Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "Tibetan-Definition" with value "1. ལྕགས་ཕྱེ (ཨ་རུ་ར་བཏུལ་མ)སྲང་བཞི། 2. སྐྱེར་བའི་བར་ཤུན་སྲང་དོ། 3. ཨ་རུ་ར་སྲང་དོ། 4. བ་རུ་ར་སྲང་དོ། 5. སྐྱུ་རུ་ར་སྲང་དོ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/bod rgya nang don rig pai tshig mdzod/7546  + (སྤྱོད་རྒྱུད་ཀྱི་འཇུག་སྒོའི་དབང་ལྔ་སྟེ། ཞེ་སྡང་མེ་གསོད་ཆུ་ཡི་དབང་། ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་། འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང༌། ཕྲག་དོག་ལྕགས་སྒྲོལ་དྲིལ་བུའི་དབང་། གཏི་མུག་མུན་སེལ་མིང་གི་དབང་རྣམས་སོ།།)
  • Dictionaries/sngas rgyas chos gzhung tshig mdzod/10495  + (སྤྱོད་རྒྱུད་ཀྱི་འཇུག་སྒོའི་དབང་ལྔ་སྟེ། ཞེ་སྡང་མེ་གསོད་ཆུ་ཡི་དབང་དང་། ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་། འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་། ཕྲག་དོག་ལྕགས་སྒྲོལ་དྲིལ་བུའི་དབང་། གཏི་མུག་མུན་སེལ་མིང་གི་དབང་ཅེས་སོ། ཚིག་འདི་གསར་དུ་བཅོས་པ་ཡིན།)
  • Dictionaries/Brda dkrol gser gyi me long/7489  + (སྦྲང་རྩིའི་རོ་མའམ་སྙིགས་མའི་མིང་སྟེ།《འདུལ་སྦྲང་རྩིའི་རོ་མའམ་སྙིགས་མའི་མིང་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། སྤྲ་ཚིལ་ནི་སྦྲང་རྩིའི་ཚིགས་མའམ་སྙིགས་མ། ཞེས་དང་། 《ངག་སྒྲོན་གྱི་འགྲེལ་པ》ལས། སྤྲ་ཚིལ་སྦྲང་རྩིའི་རོ་མའམ་སྙིགས་མ་ལྷུང་བཟེད་གློན་བྱེད་དང་ལྕགས་གཡའ་ལེན་བྱེད། ཅེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། ལྷན་པ་སྙི་བ་ལྔ་པོ་བུ་རམ་དང་། རྒྱ་སྐྱེགས་ཀྱི་ཚིགས་མ་དང་། སྤྲ་ཚིལ་དང་། རོ་ཉེ་དང་། ཚོན་མོ་སྟེང་དག་གིས་གློན་པར་བྱེད་ནས། ཞེས་པ་ལྟ་བུའོ།།ེང་དག་གིས་གློན་པར་བྱེད་ནས། ཞེས་པ་ལྟ་བུའོ།།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/495  + (སྨན་ཨ་རུ་ར། བ་རུ་ར། སྐྱུ་རུ་ར་སྟེ་གསུམ།)
