5371

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:21, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བལྟམ་པ
Tibetan Definition གང་བའི་དོན་ཏེ། གཏམས་པ་དང་དོན་གཅིག འདུལ་བ་ལུང་གཞི་༼ ང ༽༡༣བ༡ལས། དེ་ནས་འདུན་པ་གདོང་ལ་མཆི་མ་ཆར་བཞིན་འབབ་པས་བྱང་ཆུབ་སེམས་དཔའ་ལ་གསོལ་པ། སེང་གེ་སྟག་གིས་བལྟམ་པ་དང༌། །ཕྱུགས་རྗེས་བལྟམ་པའི་ནགས་ཚལ་དུ། །འབའ་ཞིག་སྐུ་གཉེན་དང་བྲལ་ནས། །འཕགས་པ་ཇི་ལྟར་སྤྱོད་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གོང་གི་རྐང་པ་གཉིས་ཀྱི་དོན་ནི། སེང་གེ་དང་སྟག་གིས་གང་བ་དང་། །ཕྱུགས་རྗེས་ཀྱིས་གང་བའི་ནགས་ཚལ་དུ། །ཞེས་པའི་དོན་ནོ། །