Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "1. མཐོང་བ་བླ་ན་མེད་པ། 2. ཐོས་པ་བླ་ན་མེད་པ། 3. རྙེད་པ་བླ་ན་མེད་པ། 4. བསླབ་པ་བླ་ན་མེད་པ། 5. རིམ་གྲོ་བྱ་བ་བླ་ན་མེད་པ། 6. རྗེས་སུ་དྲན་པ་བླ་ན་མེད་པ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Brda dkrol gser gyi me long/3241  + ((2)རི་དྭགས་བསེ་རུའི་མིང་སྟེ།《འདུལ་བ་ལུང་རྣམ་འབྱེད》ལས།དེ་ནས་མ་ཧེ་དག་གིས་ཀྱང་འབྲོས་པར་བརྩམས་སོ།།དེ་དག་འབྲོས་པ་བསེ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ།ཤེས་ལྡན་དག་ཅིའི་ཕྱིར་འབྲོས།ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5723  + ((2)རུས་རྒྱུད་ལའང་འཇུག་སྟེ། 《མངོན་བརྗོད་ལེ(2)རུས་རྒྱུད་ལའང་འཇུག་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། གདུང་རུས་རུས་བུ་རུས་པའི་མིང་། ། ཞེས་གསུངས། དཔེར་ན། 《མཛངས་བླུན་ཞེས་བྱ་བའི་མདོ》ལས། ཁང་པར་ཞུགས་ཏེ་བལྟས་ན། དགེ་ཚུལ་གྱི་རུས་རྒྱུད་བུ་ཙན་དན་དམར་པོ་ལྟར་ཁྲག་གིས་བསྒོས་པ་མཐོང་ནས། ཞེས་པ་ལྟ་བུའོ། །ཁྲག་གིས་བསྒོས་པ་མཐོང་ནས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4640  + ((2)རྙེད་པ་དང་འདོད་ཡོན་སོགས་དུ་མར་འཇུག་སྟེ། 《རྣམ་བཤད་རིགས་པ》ལས། ཟང་ཟིང་ཞེས་བྱ་རྙེད་པ་དང་། ། འདོད་ཡོན་གཟུགས་དང་ཟས་ལ་སོགས། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/4535  + ((2)རྨང་གཞི་དང་གཞི་བཙུགས་པ་སོགས་ལ་འཇུག་སྟེ།(2)རྨང་གཞི་དང་གཞི་བཙུགས་པ་སོགས་ལ་འཇུག་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཞལ་བསྲོ་ནི་སྤྱན་དབྱེ་སྟེ་རབ་གནས་ལྟ་བུ་དང་རྨང་གཞི་བཙུགས་པ་དང་གཞི་བཙུགས་པ་ལ་ཡང་འཇུག་གོ ། ཞེས་གསུངས། དཔེར་ན། 《གཡུང་དྲུང་བོན་གྱི་བསྟན་འབྱུང》ལས། སྐུ་གསུང་ཐུགས་རྟེན་རྗེས་བཞག་ཐམས་ཅད་ལ །། མངའ་དབུལ་ཞལ་བསྲོ་རབ་གནས་མཛད་པ་དང་། ། ཞེས་པ་ལྟ་བུའོ། །བསྲོ་རབ་གནས་མཛད་པ་དང་། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/7621  + ((2)རྨས་པའི་དོན་ལ་འཇུག་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། རྡོ་དབྱུག་མཚོན་གྱིས་རྨས་པ་དང་། ། ལ་ལར་སྨས་པ་ཞེས་ཀྱང་གསུངས། ཞེས་གསུངས། དཔེར་ན། 《བསླབ་བཏུས》ལས། ཉེ་བར་འཁོར་ཇི་ལྟར་ཚངས་པར་མཚུངས་པར་སྤྱོད་པ་ལ་རྨ་ཕྱུང་བ་དང་སྨས་པར་བྱེད་པ་དེ་ལྟ་བུ་ནི། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2221  + ((2)རྫས་སྣ་ཚོགས་བསྡུ་རྒྱུའི་དྲ་བ་ཅན་གྱི་ཁུག(2)རྫས་སྣ་ཚོགས་བསྡུ་རྒྱུའི་དྲ་བ་ཅན་གྱི་ཁུག་མའི་མིང་སྟེ།《དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ》ལས། དྲ་ཕད་ནི་རྫས་སྣ་ཚོགས་བསྡུ་རྒྱུའི་ཁུག་མ། ཞེས་གསུངས་པ་དང་། 《སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས》ལས། མཁོ་དགུ་ཚང་བའི་དྲ་ཕད་རྒྱལ་སྲིད་མིན།། པུས་མཁྱུད་སྒོམ་ཐག་སྐོར་ཅིག་ཆུང་མའང་མིན།། ཞེས་པ་ལྟ་བུའོ།།་ཐག་སྐོར་ཅིག་ཆུང་མའང་མིན།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7039  + ((2)ལྡེ་གུའི་མིང་གི་རྣམ་གྲངས་ཏེ། 《འདུལ་བའི་(2)ལྡེ་གུའི་མིང་གི་རྣམ་གྲངས་ཏེ། 