  • Dictionaries/chos rnam kun btus/8584  + (སྨེ་བ་དགུ་ནི། གཅིག་དཀར་གཉིས་ནག་གསུམ་མཐིང་དསྨེ་བ་དགུ་ནི། གཅིག་དཀར་གཉིས་ནག་གསུམ་མཐིང་དང་། ། བཞི་ལྗང་ལྔ་སེར་དྲུག་དཀར་དང་། ། བདུན་དམར་བརྒྱད་དཀར་དགུ་དམར་རོ། ། དེ་དག་འབྱུང་བ་ལྔར་བསྡུ་ཚུལ་ནི། དཀར་གསུམ་ལྕགས་ལ་ནག་མཐིང་ཆུ། ། བཞི་ལྗང་ཤིང་ལ་ལྔ་སེར་ས། ། དགུ་དམར་བདུན་དམར་མེ་ཡིན་ནོ། ། ཞེས་འབྱུང་བ་ལྟར་དང་། དེ་དག་མེ་ལོང་དགུར་སྦྱོར་ཚུལ་དང་ལོ་གང་ལ་དབང་ཚུལ་སྒོས་ཀྱི་གཉིས་ནག་གི་རེའུ་མིག་ནི་གཤམ་གསལ་ལྟར་རོ། །ི་གཉིས་ནག་གི་རེའུ་མིག་ནི་གཤམ་གསལ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/7877  + (ཧ་ཅང་དེ་ཙམ་སྐྱེ་མ་ཐུབ་པ་ཞེས་པའི་དོན་ཏེ།《བེཧ་ཅང་དེ་ཙམ་སྐྱེ་མ་ཐུབ་པ་ཞེས་པའི་དོན་ཏེ།《བེའུ་བུམ་སྔོན་པོའི་མིང་བརྡ་བཤད་པ》ལས། ཨ་ཅང་ཁོ་ན་སྐྱེ་མ་འཚལ་ནི་ཧ་ཅང་དེ་ཙམ་སྐྱེ་མ་ཐུབ་པ། ཞེས་གསུངས། དཔེར་ན།《བེའུ་བུམ་སྔོན་པོ》ལས། བཤེས་མཉེན་ཡང་ཡུན་རིང་བར་བསྟེན་པ་ལ། རྒྱུད་ལ་ཆོས་ཀྱང་ཨ་ཅང་ཁོ་ན་སྐྱེར་མ་འཚལ། ད་སྟབས་སུ་བཞུགས་བགྱི་བ་ཡང་མི་འཚལ་བ་གདའ་བས། ཞེས་པ་ལྟ་བུའོ།།ི་བ་ཡང་མི་འཚལ་བ་གདའ་བས། ཞེས་པ་ལྟ་བུའོ།།)
  • Dictionaries/sngas rgyas chos gzhung tshig mdzod/4831  + (ཨ་མདོ་དགོན་ལུང་དགོན་གྱི་དགེ་ལུགས་པའི་སྤྲུལ་སྐུ་གྲགས་ཅན་ཞིག་ཡིན། རབ་བྱུང་བཅུ་གསུམ་པའི་ལྕགས་བྱ་ལོར་གྲུབ་མཐའ་ཐམས་ཅད་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ཞེས་བྱ་བ་བརྩམས།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1935  + (ཨོ་རྒྱན་པདྨའི་བོད་དུ་གྲགས་པ་མཛད་པ་བཅུ་གཅིགཨོ་རྒྱན་པདྨའི་བོད་དུ་གྲགས་པ་མཛད་པ་བཅུ་གཅིག་ནི། འགྲོ་དྲུག་དོན་མཛད་བརྒྱད་ལྔ་ཆེ་བ་མཛད། ལྷ་འདྲེ་བཏུལ་མཛད་གཙུག་ལག་ཁང་བཞེངས་མཛད། མདོ་རྒྱུད་བསྒྱུར་མཛད་འཕྲིན་ལས་རྣམ་བཞི་མཛད། སྦྱོར་སྒྲོལ་གཉིས་མཛད་མནན་བསྲེག་འཕང་གསུམ་མཛད། དུས་བཞི་མཁྱེན་མཛད་བསྟན་ཞབས་གཏེར་སྐྱོང་མཛད། རྒྱ་བོད་དྲིན་ཆེན་གང་ལ་གང་འདུལ་མཛད། ཨོ་རྒྱན་རྣམ་ཐར་མདོར་བསྡུས་མཛད་པ་འདི། སུས་བྲིས་པ་དང་མཐོང་ཐོས་གཞན་ལ་སྟོན། དེ་དག་འཇིག་རྟེན་བདེ་བ་ཅན་དུ་སྐྱེ་ཞེས་གསུངས་སོ།ག་འཇིག་རྟེན་བདེ་བ་ཅན་དུ་སྐྱེ་ཞེས་གསུངས་སོ།)
