Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "1. དུང་སེང་། 2. གཡུ་འབྲུག 3. མཚལ་བྱ་ 4. རུས་སྦལ་ཁྲ་བོ། 5. གསེར་སྦྲུལ་ལྔའོ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Brda dkrol gser gyi me long/6829  + ((2)གསེར་རྡོག་པོ་ཆེའི་མིང་སྟེ། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། ས་ལེ་སྦྲམ་ནི་ས་ལས་ཐོན་པའི་གསེར་རྡོག་ནོ་ཆེ་ཙམ་པ་ལ་བཤད་པར་སྣང་། ཞེས་གསུངས་པ་ལྟར་རོ ། །)
  • Dictionaries/Brda dkrol gser gyi me long/1172  + ((2)ཐམས་ཅད་ཀྱི་དོན་ལ་འཇུག་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ཡོ་དང་ཅག་གེ་ཐམས་ཅད་མིང་། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/5552  + ((2)ཐམས་ཅད་ཅེས་པའི་དོན་ཏེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ཡོ་ག་ཅག་གེ་ཐམས་ཅད་མིང་། ཞེས་གསུངས། དཔེར་ན། 《ཇོ་བོ་རྗེའི་རྣམ་ཐར》ལས། ཇོ་བོ་ཡོ་གའི་འཁོར་བསྡུས་པ་དང་པོ་ལོ་ཆུང་ལེགས་པའི་ཤེས་རབ་ཡིན་གསུང་། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3870  + ((2)དབྱིག་དང་གསེར་དངུལ་གྱི་མིང་སྟེ།《གནམ་རྩེ་ལྡེང་མའི་བརྡ་དོན》ལས། མའི་རྣམ་འབྱེད་ལས། མངོན་མཚན་ཞེས་བྱ་བ་ནི་དབྱིག་གམ་གསེར་རོ།། ཞེས་མངོན་མཚན་ནི་དབྱིག་དང་གསེར་དངུལ་ལ་བཤད་པ། ཞེས་གསུངས་སོ།།)
  • Dictionaries/Brda dkrol gser gyi me long/6452  + ((2)དམན་པའམ་རྩིས་ཆུང་བའི་མིང་སྟེ། 《དག་ཡིག་(2)དམན་པའམ་རྩིས་ཆུང་བའི་མིང་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། ལོད་པ་ཞེས་པ་ཞན་པ་དང་། ། ལོད་པ་དམན་པ་རྩིས་ཆུང་བ། ། ཞེས་གསུངས། དཔེར་ན། 《འབྲུག་པ་ཀུན་ལེགས་ཀྱི་རང་རྣམ》ལས། དགོན་པ་འདི་འདྲ་ཡང་། དང་པོ་འདེབས་ཙ་ན་ཆོས་ཚུགས་ཀྱིས་བཏབ། བར་དུ་གྲོས་ཚུགས་ཀྱིས་བསྐྱངས། ཐ་མར་སྡིག་ཚུགས་ཀྱིས་བཟུང་བའི་མིང་དགོན་པར་བཏགས་པའི། དོན་འཇིག་རྟེན་པ་ལས་ལོད་པ་འདིས་ཅི་བཏུབ། ཅེས་པ་ལྟ་བུའོ། །པ་ལས་ལོད་པ་འདིས་ཅི་བཏུབ། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2315  + ((2)ཕུལ་ཕྱིན་ནམ། ཤིན་ཏུ་བཟང་ཞེས་པའི་དོན་ལ་འ(2)ཕུལ་ཕྱིན་ནམ། ཤིན་ཏུ་བཟང་ཞེས་པའི་དོན་ལ་འཇུག་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ཏེ་པོར་ཕུལ་ཕྱིན་ནན་ཏར་རྣམས།། ཤིན་ཏུ་ཞེས་པའི་མིང་ཡིན་ནོ།། ཞེས་གསུངས་པ་ལྟར་དང་། 《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། ནན་ཏར་ཤིན་ཏུ་བཟང་། ཞེས་གསུངས། དཔེར་ན། 《དཔེ་ཆོས་རིན་ཆེན་སྤུངས་པའི་འབུལ་འགྲེལ》ལས། ནུབ་མོ་ཤ་བས་ཞིང་རྣམས་ཟོས་པས་ཤ་བ་གཅིག་ནན་ཏར་འགྲངས་ནས་འགྲོ་མ་ཤེས་པར་ཉལ་ནས་འདུག་པ་ལ། ཞེས་པ་ལྟ་བུའོ།།ོ་མ་ཤེས་པར་ཉལ་ནས་འདུག་པ་ལ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7218  + ((2)བར་མེད་ཚགས་དམ་གྱི་མིང་སྟེ།《མངོན་བརྗོད་ལ(2)བར་མེད་ཚགས་དམ་གྱི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། སྟུག་པོ་བར་མེད་ཚགས་དམ་མིང་།། ཞེས་གསུངས། དཔེར་ན། 