Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "ཚོར་བ་ཐམས་ཅད་དེ་ལུས་ཚོར་བདེ་སྡུག་གཉིས་དང་། ཡིད་ཚོར་ཡིད་མི་བདེ་བ་དང་ཡིད་བདེ་བ་གཉིས་དང༌། བཏང་སྙོམས་དང་ལྔའོ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Brda dkrol gser gyi me long/7750  + ((2)སྡོམ་འབུ་དང་འདྲ་ཞིང་དེས་མི་ལ་སོ་བཏབ་ན་མ(2)སྡོམ་འབུ་དང་འདྲ་ཞིང་དེས་མི་ལ་སོ་བཏབ་ན་མི་རིང་བར་སྨྱོས་ནས་འཆི་བ་ཞིག་ཡོད་པ་དེའི་མིང་ཡིན་པར་གསུངས་པའི་བཞེད་པ་གཉིས་སྣང་སྟེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། སྲིན་གྱི་མེ་ནི། དམར་མཆན་དུ་སྡོམ་ཡིན་གསུངས། ཡང་དམ་པ་འགའ་ཞེག་རྡོ་ཐོན་སོགས་ཀྱི་ས་ཆ་ན་ཡོད་པའི་འབུ་སྲིན་སྡོམ་འདྲ་བ་མི་ལ་སོ་བཏབ་ན་མི་རིང་བར་སྨྱོས་ནས་འཆི་བ་ཞིག་ཡོད་པས་དེ་ལ་ཟེར་བ་ཡིན་གསུང་ངོ་། ། ཞེས་དང་། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྲིན་གྱི་མེ་ཞེས་པ་ནི་འབུ་སྲིན་གྱི་ཚོགས་སམ་སྡོམ་དང་འདྲ་བའི་འབུ་ཡི་མིང་། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། སེང་གེ་དང་སྟག་ལ་སོགས་པ་དང་སྦྲུལ་གདུག་དང་སྡིག་པ་དང་སྲིན་གྱི་མེ་མང་བ་དང་། ཞེས་པ་ལྟ་བུའོ། །དང་སྲིན་གྱི་མེ་མང་བ་དང་། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7237  + ((3)ཁ་སྐོངས་ཆེ་བའི་དོན་ལ་འཇུག་སྟེ།《དེབ་ཐེར་(3)ཁ་སྐོངས་ཆེ་བའི་དོན་ལ་འཇུག་སྟེ།《དེབ་ཐེར་རྫོགས་ལྡན་གསར་པའི་ཉི་མ》ལས། སྟོང་ཞེས་ཁ་སྐོངས་ཤིན་ཏུ་ཆེ་བ་ལ་ཆ་བཞག་སྔོན་གྱི་གཏམ་རྒྱུད་རྙིང་པ་རྣམས་སུ། སྟོད་ཡ་རྩེ་རྒྱལ་པོ་ཧོར་གྱིས་བསད།། རོ་དང་གསེར་གཉིས་གཉིས་བརྗེས་བྱས།། སྨད་གེ་སར་རྒྱལ་པོ་ལྡན་མས་བསད།། ད་དུང་སྟོང་ལ་ཁྱེར་དུས་མེད། ཅེས་པ་ལྟ་བུའོ།།ད་དུང་སྟོང་ལ་ཁྱེར་དུས་མེད། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3255  + ((3)གྲང་རླུང་ལའང་འཇུག་སྟེ།《ངག་སྒྲོན་གྱི་འགྲེལ་པ》ལས། བསེར་བུ་རླུང་ངམ་དལ་རླུང་དང་གྲང་མོ་འཁྱག་པ། ཞེས་གསུངས། དཔེར་ན།《བེེ་རོའི་འདྲ་འབག་ཆེན་མོ》ལས། བསེར་བུ་དང་བསིལ་ཆར་ཕབ་ནས་ཚ་བའི་སྡུག་བསྔལ་མེད་པར་བྱས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1731  + ((3)ཐུ་ལུམ་ལའང་འཇུག་པར་བཤད་པ་ཡོད་དེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཐུ་ལུམ་དང་ཐོང་ལྕགས་གཉིས་རྣམ་གྲངས་སུ་བཤད་པའང་སྣང་། ཞེས་སགུངས་སོ།།)
  • Dictionaries/Brda dkrol gser gyi me long/5964  + ((3)ཕྱིན་པའི་མིང་སྟེ། 《བརྡ་གསར་རྙིང་གི་བྱེ་(3)ཕྱིན་པའི་མིང་སྟེ། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། བརྟོལ་དང་རྟོལ་ཞེས་བྱ་བ་ནི།། ཕྱིན་པའི་མིང་དུ་ཤེས་པ་བྱ།། ཞེས་གསུངས། དཔེར་ན། 《 བེའུ་བུམ་སྔོན་པོའི་འགྲེལ་པ》ལས། བྱ་རྒྱལ་ཀྱང་གཤོག་པ་ལྷབ་ཅིག་ལྷབ་གཉིས་ཕུར་པས་ནམ་འཕང་ཆོད་པ་ཡིན། རི་རྒྱལ་ལྷུན་པོའི་ཁར་ཡང་གོམ་གཅིག་གོམ་གཉིས་ཀྱིས་རྟོལ་བ་ཡིན་པ་ལྟར། ཞེས་པ་ལྟ་བུའོ།།ཉིས་ཀྱིས་རྟོལ་བ་ཡིན་པ་ལྟར། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3003  + ((3)མར་ཁུའི་སྙིགས་མ་སོགས་ཕྱིར་དབྱེ་བ་བཅས་ལ་(3)མར་ཁུའི་སྙིགས་མ་སོགས་ཕྱིར་དབྱེ་བ་བཅས་ལ་འཇུག་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། བཞུར་ནི་བཞོགས་པའམ་བཞར་བ་ཕྲ་བར་བྱས་པའི་མིང་དུ་མངོན་བརྗོད་ལས་བཤད། ངག་སྒྲོན་དྲིས་ལན་དུ་ཡལ་ག་སོགས་བཅད་པ་དང་མར་ཁུའི་སྙིགས་མ་སོགས་ཕྱིར་བཅད་པ་གཉིས་ཀ་ལ་བཞུར་ཟེར་བར་གསུངས། ཞེས་དང་། 《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། བཞུར་ཞེས་པ་ཡང་ཤིང་གི་ལོ་མ་དང་ཡལ་ག་བཅད་པ་ལ་ཤིང་གི་ཡལ་ག་དང་ལོ་མ་བཞུར་ཞེས་ཟེར། ངག་སྒྲོན་དུ་གཡོག་བཞུན་མར་ཁུ་བཞུར་ནས་བཞེས། ཞེས་པ་ལྟར་མར་ཁུའི་སྙིགས་མ་སོགས་ཕྱིར་དབྱེ་བ་ལ་བཞུར་ཞེས་ཐོབ། ཅེས་གསུངས་པ་ལྟར་རོ། །ེ་བ་ལ་བཞུར་ཞེས་ཐོབ། ཅེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/5538  + ((3)མི་མ་ཡིན་གྱི་མིང་སྟེ། 《བརྡ་གསར་རྙིང་གི(3)མི་མ་ཡིན་གྱི་མིང་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག 》ལས། ཡེ་འབྲོག་འགོ་བའི་ནད་ཀྱི་བྱེ་བྲག་གམ། ། ཡང་ན་མི་འདོད་པ་ཡི་སྦྱོར་བའམ། ། ཡང་ན་མི་མ་ཡིན་པ་དག་གི་མིང་།། ཞེས་གསུངས། དཔེར་ན། པཎ་ཆེན་བསོད་ནམས་གྲགས་པའི་《དགེ་ལྡན་ལེགས་བཤད》ལས། བླུན་པོ་རང་དང་ཉེ་བ་ལ། ། ཡེ་འབྲོག་སྡུག་བསྔལ་ངང་གིས་སྟེར། ། ཞེས་དང་། 《དྲན་པ་བཀའ་ཐང》ལས། ཡེ་འབྲོག་སུམ་བརྒྱ་ལྟས་ངན་ཆར་ལྟར་ཕོབ། ཅེས་པ་ལྟ་བུའོ། །་བརྒྱ་ལྟས་ངན་ཆར་ལྟར་ཕོབ། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7059  + ((3)ཟགས་པ་སོགས་ལ་འཇུག་པའི་བརྡ་རྙིང་གཟུགས་འག(3)ཟགས་པ་སོགས་ལ་འཇུག་པའི་བརྡ་རྙིང་གཟུགས་འགྱུར་བའི་བྱ་ཚིག་ཅིག་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྐྲུ་བ་ཁ་ཟས་སློང་བ་དང་། ། གཞན་ལ་ཐབས་ཀྱིས་འབྲིད་པའོ། །ཞེས་གསུངས། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས》ལས། ཅལ་ལེ་ཅོ་ལེ་སྨྲ་བ་དང་། །གཉིས་པ་གོས་ངན་གྱོན་པ་དང་། །སྐྲུ་ཞིང་ཟ་བ་གང་ཡིན་པ། །དེ་གསུམ་བརྙས་པ་བྱ་བ་ཡིན། །ཞེས་པ་ལྟ་བུའོ། ། ཟགས་པ་ལ་འཇུག་པ་ནི། དཔེར་ན། 《ཇོ་བོའི་བསྟོད་པ》ལས། ཁྱོད་ཀྱི་ཡོན་ཏན་དྲན་པས་ན། ། མཆི་མ་སྐྲུ་ཞིང་བ་སྤུ་ལྡང་། །ཞེས་པ་ལྟ་བུའོ། །ི་མ་སྐྲུ་ཞིང་བ་སྤུ་ལྡང་། །ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6589  + ((3)ཟས་ཀྱི་མིང་ལའང་འཇུག་སྟེ།《བརྡ་གསར་རྙིང་ག(3)ཟས་ཀྱི་མིང་ལའང་འཇུག་སྟེ།《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། ལྡོམ་བུ་འདི་ངག་སྒྲོན་དུ་ནེའུ་ལྡངས་ལྡོམ་བུ་སྟན་ལས་ལྡང་ཞེས་པའི་ལྡོམ་དུ་ལ་ཟས་ཀྱི་མཆན་ཡོད་པ་བཞིན་ཟས་ཀྱི་བསོད་སྙོམས་ལ་ལྡོམ་བུ་ཞེས་ཏེ། བསོད་སྙོམས་པ་ལ་ལྡོམ་བུ་བ་ཞེས་གྲགས་སོ།། ཞེས་གསུངས་པ་ལྟར་རོ།།ོམ་བུ་བ་ཞེས་གྲགས་སོ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/2784  + ((3)འོད་ཟེར་དང་སྤྲུལ་པ་འགྱེད་པ་སོགས་ལ་འཇུག་(3)འོད་ཟེར་དང་སྤྲུལ་པ་འགྱེད་པ་སོགས་ལ་འཇུག་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། བཀྱེ་བ་ཕོ་ཉ་སྟོན་མོ་དང་། ། འོད་སྤྲུལ་ལ་སོགས་འགྱེད་པའི་མིང་། །ཞེས་གསུངས། དཔེར་ན། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས།མྱང་ཙེང་སྐུ་དང་། མནོན་འདྲོན་པོ་གཉིས་ནི། སྟག་པ་ཤ་རུ་ལ་ཚུན་ཆད། བྱ་གཆོད་ཆིང་ཉན་རྣར་བཀྱེའོ། ཞེས་པ་ལྟ་བུ་དང་། 《མཁས་པའི་དགའ་སྟོན》ལས། མཐའ་ཡས་འོད་ཟེར་ཕྱོགས་ཀུན་བཀྱེ་བ་ཡིས། །དམྱལ་བའི་སེམས་ཅན་དེ་རྣམས་སྡུག་བསྔལ་ཞི། །ཞེས་པ་ལྟ་བུའོ། །ཅན་དེ་རྣམས་སྡུག་བསྔལ་ཞི། །ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6251  + ((3)རྩ་བ་བཞི་ཡོངས་སུ་མ་ཉམས་པར་གནས་པའི་དོན་ཏ(3)རྩ་བ་བཞི་ཡོངས་སུ་མ་ཉམས་པར་གནས་པའི་དོན་ཏེ། 《གྲུབ་མཐའ་ཁག་གི་ཆོས་འབྱུང》ལས། ཆགས་སེམས་སྐྱེས་ཏེ། མི་གཅིག་གི་ལོག་པར་ཞུགས་པ་བྱུང་། དེ་ནི་རྫོགས་ལྡན་ནས་གསུམ་ལྡན་དུ་སོང་བའི་དུས་སོ། ། དེ་ནས་རིམ་གྱིས་མ་བྱིན་པར་ལེན་པ་དང་། གཞན་གྱི་སྲོག་གཅོད་པ་དང་། རྫུན་སྨྲ་བ་སོགས་བྱུང་སྟེ། གསུམ་ལྡན་ནས་གཉིས་ལྡན་དང་། གཅིག་ལྡན་རྩོད་དུས་ལ་སོགས་པ་བྱུང་། ཞེས་གསུངས། གཞན་ཡང《བརྡ་སྐད་མིང་ཚིག་གསལ་བ》ལས། རྫོགས་ལྡན་དུས་ནི་འབྲས་བུའི་དུས་དང་བདེ་བའི་དུས་དང་བསྐལ་བ་བཟང་པའི་དུས་དང་། ཞེས་ཀྱང་བྱུང་བས་སྐབས་ཐོབ་ཏུ་གོ་བར་བྱའོ། ། ཞེས་ཀྱང་བྱུང་བས་སྐབས་ཐོབ་ཏུ་གོ་བར་བྱའོ། །)