  • Dictionaries/Brda dkrol gser gyi me long/454  + (《བཤེས་སྤྲིངས》ལས། དབང་མེད་གཞན་དག་རྡེག་པ་ལག་《བཤེས་སྤྲིངས》ལས། དབང་མེད་གཞན་དག་རྡེག་པ་ལག་པ་དང་། ལྕག་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ། ཞེས་པའི་གདབ་པས་བཏབ་ཅེས་པའི་གདབ་པ་ནི་མཚོན་ཆ་དང་དབྱུག་པ་སོགས་ལ་ཟེར་ཏོ། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། གདབ་པས་བཏབ་ཅེས་པ་ལ་རྗེ་རེད་མདའ་བའི་ཊིཀར་གདབ་པ་སྟེ་མཚོན་ཆ་ཞེས་གསུངས་སོ།།འ་བའི་ཊིཀར་གདབ་པ་སྟེ་མཚོན་ཆ་ཞེས་གསུངས་སོ།།)
  • Dictionaries/Brda dkrol gser gyi me long/1408  + ((2)ཉེ་འབྲེལ་གྱི་ཟས་ཀྱི་མིང་སྟེ། 《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། སྐྱུ་གང་ཞེས་པའི་ཟུར་མཆན་དུ་ཇུ་གང་སྟེ་ཉེ་འབྲེལ་གྱི་ཟས། ཞེས་བྱུང་ངོ་།།)
  • Dictionaries/Brda dkrol gser gyi me long/1958  + ((2)དབུ་འཕང་གི་མིང་སྟེ། 《བརྡ་ཡིག་བློ་གསལ་མ(2)དབུ་འཕང་གི་མིང་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། དབུ་རྨོག་ནི་དབུ་འཕང་སྟེ་བཀུར་སྟི་དང་གྲགས་པ་རྒྱས་པའི་དོན། ཞེས་གསུངས། དཔེར་ན། 《ལྷ་ས་གཙུག་ལག་ཁང་མདུན་གྱི་ཁྲང་ཆིང་མཐུན་སྒྲིལ་རྡོ་རིང་གི་ཡི་གེ》ལས། དགྲ་ཐབས་མཁས་པས་ནི་ཕྱིའི་དགྲ་བཏུལ་ཏེ། ཆབ་སྲིད་ནི་ཕྱིར་ཞིང་ཆེ། དབུ་རྨོག་ནི་སླར་ཞིང་བཙན་པས་ནམ་ཞར་གཙུག་མི་འགྱུར། བཀའ་དྲིན་ཆེན་པོས་ཕྱི་ནང་གཉིས་སུ་སྙོམས་ཤིང་། དབུ་རྨོག་བཙན། བཀའ་ལུང་གཉན་ཏེ། ཞེས་པ་ལྟ་བུའོ། ། འདི་ལ་དབུ་རྨོག་བྲིས་པའང་སྣང་སྟེ། 《ཏུན་ཧོང་གཏེར་ཡིག་བཙན་པོ་རིམ་བྱུང་གི་ལོ་རྒྱུས》ལས། ཆབ་སྲིད་གནམ་བས་མཐོ། དབུ་རྨོག་རི་བས་བརྩན། ཞེས་པ་ལྟ་བུའོ། །ོ། དབུ་རྨོག་རི་བས་བརྩན། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/4897  + ((2)ནུས་སྟོབས་ཀྱིས་གཉའ་རེངས་འདུལ་བའི་དོན་ལའ(2)ནུས་སྟོབས་ཀྱིས་གཉའ་རེངས་འདུལ་བའི་དོན་ལའང་འཇུག་སྟེ།《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། འཇུར་ཞིང་འཇུན་ཞེས་པ་འདི་འཇུར་མིག་དེར་བཤར་བའི་དོན་ཡིན། ཇ་ལུང་ངམ་ཀོ་ཐག་བཟོ་བའི་ལྕགས་སོའི་བུག་པར་འཇུར་མིག་ཟེར། དེས་མཚོན་ནས་བཙན་པོའི་སྟོབས་ཀྱིས་གཉའ་རེངས་འདུལ་བ་ལའང་འཇུར་བ་དང་འཇུན་ཞེས་ཟེར། ཞེས་གསུངས་པ་ལྟར་རོ།།ུར་བ་དང་འཇུན་ཞེས་ཟེར། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/7027  + ((2)བཙོས་ནས་སྐྱུར་མོར་གྱུར་པའི་སྔོ་ཚོད་ཀྱི་(2)བཙོས་ནས་སྐྱུར་མོར་གྱུར་པའི་སྔོ་ཚོད་ཀྱི་མིང་སྟེ། 《ངག་སྒྲོན་གྱི་འགྲེལ་པ》ལས། སྐྱུ་རུམ་ཟས་ཀྱི་རོ་གསལ་བྱེད་ཚོད་མ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། ཞལ་ཟས་ཀྱང་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་དང་ལྡན་པ། སྐྱུ་རུམ་སྣ་ཚོགས་དང་བཅས་པ་བཤམས་པ། ཞེས་པ་ལྟ་བུའོ། །་སྣ་ཚོགས་དང་བཅས་པ་བཤམས་པ། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2237  + ((2)བུ་ག་ཕུག་པའི་དོན་ལ་འཇུག་པ་ཡོད་དེ།《ཏུན་ཧོང་གཏེར་ཡིག་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ལས། ལྕགས་ཀྱིས་ནི་མ་དྲལ་ན། སྨྱུག་གིས་ནི་རེ་མྱི་ཕུགས། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/6490  + ((2)མཁར་དང་ལྕགས་རི་སོགས་ཀྱི་སྟེང་དུ་ཡོད་པའི་ཁང་ཆུང་ལྟ་བུའི་མིང་སྟེ།《ངག་སྒྲོན་གྱི་འགྲེལ་པ》ལས། ལྕོག་ནི་ལྕགས་རི་སོགས་ཀྱི་སྟེང་དུ་ཡོད་པའི་ཁང་ཆུང་ལྟ་བུ། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/453  + ((2)མཚོན་ཆ་ལའང་འཇུག་སྟེ།《མཉམ་མེད་ཤེས་རབ་རྒྱ(2)མཚོན་ཆ་ལའང་འཇུག་སྟེ།《མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར》ལས། གདབ་པ་ནི་དབྱུག་པ་དང་མཚོན་ཆ་སོགས་སོ།། ཞེས་དང་།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། གདབ་པ་ནི་ཤིང་གི་ཡལ་ག་ལྕུག་ཕྲན་ཏེ། ལམ་རིམ་ཆེན་མོར་བཤེས་སྤྲིངས་དྲངས་པ་ལས། ལྕག་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ།། ཞེས་པ་ལྟར་རོ།། ཞེས་གསུངས་སོ།།བ་སྟེ་བཀོལ།། ཞེས་པ་ལྟར་རོ།། ཞེས་གསུངས་སོ།།)
  • Dictionaries/Brda dkrol gser gyi me long/1730  + ((2)ཞིང་རྨོ་བྱེད་ཀྱི་ཐོང་པའི་ལྕགས་ཀྱི་མིང་ཡིན་པར་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་བྱུང་།)