《འདུལ་བའི་གླིང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། སྐྱོ་མ་དང་ཐུག་པ་དང་ཟན་དྲོན་གསུམ་གྱི་ཁྱད་པར་ནི། རིམ་བཞིན་གཟར་བུས་གྱེན་དུ་བསྒྲེང་མི་ནུས་པ་དང་། ནུས་པ་དང་། སོར་མོ་ལྔའི་རྗེས་དོད་ནུས་པ་ལ་བཤད་ཅིང་། ལྡེ་གུ་དང་སྐྱོ་མ་དོན་གཅིག་སྟེ། སྐོམ་གྱི་ནང་དུ་ཕྱེ་བཏབ་པ་ལྟ་བུ་ཐུག་པ་སླ་མོའོ། །ཞེས་གསུངས་པ་ལྟར་རོ། །ྟ་བུ་ཐུག་པ་སླ་མོའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/3349  + ((2)སུན་འབྱིན་པའི་ཚིག་གི་མིང་སྟེ།《དག་ཡིག་ཤེ(2)སུན་འབྱིན་པའི་ཚིག་གི་མིང་སྟེ།《དག་ཡིག་ཤེས་བྱ་རབ་གསལ》ལས། འཕྱ་བའི་བསྟིང་ཚིག་དང་། བསྟིང་ཚིག་སུན་འབྱིན་པ་ཡི་ཚིག ཅེས་གསུངས། དཔེར་ན།《རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང》ལས། ཆེར་རློམ་མང་པོའི་རྣམ་ཐར་འཁྱོག་པོའི་ཚིག། མཐོང་ཚེ་དཔྱོད་ལྡན་ཕལ་ཆེར་བསྟིང་ཚིག་སྨྲ།། ཞེས་པ་ལྟ་བུའོ།།ལྡན་ཕལ་ཆེར་བསྟིང་ཚིག་སྨྲ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3101  + ((2)སྐྲོད་པའམ་རྗེས་སུ་སྙེགས་པའི་དོན་ལའང་འཇུ(2)སྐྲོད་པའམ་རྗེས་སུ་སྙེགས་པའི་དོན་ལའང་འཇུག་སྟེ། དཔེར་ན། 《བཀའ་ཆེམས་ཀ་ཁོལ་མ》ལས། ད་དུང་ཡར་ལ་ལོག་ནས་བློན་པོ་ངན་པ་དེ་མ་ཟིན་པར་དེད་པ་དྲག་ཟེར་ནས། ཡར་ལ་ལོག་ནས་བརྡས་སོ།། ཞེས་དང་། 《སྤྱོད་འཇུག་འགྲེལ་པ》ལས། གཞན་བུ་སྨད་སོགས་དག་གི་ལས་ཀྱི་རླུང་གིས་དབང་མེད་དུ་བརྡས། ཞེས་པ་ལྟ་བུའོ།།་རླུང་གིས་དབང་མེད་དུ་བརྡས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/789  + ((2)སྤང་ཐང་གི་བརྡ་རྙིང་སྟེ། 《དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ》ལས། གཡེ་ནི་ཐང་ཞེས་པའི་བརྡ་རྙིང་ངོ་། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/1634  + ((2)སྲེག་པའི་མིངསྟེ།《བརྡ་གསར་རྙིང་གི་རྣམ་གཞ(2)སྲེག་པའི་མིངསྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། ཐི་བ་སྲེག་པ་འམ་ཕུག་རོན་དང་།། ཞེས་གསུངས་པ་ལྟར་རོ།། གཞན་ཡང་། མིག་ཡ་གཅིག་གིས་མི་མཐོང་བའི་བྱ་ཡིན་ཟེར་བའང་སྣང་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཐི་བ་ནི་ཕུག་རོན་དང་། ཡང་མིག་ཡ་གཅིག་གིས་མི་མཐོང་བའི་བྱ་ཡིན་ཟེར་བའང་སྣང་། ཞེས་གསུངས་སོ།།ོང་བའི་བྱ་ཡིན་ཟེར་བའང་སྣང་། ཞེས་གསུངས་སོ།།)
  • Dictionaries/Brda dkrol gser gyi me long/3712  + ((2)སླའི་ཞེས་པའི་དོན་ལ་འཇུག་པར་བཤད་པ་ཡོད་དེ(2)སླའི་ཞེས་པའི་དོན་ལ་འཇུག་པར་བཤད་པ་ཡོད་དེ། 《སྤྱོད་འཇུག་འགྲེལ་པ》ལས། བདག་ནི་དེ་ཉིད་ཤི་ཡང་བླའི། ། ལོག་འཚོས་ཡུན་རིང་གསོན་མི་རུང་། ། ཞེས་པའི་འགྲེལ་པར། དེས་ན་བདག་ནི་རྙེད་པ་མེད་པར་དེ་ཉིད་དུ་ཤི་ཡང་སླའི་གཞན་ལ་གནོད་པའི་སྒོ་ནས་ལོག་འཚོ་དང་ལྡན་ཞིང་ཡུན་རིང་དུ་གསོན་པ་ནི་མི་རུང་སྟེ། ཞེས་བྱུང་ངོ་། །་དུ་གསོན་པ་ནི་མི་རུང་སྟེ། ཞེས་བྱུང་ངོ་། །)
