103132
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྙིང་མ། སྲིན་མོ་ཆེན་པོ་མིའི་སྲིན་མོ་ནི། ཕྱོགས་བཅུའི་མུན་སེལ་དུ། དུར་ཁྲོད་ཀྱི་དྲེགས་པ་དབང་ཕྱུག་ཆེན་པོའི་ཆུང་མ་ཚིལ་དང་ཞག་གི་མཆོད་སྦྱིན་གྱིས་མགུ་བར་བྱེད་པའོ། །ཞེས་དང་། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། སྲིན་པོ་དཤགྲཱིབའི་ཆུང་མ་སྲིན་མོ་ཆེན་མོ་མིའི་སྲིན་མོ། ཞེས་ལངྐ་མགྲིན་བཅུའི་ཆུང་མར་ཡང་གསུངས། གང་ལྟར་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན། |
{{#arraymap:སྲིན་མོ་ཆེན་པོ་མིའི་སྲིན་མོ་
|; |@@@ | | }}