12945

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:36, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྦྱིན་པ་ཕུན་སུམ་ཚོགས་པ
Tibetan Definition སྦྱིན་པ་ཕུན་སུམ་ཚོགས་པའི་དོན་ནི། ཀུན་བཏུས་མཆིམས་མཛོད་དུ་༤༥༧དྲངས་པ་ལས། ཀུན་ལས་བཏུས་ལས་ཀྱང་། ཇི་ལྟར་ན་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ཕྱིར་ཞིང་སྦྱིན་པ་དང་། ཕྱོགས་མི་འབྱེད་པར་སྦྱིན་པ་དང་། འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པ་དང་། མི་གནས་པར་སྦྱིན་པ་དང་། རྒྱ་ཆེར་སྦྱིན་པ་དང་། དགའ་བས་སྦྱིན་པ་དང་། སྣོད་ལ་སྦྱིན་པ་དང་། འཁོར་དང་གློ་བུར་དུ་འོངས་པ་ལ་ལེགས་པར་བགོས་ཏེ་སྦྱིན་པས་སྦྱིན་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །