From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| མི་སྡུག་པའི་མཚན་མ་བཅོ་བརྒྱད
|
| Tibetan Definition
|
མི་སྡུག་པ། མགོ་སྐྲ་བྱི་བ། དཔྲལ་བ་ཆུང་བ། མདོག་སེར་སྐྱ། མིག་སེར་སྐྱ། སྨིན་མཚམས་མ་འབྱར་བ། སྣ་ལེབ་པ། སོ་སྟོ་བ་སྟེ་འབུར་བ། དིག་པ། མིག་ཟླུམ་པ། མིག་ཆུང་བ། ཕྱི་ནང་དུ་སྒུར་བ། ལྟོ་འཕྱེ་བ། དཔུང་པ་དང་རྗེ་ངར་ཐུང་བ། སྤུ་ཅན། ལག་པ་དང་རྐང་པ་མི་མཉམ་པ། ཚིགས་སྦོམ་པ། ཁ་དང་ལུས་ལས་དྲི་ངན་བྱུང་བ་དང་བཅོ་བརྒྱད་དོ། །ཞེས་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསུངས། ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༥༥བ༡ལས་བཤད་ཀྱང་། ལུང་ཕྲན་ཚེགས་ཀྱི་འགྲེལ་པར་དེ་འདྲ་གསལ་བར་བཤད་པ་མ་མཐོང་བས་དཔྱད་དགོས་སོ། །གྲངས་འདྲེན་ལའང་དཔྱད་དགོས་པར་སྣང་སྟེ། འགའ་ཞིག་ཏུ། མི་སྡུག་པ་བགྲངས་ལ། གཞན་དུ་ངན་པ་ཞེས་གཅིག་ཏུ་བགྲངས་བར་སྣང་ངོ་། །
|