Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "གཟུགས་མེད་པ་དང༌། ཐོགས་པ་མེད་པ། རྟག་པ། མི་འགྱུར་བ། མི་འཕོ་བ་སྟེ་ལྔ་དང་ལྡན་པ་དེ་ནི་ནམ་མཁའོ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Brda dkrol gser gyi me long/2915  + ((2)ཡོད་པ་ལའང་འཇུག་སྟེ།《དག་ཡིག་ཤེས་བྱ་རབ་གསལ》ལས། སྙིགས་མ་ལྔ་བདོ་དར་བའི་བདོ།། བདོ་བ་ཡོད་པ་ལ་ཡང་བརྗོད། ཅེས་གསུངས་པ་ལྟར་དང་།། 《དཔག་བསམ་འཁྲི་ཤིང》ལས། ཕ་མཐའ་ཡོངས་བྲལ་ནམ་མཁའི་མཁྱེན་པ་ཅན།། ལུས་ངག་ཡིད་ཀྱི་དཔྱིད་འགྱུར་འདི་ན་བདོ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1802  + ((2)རྒྱུག་སར་རྒྱུག་པའི་དོན་ཏེ། 《བརྡ་ཡིག་རེག(2)རྒྱུག་སར་རྒྱུག་པའི་དོན་ཏེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། དཀྱུ་སར་དཀྱུས་ནི་རྒྱུག་སར་རྒྱུག་པའམ་མགྱོགས་པའི་མིང་། ཞེས་དང་། དཀྱུ་ས་འདི་དཀྱུས་སར་བྲིས་པའང་སྣང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། དཀྱུས་ནི་མགྱོགས་པའམ་རྒྱུགས་པའི་མིང་སྟེ་རྟ་ལ་དཀྱུས་ས་བསྟན་ནས་རྒྱུགས་ཟེར་བ་བཞིན་ནོ། །ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། དཀྱུས་ས་གཞན་དུ་བསྟན་ནས། རྒྱུག་ས་གཞན་དུ་བྱེད་ན་བཞད་གད་དུ་འགྱུར། ཞེས་པ་ལྟ་བུའོ། །ུ་བྱེད་ན་བཞད་གད་དུ་འགྱུར། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4640  + ((2)རྙེད་པ་དང་འདོད་ཡོན་སོགས་དུ་མར་འཇུག་སྟེ། 《རྣམ་བཤད་རིགས་པ》ལས། ཟང་ཟིང་ཞེས་བྱ་རྙེད་པ་དང་། ། འདོད་ཡོན་གཟུགས་དང་ཟས་ལ་སོགས། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/5701  + ((2)རླུང་ཡོར་རམ་གྲུའི་དར་ཆེན་ལའང་འཇུག་པར་སྣང་སྟེ། 《གནམ་རྩེ་ལྡེང་མའི་བརྡ་དོན》ལས། རུ་སྐྱ་ནི་གྲུ་སྐྱོད་བྱེད་ཀྱི་ཤིང་ངམ་གྲུའི་གཤོག་པ། ཡང་འདུལ་ལྷ་རྣམ་འབྱེད་ཊི་ཀར་རུ་སྐྱ་འཛིན་པ་ནི་རླུང་གཡོར་ཐོགས་པའོ་ཞེས་ཀྱང་འབྱུང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/1111  + ((2)ལན་སློག་པ་སྟེ། 《འདུལ་བ་གཞུང་དམ་པ》ལས། དེ་དག་སྨྲས་པའི་ལན་སླར་གློན་པ་ནི་ཆོས་མཐུན་པ་དག་གིས་སྨད་པའི་གནས་སུ་མི་འགྱུར་རོ། །ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3182  + ((2)ཤུབ་བུས་སྨོད་པའི་དོན་ལ་འཇུག་སྟེ། 《གསར་(2)ཤུབ་བུས་སྨོད་པའི་དོན་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། བཤུང་བ་ནི་ངོས་ཀྱིས་སྐྱོན་བརྗོད་པའམ་ཤུབ་བུས་སྨོད་པ། ཞེས་གསུངས་པ་ལྟར་རོ། ། 《བསྟན་འགྱུར་དཀར་ཆག》ལས། ཡིད་འཕྲོག་སྒྲ་ངན་སྤངས་པ་མཐོ་རིས་སུ། ། བྲོས་ཏེ་རང་གི་གླིང་བུར་བཤུང་བ་འདྲ། ། ཞེས་པ་ལྟ་བུའོ། །ི་གླིང་བུར་བཤུང་བ་འདྲ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1584  + ((2)ས་ཞིང་རེངས་པའམ་སྲ་མཁྲེགས་ཅན་གྱི་མིང་སྟེ(2)ས་ཞིང་རེངས་པའམ་སྲ་མཁྲེགས་ཅན་གྱི་མིང་སྟེ།《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། ཐ་བ་ནི་རེངས་པ་སྟེ་འཇིག་རྟེན་པའི་ཞིང་འདེབས་མ་ཐུབ་པར་ལོ་གཅིག་ལས་གཉིས་ལས་ཀྱིས་རྩྭ་སྔོན་གང་བ་ལ་རེངས་པ་ཟེར་ཞིང་། ཞེས་གསུངས། དཔེར་ན། 