  • Dictionaries/Brda dkrol gser gyi me long/541  + ((2)ཞིབ་པའི་དོན་ལའང་འཇུག་སྟེ། ཡང་དེ་ཉིད་ལས། ཚོན་སོགས་བཏུལ་བའི་གནུར་ཞེས་པའི་མཆན་དུ་ཞིབ་པར། ཞེས་བྱུང་བ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/3827  + ((2)ཟངས་གཙོ་བོར་བྱས་པའི་ལྕགས་རིགས་འདྲེས་མ་ཞིག་གི་མིང་སྟེ། 《བཀའ་ཆེམས་ཀ་ཁོལ་མ》ལས། ཁྲོ་ཆུ་ཕ་གུ་ལེབ་མོར་གཅལ་དུ་བཀྲམ། བསྲུབས་ནི་མཁར་བའི་ཆུས་བསྡམས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/1590  + ((2)འཆིང་ཐག་གི་དོན་ལ་འཇུག་པར་སྣང་སྟེ།《བདེན་(2)འཆིང་ཐག་གི་དོན་ལ་འཇུག་པར་སྣང་སྟེ།《བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》ལས། སྒོ་མོ་དུང་ལས་བགྱིས་ནས་གདའ།། ཐ་རམས་ལྕགས་ལས་བགྱིས་ནས་གདའ།། ཞེས་གསུངས། དཔེར་ན།《སྡོམ་པ་གསུམ་གྱི་གཏམ་རྒྱུད་ངོ་མཚར་ནོར་བུའི་ཕྲེང་བ》ལས། འབྲོས་པར་སྙམ་ཡང་ལྕགས་ཀྱི་ཐ་རམས་ཀྱིས་བསྡམས་ནས་མི་ཐར་བ་ཤིན་ཏུ་སྦྱོང་ངོ་།། ཞེས་པ་ལྟ་བུའོ།།མི་ཐར་བ་ཤིན་ཏུ་སྦྱོང་ངོ་།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1386  + ((2)རྐང་ལག་བཀྲུ་བའི་སྣོད་ཀྱི་མིང་སྟེ།《འདུལ་(2)རྐང་ལག་བཀྲུ་བའི་སྣོད་ཀྱི་མིང་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཆོལ་ཟངས་ནི་རྐང་ལག་བཀྲུ་བའི་སྣོད་ཅེས་རྒྱ་ཆེར་འགྲེལ་དུ་གསུངས་ཏེ། དེ་ནི་ས་དང་ཟངས་ལྕགས་སོགས་ལས་བྱས་པ་དབྱིབས་གླང་པོ་ཆེའི་རྨིག་མཐིལ་འདྲ་བ་ནང་གི་དབུས་མཐོ་བ་ཀ་དམ་པའི་མེ་ཏོག་ལྟར་ལྕོག་ལྕོག་པོ་རྩུབ་པ་ཞེས་བཤད་དོ།། ཞེས་གསུངས།ྕོག་ལྕོག་པོ་རྩུབ་པ་ཞེས་བཤད་དོ།། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/5402  + ((2)རྨོག་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་ད(2)རྨོག་ལ་འཇུག་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། ཡ་ལད་ནི་གོ་ཆ་སྤྱི་དང་སྐབས་ཐོབ་ཀྱི་རྨོག་གི་མིང་ལ་འཇུག་པའང་ཡོད། ཅེས་གསུངས། དཔེར་ན། 《མི་དབང་རྟོགས་བརྗོད》ལས། ལུས་མཚོན་ཆ་ལས་ཉེ་བར་སྐྱོབ་པའི་ཡ་ལད་ཀྱི་རིམ་པ་ལྕགས་ཀྱི་དྲ་མིག་ཅན་དང་། མན་ད་སུའི་ནང་ཚངས་ཅན་དང་། མཚོན་ཆ་མེའི་འཕྲུལ་འཁོར་དྲག་ཅིང་རྩུབ་པ་དང་། རལ་གྲི་རྣོ་དབལ་དང་ལྡན་པ་སོགས་མཆིས། ཞེས་པ་ལྟ་བུའོ། །་དབལ་དང་ལྡན་པ་སོགས་མཆིས། ཞེས་པ་ལྟ་བུའོ། །)