  • Dictionaries/Brda dkrol gser gyi me long/6325  + ((3)ལག་གཉིས་ཀུམ་སྟེ་སྤྲད་པའི་མིང་སྟེ། 《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། ལག་པོད་ལག་གཉིས་ཀུམ་སྟེ་སྤྲད་པ་དང་། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/1318  + ((3)ལུས་ཀྱི་རྩ་ལའང་འཇུག་སྟེ། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས། པུས་མོ་ནང་ལོགས་ཀྱི་མཚམས་ཆུ་བ་སྦོམ་པོ་ཕྲེང་ཕྲེང་པོ་པུས་མོ་ལ་ཐུག་པ་དང་གཉིས་ཀྱི་མཚམས་སུ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1943  + ((3)ཤུགས་ཀྱི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་(3)ཤུགས་ཀྱི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། དབལ་ཞེས་པ་ནི་ཤ་ཉམས་ཤེད་མོ་དང་རྩེ་མོའམ་ཟུར་དང་དྲོད་དང་ཏོག་ལ་འཇུག་སྟེ་རིམ་བཞིན་རྟའི་དབལ་ཕུར་པའི་དབལ་མེའི་དབལ་རྒྱལ་མཚན་གྱི་དབལ་ལྟ་བུ་དང་ཤུགས་ཀྱང་ཡིན་སྙམ། ཞེས་དང་། 《དག་ཡིག་ཤེས་བྱ་རབ་གསལ》ལས། དབལ་ནི་ཤ་ཉམས་རྒྱས་པ་དང་། ཕུར་བའི་རྩེ་སོགས་མཚོན་གྱི་དབལ། དབལ་ནི་མེ་དྲོད་དབལ་ནི་ཏོག ཅེས་གསུངས། དཔེར་ན། 《རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང》ལས། ལྷ་སྲིན་གདུག་པའི་ཚ་ངར་དབལ་བཅག་ཐེག་དགུའི་བགྲོད་ལམ་ཚུལ་བཞིན་སྟོན་མཁས་སངས་རྒྱས་གཉིས་པ་ཐོད་འཕྲེང་རྩལ། ། ཞེས་པ་ལྟ་བུའོ། །གཉིས་པ་ཐོད་འཕྲེང་རྩལ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/5693  + ((3)ཨ་ལོང་ངམ་བཞི་ཡོད་པའི་ཟངས་ཀྱི་སླ་ང་ལ་ཟངས(3)ཨ་ལོང་ངམ་བཞི་ཡོད་པའི་ཟངས་ཀྱི་སླ་ང་ལ་ཟངས་རུ་བཞི་མ་ཞེས་བརྗོད་དེ། 《མི་ལ་རས་པའི་རྣམ་ཐར》ལས། ལྷོ་བྲག་གི་ཕུ་མདའ་ཀུན་ལ་བསོད་སྙོམས་བྱས་པས། ལྷོ་བྲག་བྱེ་བོ་ཆེའི་ནས་ཁལ་ཉེར་གཅིག་རྙེད་པ་ལས་བཅུ་བཞི་ལ་ཟངས་རུ་བཞི་མ་ཕྱི་ནང་གཉིས་ལ་དྲེག་དང་གཡའ་སོགས་སྐྱོན་གྱིས་མ་གོས་པ་ཅིག་ཉོད། ཞེས་པ་ལྟ་བུའོ། །ོན་གྱིས་མ་གོས་པ་ཅིག་ཉོད། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2770  + ((4)མཚམས་བཅད་པ་ལ་སོགས་པའི་དོན་དུ་མར་འཇུག་སྟ(4)མཚམས་བཅད་པ་ལ་སོགས་པའི་དོན་དུ་མར་འཇུག་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། བཀུམ་པ་ནི་བསད་པའམ། ཤི་བ་དང་། ཡང་ཡུན་ཐུང་དུ་བཏང་བ་དང་། བཅད་པ་ལ་ཡང་འཇུག ཅེས་གསུངས། བསད་པ་ལ་འཇུག་པ་ནི། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང》ལས། མོན་ཀ་འི་ནི་སྟག་ཆིག་པ། །སྟག་བཀུམ་ནི་ཟུ་ཙེས་བཀུམ། །ཞེས་པ་ལྟ་བུའོ། །ཡུན་ཐུང་དུ་བཏང་བ་ལ་འཇུག་པ་ནི། 《འདུལ་བ་ལུང་རྣམ་འབྱེད》ལས། རྒྱལ་པོ་གསལ་རྒྱལ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་ཕོ་ཉ་དང་། དཀོར་སྒྲོམ་འབུལ་རྒྱུན་བཀུམ་ནས། ཞེས་པ་ལྟ་བུའོ། ། བཅད་པ་ལ་འཇུག་པ་ནི། 《འདུལ་བ་ལུང་གཞི》ལས། ཤིང་གཅིག་ལ་གཉིས་ཀྱིས་བཀུམ་དུ་རུང་ངམ། ཞེས་པ་ལྟ་བུའོ། །མཚམས་བཅད་པ་ལ་འཇུག་པ་ནི། 《འདུལ་བ་ལུང་རྣམ་འབྱེད》ལས། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། ཞེས་པ་ལྟ་བུའོ། །་དང་ཐར་པའི་སྒོ་དག་ནི་ཕྱེ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3082  + ((6)རྩོལ་བ་དྲག་པོ་བཅས་ལ་འཇུག་སྟེ།《བརྡ་གསར་ར(6)རྩོལ་བ་དྲག་པོ་བཅས་ལ་འཇུག་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། བརྟུན་ངེས་པ་ཞེས་བྱ་བ་ནི། གཟུ་ལུམ་དང་ནི་འུར་གཏམ་མམ། རང་བཟོའམ་གཞན་ལ་གནོད་པ་དང་། འདོད་པ་ཆེ་རྣམས་ལ་འཇུག ཅེས་གསུངས། དཔེར་ན།《ལམ་རིམ་ཆེན་མོ》ལས། འདི་ནི་བརྩོན་འགྲུས་རྩོམ་ལུགས་བསྟན་ཏེ་ཧ་ཅང་བརྟུན་ངེས་ཏེ་རྩོལ་བ་དྲགས་པ་དང་ཧ་ཅང་ལྷོད་པ་གཉིས་ཀ་སྤངས་ནས། ཞེས་དང་། 《འདུལ་བ་ལུང་རྣམ་འབྱེད》ལས། ཁྱིམ་བདག་དེ་གཏུམ་པ་བརྟུན་ངེས་པ། དྲག་ཤུལ་ཆེ་བ་ཡིན་པས་ཡང་བུ་མོ་དེ་ལ་བརྡེག་པར་བརྩམས་པ། ཞེས་པ་ལྟ་བུའོ།།་མོ་དེ་ལ་བརྡེག་པར་བརྩམས་པ། ཞེས་པ་ལྟ་བུའོ།།)