《འདུལ་བ་གཞུང་དམ་པ》ལས། གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་བུམ་པ་སྟོང་གི་ས་བོན་བཏབ་པ་ཕུལ་བ་དེའི་ཐོག་ཟོས་ནས་ཞིང་ཡང་ཐ་བར་བོར་ཏེ་རྩྭ་ཀུ་ཤའི་གནས་སུ་གྱུར་ཏོ།། ཞེས་པ་ལྟ་བུའོ།།ྩྭ་ཀུ་ཤའི་གནས་སུ་གྱུར་ཏོ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3305  + ((2)སྐྱུགས་པའི་དོན་ལ་འཇུག་པའི་བརྡ་རྙིང་གཟུགས་འགྱུར་བའི་བྱ་ཚིག་ཅིག་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། བསྙུག་པ་སྐྱུགས་པའམ་འབྱུག་པ། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/7638  + ((2)སྡིག་པ་ར་ཙའི་མིང་སྟེ། 《ངག་སྒྲོན་གྱི་འགྲ(2)སྡིག་པ་ར་ཙའི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། སྨེ་ཤ་ཅན་སྨེ་ཅན་ནམ་རིགས་ངན། ཞེས་དང་། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྨེ་ཤ་ཅན་ཞེས་བྱ་བ་ནི། ། སྡིག་པ་ར་ཙའམ་བཤན་པའི་མིང་། ། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། ། སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། ། ཞེས་པ་ལྟ་བུའོ། །་ཤ་ཅན་དུ་སྐྱེ་བར་འགྱུར། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7425  + ((2)སྤོབས་པའམ་ཐུབ་པའི་དོན་ལའང་འཇུག་སྟེ། 《བཀའ་འགྱུར་དཀར་ཆག》ལས། དེ་ཕྱིར་གང་གི་རྣམ་ཐར་རྒྱ་མཚོ་ལས།། འཕྲོས་པའི་དཀར་ཆག་ཇི་ལྟར་སྤོགས་པ་བཞིན།། ཡི་གེའི་རིགས་སུ་བསྐྲུན་ཏེ་སྤེལ་འདོད་ན།། འཛམ་གླིང་སྐྱེ་དགུ་ཐམས་ཅད་རྣ་བ་ཉོན།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/608  + ((2)སླར་ཡང་ཞེས་པའི་དོན་ཏེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། གཞར་ཡང་ནི་ནམ་ཡང་དང་སླར་ཡང་། ཞེས་གསུངས། དཔེར་ན། 《འདུལ་བ་གཞི་གླེགས་བམ་དང་པོ》ལས། འཁོན་དུ་འཛིན་པ་ཤ་འཁོན་དག ། འདིར་ནི་གཞར་ཡང་ཞི་མི་འགྱུར། ། འདི་ནི་གཡུང་དྲུང་ཆོས་ཡིན་ནོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6728  + ((3)ཉམས་ཆུང་བ་སོགས་ལ་འཇུག་སྟེ། 《བརྡ་ཡིག་རེ(3)ཉམས་ཆུང་བ་སོགས་ལ་འཇུག་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། ཤིན་ཏེ་མ་ཞེས་བྱ་བ་ནི། ། སྙིགས་མའམ་ཆུད་ཟ་བ་དང་ནི། ། ཉམས་ཆུང་བ་ཡི་དོན་ལ་འཇུག ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། དཔེར་ན་འབྲས་ཞིང་ཕུན་སུམ་ཚོགས་པ་ལ་སེར་བ་འཁོར་ལོ་མི་བཟད་པ་བབ་ན་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ། ཞེས་པ་ལྟ་བུའོ། །ཡིན་པས་མ་རུང་བར་འགྱུར་བ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/659  + ((3)དམིགས་ཤིང་གཏོད་པའི་དོན་ཏེ། 《བཀའ་འགྱུར་དཀར་ཆག》ལས། གཞོལ་བ་ནི་དམིགས་ཤིང་གཏོད་པའོ། ། ཞེས་གསུངས། དཔེར་ན། 《མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ》ལས། དེ་ལ་གནས་པའི་རྟོན་པ་དེ་དག་གིས། ། དེ་བཞིན་དུ་ནི་དེ་ལ་སེམས་གཞོལ་འགྱུར། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3922  + ((3)མཛའ་བའི་གྲོགས་ཀྱི་མིང་སྟེ།《ངག་སྒྲོན་གྱི་འགྲེལ་པ》ལས། ཡིད་མཉེས་པའམ་སྙི་ཞིང་གཤིན་པ་སྟེ་མཛའ་བའམ་གྲོགས། ཞེས་གསུངས། དཔེར་ན། 