4801

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:16, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྲེང་བ
Tibetan Definition བགྲང་ཕྲེང་ནི། རྗེའི་སྔགས་རིམ་ཆེན་མོ་༤༢༥བ་ལས། ཕྲེང་རྡོག་གི་གྲངས་ཀྱང་དེ་ཉིད་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཞེས་སོ། །ཞེས་གསུངས། བགྲང་བའི་ཚུལ་ནི། དེ་ཉིད་ལས་༤༢༦ན་ལས། རྡོ་རྗེ་མཁའ་འགྲོ་ལས། ཞི་བ་ལ་ནི་མཛུབ་མོར་བཞག རྒྱས་ལ་གུང་མོར་དགལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་གསུངས། །མཐའ་མ་ནི་མངོན་སྤྱོད་བྱ། །མཐེ་བོང་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུགས་པར་བསམ། །ཤིན་ཏུ་མཉམ་གཞག་སྔགས་བཟླས་ན། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཅེས་གསུངས་ཏེ། ཞེས་གསུངས། ཕྲེང་བའི་སྐོར་རྒྱས་པར་རྗེའི་སྔགས་རིམ་ཆེན་མོ་༤༢༥ན་ལ་གཟིགས། ཕྲེང་བ་དང་། འཕྲེང་བ་གཉིས་གདམ་ང་ཡིན་ཏེ། འས་འཕུལ་དགོས་མི་དགོས་བཤད་པའི་ཐད་ཀྱི་དག་ཡིག་ངག་སྒྲོན་ལས། ཕྲིན་ལས་ཕྲེང་སོགས་གང་ཡང་རུང་། །ཞེས་གསལ་བར་གསུངས་ཤིང་། གཞུང་ཆེན་མོ་རྣམས་སུའང་ཅི་རིགས་སུ་བྲིས་པ་ལྟར་ཁས་བླང་བར་བྱའོ། །