  • Dictionaries/Brda dkrol gser gyi me long/7858  + ((2)ཧོར་གྱི་སྐུ་ཚབ་བམ་བང་ཆེན་ལ་འཇུག་པ་ཡོད་དེ།《ས་པཎ་གྱིས་སོག་ཡུལ་ནས་བོད་འབངས་སྤྱི་ལ་སྩལ་བའི་བཀའ་ཤོག》ལས། རྒྱ། མི་ཉག སོག་པོ་ལ་སོགས་པ་མ་བརླག་གོང་དུ་ཧོར་འདྲ་བཏང་ཡང་ཅི་ཟེར་མ་ཉན་པས། བརླག་པའི་རྟིང་ལ་འགྲོ་ས་མ་རྙེད་ནས་ངོ་བལྟ་དགོས་བྱུང་། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5090  + ((3)ངེས་པ་རྙེད་པའམ་ངེས་ཤེས་འདྲོངས་པ་ལ་འཇུག་པ་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། འཕྲིག་ཚུད་པ་ནི་སྤྱང་པོའམ། ། ངེས་པ་རྙེད་པའམ་ངེས་ཤེས་འདྲོངས། ཁོང་དུ་ཆུད་པ་སོགས་ཀྱི་མིང་། ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/3613  + ((3)ཆགས་ཞེན་ལའང་འཇུག་པར་སྣང་སྟེ།《དབྱངས་ཅན་ད(3)ཆགས་ཞེན་ལའང་འཇུག་པར་སྣང་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། བྲང་བྲེང་ནི་ཆགས་ཞེན་ལ་བྱེད་དོ། ། ཞེས་གསུངས། དཔེར་ན།《དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ》ལས། ཞེ་འདོད་ཇེ་ཆུང་ལ་སོང་ནས། འདོད་པའི་ཡུལ་མཐོང་ཡང་དགའ་རྒྱུའམ་བྲང་བྲེང་མེད་པ་ཅིག་ཡོང་། ཞེས་པ་ལྟ་བུའོ། ། གཞན་ཡང་། འདི་ལ་དྲང་དྲེང་བྲིས་པའང་སྣང་ངོ་། །ན་ཡང་། འདི་ལ་དྲང་དྲེང་བྲིས་པའང་སྣང་ངོ་། །)
  • Dictionaries/Brda dkrol gser gyi me long/1445  + ((3)དུད་པ་བྱ་བལ་མ་ལ་འཇུག་སྟེ།《བརྡ་གསར་རྙིང་(3)དུད་པ་བྱ་བལ་མ་ལ་འཇུག་སྟེ།《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། ཉ་ལྕིབས་ཞེས་པ་འདི་མུ་ཏིག་གི་ཨ་མ་ལ་འཇུག་ཅིང་དོན་དུ་ཉ་ཕྱིས་ཡིན། ཞེས་གསུངས་པ་དང་། 《དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ》ལས། ཉ་ལྕིབས་ནི་ཆུ་དལ་བུའི་ནང་དུ་སྐྱེས་པའི་བལ་འདྲ་བ་དེ་ཡིན་ཏེ་ཆུ་བལ་དང་། དུད་པ་བྱ་བལ་མའང་ཟེར། ཞེས་བྱུང་བ་ལྟར་རོ།།། དུད་པ་བྱ་བལ་མའང་ཟེར། ཞེས་བྱུང་བ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/5957  + ((3)རྗེས་སུ་འབྲངས་པ་སོགས་ལ་འཇུག་སྟེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། རྟོན་པ་ནི་བརྡ་རྙིང་སྟེ། ཡིད་ཆེས་པའམ་ཡིད་བརྟན་རུང་བའོ།། འདོད་པའམ་རྗེས་སུ་འབྲངས་པ་ལའང་བཤད་དོ།། ཞེས་གསུངས། དཔེར་ན། 《བེའུ་བུམ་སྔོན་པོའི་འགྲེལ་པ》་ཆེས་པ་དང་།)
  • Dictionaries/Brda dkrol gser gyi me long/5693  + ((3)ཨ་ལོང་ངམ་བཞི་ཡོད་པའི་ཟངས་ཀྱི་སླ་ང་ལ་ཟངས(3)ཨ་ལོང་ངམ་བཞི་ཡོད་པའི་ཟངས་ཀྱི་སླ་ང་ལ་ཟངས་རུ་བཞི་མ་ཞེས་བརྗོད་དེ། 《མི་ལ་རས་པའི་རྣམ་ཐར》ལས། ལྷོ་བྲག་གི་ཕུ་མདའ་ཀུན་ལ་བསོད་སྙོམས་བྱས་པས། ལྷོ་བྲག་བྱེ་བོ་ཆེའི་ནས་ཁལ་ཉེར་གཅིག་རྙེད་པ་ལས་བཅུ་བཞི་ལ་ཟངས་རུ་བཞི་མ་ཕྱི་ནང་གཉིས་ལ་དྲེག་དང་གཡའ་སོགས་སྐྱོན་གྱིས་མ་གོས་པ་ཅིག་ཉོད། ཞེས་པ་ལྟ་བུའོ། །ོན་གྱིས་མ་གོས་པ་ཅིག་ཉོད། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3371  + ((4)བགྲངས་པའི་དོན་ལ་འཇུག་སྟེ།《དབྱངས་ཅན་དགའ་(4)བགྲངས་པའི་དོན་ལ་འཇུག་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། དགེ་སློང་རྣམས་བསྡོས་པ་ནི་དགེ་སློང་རྣམས་བགྲངས་པ་ཞེས་པའོ།། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། དགེ་བསྐོས་ཀྱིས་དགེ་སློང་རྣམས་བསྡོས་པ་ན་དེ་མ་ཚང་བར་ཤེས་ནས་ཕྱོགས་བཞིར་བལྟས་ཀྱང་མ་རྙེད་པ། ཞེས་པ་ལྟ་བུའོ།།གས་བཞིར་བལྟས་ཀྱང་མ་རྙེད་པ། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5959  + ((5)རྗེས་སུ་འབྲངས་པ་སོགས་ལ་འཇུག་སྟེ། 《ལམ་རི(5)རྗེས་སུ་འབྲངས་པ་སོགས་ལ་འཇུག་སྟེ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། རྟོན་པ་ནི་བརྡ་རྙིང་སྟེ། ཡིད་ཆེས་པའམ་ཡིད་བརྟན་རུང་བའོ།། འདོད་པའམ་རྗེས་སུ་འབྲངས་པ་ལའང་བཤད་དོ།། ཞེས་གསུངས། དཔེར་ན། 《བེའུ་བུམ་སྔོན་པོའི་འགྲེལ་པ》ལས། དེ་ནས་བསམ་པས་དོན་གཏན་ལ་འབེབས་པའི་དུས་སུ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པར་བྱེད་དགོས། ཞེས་པ་ལྟ་བུའོ།།ས་དོན་ལ་རྟོན་པར་བྱེད་དགོས། ཞེས་པ་ལྟ་བུའོ།།)
  • Dictionaries/sngas rgyas chos gzhung tshig mdzod/12401  + ((ལེགས་)དགེ་བསྙེན་སྟེ། བསླབ་པ་གཞི་ལྔ་བསྲུང་བར་ཁས་བླངས་ནས་ཁྱིམ་ན་གནས་པའི་སྐྱེས་བུ་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/11312  + ((ལེགས་)དགེ་ཚུལ་ཏེ། བསླབ་པའི་གཞི་བཅུ་དང་། ཆར་གཏོགས་བླངས་འདས་པོ་གསུམ་བསྲུང་བར་ཁས་ལེན་པའི་རབ་ཏུ་བྱུང་བའི་སྐྱེས་བུའོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/8116  + ((ལེགས་)དགེ་སློང་མ་ཏེ། བསླབ་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་བསྲུང་བར་ཁས་བླངས་པའི་ལྡོམ་ལྡན་གྱི་བུད་མེད་ལ་ཟེར། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/11507  + ((ལེགས་)ལེགས་མཐོང་ཆེན་པོ།༼ ལ་ལྟོས༽ ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/sngas rgyas chos gzhung tshig mdzod/7499  + ((ལེགས་)ལྷག་མཐོང་། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1386  + (1. མཐོང་བ་བླ་ན་མེད་པ། 2. ཐོས་པ་བླ་ན་མེད་པ། 3. རྙེད་པ་བླ་ན་མེད་པ། 4. བསླབ་པ་བླ་ན་མེད་པ། 5. རིམ་གྲོ་བྱ་བ་བླ་ན་མེད་པ། 6. རྗེས་སུ་དྲན་པ་བླ་ན་མེད་པ།)
  • Dictionaries/chos rnam kun btus/10187  + ("ཧོར་གྱི་ཐ་སྙད། འཕགས་ཡུལ་གྱི་ཐ་སྙད། ཁྱིམ་ཟ"ཧོར་གྱི་ཐ་སྙད།</br>འཕགས་ཡུལ་གྱི་ཐ་སྙད།</br>ཁྱིམ་ཟླའི་མིང་།"</br>"ཧོར་ཟླ་བདུན་པ།</br>གྲོ་བཞིན་ཟླ།</br>སེང་གེའི་ཁྱིམ།"</br>"ཧོར་ཟླ་བརྒྱད་པ།</br>ཁྲུམས་སྟོད་ཟླ།</br>བུ་མོའི་ཁྱིམ།"</br>"ཧོར་ཟླ་དགུ་པ།</br>དབྱུག་ཟླ།</br>སྲུང་ཁྱིམ།"</br>"ཧོར་ཟླ་བཅུ་པ།</br>སྨིན་དྲུག་ཟླ།</br>སྡིག་ཁྱིམ།"</br>"ཧོར་ཟླ་བཅུ་གཅིག་པ་།</br>མགོ་ཟླ།</br>གཞུ་ཁྱིམ།"</br>"ཧོར་ཟླ་བཅུ་གཉིས་པ།</br>རྒྱལ་ཟླ།</br>ཆུ་སྲིན་ཁྱིམ།"</br>ཟླ་བ་བཅུ་གཉིས་ནི་འབྱུང་རྩིས་ཟླ་བའི་འོད་ཟེར་ལས། དཔྱིད་ཟླ་ར་བ་བཅུ་གཅིག་སྟག ། བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི། ། ཟླ་བ་དང་པོ་དཔྱིད་ཐ་འབྲུག ། དེ་བཞིན་དབྱར་ར་ག་ཉིས་པ་སྦྲུལ། ། དབྱར་འབྲིང་གསུམ་པ་རྟའི་ཟླ་བ། ། བཞི་པ་དབྱར་ཟླ་ཐ་ཆུང་ལུག ། ལྔ་པ་སྟོན་ཟླ་ར་བ་སྤྲེལ། ། དྲུག་པ་སྟོན་འབྲིང་བྱའི་ཟླ་བ། ། བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། ། བརྒྱུད་པ་དགུན་ཟླ་ར་བ་ཕག ། དགུན་འབྲིང་དགུ་པ་བྱི་བའོ། ། བཅུ་པ་དགུན་ཐ་གླང་དུ་འདོད། ། ཅེས་འབྱུང་བ་དང་། བེ་དཀར་ཡང་འདི་དང་མཐུན་ནོ། ། བོད་དུ་དར་བའི་ནག་རྩིས་ཕལ་ཆེར་སྟག་ཟླ་དཔྱིད་ཟླ་ར་བར་བྱེད་པ་གཅིག་མཐུན་ཡིན་ཡང་། དེ་ཟླ་བ་གང་ལ་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བ་དུ་མ་འབྱུང་བ་གཙོ་བོ་ཁག་གསུམ་དུ་འདུ། སྟག་ཟླ་དེ་བཅུ་གཅིག་པ་མགོ་ཟླ་བར་བྱེད་པ་ནི་གོང་གསལ་སྡེ་སྲིད་སངས་རྒྱུས་རྒྱུ་མཚོ་དང་ལོ་ཆེན་དྷརྨ་ཤྲཱི་རྗེས་འབྲང་དང་བཅས་པ་འདོད།</br>བེ་དཀར་དང་འབྱུང་རྩིས་ཟླ་ཟེར་ལུགས་ཀྱི་ཟླ་བ་བཅུ་གཉིས།</br>"དུས་བཞི།</br>ཟླ་གྲངས།</br>ཟླ་བའི་མིང་།</br>ཉ་སྐར།"</br>"དཔྱིད་ཟླ་གསུམ།</br>11 12 1</br>སྟག ཡོས། འབྲུག</br>མགོ རྒྱལ། མཆུ།"</br>"དབྱར་ཟླ་གསུམ།</br>2 3 4</br>སྦྲུལ། རྟ། ལུག</br>དབོ། ནག་པ། ས་ག"</br>"སྟོན་ཟླ་གསུམ།</br>5 6 7</br>སྤྲེལ། བྱ། ཁྱི།</br>སྣོན། ཆུ་སྟོད། གྲོ་བཞིན།"</br>"དགུན་ཟླ་གསུམ།</br>8 9 10</br>ཕག བྱི་བ། གླང་།</br>ཁྲུམས་སྟོད། དབྱུ་གུ། སྨིན་དྲུག"</br>རྩིས་ཀྱི་བསྟན་བཅོས་བི་དཀར་དང་འབྱུང་རྩིས་ཟླ་བའི་འོད་ཟེར་གྱི་ལུགས་ཡིན། སྟག་ཟླ་དེ་བཅུ་གཉིས་པ་རྒྱལ་ཟླ་བར་བྱེད་པ་ནི་འབྲི་གུང་ཆོས་ཀྱི་གྲགས་པ་དང་། མཁས་མཆོག་ཀརྨ་ཆགས་མེད། དགེ་རྩེ་འགྱུར་མེད་བསྟན་པ་རྒྱ་མཚོ་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ཀྱི་ལུགས་ཡིན། སྟག་ཟླ་དེ་ཟླ་བ་དང་པོ་མཆུ་ཟླར་བྱེད་པ་ནི་ཀརྨ་ངེས་ལེགས་བསྟན་འཛིན་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཉེར་མཁོ་བུམ་བཟང་སོགས་ཀྱི་ལུགས་སོ། ། ཟླ་བ་དེ་དག་གི་ཁམས་བརྩི་སྟངས་ནི། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པ་ལྟར་སྦྲགས་མར་བརྩི་དགོས། དེ་ཡང་ནག་རྩིས་ཉེར་མཁོ་བུམ་བཟང་ལས། དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ། ། དཔྱིད་ཐ་དབྱར་ར་གནམ་ལོའི་མ། ། སྟོན་ཐ་དགུན་ར་གནམ་ལོ་རང་། ། དགུན་འབྲིང་དགུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །གུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །)
  • Dictionaries/Brda dkrol gser gyi me long/3811  + ((1) ཀྱེ་མའམ་ཀྱི་ཧུད་ཀྱི་དོན་ལ་འཇུག་སྟེ། 《(1) ཀྱེ་མའམ་ཀྱི་ཧུད་ཀྱི་དོན་ལ་འཇུག་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། མ་ལ་ཞེས་པ་ཀྱེ་མའམ་ཀྱི་ཧུད། ཅེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། མ་ལ་ངས་དེ་དག་བདེ་བ་ལ་རེག་པའི་ཕྱིར་དང་། སྦྱིན་བདག་གིས་སྦྱིན་པའི་ཆོས་ཡོངས་སུ་སྤྱད་པའི་ཕྱིར་ཞག་བདུན་རྗེས་སུ་གནང་བར་བྱའོ། ། ཞེས་པ་ལྟ་བུའོ། །ུན་རྗེས་སུ་གནང་བར་བྱའོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/6778  + ((1) གང་ཟག་གི་སྤྱི་མིང་སྟེ། 《བརྡ་གསར་རྙིང་(1) གང་ཟག་གི་སྤྱི་མིང་སྟེ། 《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས》ལས། གང་ཟག་ལ་མིང་མི་འདྲ་བ་བཅུ་དྲུག་ཡོད་དེ། བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་བདག་དང་། ཤེས་ལས་སྐྱེས་པ་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་དང་། ཟ་བ་བོ་དང་། སློང་བ་པོ་དང་བཅུ་དྲུག་གོ ། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡིན། ། སེམས་ཅན་ཤེས་ལས་སྐྱེས་པ་མི་དམིགས་ཀྱང་། ། ཞེས་པ་ལྟ་བུའོ། །སྐྱེས་པ་མི་དམིགས་ཀྱང་། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4721  + ((1) གནང་བའི་དོན་ཏེ། 《དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ》ལས། ཟླུག་པ་ནི་གནང་བ་ཞེས་བརྡ་རྙིང་དུ་འབྱུང་ལ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/4039  + ((1) ཐོབ་པ་དང་བླངས་པའི་དོན་ཏེ།《འདུལ་བའི་གླེ(1) ཐོབ་པ་དང་བླངས་པའི་དོན་ཏེ།《འདུལ་བའི་གླེང་འབུམ་མིང་བརྡའི་རྣམ་བཤད》ལས། མནོས་པ་ནི་བླངས་པ། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། སྡོམ་པ་མནོས་ནས་རྔ་རྩིད་ལ་ཆགས་པའི་གཡག་གིས་རྔ་མ་རེ་རེ་ཤིང་ལ་ཐོགས་པ་ན། རྔོན་པས་སྲོག་དང་འཕྲལ་བར་མཐོང་ནའང་། སྲོག་དང་བསྡོས་ཏེ་རྔ་མ་མི་གཅོད་པར། ཞེས་པ་ལྟ་བུའོ།།་བསྡོས་ཏེ་རྔ་མ་མི་གཅོད་པར། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2301  + ((1) དོན་ཐམས་ཅད་དབང་དུ་འདུ་བའི་དོན་ཏེ།《བརྡ་(1) དོན་ཐམས་ཅད་དབང་དུ་འདུ་བའི་དོན་ཏེ།《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས》ལས། ནང་བྱན་ཚུད་པ་ནི་དོན་ཐམས་ཅད་རང་དབང་དུ་འདུ་བ་སྟེ། གཞན་དྲིང་མི་འཇོག་པ། ཞེས་གསུངས། དཔེར་ན། 《བཀའ་གདམས་གཅེས་བཏུས》ལས། གདམས་ངག་ལ་ནང་བྱན་ཚུད་པ་ནི་བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མ་ཟེར་གྱི། ཞེས་པ་ལྟ་བུའོ།།་ངེས་པ་རྙེད་པ་ལ་མ་ཟེར་གྱི། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/4494  + ((1) མྱུ་གུ་སོགས་ཐོན་མ་ཐག་པའི་མིང་སྟེ། 《འད(1) མྱུ་གུ་སོགས་ཐོན་མ་ཐག་པའི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཞ་ལུ་ནི་གསར་དུ་ཁ་འབུས་པ་སྟེ་མྱུ་གུ་ཐོན་མ་ཐག་པའི་མིང་ངོ་། ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། ནམ་གྲུས་ཆབ་ཁུང་སར་ཞུགས་པ་དང་། མོན་སྲན་གྲེའུའི་ཞ་ལུ་ཞིག་མཐོང་ནས་བདག་གིས་ས་བོན་གྱི་ཆོས་མ་རུང་བར་བྱས་སོ་སྙམ་མོ། ། ཞེས་པ་ལྟ་བུའོ། །མ་རུང་བར་བྱས་སོ་སྙམ་མོ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1275  + ((1) ཚེམ་གྲིའི་མིང་སྟེ།《དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ》ལས། ཆན་པ་ནི་སྣམ་རས་སོགས་དྲས་པའི་གྲི་གཉིས་འབྲེལ་བ་ལྟ་བུའི་ར་ལུག་གི་སྤུ་བྲེག་བྱེད་དེའོ།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/3123  + ((1) ཟས་དང་མཆིལ་མ་སོགས་མིད་པར་འཚང་པའི་མིང་སྟེ།《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། ཟས་དང་མཆིལ་མས་བརྣངས་ཞེས་མིད་པ་འཚང་།། ཞེས་དང་། 《འདུལ་བ་ལུང་རྣམ་འབྱེད》ལས། བག་མེད་བརྒྱན་པ་མཐོང་ནས་ནི།། མཆིལ་མས་བརྣངས་པའི་བཞིན་གྱིས་ངུ་། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5469  + ((1) ཡི་མ་ཆད་པའི་མིང་སྟེ། 