《བསྟན་འགྱུར་དཀར་ཆག》ལས། ལུས་ཅན་ཡོངས་ཀྱི་མཉེས་གཤིན་ཟླ་མེད་པ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7059  + ((3)ཟགས་པ་སོགས་ལ་འཇུག་པའི་བརྡ་རྙིང་གཟུགས་འག(3)ཟགས་པ་སོགས་ལ་འཇུག་པའི་བརྡ་རྙིང་གཟུགས་འགྱུར་བའི་བྱ་ཚིག་ཅིག་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྐྲུ་བ་ཁ་ཟས་སློང་བ་དང་། ། གཞན་ལ་ཐབས་ཀྱིས་འབྲིད་པའོ། །ཞེས་གསུངས། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས》ལས། ཅལ་ལེ་ཅོ་ལེ་སྨྲ་བ་དང་། །གཉིས་པ་གོས་ངན་གྱོན་པ་དང་། །སྐྲུ་ཞིང་ཟ་བ་གང་ཡིན་པ། །དེ་གསུམ་བརྙས་པ་བྱ་བ་ཡིན། །ཞེས་པ་ལྟ་བུའོ། ། ཟགས་པ་ལ་འཇུག་པ་ནི། དཔེར་ན། 《ཇོ་བོའི་བསྟོད་པ》ལས། ཁྱོད་ཀྱི་ཡོན་ཏན་དྲན་པས་ན། ། མཆི་མ་སྐྲུ་ཞིང་བ་སྤུ་ལྡང་། །ཞེས་པ་ལྟ་བུའོ། །ི་མ་སྐྲུ་ཞིང་བ་སྤུ་ལྡང་། །ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3512  + ((3)འབུལ་རྫོངས་དང་དགའ་བའི་སྦྱིན་པའི་མིང་སྟེ(3)འབུལ་རྫོངས་དང་དགའ་བའི་སྦྱིན་པའི་མིང་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། བྱ་མོ་ལབ་ནི་མཆོད་པའི་རྫས་སམ་འབུལ་རྫོངས་དང་དགའ་བའི་སྦྱིན་པ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དེ་ནས་ཆུ་སྲིན་བྱིས་པ་གསོད་པའི་སྐྱེ་བོ་རྣམས་ཀྱིས་བྱ་མོ་ལབ་མང་པོ་ཐོགས་ནས་ཕུལ་བ། ཞེས་པ་ལྟ་བུའོ། །་ལབ་མང་པོ་ཐོགས་ནས་ཕུལ་བ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5571  + ((3)རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་པའི་དོན་(3)རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་པའི་དོན་ལ་འཇུག་སྟེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། བརྡ་རྙིང་དུ་ཡོང་ཡེ་ནི་ངེས་པར་རམ་རྣམ་པ་ཀུན་ཏུ་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་པའི་དོན་དུ་བཤད་དོ། ། ཞེས་དང་། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི》ལས། ལྷ་བདག་ཅག་གིས་ཉིན་མཚན་དུ་ཞི་བའི་ལས་ལ་བརྩོན་པར་བགྱིས་པས་ན་བདག་ཅག་གི་མཐུས་ཡམས་ཀྱི་ནད་ཕྱེད་ཞི་བར་གྱུར་ཏེ་དགུང་རིང་པོ་མི་ཐོགས་པར་ཐམས་ཅད་ཡོང་ཡེ་ཞི་བ་བགྱིའོ། ། ཞེས་པ་ལྟ་བུའོ། །ཅད་ཡོང་ཡེ་ཞི་བ་བགྱིའོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3759  + ((5)ཆགས་པས་ཡིད་གདུངས་ཏེ་རྨོངས་པ་ལ་འཇུག་སྟེ།(5)ཆགས་པས་ཡིད་གདུངས་ཏེ་རྨོངས་པ་ལ་འཇུག་སྟེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། བློང་བློང་ནི་ཡི་མུག་གམ་རིག་པ་མི་གསལ་བ་སྟེ་སྐབས་འགར་ཆགས་པས་ཡིད་གདུངས་ཏེ་རྨོངས་པ་ལའང་འཇུག་གོ། ། ཞེས་གསུངས། དཔེར་ན། 《མི་དབང་རྟོགས་བརྗོད》ལས། དགེ་བའི་བཤེས་གཉེན་རྒྱལ་བའི་འབྱུང་གནས་ཐུགས་ཡིད་བློང་བློང་པོར་གྱུར་ཏེ་གསོལ་བ། ཇོ་བོ་ཆེན་པོ་གཟུགས་ཤིག གང་ཁྱོད་དགྱེས་པ་སྐྱེད་པར་བྱེད་པའི་གནས་སྙེའི་ན་མོ་ཆེ་དབྱར་གྱི་དུས་ཡུལ་གཞན་ན་ཚ་གདུང་གི་རེག་བྱས་ཉེན་པའི་ཚེ་དེ་ན་བསིལ་བས་ཆུ་བོ་ལ་ཆབ་རོམ་འབྱུང་ཞིང་། དགུན་གྱི་དུས་གྲང་རེག་བཟོད་པར་དཀའ་བའི་ཚེ་དེ་ན་དྲོ་བའི་མེ་ཏོག་གི་འདབ་བརྒྱ་བཞད་པར་བྱེད་པ་བདག་གིས་སྟ་གོན་བྱས་ཟིན་ཡོད་ཀྱི་དེར་གཤེགས་ཤིག ཅེས་པ་ལྟ་བུའོ། །ན་ཡོད་ཀྱི་དེར་གཤེགས་ཤིག ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4934  + ((5)བརྡ་བྱས་པ་སོགས་ལ་འཇུག་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། འཐམས་པ་སྤྱོ་བའམ་བྱམས་པ་དང་། ཁ་དན་བྱས་ཏེ་མི་འགྱུར་བའི།། དོན་ནམ་བརྡ་བྱས་པ་ལ་འཇུག། ཅེས་གསུངས་པ་ལྟར་རོ།།)