  • Dictionaries/Brda dkrol gser gyi me long/2346  + ((2)ལྕགས་ཀྱི་ཁེམ་བུའི་མིང་སྟེ།《འདུལ་བའི་གླེང་འབུམ》ལས། ལྕགས་ཀྱི་ཐལ་ཕྱགས་ནི་མེ་སྤུངས་པའི་ལྕགས་ལེབ་ཀྱི་ཁེམ་བུ་སྟེ་ནལ་ཟེ་ཟེར་རོ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/6738  + ((2)སྐ་རགས་རྒྱུན་ཕྲ་མོའི་མིང་སྟེ། 《འདུལ་བའ(2)སྐ་རགས་རྒྱུན་ཕྲ་མོའི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཤུར་བུ་ཕྲེའུ་ནི་སྐུད་པ་ཁྲ་བོ་ལས་བཏགས་པ་མདོ་མདོར་བུ་གུ་ལྔའམ་དྲུག་རིམ་དུ་བཏོད་པའི་སྐ་རགས་སོ། ། ཡང་ཤུར་བུ་ཕྲེའུ་ནི་སྐ་རགས་རྒྱུན་ཕྲ་མོའོ། ། ཞེས་རྣམ་འབྱེད་འགྲེལ་པར་གསུངས་སོ། ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི》ལས། སྐ་རགས་རྣམ་པ་གསུམ་པོ། ཤུར་བུ་དང་། ཤུར་བུ་ཕྲེའུ་དང་། ལྕགས་པོད་བཅང་བར་བྱའོ། ། ཞེས་པ་ལྟ་བུའོ། ། གཞན་ཡང་འདི་ལ་ཤུར་བུ་ཁྲེལ་བུ་དང་ཤུར་བུ་ཕྲེ་རུ་སོགས་བྲིས་པའང་སྣང་སྟེ། 《དག་ཡིག་མཁས་པའི་འབྱུང་གནས》ལས། ཤུར་བུ་ཕྲེ་རུ་ནི་སྐེ་རགས་ཐུང་ངུ་། ཞེས་གསུངས་པ་ལྟར་རོ། །་ནི་སྐེ་རགས་ཐུང་ངུ་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/1731  + ((3)ཐུ་ལུམ་ལའང་འཇུག་པར་བཤད་པ་ཡོད་དེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཐུ་ལུམ་དང་ཐོང་ལྕགས་གཉིས་རྣམ་གྲངས་སུ་བཤད་པའང་སྣང་། ཞེས་སགུངས་སོ།།)
  • Dictionaries/Brda dkrol gser gyi me long/6481  + ((1) གནམ་ལྕགས་སམ་ལྕེ་འབབ་བམ་ཐོག་གི་མིང་སྟེ།《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། ལྕེ་ནི་གནམ་ལྕགས་ལྕེ་འབབ་ཐོག། ཅེས་གསུངས།)
  • Dictionaries/Brda dkrol gser gyi me long/3107  + ((1) གཡོབ་པ་དང་། བཏུལ་བའི་དོན་ཏེ།《ངག་སྒྲོན་(1) གཡོབ་པ་དང་། བཏུལ་བའི་དོན་ཏེ།《ངག་སྒྲོན་གྱི་འགྲེལ་པ》ལས། གཡབ་མོ་སོགས་བརྡུལ་བ་གཡོབ་པ་དང་བཏུལ་བའི་དོན་ཡིན་ཞིང་། ཞེས་གསུངས་པ་ལྟར་དང་། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ 》ལས། རྣམ་པར་ཤེས་པ་དྲུག་ཅིག་ཅར་མྱེད་པའི་གནས་སུ་བསྡུས་ཏེ། སེམས་གཅིག་ཏུ་བརྡུལ་ཏེ་སྒོམ་པ་བཞིན་དུ་འབའ་ཤིག་སེམས་སོ།། ཞེས་པ་ལྟ་བུའོ།།་བཞིན་དུ་འབའ་ཤིག་སེམས་སོ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/2867  + ((1) ཕྱོགས་གཅིག་ཏུ་སྤུངས་པའི་དོན་ཏེ།《འདུལ་བ(1) ཕྱོགས་གཅིག་ཏུ་སྤུངས་པའི་དོན་ཏེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། བཅེར་བ་ནི་སྤུངས་པ་སྟེ། མེ་མི་འཆི་བའི་ཕྱིར་ཕྱོགས་གཅིག་ཏུ་སྤུངས་པ། ཞེས་གསུངས། དཔེར་ན། 《འདུལ་བ》ལས། མེ་མི་འཆི་བར་བྱ་བའི་ཕྱིར་སྦ་བར་བྱའོ།། ཅིས་བཅེར་བ་མི་ཤེས་ནས་དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱག་བཅང་བར་བྱའོ།། ཞེས་པ་ལྟ་བུའོ།།ས་ཀྱི་ཐལ་ཕྱག་བཅང་བར་བྱའོ།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/3893  + ((1) ལྕགས་ཀྱུའི་མིང་སྟེ། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། མཆིལ་པ་ཞེས་པ་ཉ་འཛིན་པའི།། ལྕགས་ཀྱུའི་མིང་དུ་ཤེས་པར་བྱ།། ཞེས་གསུངས་པ་དང་། 《སྤྱོད་འཇུག》ལས། ཉོན་མོངས་ཉ་པས་བཏབ་པ་ཡི།། མཆིལ་པ་འདི་ནི་མི་བཟད་གཟེབ།། ཅེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/1729  + ((1) ལྕགས་སྡོང་གི་མིང་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཐོང་ལྕགས་ནི་ལྕགས་སྡོང་། ཞེས་གསུངས།)
  • Dictionaries/Brda dkrol gser gyi me long/7401  + ((1) སྐུ་གདུང་གི་མིང་སྟེ།《མཁས་པའི་དགའ་སྟོན》ལས། རྒྱལ་ཕྲན་ལོ་ངམ་རྟ་རྫི་བྱ་བ་ལ།། འཐབ་ཟླ་བཅོལ་ཏེ་འཐབས་པས་གྲི་རུ་བཀྲོངས།། ཟངས་ཀྱི་ག་འུར་སྤུར་བཅུག་ལྕགས་གཟེར་བཏབ།། ཉང་ཆུ་སྐཡ་མོའི་ནང་དུ་བོར་བར་གྱུར།། ཞེས་པ་ལྟ་བུའོ།།)
  • Dictionaries/Brda dkrol gser gyi me long/7026  + ((1) སྐྱོ་ཚའམ་ཕྱེ་ཐུག་གི་མིང་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། སྐྱུ་རུམ་ནི་སྐྱོ་ཚ་དང་ཕྱེ་ཐུག ཅེས་གསུངས།)
  • Dictionaries/Brda dkrol gser gyi me long/4710  + ((1) སྒོ་ལྕགས་ཀྱི་མིང་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཟྭ་ནི་སྒོ་ལྕགས། ཞེས་གསུངས། དཔེར་ན། 《འདུལ་བ་བློ་ལྡན་གྱི་དག་ཡིག》ལས། ལྕགས་ཀྱི་ཟྭ་དང་ཁ་ལ་ཟ། ། ཝ་ཟུར་ཡོད་དང་མེད་པའི་ཁྱད། ། ཅེས་གསུངས་པ་ལྟར་རོ། །)
  • Dictionaries/Brda dkrol gser gyi me long/519  + ((1) སྒོའི་ཡ་ཐོག་ཏུ་བཏབ་པའི་ལྕགས་གཟེར་རམ་ཤི(1) སྒོའི་ཡ་ཐོག་ཏུ་བཏབ་པའི་ལྕགས་གཟེར་རམ་ཤིང་གཟེར་གྱི་མིང་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། གནམ་གཟེར་ནི་སྒོའི་ཡ་ཐོག་ཏུ་བཏབ་པའི་ལྕགས་གཟེར། ཞེས་དང་། 《འདུལ་བའི་གླེང་འབུམ་མིང་བརྡའི་རྣམ་བཤད》ལས། གནམ་གཟེར་ནི་སྒོའི་ཡ་ལུགས་ལ་བཏགས་པའི་ཤིང་གི་གཟེར་བུའོ།། ཞེས་གསུངས་པ་ལྟར་རོ།།འི་ཤིང་གི་གཟེར་བུའོ།། ཞེས་གསུངས་པ་ལྟར་རོ།།)
