག་སེར་སྐྱའི་གྱོན་ཆས། ཁོང་གིས་ལྭ་བ་སེར་སྐྱ་ཞིག་གྱོན་འདུག་ལྟ་བུ།
སེར་སྐྱ་ (1)
Part of speech མིང་ཚིག
Definition སེར་མོ་པ་དང་ཁྱིམ་པ་མི་སྐྱ་གཉིས་ཀྱི་བསྡུས་ཚིག
Example སེར་སྐྱ་ཡོངས་ཀྱི་ཐུགས་ལ་འཛིན་དགོས། སེར་སྐྱ་དཔོན་རིགས་ཚང་མ་ལྟ་བུ།
སེར་སྐྱ་ (2)
Part of speech མིང་ཚིག
Definition ཉི་མ་སྟེ། འོད་མདངས་སེར་སྐྱ་དང་ལྡན་པས་ནའོ། །
Type མངོན་བརྗོད།
སེར་སྐྱ་ (3)
Part of speech མིང་ཚིག
Definition ཁྱབ་འཇུག་སྟེ། དཀའ་ཐུབ་སྤྱད་ནས་སྐུ་མདོག་སེར་སྐྱར་གྱུར་བས་ནའོ། །
Type མངོན་བརྗོད།
སེར་སྐྱ་ (4)
Part of speech མིང་ཚིག
Definition རལ་བ་སེར་སྐྱ་དང་ལྡན་པའི་གནའ་བོའི་རྒྱ་གར་གྱི་དྲང་སྲོང་སེར་སྐྱ་ཞེས་པ་དེའི་བསྡུས་མིང།
Example ལྷ་ལས་ཕུལ་བྱུང་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག ། དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟ་བུ།