  • Dictionaries/sngas rgyas chos gzhung tshig mdzod/1351  + ((མངོན་)གཟུགས་ཁམས་ཀྱི་བདག་པོ་ཚངས་པ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/8511  + ((ལེགས་)མི་ལས་འདས་ཤིང་ལྷའི་གཟུགས་མ་ཐོབ་པས་མི་ཡིན་ནམ་ཅི་ཞེས་དྲི་བའི་ཚིག་གིས་བཏགས་པའི་མི་མིན་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/8120  + ((ལེགས་)འབྱུང་པོ་སྟེ། གནོད་བྱེད་གཟུགས་མེད་གདོན་བགེགས་ཞིག་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7495  + ((ལེགས་)ལྷའི་བཟོ་པ་ཞིག་གམ། རི་མོའི་མཚན་ཉིད་བསྟན་བཅོས་སུ་བཤད་པའི། ལྷའི་བཟོ་བས་རྒྱལ་པོ་རྣམ་གྲགས་འཇིགས་ཐུལ་ལ་འབུལ་བའི་མི་གཟུགས་བཞེང་ཚུལ་ཞིག་ལ་ཟེར། ལྷ་སྒྲུང་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7545  + ((ལེགས་)སངས་རྒྱས་བསྐྱངས་ཏེ། རྒྱ་གར་གྱི་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་སྨྲ་བའི་སློབ་དཔོན་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/6037  + ((ལེགས་)སྐྲ་རྩེ་བརྒྱ་སྟོང་དུ་བགོས་པའི་ཆ་རུ་བལྟ་སྟེ་གཟུགས་འདས་སོ་ཞེས་པའི་དོན། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/chos rnam kun btus/10187  + ("ཧོར་གྱི་ཐ་སྙད། འཕགས་ཡུལ་གྱི་ཐ་སྙད། ཁྱིམ་ཟ"ཧོར་གྱི་ཐ་སྙད།</br>འཕགས་ཡུལ་གྱི་ཐ་སྙད།</br>ཁྱིམ་ཟླའི་མིང་།"</br>"ཧོར་ཟླ་བདུན་པ།</br>གྲོ་བཞིན་ཟླ།</br>སེང་གེའི་ཁྱིམ།"</br>"ཧོར་ཟླ་བརྒྱད་པ།</br>ཁྲུམས་སྟོད་ཟླ།</br>བུ་མོའི་ཁྱིམ།"</br>"ཧོར་ཟླ་དགུ་པ།</br>དབྱུག་ཟླ།</br>སྲུང་ཁྱིམ།"</br>"ཧོར་ཟླ་བཅུ་པ།</br>སྨིན་དྲུག་ཟླ།</br>སྡིག་ཁྱིམ།"</br>"ཧོར་ཟླ་བཅུ་གཅིག་པ་།</br>མགོ་ཟླ།</br>གཞུ་ཁྱིམ།"</br>"ཧོར་ཟླ་བཅུ་གཉིས་པ།</br>རྒྱལ་ཟླ།</br>ཆུ་སྲིན་ཁྱིམ།"</br>ཟླ་བ་བཅུ་གཉིས་ནི་འབྱུང་རྩིས་ཟླ་བའི་འོད་ཟེར་ལས། དཔྱིད་ཟླ་ར་བ་བཅུ་གཅིག་སྟག ། བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི། ། ཟླ་བ་དང་པོ་དཔྱིད་ཐ་འབྲུག ། དེ་བཞིན་དབྱར་ར་ག་ཉིས་པ་སྦྲུལ། ། དབྱར་འབྲིང་གསུམ་པ་རྟའི་ཟླ་བ། ། བཞི་པ་དབྱར་ཟླ་ཐ་ཆུང་ལུག ། ལྔ་པ་སྟོན་ཟླ་ར་བ་སྤྲེལ། ། དྲུག་པ་སྟོན་འབྲིང་བྱའི་ཟླ་བ། ། བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། ། བརྒྱུད་པ་དགུན་ཟླ་ར་བ་ཕག ། དགུན་འབྲིང་དགུ་པ་བྱི་བའོ། ། བཅུ་པ་དགུན་ཐ་གླང་དུ་འདོད། ། ཅེས་འབྱུང་བ་དང་། བེ་དཀར་ཡང་འདི་དང་མཐུན་ནོ། ། བོད་དུ་དར་བའི་ནག་རྩིས་ཕལ་ཆེར་སྟག་ཟླ་དཔྱིད་ཟླ་ར་བར་བྱེད་པ་གཅིག་མཐུན་ཡིན་ཡང་། དེ་ཟླ་བ་གང་ལ་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བ་དུ་མ་འབྱུང་བ་གཙོ་བོ་ཁག་གསུམ་དུ་འདུ། སྟག་ཟླ་དེ་བཅུ་གཅིག་པ་མགོ་ཟླ་བར་བྱེད་པ་ནི་གོང་གསལ་སྡེ་སྲིད་སངས་རྒྱུས་རྒྱུ་མཚོ་དང་ལོ་ཆེན་དྷརྨ་ཤྲཱི་རྗེས་འབྲང་དང་བཅས་པ་འདོད།</br>བེ་དཀར་དང་འབྱུང་རྩིས་ཟླ་ཟེར་ལུགས་ཀྱི་ཟླ་བ་བཅུ་གཉིས།</br>"དུས་བཞི།</br>ཟླ་གྲངས།</br>ཟླ་བའི་མིང་།</br>ཉ་སྐར།"</br>"དཔྱིད་ཟླ་གསུམ།</br>11 12 1</br>སྟག ཡོས། འབྲུག</br>མགོ རྒྱལ། མཆུ།"</br>"དབྱར་ཟླ་གསུམ།</br>2 3 4</br>སྦྲུལ། རྟ། ལུག</br>དབོ། ནག་པ། ས་ག"</br>"སྟོན་ཟླ་གསུམ།</br>5 6 7</br>སྤྲེལ། བྱ། ཁྱི།</br>སྣོན། ཆུ་སྟོད། གྲོ་བཞིན།"</br>"དགུན་ཟླ་གསུམ།</br>8 9 10</br>ཕག བྱི་བ། གླང་།</br>ཁྲུམས་སྟོད། དབྱུ་གུ། སྨིན་དྲུག"</br>རྩིས་ཀྱི་བསྟན་བཅོས་བི་དཀར་དང་འབྱུང་རྩིས་ཟླ་བའི་འོད་ཟེར་གྱི་ལུགས་ཡིན། སྟག་ཟླ་དེ་བཅུ་གཉིས་པ་རྒྱལ་ཟླ་བར་བྱེད་པ་ནི་འབྲི་གུང་ཆོས་ཀྱི་གྲགས་པ་དང་། མཁས་མཆོག་ཀརྨ་ཆགས་མེད། དགེ་རྩེ་འགྱུར་མེད་བསྟན་པ་རྒྱ་མཚོ་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ཀྱི་ལུགས་ཡིན། སྟག་ཟླ་དེ་ཟླ་བ་དང་པོ་མཆུ་ཟླར་བྱེད་པ་ནི་ཀརྨ་ངེས་ལེགས་བསྟན་འཛིན་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཉེར་མཁོ་བུམ་བཟང་སོགས་ཀྱི་ལུགས་སོ། ། ཟླ་བ་དེ་དག་གི་ཁམས་བརྩི་སྟངས་ནི། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པ་ལྟར་སྦྲགས་མར་བརྩི་དགོས། དེ་ཡང་ནག་རྩིས་ཉེར་མཁོ་བུམ་བཟང་ལས། དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ། ། དཔྱིད་ཐ་དབྱར་ར་གནམ་ལོའི་མ། ། སྟོན་ཐ་དགུན་ར་གནམ་ལོ་རང་། ། དགུན་འབྲིང་དགུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །གུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །)
  • Dictionaries/Brda dkrol gser gyi me long/61  + ((1) ཀོ་བས་གཡོགས་པའི་སྒམ་མམ་ཐབ་སྒྲོམ་གྱི་མི(1) ཀོ་བས་གཡོགས་པའི་སྒམ་མམ་ཐབ་སྒྲོམ་གྱི་མིང་སྟེ། 《བེའུ་བུམ་སྔོན་པོའི་བརྡ་དཀྲོལ》ལས། ཀོ་ལྡིང་ནི་ཀོ་བས་གཡོགས་པའི་སྒམ་མམ་ཐབ་སྒྲོམ་ཡིན་ནམ་སྙམ། ཞེས་གསུངས།དཔེར་ན། 《བེའུ་བུམ་སྔོན་པོ》ལས། དེས་བོད་དུ་འགྱུར་ཚད་ཀྱི་ཆོས་བྲིས་ནས། ཀོ་ལྡིང་དུ་ཞུགས་ན་ཉིན་ཅིག་མེ་རོ་སློང་བ་སྲིད་གསུངས། ཞེས་པ་ལྟ་བུའོ། །་མེ་རོ་སློང་བ་སྲིད་གསུངས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2317  + ((1) ཁྲིམས་ཀྱི་ཆད་པ་གཅོད་པའི་དོན་ལ་འཇུག་སྟེ།《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། ནན་ཏུར་བྱེད་ནི་བརྩོན་འགྲུས་སམ་ཆད་པ་གཅོད་པའི་མིང་། ཞེས་གསུངས། དཔེར་ན། 《མཁས་པའི་དགའ་སྟོན》ལས། ངན་ལ་ནན་ཏུར་མ་བྱས་ན།། ནམ་ཡང་དྲན་ཤེས་རེམ་མི་འགྱུར།། ཅེས་པ་ལྟ་བུ་དང་།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1308  + ((1) གསང་སྔགས་ནང་པ་ལ། འཁོར་ལོ་རྣ་ཆ་མགུལ་རྒྱ(1) གསང་སྔགས་ནང་པ་ལ། འཁོར་ལོ་རྣ་ཆ་མགུལ་རྒྱན་གདུ་བུ་དང༌། མཆོད་ཕྱིར་ཐོགས་དང་ཐལ་ཆེན་གྱི་ཚོམ་བུ། རིམ་བཞིན་བརྩོན་འགྲུས་བཟོད་ཚུལ་ཁྲིམས་སྦྱིན་པ། བསམ་གཏན་ཤེས་རབ་དག་ཏུ་གསུངས་ཞེས་སོ། སྔགས་ཕྱི་པ་ལྟར་ན། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ། སེ་མོ་དོ།ག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ། སེ་མོ་དོ།)