《ས་སྐྱ་བཀའ་འབུམ》ལས། ཆར་སྤྲིན་སྟུག་པོ་འཁྲིགས་པའི་ཁྲོ་གཉེར་གདོང་།། གློག་ཕྲེང་གསེར་འོད་འཁྱུག་པའི་འབྲུག་སྒྲ་ཅན།། རྣམ་རྒྱལ་གྲགས་པ་བཟང་པོའི་རྣམ་ཐར་ལས།། ཞེས་པ་ལྟ་བུའོ།།ྲགས་པ་བཟང་པོའི་རྣམ་ཐར་ལས།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5859  + ((2)བྱ་དགའི་མིང་སྟེ།《དག་ཡིག་ཤེས་བྱ་རབ་གསལ》ལས། རྔན་པ་ནི་བྱ་དགའ། ཞེས་གསུངས། དཔེར་ན། དེར་ནི་གསེར་ནི་མང་པོ་དག རྔན་པ་རབ་ཏུ་སྟེར་བྱེད་ཅིང་།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3629  + ((2)མཁོ་ཆེ་བའི་དོན་ལ་འཇུག་སྟེ། 《བརྡ་ཡིག་བླ(2)མཁོ་ཆེ་བའི་དོན་ལ་འཇུག་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། བྲིན་པ་ནི་ཉོ་འཚོང་སྐྱེན་པ་དང་མཁོ་བ་སྟེ། ཞེས་གསུངས། དཔེར་ན། 《ས་སྐྱ་ལེགས་བཤད》ལས། ཡོན་ཏན་ཅན་དང་གསེར་བཟང་པོ། ། གཡུལ་ངོར་དཔའ་དང་རྟ་བཟང་པོ། ། སྨན་པ་མཁས་དང་རྒྱན་བཟང་པོ། ། གང་དུ་ཕྱིན་པ་དེ་རུ་བྲིན། ། ཞེས་པ་ལྟ་བུའོ། །་དུ་ཕྱིན་པ་དེ་རུ་བྲིན། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1410  + ((2)མོ་སྐུད་དང་མོ་ཡིག་ལ་འཇུག་སྟེ།《འབྲུག་པ་ཀུན་ལེགས་ཀྱི་རང་རྣམ》ལས། མོ་སྟོན་ཚད་ལྡན་ཞིག་བྱེད་ན་ལྷ་དང་ཇུ་ཐིག་བསྟུན་ཅིག ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4444  + ((2)ཚོན་མོ་སྟེང་དང་གཤའ་ཚེའམ་གཤའ་དཀར་མིང་གི་(2)ཚོན་མོ་སྟེང་དང་གཤའ་ཚེའམ་གཤའ་དཀར་མིང་གི་རྣམ་གྲངས་སུ་བཞེད་པ་ནི། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ཚོན་མོ་སྟེང་དང་གཤའ་དཀར་དང་། ། གཤའ་ཚེ་རྣམས་ནི་གཤའ་ཡི་མིང་། ། ཞེས་གསུངས་སོ། ། 《འདུལ་བའི་གླེང་འབུམ》ལས། བུ་གུའི་ལྷན་པ་བུ་རམ་དང་། རྒྱགས་སྐྱེགས་ཀྱི་ཚིགས་མ་དང་། སྤྲ་ཚིལ་དང་། རོ་ཉེ་དང་། ཚོན་མོ་སྟེང་དེ་དག་མི་བཟང་བས་སྦངས་ཏེ། ལྷན་པ་སྲ་བ་ལྔས་གླན་པར་བྱའོ། ། ཞེས་བྱུང་པར་བལྟས་ན། རོ་ཉེ་ནི་ཞ་ཉེའི་མིང་གི་རྣམ་གྲངས་ཡིན་ཞིང་། འདིར་རོ་ཉེ་དང་ཚོན་མོ་སྟེང་གཉིས་ཀ་བྱུང་བས་གཅིག་མིན་པར་སྣང་བས། བཞེད་པ་གཉིས་པ་དེ་འཐད་དམ་སྙམ་མོ། །སྣང་བས། བཞེད་པ་གཉིས་པ་དེ་འཐད་དམ་སྙམ་མོ། །)
  • Dictionaries/Brda dkrol gser gyi me long/5723  + ((2)རུས་རྒྱུད་ལའང་འཇུག་སྟེ། 《མངོན་བརྗོད་ལེ(2)རུས་རྒྱུད་ལའང་འཇུག་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། གདུང་རུས་རུས་བུ་རུས་པའི་མིང་། ། ཞེས་གསུངས། དཔེར་ན། 《མཛངས་བླུན་ཞེས་བྱ་བའི་མདོ》ལས། ཁང་པར་ཞུགས་ཏེ་བལྟས་ན། དགེ་ཚུལ་གྱི་རུས་རྒྱུད་བུ་ཙན་དན་དམར་པོ་ལྟར་ཁྲག་གིས་བསྒོས་པ་མཐོང་ནས། ཞེས་པ་ལྟ་བུའོ། །ཁྲག་གིས་བསྒོས་པ་མཐོང་ནས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4877  + ((2)སེར་སྣའི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། འཆུམ་དང་འཇུངས་པ་སེར་སྣའི་མིང་། ། ཞེས་གསུངས། དཔེར་ན། 《མཛངས་བླུན་ཞེས་བྱ་བའི་མདོ》ལས། གང་གླེན་ཞིང་གཏི་མུག་ཅན་རང་བཞིན་གྱིས་འཇུངས་ཤིང་སེར་སྣ་བྱེད་ལ། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/1490  + ((2)སོར་མོའི་མིང་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ཡན་ལག་ལུས་ལས་གྱེས་ན་སྟེ།། ཉིང་ལག་དེ་ལས་གྱེས་པའི་མིང་།། ཞེས་དང་། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། ཉིང་ལག་ཅེས་པ་སོར་མོའི་མིང་།། ཞེས་གསུངས་སོ།།)
