5964

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:23, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱེ་བྲག་སྨྲ་བ
Tibetan Definition (ཕར་ཕྱིན) རང་རིག་མི་འདོད་ཅིང་ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། བྱེ་བྲག་སྨྲ་བའི་མཚན་ཉིད། དེ་ལ་དབྱེ་ན། ཁ་ཆེ་བྱེ་བྲག་སྨྲ་བ། ཉི་འོག་པ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་དང་གསུམ་ཡོད། སྒྲ་བཤད་ནི། བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་དེ་ལྟར་བརྗོད་པའམ་ཡང་ན་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་བྱེ་བྲག་སྨྲ་བ་ཞེས་བརྗོད་པའི་ཕྱིར་རོ། །