《འདུལ་བའི་སྡེ་སྣོད་ཀྱི་མིང་དོན་བརྡ་དཀྲོལ》ལས། ཡིད་མ་བློང་བ་ནི་ཡི་མ་ཆད་པ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། བཙལ་ཡང་མ་རྙེད་པ་ཇི་ལྟར་བྱ། དེས་སྨྲས་པ། ཡིད་མ་བློང་བར་འཁོད་ཅིག་ཅེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2376  + ((1) རྙེད་པའི་མིང་སྟེ།《དཔེ་ཆོས་རིན་ཆེན་སྤུང(1) རྙེད་པའི་མིང་སྟེ།《དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ》ལས། ནོམ་པ་ནི་རྙེད་པ་ཞེས་པའོ།། ཞེས་གསུངས། དཔེར་ན། 《དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ》ལས། རྙེད་པར་དཀའ་ལ་འཇིག་པར་སླ་བའི་དལ་འབྱོར་འདི་ཆུད་ཟོས་སུ་མི་བཏང་བར་ད་རེས་དོན་དང་བཅས་ནོམ་པ་དང་བཅས་པ་ཅིག་བྱེད་དགོས། ཞེས་པ་ལྟ་བུའོ།།་པ་དང་བཅས་པ་ཅིག་བྱེད་དགོས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/5551  + ((1) རྣལ་འབྱོར་གྱི་མིང་སྟེ། 《སྒྲ་སྦྱོར་བམ་པོ་གཉིས་པ》ལས། ཡོ་ག་ཞེས་བྱ་བ་ཡུ་ཛིར་ཡ་ག་ཞེས་བྱ་སྟེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་བསམ་གཏན་གྱི་མིང་སྟེ། རྣལ་འབྱོར་ཞེས་བྱ། ཞེས་གསུངས་པ་ལྟར་དང་།)
  • Dictionaries/Brda dkrol gser gyi me long/4649  + ((1) རྩམ་ཕྱེ་སོགས་སོར་མོ་ལྔའི་རྗེས་དོད་ནུས་(1) རྩམ་ཕྱེ་སོགས་སོར་མོ་ལྔའི་རྗེས་དོད་ནུས་པའི་མིང་སྟེ། 《ལས་མཆོག་རྣམ་འབྱེད》ལས། སྐྱོ་མ་ནི་གཟར་བུ་གྱེན་དུ་བསྒྲེང་མི་ནུས་པའོ། ། ཟན་དྲོན་ནི་སོར་མོ་ལྔའི་རྗེས་དོད་ནུས་པའོ། ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། སཱ་ལུའི་འབྲས་ཆན་གཙང་མ་དག ། ཤ་ཡིས་བརླན་པས་སྤྱད་བྱས་ནས། ། ཟན་དྲོན་ཁེངས་པ་སྤྱོད་བྱེད་པ། ། ཇི་ལྟ་ཡོངས་སུ་མི་གདུང་ངམ། ། ཞེས་པ་ལྟ་བུའོ། །ལྟ་ཡོངས་སུ་མི་གདུང་ངམ། ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/3112  + ((1) ལུས་གོམ་ཚུགས་མི་ཐུབ་པར་ཁྱ་རེ་ཁྱོ་འགྲོ་(1) ལུས་གོམ་ཚུགས་མི་ཐུབ་པར་ཁྱ་རེ་ཁྱོ་འགྲོ་བའི་དོན་ཏེ།《བསླབ་བཏུས》ལས། གཡང་ས་མང་པོའི་ལམ་དུ་ནི།། གོམ་པ་རེ་རེ་བརྡེག་འཆའ་བ།། ཞེས་གསུངས། དཔེར་ན།《ལམ་རིམ་ཆེན་མོ》ལས། མིག་ལོང་བ་ལོང་ཁྲིད་མེད་པ་ཞིག་གོམ་པ་རེ་རེ་ནས་བརྡེག་འཆའ་ཞིང་གཡང་ཁ་འཇིགས་སུ་རུང་བ་ལ་མངོན་པར་ཕྱོགས་ནས་འགྲོ་ན། ཞེས་པ་ལྟ་བུའོ།།ལ་མངོན་པར་ཕྱོགས་ནས་འགྲོ་ན། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6566  + ((1) ཤིང་ཐོག་གི་མིང་སྟེ།《དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ》ལས། ཤིང་ཐོག་ལ་བརྡ་རྙིང་ལྡུམ་བུ་ཟེར། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/6287  + ((1) ཤོ་གམ་མམ་ཤོ་ཁྲལ་གྱི་མིང་སྟེ། 《འདུལ་བ་ལུང་རྣམ་འབྱེད》ལས། ཤོ་གམ་དང་ལ་གཅན་དང་གྲུ་བཙས་སྦྱིན་པར་བྱེད་ན་ཇི་སྲིད་དུ་རྙེད་པ་དག་བདག་གིར་མི་བྱེད་པ་དེ་སྲིད་དུ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/301  + ((1) སྐད་ཆེན་པོ་སྒྲོག་པ་ལ་འཇུག་སྟེ། 《ཇོ་བོ་རྗེའི་རྣམ་ཐར》ལས། སྐྱེ་བོ་རྣམས་ཀྱིས་རྒྱལ་བུ་མཐོང་བ་ན། །ག་ཤ་སྒྲོག་ཅིང་གླུ་གར་རོལ་མོ་འབུལ། །ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/82  + ((1) སྐབས་ཐོབ་ཀྱིས་ངོ་མཚར་བའི་དོན་ལ་འཇུག་པ་ཡོད་དེ། དཔེར་ན། 《འདུལ་བ》ལས། ཀྱེ་མའོ་བདག་གིས་རྙེད་པ་རྙེད་དོ། །ཞེས་པ་ལྟ་བུའོ། །)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1610  + ((ཉན་ཐོས་དམན་པའི་ས།) 1. དཀར་པོ་རྣམ་པར་མཐོང་བའི་ས། 2. རིགས་ཀྱི་ས། 3. བརྒྱད་པའི་ས། 4. བསྲབ་པའི་ས། 5. འདོད་ཆགས་དང་བྲལ་བའི་ས། 6. བྱས་པ་རྟོགས་པའི་ས། 7. ཉན་ཐོས་ཀྱི་ས། 8. རང་སངས་རྒྱས་ཀྱི་སའོ།)