  • Dictionaries/Brda dkrol gser gyi me long/3167  + ((2)སྐྱེས་པའམ་འཁྲུངས་པའི་དོན་ཏེ།《མངོན་བརྗོད(2)སྐྱེས་པའམ་འཁྲུངས་པའི་དོན་ཏེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། བལྟམས་པ་འཁྲུངས་པ་བཙའ་བ་སྐྱེ།། ཕྲུ་གུ་སྐྱེ་བའི་མིང་ཡིན་ནོ།། ཞེས་གསུངས། དཔེར་ན། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས། རིགས་དང་། ཡུལ་དང་། དུས་དང་། བརྒྱུད་དང་། བུད་མེད་དེ་གཟིགས་པ་ལྔ་ལ་གཟིགས་ནས། ཟས་གཙང་གི་སྲས་སུ་བལྟམས་པར་མཛད་པ། ཞེས་པ་ལྟ་བུའོ།།་གི་སྲས་སུ་བལྟམས་པར་མཛད་པ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2318  + ((2)སྡིགས་ཚིག་གི་མིང་སྟེ།《མངོན་བརྗོད་ལེགས་བ(2)སྡིགས་ཚིག་གི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ནན་ཏུར་དང་ནི་ཚར་གཅོད་ཚིག། བརྒྱད་བཀག་འབར་ཤ་སྡིགས་ཚིག་མིང་།། ཞེས་གསུངས། དཔེར་ན།《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི 》ལས། དགེ་ཚུལ་ཞིག་ལ་དེས་ནན་ཏུར་བྱས་པ་དང་། དེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ཁྲེ་ངུ་ཞིང་འདུག་གོ། ཞེས་པ་ལྟ་བུའོ།།ྱི་སྒོ་ཁྲེ་ངུ་ཞིང་འདུག་གོ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7750  + ((2)སྡོམ་འབུ་དང་འདྲ་ཞིང་དེས་མི་ལ་སོ་བཏབ་ན་མ(2)སྡོམ་འབུ་དང་འདྲ་ཞིང་དེས་མི་ལ་སོ་བཏབ་ན་མི་རིང་བར་སྨྱོས་ནས་འཆི་བ་ཞིག་ཡོད་པ་དེའི་མིང་ཡིན་པར་གསུངས་པའི་བཞེད་པ་གཉིས་སྣང་སྟེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། སྲིན་གྱི་མེ་ནི། དམར་མཆན་དུ་སྡོམ་ཡིན་གསུངས། ཡང་དམ་པ་འགའ་ཞེག་རྡོ་ཐོན་སོགས་ཀྱི་ས་ཆ་ན་ཡོད་པའི་འབུ་སྲིན་སྡོམ་འདྲ་བ་མི་ལ་སོ་བཏབ་ན་མི་རིང་བར་སྨྱོས་ནས་འཆི་བ་ཞིག་ཡོད་པས་དེ་ལ་ཟེར་བ་ཡིན་གསུང་ངོ་། ། ཞེས་དང་། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྲིན་གྱི་མེ་ཞེས་པ་ནི་འབུ་སྲིན་གྱི་ཚོགས་སམ་སྡོམ་དང་འདྲ་བའི་འབུ་ཡི་མིང་། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། སེང་གེ་དང་སྟག་ལ་སོགས་པ་དང་སྦྲུལ་གདུག་དང་སྡིག་པ་དང་སྲིན་གྱི་མེ་མང་བ་དང་། ཞེས་པ་ལྟ་བུའོ། །དང་སྲིན་གྱི་མེ་མང་བ་དང་། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3026  + ((2)སྦགས་པའི་མིང་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། བཟླུམས་པ་ཞེས་པ་སྦགས་པའི་དོན། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/7680  + ((2)སྨེ་བའི་མིང་སྟེ། 《ཏུན་ཧོང་གཏེར་ཡིག་བོད་ཀྱི་གསོ་རིག་ཡིག་ཆ》ལས། མྱི་ངོ་ལ་སྨྱེ་བ་བྱུང་བ་ལ། གསེར་རྣོན་པོས་བཅད་དེ་རྐང་དང་མཚལ་གྱིས་བསྐུས་ན་རྩི། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7237  + ((3)ཁ་སྐོངས་ཆེ་བའི་དོན་ལ་འཇུག་སྟེ།《དེབ་ཐེར་(3)ཁ་སྐོངས་ཆེ་བའི་དོན་ལ་འཇུག་སྟེ།《དེབ་ཐེར་རྫོགས་ལྡན་གསར་པའི་ཉི་མ》ལས། སྟོང་ཞེས་ཁ་སྐོངས་ཤིན་ཏུ་ཆེ་བ་ལ་ཆ་བཞག་སྔོན་གྱི་གཏམ་རྒྱུད་རྙིང་པ་རྣམས་སུ། སྟོད་ཡ་རྩེ་རྒྱལ་པོ་ཧོར་གྱིས་བསད།། རོ་དང་གསེར་གཉིས་གཉིས་བརྗེས་བྱས།། སྨད་གེ་སར་རྒྱལ་པོ་ལྡན་མས་བསད།། ད་དུང་སྟོང་ལ་ཁྱེར་དུས་མེད། ཅེས་པ་ལྟ་བུའོ།།ད་དུང་སྟོང་ལ་ཁྱེར་དུས་མེད། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3314  + ((3)འཇིགས་པའི་དོན་ལ་འཇུག་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། བསྙེངས་པ་བྲེད་པའི་མིང་། ཞེས་གསུངས། དཔེར་ན། 《བཤེས་སྤྲིངས》ལས། མི་བསྙེངས་ནོངས་མི་མངའ་བའི་གོ་འཕང་བརྙེས་པར་མཛོད། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/702  + ((3)ལྕུག་མ་ལས་བྱས་པའི་སྒྲོམ་ཁ་སྦྱར་གྱི་མིང་(3)ལྕུག་མ་ལས་བྱས་པའི་སྒྲོམ་ཁ་སྦྱར་གྱི་མིང་སྟེ། 《འདུལ་བའི་གླེང་འབུམ》ལས། གཟེབ་ནི་ལྕུག་མ་ལས་བྱས་པའི་སྒྲོམ་ཁ་སྦྱར་། ཞེས་གསུངས། དཔེར་ན། 《མཛངས་བླུན་ཞེས་བྱ་བའི་མདོ》ལས། མི་དེས་སྦྲུལ་དེ་གཟེབ་ཀྱི་ནང་དུ་བཅུག་ནས་ཁྱེར་ཏེ་སོང་བ་ལས་ལམ་དུ་མི་ཅིག་དང་ཕྲད་དེ། ཞེས་པ་ལྟ་བུའོ། །་ལམ་དུ་མི་ཅིག་དང་ཕྲད་དེ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7021  + ((3)སྲམ་ཡིན་པར་བཤད་པའང་ཡོད་དེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། སྐྱིན་གོར་ནི་ལས་ཆོག་རྣམ་རྒྱལ་གསེར་མདོག་ལས་སྲམ་ཡིན་པར་བཤད། ཅེས་བྱུང་ངོ་། །)
  • Dictionaries/sngas rgyas chos gzhung tshig mdzod/8  + ((ལེགས་) སངས་རྒྱས་གསེར་ཐུབ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/69  + ((ལེགས་)རིག་བྱེད་མ། ས་སྐྱ་གསེར་ཆོས་སོགས་ལས་བྱུང་བའི་དབང་གི་ལྷ་མོ་ཞིག ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/chos rnam kun btus/9920  + ("ལུགས་སོ་སོའི་མིང་། ཇོ་བོ་རྗེ་ཨ་ཏི་ཤའི་ལུག"ལུགས་སོ་སོའི་མིང་།</br>ཇོ་བོ་རྗེ་ཨ་ཏི་ཤའི་ལུགས།</br>ས་སྐྱ་པའི་ལུགས།</br>ཙན་དན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས</br>ཕུག་པའི་ལུགས</br>གཡུང་སྟོན་དང་སྟག་ལོའི་ལུགས</br>མཚུར་ཕུའི་ལུགས</br>རྩིས་ཀུན་བཏུས་པའི་རྒྱས་འགྲེལ་ལུཊ</br>བུ་སྟོན་རིན་ཆེན་གྲུབ་ཀྱི་ལུགས</br>ཊཱིཀ་ཆེན་དེ་ཉིད་སྣང་བའི་ལུཊ</br>རྗེ་རང་བྱུང་རྡོ་རྗེའི་གཏན་རྩིས་ལུཊཾ</br>གནས་བརྟེན་སྡེ་སྡེ་པའི་ལུགས"</br>"འཁྲུངས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ཤིང་གླང 2216</br>ས་འབྲུག 2213</br>ཤིང་སྟག་1027</br>ལྕགས་སྤྲེལ 961</br>ཤིང་བྱི 957</br>ཤིང་བྱི 957</br>ཤིང་གླང 956</br>མེ་རྟ 915</br>མེ་རྟ 915</br>མེ་ཡོས 774</br>མེ་སྤྲེལ 625"</br>"སངས་རྒྱུས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ས་ཕོག 2182</br>ཆུ་སྟག 2179</br>མེ་ཕག་994</br>ཤིང་རྟ 927</br>ས་ཕག 922</br>ས་ཁྱི 923</br>ས་ཕག 922</br>ལྕཊ་སྦྲུལ 880</br>ཆུ་རྟ 879"</br>"མྱ་ངན་འདས་ལོ། (སྤྱི་སྔོན་ལོ་ཚིཊ)</br>ཤིང་སྤྲེལ 2137</br>ས་བྱི 2133</br>ཆུ་བྱ 948</br>ལྕཊ་འབྲུག 881</br>ཆུ་ལུག 878</br>ཆུ་ལུག 878</br>ཤིང་སྤྲེལ 877</br>མེ་སྟག 835</br>མེ་སྟག 