  • Dictionaries/sngas rgyas chos gzhung tshig mdzod/12127  + ((རྒྱ་)ཇིན་རྒྱལ་རབས་དུས་བྱུང་བའི་ཧྭ་ཤང་ཧྥ་ཤ(རྒྱ་)ཇིན་རྒྱལ་རབས་དུས་བྱུང་བའི་ཧྭ་ཤང་ཧྥ་ཤེན་བྱ་བ་དང་། དྷུའུ་མིན་བྱ་བ་བཤད་པ་ལ་མཁས་པ་གཉིས་ཀྱིས་ཤེའུ་དང་ཏེའུ་གཉིས་ཀྱི་གཞུང་གི་དོན་སངས་རྒྱས་ཀྱི་ཆོས་ལུགས་དང་མཐུན་པར་བཀྲལ་བའི་ལོ་རྒྱུས་སྣང་ཞིང་། ཕྱིས་ཀྱི་རྒྱ་ནག་ཆོས་འབྱུང་དང་། ཤེའུ་སྟོན་ཁུང་ཙིའི་གཞུང་གིས་ཕྱི་ལྟར་སྲིད་བསྲུང་ལ་ནང་ལྟར་འཕགས་སམ་ལ་འཛེགས་པའི་རིམ་པ་བསྟན་པས་སངས་རྒྱས་ཀྱི་གསུངས་དང་མི་འགལ་ཞེས་བྲིས་འདུག་གོ། ཚིག་འདི་གསར་དུ་བཅོས་པ་ཡིན།ས་བྲིས་འདུག་གོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/6522  + ((རྒྱ་)ཧྥ་ལན་བྱ་བ་གཉིས། ༼ ལ་ལྟོས། ༽ ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/11081  + ((ལེགས་)ཁ་ཆེ་པཎ་ཆེན་རྒྱ་གར་ཤཱི་ནཱ་ལེནྡྲའི་ཁ(ལེགས་)ཁ་ཆེ་པཎ་ཆེན་རྒྱ་གར་ཤཱི་ནཱ་ལེནྡྲའི་ཁྲི་རབས་ཐ་མ་འདི་རབ་བྱུང་གཉིས་པའི་མེ་ལུག་ལོར་འཁྲུངས། རབ་བྱུང་གསུམ་པའི་ཤིང་བྱི་ལོར་ཁྲོ་ཕུ་ལོ་ཙཱ་བ་བྱམས་དཔལ་གྱིས་གདན་དྲངས་ཏེ་བོད་དུ་བྱོན། ལོ་བཅུའི་རིང་ལ་རྭ་སྒྲེང་དང་། ལྷོ་བྲག་གཉའ་སྨད་སོགས་ཡུལ་ཁམས་མང་དུ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། ས་པཎ་གྱི་མཁན་པོ་མཛད། རབ་བྱུང་བཞི་པའི་ཤིང་བྱ་ལོ་ལ་འདས། ཚིག་འདི་གསར་དུ་བཅོས་པ་ཡིན།ིང་བྱ་ལོ་ལ་འདས། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/9362  + ((ལེགས་)གང་གྰའི་ཡན་ལག་ཆུ་བོ་རཱ་དང་། ཎ་སཱི་གཉིས་ཀྱི་དཀྱིལ་དུ་གནས་པའི་གྲོང་ཁྱེར་ཞིག བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སྐོར་བའི་གནས། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/8113  + ((ལེགས་)བཅོམ་ལྡན་འདས་ཏེ། བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ། སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པའི་སངས་རྒྱས་སྤྱིའི་མཚན། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7485  + ((ལེགས་)ཡུལ་སྟོང་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་དབྱེར་མེད་པ་དེ་ཁོ་ན་རྡོ་རྗེ་སྟེ། མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པའི་ཕྱིར་དང་མི་མཐུན་ཕྱོགས་འཇོམས་པའི་ཕྱིར་དང་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/6523  + ((ལེགས་)རྒྱ་གར་ལྷོ་ཕྱོགས་སུ་པོ་ཏ་ལ་གྲུ་འཛིན་ཞེས་དང་གྲུ་འཛིན་གཉིས་པ་སྟེ་ལྷ་སའི་རྩེ་ཕོ་བྲང་ལ་ཟེར། འཕགས་པ་ཕྱག་ན་པདྨོའི་ཕོ་བྲང་རི་བོ་གྲུ་འཛིན།༼ལ་ལྟོས།༽། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/11482  + ((ལེགས་)སྙོམས་འཇུག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/chos rnam kun btus/10275  + ("རང་སྐྱོང་སྲིད་གཞུང་གི་མིང༌། 1. བོད་རང་སྐྱ"རང་སྐྱོང་སྲིད་གཞུང་གི་མིང༌།</br>1. བོད་རང་སྐྱོང་ལྗོངས།</br>2. ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།</br>3. ཟི་ཁྲོན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ།</br>4. ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།</br>5. མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།</br>6. མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།</br>7. མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།</br>8. མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ།</br>9. མཚོ་སྔོན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ།</br>10. མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་ཧ་སག་རིགས་རང་སྐྱོང་ཁུལ།</br>11. ཀན་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།</br>12. ཟི་ཁྲོན་མུ་ནེ་བོད་རིགས་རང་སྐྱོང་རྫོང་།(མུ་ལི། སྨི་ལི།)</br>13. ཀན་སུ་དཔལ་རིས་བོད་རིགས་རང་སྐྱོང་རྫོང་།"</br>"དབུ་བརྙེས་པའི་ལོ།</br>སྤྱི་ལོ་1965.9.1ཉིན།</br>སྤྱི་ལོ་1950.11.24ཉིན།</br>སྤྱི་ལོ་1953.1.1ཉིན།</br>སྤྱི་ལོ་1957.9.13ཉིན།</br>སྤྱི་ལོ་1953.12.31ཉིན།།</br>སྤྱི་ལོ་1953.12. 6ཉིན།</br>སྤྱི་ལོ་1953.12.22ཉིན།</br>སྤྱི་ལོ་1954.1.1ཉིན།</br>སྤྱི་ལོ་1951.12.25ཉིན།</br>སྤྱི་ལོ་1954.1.25ཉིན།</br>སྤྱི་ལོ་1953.10.1ཉིན།</br>སྤྱི་ལོ་1953.2.19ཉིན།</br>སྤྱི་ལོ་1950.5.6ཉིན།"</br>"མི་དམངས་སྲིད་གཞུང་ཡོད་ས།</br>གྲོང་ཁྱེར་ལྷ་ས།</br>དར་རྩེ་མདོ།</br>འབར་ཁམས།</br>རྒྱལ་ཐང་།</br>ཧའོ་མོན་ཀྲེན།</br>ཆབ་ཆ་ཀྲེན།</br>རོང་པོ་རྒྱ་མཁར་ཀྲེན།</br>རྨ་ཆེན་རྫོང་རྟའུ་ཀྲེན།</br>སྐྱེ་དགུ་མདོ་ཀྲེན།</br>ཏེ་ལིན་ཁ་ཀྲེན།</br>ཞ་ཧོའི་ཤན་གཙོས་ཀྲེན།</br>ཆབ་བ།</br>དཔལ་བཟང་དགོན།"</br>1. མཐུན་རྐྱེན་སྒྲུབ་པ་ཚོགས་བསག་པ།</br>2. འགལ་རྐྱེན་སེལ་བ་སྲུང་འཁོར་བསྒོམ་པ།།</br>3. སྔགས་གཉིས་བརྗོད་ནས་འཆི་བ་ཆོས་སྐུའི་ལམ་འཁྱེར་བསྒོམ་པ།</br>4. རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་ནས་བར་དོ་ལོངས་སྐུ་ལམ་འཁྱེར་བསྒོམ་པ།</br>5. འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་ནས་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་བསྒོམ་པ།</br>6. སྐྱེད་མཆེད་མ་གོ་ཆའི་ལྷ་སྔགས་གང་རུང་དགོད་པ།</br>7. ཡེ་ཤེས་པ་བསྟིམ་པ།</br>8. དབང་བསྐུར་རྒྱས་གདབ་བྱེད་པ།</br>9. མཆོད་བསྟོད་བདུད་རྩི་མྱུང་བ།</br>10. དག་པ་དྲན་པ།</br>11. ཕྲ་ཐིག་བསྒྲོན་པ།</br>12. བཟླས་པ་བྱེད་པ།</br>13. གཏོར་མ་འབུལ་བ་བཅས་སོ། །བཟླས་པ་བྱེད་པ། 13. གཏོར་མ་འབུལ་བ་བཅས་སོ། །)
  • Dictionaries/chos rnam kun btus/10187  + ("ཧོར་གྱི་ཐ་སྙད། འཕགས་ཡུལ་གྱི་ཐ་སྙད། ཁྱིམ་ཟ"ཧོར་གྱི་ཐ་སྙད།</br>འཕགས་ཡུལ་གྱི་ཐ་སྙད།</br>ཁྱིམ་ཟླའི་མིང་།"</br>"ཧོར་ཟླ་བདུན་པ།</br>གྲོ་བཞིན་ཟླ།</br>སེང་གེའི་ཁྱིམ།"</br>"ཧོར་ཟླ་བརྒྱད་པ།</br>ཁྲུམས་སྟོད་ཟླ།</br>བུ་མོའི་ཁྱིམ།"</br>"ཧོར་ཟླ་དགུ་པ།</br>དབྱུག་ཟླ།</br>སྲུང་ཁྱིམ།"</br>"ཧོར་ཟླ་བཅུ་པ།</br>སྨིན་དྲུག་ཟླ།</br>སྡིག་ཁྱིམ།"</br>"ཧོར་ཟླ་བཅུ་གཅིག་པ་།</br>མགོ་ཟླ།</br>གཞུ་ཁྱིམ།"</br>"ཧོར་ཟླ་བཅུ་གཉིས་པ།</br>རྒྱལ་ཟླ།</br>ཆུ་སྲིན་ཁྱིམ།"</br>ཟླ་བ་བཅུ་གཉིས་ནི་འབྱུང་རྩིས་ཟླ་བའི་འོད་ཟེར་ལས། དཔྱིད་ཟླ་ར་བ་བཅུ་གཅིག་སྟག ། བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི། ། ཟླ་བ་དང་པོ་དཔྱིད་ཐ་འབྲུག ། དེ་བཞིན་དབྱར་ར་ག་ཉིས་པ་སྦྲུལ། ། དབྱར་འབྲིང་གསུམ་པ་རྟའི་ཟླ་བ། ། བཞི་པ་དབྱར་ཟླ་ཐ་ཆུང་ལུག ། ལྔ་པ་སྟོན་ཟླ་ར་བ་སྤྲེལ། ། དྲུག་པ་སྟོན་འབྲིང་བྱའི་ཟླ་བ། ། བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། ། བརྒྱུད་པ་དགུན་ཟླ་ར་བ་ཕག ། དགུན་འབྲིང་དགུ་པ་བྱི་བའོ། ། བཅུ་པ་དགུན་ཐ་གླང་དུ་འདོད། ། ཅེས་འབྱུང་བ་དང་། བེ་དཀར་ཡང་འདི་དང་མཐུན་ནོ། ། བོད་དུ་དར་བའི་ནག་རྩིས་ཕལ་ཆེར་སྟག་ཟླ་དཔྱིད་ཟླ་ར་བར་བྱེད་པ་གཅིག་མཐུན་ཡིན་ཡང་། དེ་ཟླ་བ་གང་ལ་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བ་དུ་མ་འབྱུང་བ་གཙོ་བོ་ཁག་གསུམ་དུ་འདུ། སྟག་ཟླ་དེ་བཅུ་གཅིག་པ་མགོ་ཟླ་བར་བྱེད་པ་ནི་གོང་གསལ་སྡེ་སྲིད་སངས་རྒྱུས་རྒྱུ་མཚོ་དང་ལོ་ཆེན་དྷརྨ་ཤྲཱི་རྗེས་འབྲང་དང་བཅས་པ་འདོད།</br>བེ་དཀར་དང་འབྱུང་རྩིས་ཟླ་ཟེར་ལུགས་ཀྱི་ཟླ་བ་བཅུ་གཉིས།</br>"དུས་བཞི།</br>ཟླ་གྲངས།</br>ཟླ་བའི་མིང་།</br>ཉ་སྐར།"</br>"དཔྱིད་ཟླ་གསུམ།</br>11 