  • Dictionaries/Brda dkrol gser gyi me long/3760  + ((1) གྲོས་བྱས་པ་ལ་འཇུག་སྟེ། 《ཏུན་ཧོང་གཏེར་(1) གྲོས་བྱས་པ་ལ་འཇུག་སྟེ། 《ཏུན་ཧོང་གཏེར་ཡིག་བཙན་པོ་རིམ་བྱུང་གི་ལོ་རྒྱུས》ལས། འུང་ནས་རྗེ་བློན་ཡོངས་སུ་འདུས་ཏེ། དགག(དྭགས)པོ་ལྷ་ངེ་དགུག་པའི་བཀའ་གྲོས་མཛད་ནས། དམག་དཔོན་སུས་བྱ་ཞེས་བློད་ན། སེང་གི་མྱི་ཆེན་གྱིས། ཁོ་བོས་རྔོ་ཐོགས་ཆེས་ཁས་བླངས་སོ། ། ཞེས་པ་ལྟ་བུའོ། །ོ་ཐོགས་ཆེས་ཁས་བླངས་སོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4039  + ((1) ཐོབ་པ་དང་བླངས་པའི་དོན་ཏེ།《འདུལ་བའི་གླེ(1) ཐོབ་པ་དང་བླངས་པའི་དོན་ཏེ།《འདུལ་བའི་གླེང་འབུམ་མིང་བརྡའི་རྣམ་བཤད》ལས། མནོས་པ་ནི་བླངས་པ། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། སྡོམ་པ་མནོས་ནས་རྔ་རྩིད་ལ་ཆགས་པའི་གཡག་གིས་རྔ་མ་རེ་རེ་ཤིང་ལ་ཐོགས་པ་ན། རྔོན་པས་སྲོག་དང་འཕྲལ་བར་མཐོང་ནའང་། སྲོག་དང་བསྡོས་ཏེ་རྔ་མ་མི་གཅོད་པར། ཞེས་པ་ལྟ་བུའོ།།་བསྡོས་ཏེ་རྔ་མ་མི་གཅོད་པར། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6887  + ((1) དོ་ཤལ་ཕྱེད་པའི་མིང་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། སེན་མོ་དོ་དང་མཆོད་ཕྱིར་ཐོགས། ། རིན་པོ་ཆེ་དང་རུས་པ་ལས། ། བྱས་པའི་ཁྱད་པར་མ་གཏོགས་པ། ། གཉིས་ཀ་དོ་ཤལ་ཕྱེད་པ་སྟེ། ། སེ་རལ་ཁ་ཡང་དེ་ཉིད་དོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/1400  + ((1) བརྟག་པ་དང་གང་འདྲའི་ཚིག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། ཇི་ཀ་ནི་བརྟག་པ། ཞེས་གསུངས་པ་དང་། 《སྤྱོད་འཇུག》ལས། འགྲོ་བ་ཐམས་ཅད་བསླུས་བྱས་ན།།། བདེ་འགྲོར་ཇི་ཀ་འགྲོ་འགྱུར་རམ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1572  + ((1) བརྩོན་འགྲུས་ཀྱི་མིང་སྟེ།《འདུལ་བ་ལུང་གཞི》ལས། དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་འགྱུར་རོ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3138  + ((1) བསལ་བའི་མིང་སྟེ། 《བོད་ཀྱི་བརྡ་སྐད་མིང་(1) བསལ་བའི་མིང་སྟེ། 《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། བརྩལ་དང་བསྩལ་གཉིས་བསལ་བའི་མིང་དུ་གྲགས། ཞེས་གསུངས། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། བརྩལ་བས་ཤིན་ཏུ་ཞི་བརྟགས་ནས། ། ཡོངས་སུ་སྦྱངས་ནས་སྣང་བར་འགྱུར། ། ཞེས་པ་ལྟ་བུའོ། །་སྦྱངས་ནས་སྣང་བར་འགྱུར། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2155  + ((1) མྱུར་བའི་མིང་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། དེའུ་ཞེས་པ་མྱུར་བའི་མིང་།། ཞེས་གསུངས། དཔེར་ན། 《ཕལ་པོ་ཆེའི་མདོ》ལས། རིགས་ཀྱི་བུ་ཡུད་ཙམ་ཞིག་སྡོད་དང་དེའུ་རེ་མངོན་སུམ་དུ་འགྱུར་རོ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4868  + ((1) ཞི་བའི་མིང་སྟེ།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། འཇིལ་ཞེས་པ་ནི་ཞི་བའི་མིང་།། ཞེས་གསུངས། དཔེར་ན།《བསྟན་འགྱུར་དཀར་ཆག》ལས། སྲིད་པའི་གདུང་བ་འཇིལ་བའི་སྨན།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5225  + ((1) ཟད་པའི་དོན་ལ་འཇུག་སྟེ། 《བརྡ་གསར་རྙིང་ག(1) ཟད་པའི་དོན་ལ་འཇུག་སྟེ། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། ཟད་པའི་མིང་ལ་འཛད་པ་དང་། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་གཞི》ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། ། མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། ། འཕྲད་པའི་མཐའ་ནི་འབྲལ་བ་སྟེ། ། གསོན་པའི་མཐའ་ནི་འཆི་བ་ཡིན། ། ཞེས་པ་ལྟ་བུའོ། །ན་པའི་མཐའ་ནི་འཆི་བ་ཡིན། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7485  + ((1) ཟས་རོ་སྒྱུར་བྱེད་ཀྱི་ཚྭའི་མིང་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྤྲ་ཆལ་ཞེས་པ་འགྱུར་བྱེད་མིང་།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/5030  + ((1) འགྲོ་བའམ་བསྐྱོད་པའི་དོན་ལ་འཇུག་སྟེ།《འད(1) འགྲོ་བའམ་བསྐྱོད་པའི་དོན་ལ་འཇུག་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། འཕགས་པ་ནི་འགྲོ་བའམ་འཕགས་སོ་ནི་སོང་ངོ་ཞེས་པའོ། ། ཞེས་དང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། འཕགས་པ་ནི་གནས་དང་བསྐྱོད་པའི་དོན་ལའང་འཇུག ཅེས་གསུངས། ། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། ཇི་ཙམ་དུས་གཞན་ཞིག་ན་དགའ་འདུན་ལྔ་བརྒྱ་སྐྱེད་མོས་ཚལ་དུ་འཕགས་པ་དང་དེ་དག་གིས་གྲོས་བྱ་བར་བརྩམས་པ། ཞེས་དང་། ཡང་དེ་ཉིད་ལས། མཉམ་ཡོད་དུ་འདོང་ངོ་སྙམ་དུ་རིག་ནས་ཚོང་བ་ལྔ་བརྒྱ་བྱང་ལམ་ནས་ཟོང་དག་ཐོགས་ཏེ་ཡུལ་དབུས་སུ་འཕགས་སོ། ། ཞེས་པ་ལྟ་བུའོ། །་ཡུལ་དབུས་སུ་འཕགས་སོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1996  + ((1) འདོད་ཆགས་ཀྱིས་ཉེས་པའམ་ཉེན་པའི་དོན་ཏེ། (1) འདོད་ཆགས་ཀྱིས་ཉེས་པའམ་ཉེན་པའི་དོན་ཏེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། དབྱེན་སྤྱོ་འདོད་ཆགས་ནི་ཉེས་པའི་དོན། ཞེས་དང་།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། དབྱེན་སྤྱོ་ནི་འདོད་ཆགས་ཀྱི་ཉེན་པ་སྟེ། ཉེ་སྡེའི་བྱུང་བ་ལས། སྡེ་པའི་ཆུང་མ་འདོད་ཆགས་ཀྱིས་དབྱེན་སྤྱོ་བར་འགྱུར་ཏེ། ཞེས་པ་ལྟ་བུ། ཞེས་གསུངས་པ་ལྟར་རོ། །ར་ཏེ། ཞེས་པ་ལྟ་བུ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/4829  + ((1) འདོད་པའམ་ཆགས་པའི་དོན་གྱི་བརྡ་རྙིང་གཟུགས་འགྱུར་བའི་བྱ་ཚིག་ཅིག་དང་།)
  • Dictionaries/Brda dkrol gser gyi me long/4825  + ((1) འཕྲོག་པའི་མིང་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། འཆུ་བ་ནི་འཕྲོག་པའི་དོན་ཡིན། ཞེས་གསུངས། དཔེར་ན།《འདུལ་བ་གཞུང་དམ་པ》ལས། རེ་ཞིག་གིས་ཤིང་ལས་ཤུན་པ་རྙིས་པ་འཆུ་བར་བགྱིད་ན་ཅིར་འགྱུར་ལགས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2848  + ((1) འབུལ་བའི་དོན་ཏེ།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། བཅལ་བ་ཞེས་པ་འབུལ་བའི་དོན། ཞེས་གསུངས། དཔེར་ན། 《བཀའ་འགྱུར་དཀར་ཆག》ལས། འཇིག་རྟེན་ཁམས་ཐམས་ཅད་ཛམྦུ་གསེར་གྱི་ཕུང་པོས་ཡོངས་སུ་བཀང་སྟེ་བཅལ་བར་བྱས་པ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/788  + ((1) འབྲོག་དགོན་པ་ལས་ཀྱང་ཐག་རིང་བའི་མིང་སྟེ(1) འབྲོག་དགོན་པ་ལས་ཀྱང་ཐག་རིང་བའི་མིང་སྟེ། 《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། གྲོང་ལས་འདོམ་ལྔ་བརྒྱའི་ཕན་ནི་དགོན་པ་དང་གཡེ་ནི་དེ་བས་རིང་བ། ཞེས་དང་། 《སྒོ་མཐའ་ཡས་པ་སྒྲུབ་པའི་གཟུགས་ཀྱི་འགྲེལ་པ》ལས། དགོན་པ་ནི་གྲོང་ལས་འདོམ་ལྔ་བརྒྱ་ཕན་ཆད་དོ། ། གཡེ་ནི་དེ་བས་ཀྱང་རིང་བའོ། ། ཞེས་གསུངས་པ་ལྟར་རོ། །ེ་བས་ཀྱང་རིང་བའོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/5186  + ((1) འཚལ་ཞེས་པ་ནི། 《བེའུ་བུམ་སྔོན་པོའི་མིང(1) འཚལ་ཞེས་པ་ནི། 《བེའུ་བུམ་སྔོན་པོའི་མིང་བརྡ་བཤད་པ》ལས། འཚལ་ཞེས་པ་ནི་ཤེས་པ་དང་། ཆོག་པ་དང་། འདོད་པ་དང་། དགོས་པ་དང་། ཟ་བ་དང་། བགྱི་བ་དང་། བྱ་བ་སོགས་ལ་སྐབས་ཐོབ་ཀྱིས་ཤེས་དགོས་སོ། ། ཞེས་གསུངས་པ་ལྟར་སྐབས་ཐོབ་ཀྱིས་གོ་དགོས་པར་སྣང་སྟེ། དཔེར་ན། ཤེས་པའི་དོན་ལ་འཇུག་པ་ནི། 《འདུལ་བ་ལུང་གཞི》ལས། དེ་ལ་ཁྱེའུ་བཙའ་བར་འགྱུར་རམ། འོན་ཏེ་བུ་མོར་འགྱུར་རམ། ཅི་མ་མཆིས་པར་འགྱུར་སུ་འཚལ། ཞེས་པ་ལྟ་བུའོ། །་མ་མཆིས་པར་འགྱུར་སུ་འཚལ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5017  + ((1) རུལ་བའི་མིང་སྟེ།《བརྡ་ཡིག་བློ་གསལ་མགྲིན(1) རུལ་བའི་མིང་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། འདྲུལ་བ་ནི་རུལ་བར་འགྱུར་བའི་མིང་།། ཞེས་གསུངས་པ་དང་། 《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི》ལས། དེ་རྣམས་ཀྱིས་ཉ་གཉིས་ཤིག་ལུས་ཆེ་ཆེས་པས་གལ་ཏེ་བསད་ན་ཤ་ལྡོམ་པར་མི་འགྱུར་ཏེ། དེ་འདྲུལ་བར་འགྱུར་བས་སྡོང་པོ་ལ་བཏགས་ལ་གསོན་པར་ཤ་བཅད་ཅིང་བཙོང་ངོ་།། ཞེས་པ་ལྟ་བུའོ།།ོན་པར་ཤ་བཅད་ཅིང་བཙོང་ངོ་།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5928  + ((1) རྒྱས་པ་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། གྲོང་ཁྱེར་མཆོག་ཏུ་འཇུག་པར་བྱེད་པའི་ལམ་གྱི་ལུས་སྟོབས་ཡོངས་སུ་རྟས་པར་བྱེད་པའི་ཐབས་སུ། ཞེས་གསུངས། དཔེར་ན། 《བཀའ་འགྱུར་དཀར་ཆག》ལས། རྟས་པ་ནི་རྒྱས་པ་ཞེས་པའི་བརྡ་རྙིང་ཡིན། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4693  + ((1) རྙིང་པ་དང་ལྷུང་བའི་དོན་ལ་འཇུག་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ཟེགས་པ་ཞེས་པ་རྙིང་དང་ལྷུང་བ་སོགས། ། ཞེས་གསུངས། དཔེར་ན། 《སྙན་ངག་མེ་ལོང》ལས། ཨུཏྤལ་སྔོན་པོ་ཟེགས་པར་འགྱུར། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5900  + ((1) རྙིང་པའི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། སྔར་ཡོད་རྙིང་མ་ཡུན་ལོན་དང་།། རྙིས་པ་རྣམས་ནི་རྙིང་པའི་མིང་།། ཞེས་གསུངས། དཔེར་ན། 《འདུལ་བ》ལས། རེ་ཞིག་གིས་ཤིང་ལས་ཤུན་པ་རྙིས་པ་འཆུ་བར་བགྱིད་ན་ཅིར་འགྱུར་ལགས། ཞེས་པ་ལྟ་བུའོ།།)