835</br>མེ་ཁྱི 695</br>མེ་འབྲུག 545"</br>བསྟན་བཅོས་བཅུ་གཅིག</br>1. རྣལ་འབྱོར་སྤྱོད་པའི་ས།</br>2. གསུང་རབ་རབ་ཏུ་འབྱེད་པ།</br>3. མངོན་རྟོགས་རྒྱུན།</br>4. ཚད་མ་ཀུན་ལས་བཏུས་པ།</br>5. ས་བཅུ་པའི་རྣམ་བཤད།</br>6. དམིགས་བྱའི་རྐྱེན་བརྟག་པ།</br>7. ཉི་ཤུ་པ།</br>8. དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ།</br>9. ཆོས་མངོན་པར་ཀུན་ལས་བཏུས་པ།</br>10. ཐེག་པ་ཆེན་པོ་བསྡུས་པ།</br>11. རྣལ་འབྱོར་བསྟན་པ་བཅས་སོ། །པོ་བསྡུས་པ། 11. རྣལ་འབྱོར་བསྟན་པ་བཅས་སོ། །)
  • Dictionaries/chos rnam kun btus/10187  + ("ཧོར་གྱི་ཐ་སྙད། འཕགས་ཡུལ་གྱི་ཐ་སྙད། ཁྱིམ་ཟ"ཧོར་གྱི་ཐ་སྙད།</br>འཕགས་ཡུལ་གྱི་ཐ་སྙད།</br>ཁྱིམ་ཟླའི་མིང་།"</br>"ཧོར་ཟླ་བདུན་པ།</br>གྲོ་བཞིན་ཟླ།</br>སེང་གེའི་ཁྱིམ།"</br>"ཧོར་ཟླ་བརྒྱད་པ།</br>ཁྲུམས་སྟོད་ཟླ།</br>བུ་མོའི་ཁྱིམ།"</br>"ཧོར་ཟླ་དགུ་པ།</br>དབྱུག་ཟླ།</br>སྲུང་ཁྱིམ།"</br>"ཧོར་ཟླ་བཅུ་པ།</br>སྨིན་དྲུག་ཟླ།</br>སྡིག་ཁྱིམ།"</br>"ཧོར་ཟླ་བཅུ་གཅིག་པ་།</br>མགོ་ཟླ།</br>གཞུ་ཁྱིམ།"</br>"ཧོར་ཟླ་བཅུ་གཉིས་པ།</br>རྒྱལ་ཟླ།</br>ཆུ་སྲིན་ཁྱིམ།"</br>ཟླ་བ་བཅུ་གཉིས་ནི་འབྱུང་རྩིས་ཟླ་བའི་འོད་ཟེར་ལས། དཔྱིད་ཟླ་ར་བ་བཅུ་གཅིག་སྟག ། བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི། ། ཟླ་བ་དང་པོ་དཔྱིད་ཐ་འབྲུག ། དེ་བཞིན་དབྱར་ར་ག་ཉིས་པ་སྦྲུལ། ། དབྱར་འབྲིང་གསུམ་པ་རྟའི་ཟླ་བ། ། བཞི་པ་དབྱར་ཟླ་ཐ་ཆུང་ལུག ། ལྔ་པ་སྟོན་ཟླ་ར་བ་སྤྲེལ། ། དྲུག་པ་སྟོན་འབྲིང་བྱའི་ཟླ་བ། ། བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། ། བརྒྱུད་པ་དགུན་ཟླ་ར་བ་ཕག ། དགུན་འབྲིང་དགུ་པ་བྱི་བའོ། ། བཅུ་པ་དགུན་ཐ་གླང་དུ་འདོད། ། ཅེས་འབྱུང་བ་དང་། བེ་དཀར་ཡང་འདི་དང་མཐུན་ནོ། ། བོད་དུ་དར་བའི་ནག་རྩིས་ཕལ་ཆེར་སྟག་ཟླ་དཔྱིད་ཟླ་ར་བར་བྱེད་པ་གཅིག་མཐུན་ཡིན་ཡང་། དེ་ཟླ་བ་གང་ལ་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བ་དུ་མ་འབྱུང་བ་གཙོ་བོ་ཁག་གསུམ་དུ་འདུ། སྟག་ཟླ་དེ་བཅུ་གཅིག་པ་མགོ་ཟླ་བར་བྱེད་པ་ནི་གོང་གསལ་སྡེ་སྲིད་སངས་རྒྱུས་རྒྱུ་མཚོ་དང་ལོ་ཆེན་དྷརྨ་ཤྲཱི་རྗེས་འབྲང་དང་བཅས་པ་འདོད།</br>བེ་དཀར་དང་འབྱུང་རྩིས་ཟླ་ཟེར་ལུགས་ཀྱི་ཟླ་བ་བཅུ་གཉིས།</br>"དུས་བཞི།</br>ཟླ་གྲངས།</br>ཟླ་བའི་མིང་།</br>ཉ་སྐར།"</br>"དཔྱིད་ཟླ་གསུམ།</br>11 12 1</br>སྟག ཡོས། འབྲུག</br>མགོ རྒྱལ། མཆུ།"</br>"དབྱར་ཟླ་གསུམ།</br>2 3 4</br>སྦྲུལ། རྟ། ལུག</br>དབོ། ནག་པ། ས་ག"</br>"སྟོན་ཟླ་གསུམ།</br>5 6 7</br>སྤྲེལ། བྱ། ཁྱི།</br>སྣོན། ཆུ་སྟོད། གྲོ་བཞིན།"</br>"དགུན་ཟླ་གསུམ།</br>8 9 10</br>ཕག