  • Dictionaries/bod rgya nang don rig pai tshig mdzod/3027  + ((ད྄ུཥྐྲྀཏི)ལྟུང་བ་སྡེ་ལྔའི་ཡ་གྱལ་ཞིག ཉེས་བྱས་ལས་ཀྱི་རྣམ་སྨིན་མངོན་སུམ་མཐོང་།)
  • Dictionaries/bod rgya nang don rig pai tshig mdzod/2255  + ((དྷརྨ) རང་གི་ངོ་བོ་འཛིན་པའི་དོན་ནོ། དྷརྨ་ཞ(དྷརྨ) རང་གི་ངོ་བོ་འཛིན་པའི་དོན་ནོ། དྷརྨ་ཞེས་དོན་བཅུ་ལ་འཇུག་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཞེས་པ་ལྟ་བུ་ཤེས་བྱ་ལ་འཇུག་པ་དང་། ལམ་བདེན་གྱི་ཆོས་ཞེས་པ་ལྟ་བུ་ལམ་དང་། འགོག་བདེན་གྱི་ཆོས་ཞེས་པ་ལྟ་བུ་མྱང་འདས་དང་། ཆོས་ཀྱི་སྐྱེ་མཆེད་ཅེས་པ་ལྟ་བུ་ཡིད་ཀྱི་ཡུལ་དང་། བཙུན་མོའི་འཁོར་དང་གཞོན་ནུ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་པ་ལྟ་བུ་བསོད་ནམས་དང་། བྱིས་པ་ནི་མཐོང་བའི་ཆོས་ལ་གཅེས་པར་འཛིན་པ་ཞེས་བ་ལྟ་བུ་ཚེ་དང་། ཆོས་འདུལ་བ་ཞེས་པ་ལྟ་བུ་གསུང་རབ་དང་། ལུས་འདི་རྒ་བའི་ཆོས་ཡིན་ནོ་ཞེས་པ་ལྟ་བུ་འབྱུང་འགྱུར་དང་། དགེ་སྦྱོང་གི་ཆོས་བཞི་ཞེས་པ་ལྟ་བུ་ངེས་པ་དང་། ལྷ་ཆོས་དང་མི་ཆོས་ཞེས་པ་ལྟ་བུ་ལུགས་ལ་འཇུག་པ་བཅས་བཅུ་ཡོད་པར་རྣམ་བཤད་རིག་པ་ལས་གསུངས་ཤིང་། ད་ལྟ་ཡོངས་གྲགས་སུ་ལུགས་དང་གསུང་རབ་དང་། ཤེས་བྱ་བཅས་གསུམ་ལ་འཇུག་པ་གཙོ་ཆེ་བའོ།་དང་། ཤེས་བྱ་བཅས་གསུམ་ལ་འཇུག་པ་གཙོ་ཆེ་བའོ།)
  • Dictionaries/bod rgya nang don rig pai tshig mdzod/5466  + ((པརཱམིཏཿ)1.ཕ་རོལ་ཏུ་ཕྱིན་པ་སྟེ། ཐེག་ཆེན་གྱི་བསྒྲུབ་པའི་བསླབ་བྱ་གང་ཞིག་ཁྱད་ཆོས་བཞི་ལྡན་ཕྱིན་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །དེ་ནི་འཇིག་རྟེན་པ་དང་ཉན་རང་གི་དགེ་བ་ཀུན་ལས་ཕུལ་དུ་བྱུང་བས་ཕ་མཐར་སོན་པའོ།།)
  • Dictionaries/bod rgya nang don rig pai tshig mdzod/7534  + ((བིཏྱྰཙརཎསམྤནྣ:)སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཞིག་སྟེ། རིག་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཞབས་སུ་ལྡན་པ་ནི་བསླབ་པ་གསུམ་དང་ལྡན་པའི་དོན་གྱིས་བསླབ་པ་གསུམ་ལ་བརྟེན་ནས་བྱང་ཆུབ་བརྙེས་པའོ།།)
  • Dictionaries/bod rgya nang don rig pai tshig mdzod/4574  + ((བིནཡ)ལྟུང་བ་སྡེ་ལྔ་དང་། ལྟུང་བ་འབྱུང་བའི་རྒྱུ་དང་། ལྟུང་བ་ལས་ལྡང་བ་དང་། ལྷུང་བ་ལས་ངེས་པར་འབྱུང་བ་དང་། གང་ལ་བརྟེན་ནས་བསླབ་པ་བཅའ་བ་གང་ཟག བསླབ་པ་བཅས་པ་དངོས། དེའི་རབ་ཏུ་དབྱེ་བ། ལྟུང་བ་དང་ལྟུང་མེད་རྣམ་པར་ངེས་པ་བཅས་དོན་རྣམ་པ་བརྒྱད་སྟོན་པས་འདུལ་བ་ཞེས་བྱའོ།།)
  • Dictionaries/bod rgya nang don rig pai tshig mdzod/8781  + ((བིཤེཥཔཤྱ)ཏིང་ངེ་འཛིན་ཐམས༌ཅད་ཀྱི་སྤྱི་ཆིངས་སམ་རྒྱུ་ཞིག་སྟེ། དངོས་པོའི་རང་བཞིན་ལྷག་པའི་ཁྱད་པར་ཤེས༌རབ༌ཀྱི༌མིག་གིས་མཐོང་བའོ།།)