12 1</br>སྟག ཡོས། འབྲུག</br>མགོ རྒྱལ། མཆུ།"</br>"དབྱར་ཟླ་གསུམ།</br>2 3 4</br>སྦྲུལ། རྟ། ལུག</br>དབོ། ནག་པ། ས་ག"</br>"སྟོན་ཟླ་གསུམ།</br>5 6 7</br>སྤྲེལ། བྱ། ཁྱི།</br>སྣོན། ཆུ་སྟོད། གྲོ་བཞིན།"</br>"དགུན་ཟླ་གསུམ།</br>8 9 10</br>ཕག བྱི་བ། གླང་།</br>ཁྲུམས་སྟོད། དབྱུ་གུ། སྨིན་དྲུག"</br>རྩིས་ཀྱི་བསྟན་བཅོས་བི་དཀར་དང་འབྱུང་རྩིས་ཟླ་བའི་འོད་ཟེར་གྱི་ལུགས་ཡིན། སྟག་ཟླ་དེ་བཅུ་གཉིས་པ་རྒྱལ་ཟླ་བར་བྱེད་པ་ནི་འབྲི་གུང་ཆོས་ཀྱི་གྲགས་པ་དང་། མཁས་མཆོག་ཀརྨ་ཆགས་མེད། དགེ་རྩེ་འགྱུར་མེད་བསྟན་པ་རྒྱ་མཚོ་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ཀྱི་ལུགས་ཡིན། སྟག་ཟླ་དེ་ཟླ་བ་དང་པོ་མཆུ་ཟླར་བྱེད་པ་ནི་ཀརྨ་ངེས་ལེགས་བསྟན་འཛིན་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཉེར་མཁོ་བུམ་བཟང་སོགས་ཀྱི་ལུགས་སོ། ། ཟླ་བ་དེ་དག་གི་ཁམས་བརྩི་སྟངས་ནི། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པ་ལྟར་སྦྲགས་མར་བརྩི་དགོས། དེ་ཡང་ནག་རྩིས་ཉེར་མཁོ་བུམ་བཟང་ལས། དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ། ། དཔྱིད་ཐ་དབྱར་ར་གནམ་ལོའི་མ། ། སྟོན་ཐ་དགུན་ར་གནམ་ལོ་རང་། ། དགུན་འབྲིང་དགུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །གུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །)
  • Dictionaries/Brda dkrol gser gyi me long/3920  + ((1) གཅེས་པའི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། མཉེས་གཤིན་གཅེས་པ་ཡིད་འཐད་དང་།། སྙིང་དུ་སྡུག་པ་ཡིད་འོང་མིང་།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/4817  + ((1) གཉིད་ཁམས་སངས་ཆེད་ཕར་ཚུར་འཆམ་འཆམ་འགྲོ་སའི་མིང་སྟེ། 《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། འཆག་ས་ནི་གཉིད་དང་ཁམས་སངས་པ་སོགས་ཀྱི་ཆེད་དུ་ས་བདེ་ཞིང་ཁོད་སྙོམས་པ་སྲོག་ཆགས་དང་འདམ་རྫབ་སོགས་མེད་པ་ལ་བྱའོ།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/751  + ((1) གདོང་བསྟན་པའི་དོན་ཏེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། གཡར་སྔ་བྲིམ་པ་བགྱི་ནི་གདོང་སྟོན་པ་བགྱི། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དེར་བདག་ཅག་གཉིས་རང་ཉིད་མཆིས་ནས་གཡར་སྔ་བྲིམ་པར་བགྱིའོ་ཟེར་ནས་དེ་ལྟ་བྱས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6828  + ((1) གསེར་ལ་དམར་སེར་གཉིས་དང་སེར་པོ་ལ་མཆོག་དམན་གཉིས་ཡོད་པའི་མཆོག་གི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ས་ལེ་སྦྲམ་ནི་གསེར་ལ་དམར་པོ་དང་སེར་པོ་གཉིས་ཡོད་པའི་སེར་པོ་ལ་མཆོག་དམན་གཉིས་ཀྱི་མཆོག་ལ་ས་ལེ་སྦྲམ་ཞེས་བཤད་དོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/1181  + ((1) ཅིའང་ཤེས་པའམ་འཇིགས་པ་མེད་པའི་དོན་ཏེ།《མ(1) ཅིའང་ཤེས་པའམ་འཇིགས་པ་མེད་པའི་དོན་ཏེ།《མདོ་དོན་ལྟ་བའི་མིག་འབྱེད》ལས། ཅང་ཤེས་པ་ཞེས་བྱ་བ་ནི་འཇིགས་པ་མེད་པ་སྟེ། འདི་ལྟར་ཐོག་འབབ་པ་སོགས་ཀྱི་གནོད་པའི་དོགས་པ་མེད་པས་ཁྱུ་མཆོག་ཅང་ཤེས་དང་། འཐབ་མོའི་འཇིགས་པ་མེད་པས་རྟ་ཅང་ཤེས་དང་གླང་པོ་ཅང་ཤེས་སོ།། ཕ་རོལ་གྱི་གནོད་པའི་འཇིགས་པ་མེད་པས་སང་གེ་ཅང་ཤེས་སོ།། འཆི་བའི་འཇིགས་པ་མེད་པས་དགྲ་བཅོམ་པ་ཅང་ཤེས་ཏེ་ཅང་ཤེས་རྣམ་པ་ལྔའོ།། ཞེས་གསུངས། གཞན་ཡང་། སྤྲེའུ་ཅང་ཤེས་དང་། དོམ་ཅང་ཤེས་སོགས་ཀྱང་ཡོད་པར་བཤད་པ་ཡོད་དེ། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། གླང་པོ་ཅང་ཤེས་དང་། སྤྲེའུ་ཅང་ཤེས་དང་། དོམ་ཅང་ཤེས་དག་ཡོད་ནས་དེ་དག་གིས་དགེ་སློང་རྣམས་ལ་ཤིང་ཏོག་དག་འབུལ་བ། ཞེས་བྱུང་བ་ལྟ་བུའོ།།་ལ་ཤིང་ཏོག་དག་འབུལ་བ། ཞེས་བྱུང་བ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/329  + ((1) ཐེ་ཚོམ་མེད་པར་མཐའ་གཅིག་ཏུ་ཞེས་པའི་དོན་ཏེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། གཅུ་གལ་ནི་རྩེ་གཉིས་མིན་པར་མཐའ་གཅིག་ཏུ་ཞེས་པའི་དོན་ནོ།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/1852  + ((1) ཐོག་མའི་མིང་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། དང་ལ་ནི་ཐོག་མའོ།། ཞེས་གསུངས་པ་དང་། 《དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ》ལས། འོ་སྐོལ་ཡང་བདག་མེད་གཉིས་ཀྱི་ལྟ་སྒོམ་ཡང་གལ་ཆེ་སྟེ། དང་ལ་ཕྱི་མ་ངན་སོང་དུ་མི་འགྲོའམ་གཟབ་ཅིག ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6887  + ((1) དོ་ཤལ་ཕྱེད་པའི་མིང་སྟེ། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། སེན་མོ་དོ་དང་མཆོད་ཕྱིར་ཐོགས། ། རིན་པོ་ཆེ་དང་རུས་པ་ལས། ། བྱས་པའི་ཁྱད་པར་མ་གཏོགས་པ། ། གཉིས་ཀ་དོ་ཤལ་ཕྱེད་པ་སྟེ། ། སེ་རལ་ཁ་ཡང་དེ་ཉིད་དོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/2299  + ((1) ནང་གི་ལས་བྱེད་པའི་གཡོག་དང་འབངས་ཀྱི་མིང(1) ནང་གི་ལས་བྱེད་པའི་གཡོག་དང་འབངས་ཀྱི་མིང་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ནང་བྱན་ནི་ནང་གི་ལས་བྱེད་པའི་གཡོག་དང་འབངས། ཞེས་གསུངས། དཔེར་ན། 《མཁས་པའི་དགའ་སྟོན》ལས། གཤེགས་པའི་ཚེ་འཁོར་མ་དག་པ་ཁ་ཅིག་གིས་ནང་བྱན་བྱས་ཏེ་གྲོང་པ་གཉིས་ཀྱིས་ཡུལ་ལོག་བྱས། ཞེས་པ་ལྟ་བུའོ།།ང་པ་གཉིས་ཀྱིས་ཡུལ་ལོག་བྱས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/403  + ((1) ཕེབས་པར་སྨྲ་བའི་དོན་ཏེ།《ལི་ཤིའི་གུར་ཁང》ལས། གཏམ་འདྲེས་པ་ནི་ཕེབས་པར་སྨྲ་བ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དགེ་ཚུལ་བྲན་ཅན་དང་སྐྱོང་བ་གཉིས་ཕན་ཚུན་གཏམ་འདྲེས་པ་དང་། སྨོན་འདྲིན་འགྲོགས་ཤེས་ཡིན་པ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5913  + ((1) ཕོ་བྲང་སོགས་ཀྱི་སྒོ་ཆེན་ཕྱི་རོལ་ཏུ་ཡོད(1) ཕོ་བྲང་སོགས་ཀྱི་སྒོ་ཆེན་ཕྱི་རོལ་ཏུ་ཡོད་པའི་ཁང་རྩེག་དབྱིབས་ཅན་གྱི་ཕྱི་སྒོའི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། རྟ་བབས་ཞེས་པ་ཕྱི་སྒོའི་མིང་།། ཞེས་གསུངས་པ་དང་། ཕྱི་སྒོ་ཞེས་པ་ནི།《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི》ལས། རྟ་བབས་ནི་རྩ་བའི་སྒོ་ལས་ཕྱི་རོལ་གྱི་རྩིག་པ་མ་གཏོགས་པར་ཤིང་རུ་བཞི་ལྟ་བུ་གཉིས་བསྒྲེངས་པ་ལ་ཤིང་གཅིག་གིས་སྟེང་ནས་བཀབ་པ་ཡ་ཐེམ་ལྟ་བུ། སྒོའི་རྣམ་པ་ལྟ་བུ་སྟེ་འདིའི་མིང་གཞན་ནི་སྒོ་དང་པོ་དང་ཡང་ན་ཕྱི་སྒོའི་མིང་ཞེས་གསུངས་སོ།།དང་པོ་དང་ཡང་ན་ཕྱི་སྒོའི་མིང་ཞེས་གསུངས་སོ།།)
  • Dictionaries/Brda dkrol gser gyi me long/6269  + ((1) ཕྱིང་བའི་སྟན་གྱི་མིང་སྟེ། 《འདུལ་བ་ལུང་རྣམ་འབྱེད》ལས། སྟན་ཞེས་བྱ་བ་ནི་གཉིས་ཏེ། ནང་ཚངས་ཅན་དང་། རླིངས་པ་གཉིས་སོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/3138  + ((1) བསལ་བའི་མིང་སྟེ། 《བོད་ཀྱི་བརྡ་སྐད་མིང་(1) བསལ་བའི་མིང་སྟེ། 《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། བརྩལ་དང་བསྩལ་གཉིས་བསལ་བའི་མིང་དུ་གྲགས། ཞེས་གསུངས། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། བརྩལ་བས་ཤིན་ཏུ་ཞི་བརྟགས་ནས། ། ཡོངས་སུ་སྦྱངས་ནས་སྣང་བར་འགྱུར། ། ཞེས་པ་ལྟ་བུའོ། །་སྦྱངས་ནས་སྣང་བར་འགྱུར། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7282  + ((1) བློན་པོའི་མིང་སྟེ། 《མངོན་བརྗོད་མཁས་པའི(1) བློན་པོའི་མིང་སྟེ། 《མངོན་བརྗོད་མཁས་པའི་མགུལ་རྒྱན》ལས། མདུན་ན་འདོན་དང་སྣ་ཆེན་པོ།། གཞུང་ལུགས་འཛིན་སོགས་བློན་པོའོ།། ཞེས་གསུངས། དཔེར་ན།《འདུལ་བ་གཞི་གླེགས་བམ་དང་པོ》ལས། དེ་གཉིས་ཀུན་དགའ་ར་བའི་རིན་བཅད་དོ། མ་བཅད་དོ་ཞེས་རྩོད་པར་གྱུར་ནས་ཞལ་ཆེ་གཅོད་པའི་སྣ་ཆེན་པོ་ལ་གཏོགས་པའི་མི་གང་ན་བ་དེར་དོང་བ་དང་། ཞེས་པ་ལྟ་བུའོ།།ི་མི་གང་ན་བ་དེར་དོང་བ་དང་། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2932  + ((1) མ་བསམ་པར་སྨྲས་པའི་དོན་ཏེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། བབ་བབ་དང་ནི་བབ་ཅོལ་གཉིས། མ་བསམ་འཕྲལ་ལ་སྨྲས་པའི་དོན། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/7217  + ((1) མཐུག་པོའི་མིང་སྟེ།《འདུལ་བ་གཞུང་དམ་པ》ལས། མལ་སྟན་ལ་བདེ་བའི་ཕྱིར་རོ།། སྟུག་ན་རིམ་པ་གཅིག་བྱ། སྲབ་ན་ནི་རིམ་པ་གཉིས་སུ་བྱའོ།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/1275  + ((1) ཚེམ་གྲིའི་མིང་སྟེ།《དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ》ལས། ཆན་པ་ནི་སྣམ་རས་སོགས་དྲས་པའི་གྲི་གཉིས་འབྲེལ་བ་ལྟ་བུའི་ར་ལུག་གི་སྤུ་བྲེག་བྱེད་དེའོ།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/1499  + ((1) འདི་ལ་བཞེད་པ་གཉིས་སྣང་སྟེ།ཉུང་མ་བཙོས་པ་ལ་བཞེད་པ་ནི། 《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། ཉུང་མ་ཕོ་ཤ་ཞེས་པ་ནི་ཉུང་མ་བཙོས་པ། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/7865  + ((1) འདི་ལ་བཞེད་པ་གཉིས་སྣང་སྟེ།ཧྭགས་ཞེས་པ་ཀ(1) འདི་ལ་བཞེད་པ་གཉིས་སྣང་སྟེ།ཧྭགས་ཞེས་པ་ཀ་རའི་བྱེ་བྲག་བུ་རམ་གྱི་དྭངས་མའམ་ཤ་ཁ་རའི་མིང་ཡིན་པར་བཞེད་པ་ནི།《བཅུད་ལེན་རྒུད་པ་རབ་སེལ》ལས།ཧྭགས་དང་། གལ་ལ་ཟེར་བ་རྣམས་ནི་ཀ་རའི་བྱེ་བྲག་གི་མིང་སྟེ་བརྡ་རྙིང་པའོ།། ཞེས་དང་།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས།ཧྭགས་ནི་བུ་རམ་གྱི་དྭངས་མའམ་ཤ་ཁ་ར། ཡང་ན་བུ་རམ་གྱི་ཝུ་བ་རྡོག་པོར་མ་བྱས་པའོ།། ཞེས་གསུངས་པ་ལྟར་རོ།།ྡོག་པོར་མ་བྱས་པའོ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/7168  + ((1) འདི་ལ་བཞེད་པ་མི་མཐུན་པ་གཉིས་སྣང་སྟེ། སྙིང་སྲ་བའམ་མཁྲེགས་པའི་དོན་ཡིན་པར་བཞེད་པ་ནི། 《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། སྙིང་རག་མ་ཞེས་པ་ནི་བསམ་བློ་གཏོང་རྒྱུ་མེད་པས་སྙིང་སྲ་བའམ་མཁྲེགས་པའི་དོན། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/1581  + ((1) འདི་ལ་བཞེད་པ་མི་མཐུན་པ་གཉིས་སྣང་སྟེ།མཐའ་ཆད་པའི་གད་ཁའམ་གཡང་ཁའི་དོན་ཡིན་པར་བཞེད་པ་ནི།《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ཐ་ཆད་ནི་མཐའ་ཆད་པའི་གད་ཁའམ་གཡང་ཁ། ཞེས་བྱུང་ཞིང་།)
  • Dictionaries/Brda dkrol gser gyi me long/7190  + ((1) འདི་ལ་བཞེད་པ་མི་མཐུན་པ་གཉིས་སྣང་སྟེ། སྡུག་བསྔལ་གྱི་མིང་ཡིན་པར་བཞེད་པ་ནི།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། སྙོན་མོངས་ཞེས་པ་སྡུག་བསྔལ་མིང་། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/4443  + ((1) འདི་ལ་བཞེད་པ་མི་འདྲ་བ་གཉིས་སྣང་སྟེ། ཚ(1) འདི་ལ་བཞེད་པ་མི་འདྲ་བ་གཉིས་སྣང་སྟེ། ཚོན་མོ་སྟེང་དུ་ཞ་ཉེའམ་ཞ་ཉེ་ནག་པོའི་མིང་གི་རྣམ་གྲངས་སུ་བཞེད་པ་ནི། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ཚོན་མོའི་སྟེང་ནི་ཞ་ཉེའི་མིང་། ཞེས་དང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཚོན་མོ་སྟེང་ངམ་ཚོན་མོ་ནི་ཞ་ཉེ་ནག་པོ། ཞེས་གསུངས་སོ། །་ངམ་ཚོན་མོ་ནི་ཞ་ཉེ་ནག་པོ། ཞེས་གསུངས་སོ། །)