བྱི་བ། གླང་།</br>ཁྲུམས་སྟོད། དབྱུ་གུ། སྨིན་དྲུག"</br>རྩིས་ཀྱི་བསྟན་བཅོས་བི་དཀར་དང་འབྱུང་རྩིས་ཟླ་བའི་འོད་ཟེར་གྱི་ལུགས་ཡིན། སྟག་ཟླ་དེ་བཅུ་གཉིས་པ་རྒྱལ་ཟླ་བར་བྱེད་པ་ནི་འབྲི་གུང་ཆོས་ཀྱི་གྲགས་པ་དང་། མཁས་མཆོག་ཀརྨ་ཆགས་མེད། དགེ་རྩེ་འགྱུར་མེད་བསྟན་པ་རྒྱ་མཚོ་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ཀྱི་ལུགས་ཡིན། སྟག་ཟླ་དེ་ཟླ་བ་དང་པོ་མཆུ་ཟླར་བྱེད་པ་ནི་ཀརྨ་ངེས་ལེགས་བསྟན་འཛིན་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཉེར་མཁོ་བུམ་བཟང་སོགས་ཀྱི་ལུགས་སོ། ། ཟླ་བ་དེ་དག་གི་ཁམས་བརྩི་སྟངས་ནི། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པ་ལྟར་སྦྲགས་མར་བརྩི་དགོས། དེ་ཡང་ནག་རྩིས་ཉེར་མཁོ་བུམ་བཟང་ལས། དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ། ། དཔྱིད་ཐ་དབྱར་ར་གནམ་ལོའི་མ། ། སྟོན་ཐ་དགུན་ར་གནམ་ལོ་རང་། ། དགུན་འབྲིང་དགུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །གུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །)
  • Dictionaries/Brda dkrol gser gyi me long/3920  + ((1) གཅེས་པའི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། མཉེས་གཤིན་གཅེས་པ་ཡིད་འཐད་དང་།། སྙིང་དུ་སྡུག་པ་ཡིད་འོང་མིང་།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/530  + ((1) གཤའ་མའམ་བཟང་པོའི་དོན་ཏེ།《བཀའ་ཆེམས་ཀ་ཁོལ་མ》ལས། གསེར་གྱི་དོང་ཙེ་གནའ་མ་ལྔ་བརྒྱ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7616  + ((1) གསེར་དངུལ་གྱི་མིང་སྟེ། 《ངག་སྒྲོན་གྱི་(1) གསེར་དངུལ་གྱི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། སྨར་གཅེས་པ་གསེར་དངུལ་ལྟ་བུ། ཞེས་གསུངས། དཔེར་ན། 《དེབ་ཐེར་རྫོགས་ལྡན་གསར་པའི་ཉི་གཞོན》ལས། དེ་སྔ་སྤྲོད་མཇལ་གྱི་སྐབས་ཀྱང་། སྟོང་དཀར་དང་སྟོང་ཁྲ་སྟོང་ནག་གསུམ། འཇལ་མ་སྨར་དང་ཁྲ་དང་ཟོང་དང་གསུམ། ཞེས་པ་ལྟ་བུའོ། །ྨར་དང་ཁྲ་དང་ཟོང་དང་གསུམ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6828  + ((1) གསེར་ལ་དམར་སེར་གཉིས་དང་སེར་པོ་ལ་མཆོག་དམན་གཉིས་ཡོད་པའི་མཆོག་གི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ས་ལེ་སྦྲམ་ནི་གསེར་ལ་དམར་པོ་དང་སེར་པོ་གཉིས་ཡོད་པའི་སེར་པོ་ལ་མཆོག་དམན་གཉིས་ཀྱི་མཆོག་ལ་ས་ལེ་སྦྲམ་ཞེས་བཤད་དོ། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/3918  + ((1) ངལ་བའམ་ཐང་ཆད་པའི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། མཉེལ་བ་ངལ་བ་ཐང་ཆད་པའི་མིང་། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/1181  + ((1) ཅིའང་ཤེས་པའམ་འཇིགས་པ་མེད་པའི་དོན་ཏེ།《མ(1) ཅིའང་ཤེས་པའམ་འཇིགས་པ་མེད་པའི་དོན་ཏེ།《མདོ་དོན་ལྟ་བའི་མིག་འབྱེད》ལས། ཅང་ཤེས་པ་ཞེས་བྱ་བ་ནི་འཇིགས་པ་མེད་པ་སྟེ། འདི་ལྟར་ཐོག་འབབ་པ་སོགས་ཀྱི་གནོད་པའི་དོགས་པ་མེད་པས་ཁྱུ་མཆོག་ཅང་ཤེས་དང་། འཐབ་མོའི་འཇིགས་པ་མེད་པས་རྟ་ཅང་ཤེས་དང་གླང་པོ་ཅང་ཤེས་སོ།། ཕ་རོལ་གྱི་གནོད་པའི་འཇིགས་པ་མེད་པས་སང་གེ་ཅང་ཤེས་སོ།། འཆི་བའི་འཇིགས་པ་མེད་པས་དགྲ་བཅོམ་པ་ཅང་ཤེས་ཏེ་ཅང་ཤེས་རྣམ་པ་ལྔའོ།། ཞེས་གསུངས། གཞན་ཡང་། སྤྲེའུ་ཅང་ཤེས་དང་། དོམ་ཅང་ཤེས་སོགས་ཀྱང་ཡོད་པར་བཤད་པ་ཡོད་དེ། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། གླང་པོ་ཅང་ཤེས་དང་། སྤྲེའུ་ཅང་ཤེས་དང་། དོམ་ཅང་ཤེས་དག་ཡོད་ནས་དེ་དག་གིས་དགེ་སློང་རྣམས་ལ་ཤིང་ཏོག་དག་འབུལ་བ། ཞེས་བྱུང་བ་ལྟ་བུའོ།།་ལ་ཤིང་ཏོག་དག་འབུལ་བ། ཞེས་བྱུང་བ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4637  + ((1) ཐད་ཀར་འགྲོ་བའི་དོན་ཏེ། 《དཔེ་ཆོས་རིན་ཆེན་སྤུངས་པ་འབུམ་འགྲེལ》ལས། སྦྲུལ་སྨྱུག་དོང་དུ་བཅུག་པ་དེ་ཡང་ན་ཡར་ཟང་ཐལ་དུ་འོང་། ཡང་ན་མར་ཟང་ཐལ་དུ་འབབ། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3102  + ((1) ཐུག་པའམ་འཇིགས་པའི་དོན་ལ་འཇུག་པར་སྣང་སྟེ།《མཁས་པའི་དགའ་སྟོན》ལས། བོད་ཀྱི་བློན་པོ་བློ་རྣོ་བ་བཅུ་དྲུག་ལ་གསེར་བསྐུར་ནས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས་ལ་ལ་ཐང་འདྲེ་ཅན་རྣམ་པ་གསུམ་ལ་བརྡུགས་ནས་འགྲོ་མ་ནུས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/357  + ((1) དཔང་པོའམ་དྲང་པོའི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། དཔང་པོ་དང་ནི་གཉའ་བོ་དང་།། གཡོ་སྒྱུ་མེད་པ་དྲང་པོའི་མིང་།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/2765  + ((1) དྲི་ངན་ནམ་དྲི་མི་ཞིམ་པའི་མིང་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། བཀུ་བ་དྲི་ངན་དྲི་མི་ཞིམ་པའི་མིང་། ། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/5913  + ((1) ཕོ་བྲང་སོགས་ཀྱི་སྒོ་ཆེན་ཕྱི་རོལ་ཏུ་ཡོད(1) ཕོ་བྲང་སོགས་ཀྱི་སྒོ་ཆེན་ཕྱི་རོལ་ཏུ་ཡོད་པའི་ཁང་རྩེག་དབྱིབས་ཅན་གྱི་ཕྱི་སྒོའི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། རྟ་བབས་ཞེས་པ་ཕྱི་སྒོའི་མིང་།། ཞེས་གསུངས་པ་དང་། ཕྱི་སྒོ་ཞེས་པ་ནི།《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི》ལས། རྟ་བབས་ནི་རྩ་བའི་སྒོ་ལས་ཕྱི་རོལ་གྱི་རྩིག་པ་མ་གཏོགས་པར་ཤིང་རུ་བཞི་ལྟ་བུ་གཉིས་བསྒྲེངས་པ་ལ་ཤིང་གཅིག་གིས་སྟེང་ནས་བཀབ་པ་ཡ་ཐེམ་ལྟ་བུ། སྒོའི་རྣམ་པ་ལྟ་བུ་སྟེ་འདིའི་མིང་གཞན་ནི་སྒོ་དང་པོ་དང་ཡང་ན་ཕྱི་སྒོའི་མིང་ཞེས་གསུངས་སོ།།དང་པོ་དང་ཡང་ན་ཕྱི་སྒོའི་མིང་ཞེས་གསུངས་སོ།།)
  • Dictionaries/Brda dkrol gser gyi me long/7663  + ((1) བག་མ་གཏོང་ལེན་གྱི་ཐབས་བྱེད་པའི་མིང་སྟེ(1) བག་མ་གཏོང་ལེན་གྱི་ཐབས་བྱེད་པའི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། སྨྱན་ཀ་གཉེན་ཀ་བག་མ་གཏོང་ལེན་གྱི་ཐབས་བྱེད་པ་བགྱིད་པ། ཞེས་དང་།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། སྨྱན་དང་གཉེན་དང་སྨྱན་ཀ་བྱེད། ། ཉེ་བྱེད་བག་མ་གཏོང་ལེན་མིང་། ། ཞེས་གསུངས་པ་ལྟར་རོ། །ག་མ་གཏོང་ལེན་མིང་། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/866  + ((1) བོད་ཀྱི་རུས་རྒྱུད་བྱེ་བྲག་པ་ཞིག་གི་མིང་སྟེ། 《བོད་མི་བུ་གདུང་དྲུག་གི་རུས་མཛོད་པད་དཀར་སྐྱེད་ཚལ》ལས། རུས་ཆེན་སྒོ་དེ་ལ་བྱེ་བྲག་ཏུ། གསུང་གསེར་འབྲོམ་གསུམ་སོགས་བཅོ་བརྒྱད་ཡོད། ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1301  + ((1) ཞོན་པའི་ལས་ཀྱི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ཆིབ་པ་ཞོན་པའི་ལས་ཀྱི་མིང་།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/848  + ((1) ཟས་ཀྱི་མིང་སྟེ། 《དེབ་ཐེར་སྔོན་པོ》ལས། དེ་ནས་ཕྱིར་ལོག་པས་མཁའ་འགྲོ་མས་ཁྱིམ་དང་ཁ་ཟས་ཁྱད་པར་ཅན་སྦྲུལ་ནས་གཤོས་དྲངས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1246  + ((1) འགྲོ་བའི་བརྡ་རྙིང་སྟེ།《ལམ་རིམ་ཆེན་མོའི(1) འགྲོ་བའི་བརྡ་རྙིང་སྟེ།《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ཆ་བ་ནི་འགྲོ་བ་ཞེས་པའི་བརྡ་རྙིང་ངོ་།། ཞེས་གསུངས། དཔེར་ན། 《སྤྱོད་འཇུག》ལས། ཐམས་ཅད་བོར་ཏེ་ཆ་དགོས་པར།། བདག་གིས་དེ་ལྟར་མ་ཤེས་པ།། ཞེས་པ་ལྟ་བུའོ།། གཞན་ཡང་། ཁྱིམ་ནས་འགྲོ་གྲབས་བྱེད་པའི་མིང་ཡིན་པར་བཤད་པ་ཡོད་དེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ཆ་བ་དང་ནི་ཆས་པ་དག། ཁྱིམ་ནས་འགྲོ་གྲབས་བྱེད་པའི་མིང་།། ཞེས་གསུངས།ིམ་ནས་འགྲོ་གྲབས་བྱེད་པའི་མིང་།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/5806  + ((1) འདུལ་དཀའ་བ་དང་མ་དུལ་བ་ཡི་མིང་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། མི་སྲུན་པ་དང་རྒོད་བག་ཅན། གདུལ་དཀའ་མ་དུལ་བ་ཡི་མིང་། །ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/2848  + ((1) འབུལ་བའི་དོན་ཏེ།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། བཅལ་བ་ཞེས་པ་འབུལ་བའི་དོན། ཞེས་གསུངས། དཔེར་ན། 《བཀའ་འགྱུར་དཀར་ཆག》ལས། འཇིག་རྟེན་ཁམས་ཐམས་ཅད་ཛམྦུ་གསེར་གྱི་ཕུང་པོས་ཡོངས་སུ་བཀང་སྟེ་བཅལ་བར་བྱས་པ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/53  + ((1) འབྲུག་དང་།)
  • Dictionaries/Brda dkrol gser gyi me long/3403  + ((1) འཛིན་ཅིང་སྐྱོང་བའི་མིང་སྟེ།《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། བསྲེལ་བ་འཛིན་ཅིང་སྐྱོང་བའི་མིང་། ཞེས་གསུངས། དཔེར་ན།《འབྲུག་པ་ཀུན་ལེགས་ཀྱི་རང་རྣམ》ལས། བང་འགྲོ་མེད་པའི་རྟ་མི་བསྲེལ། ཞེས་པ་ལྟ་བུའོ།)
  • Dictionaries/Brda dkrol gser gyi me long/5376  + ((1) ཡ་གྱལ་ཞེས་པའི་དོན་ཏེ། 《འབྲུག་པ་ཀུན་ལགས་ཀྱི་རང་རྣམ》ལས། འདི་སླ་ཤེས་གསུམ་གྱི་ཡ་བ་ཅིག་ཡིན། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2047  + ((1) ཡང་ཡང་ཉམས་ཉེས་བྱུང་བའི་མིང་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། དམུས་པ་ཚི་ཆད་ཡི་ཆད་མིང་། ། ཞེས་དང་། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། དམུས་པ་ཞེས་པ་ཡང་ཡང་དུ། ། ཉམས་ཉེས་གྱུར་པའི་མིང་དུ་འདོད། ། ཅེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/6388  + ((1) རྔོན་པའི་མིང་སྟེ། 《མངོན་བརྗོད་ལེགས་བཤད(1) རྔོན་པའི་མིང་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ལིངས་པ་རྔོན་པ་རྒྱ་འཛུགས་མཁན། ། ཁྱི་ར་བ་ཡི་མིང་ཡིན་ནོ། ། ཞེས་གསུངས། དཔེར་ན། 《འབྲུག་པ་ཀུན་ལེགས་ཀྱི་རང་རྣམ》ལས། ཤེའུ་ཕྲུག་ཕ་བུ་རྫ་ཁྲོད་དུ་འདུག་པའི་ཁོ་ཐག་དེ་ཆད་སོང་། ། སྤང་སྟོད་སྤང་སྨད་ག་ལ་འགྲོ་རུང་ལིངས་པ་ལས་སྲུངས་ཤིག ། ཅེས་པ་ལྟ་བུའོ། །ང་ལིངས་པ་ལས་སྲུངས་ཤིག ། ཅེས་པ་ལྟ་བུའོ། །)