  • Dictionaries/Brda dkrol gser gyi me long/5412  + ((1) ཨ་ལོང་གི་མིང་སྟེ། 《འདུལ་བའི་སྡེ་སྣོད་ཀྱི་མིང་དོན་བརྡ་དཀྲོལ》ལས། ཡང་མིག་ནི་སྒོ་ཕྱིར་འདྲེན་པའི་ལྕགས་ཀྱི་ཨ་ལོང་ལྟ་བུ། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། ཡང་མིག་སྒྲ་འཁྲོལ་ནས། ཀོ་བའི་དུམ་བུ་གཞུག་གོ ། ཞེས་པ་ལྟ་བུའོ། །)
  • Dictionaries/bod rgya nang don rig pai tshig mdzod/859  + ((ཁཀྵིརཿ)རབ་བྱུང་ལ་གནོད་འཚེ་བསྲུང་བའི་ཕྱིར་(ཁཀྵིརཿ)རབ་བྱུང་ལ་གནོད་འཚེ་བསྲུང་བའི་ཕྱིར་དུ་སྟོན་པས་གནང་བའི་སིལ་སྙན་བཅུ་གཉིས་དང་ལྡན་པའི་འཁར་བ་སྟེ། རྒྱུ་ལྕགས་དང་ཤིང་གཉིས་ལས་གྲུབ་པ། རིམ་པ་གསུམ་བྲེང་ཆགས་སུ་ཡོད་པའི་སྟོད་སྨད་གཉིས་ལྕགས་དང་བར་མ་ཤིང་ཡིན་ལ། སྟོད་སྨད་ཀྱི་ལྕགས་བརྒྱད་བཞོག་བྱས་ཤིང་། འོག་མ་ལ་རྒྱ་མདུད་ཡོད་པ། དུམ་བུ་སྟེང་མ་ལ་འཁོར་ལོ་དང་ལྕགས་ཀྱུ་ཡོད་ཅིང་། རྭ་བཞིའམ། གཉིས་སུ་ངེས་པ། དེ་ལ་སིལ་སྙན་བཅུ་གཉིས། སྟེང་དང་ནང་ལ་མཆོད་རྟེན་ཡོད་པ། རྭའི་བར་སྟོང་པ། རྭའི་དཔང་མཐོ་གང་སོར་བཞི་དང་རྭ་མན་ཆད་ལུས་ཚད་དང་མཉམ་པའོ།།གང་སོར་བཞི་དང་རྭ་མན་ཆད་ལུས་ཚད་དང་མཉམ་པའོ།།)
  • Dictionaries/bod rgya nang don rig pai tshig mdzod/7945  + ((པཱུརྦྰབིདེཧ:)རི་རབ་ཀྱི་ཤར་ངོས་རྒྱ་མཚོར་ཆག(པཱུརྦྰབིདེཧ:)རི་རབ་ཀྱི་ཤར་ངོས་རྒྱ་མཚོར་ཆགས་པའི་གླིང་ཆེན་འདིར་ཡོད་པའི་མིའི་ལུས་འཛམ་གླིང་པ་ལས་ཉིས་འགྱུར་གྱིས་ཚེར་འཕགས་པས་ན་ལུས་འཕགས་དང་། དབྱིབས་ཟླ་གམ་ཁ་ནང་དུ་བསྟན་པ་ལྟ་བུ། ནང་དང་གཡས་གཡོན་གྱི་ངོས་གསུམ་འཛམ་གླིང་དང་འདྲ་བར་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད་ཅིང་ལྕགས་རིའི་ཕྱོགས་ཀྱི་ངོས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་པ།ི་ངོས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་པ།)
  • Dictionaries/chos rnam kun btus/10310  + ((མངོན་པའི་ལུགས) 1. རྡུལ་ཕྲ་རབ་བདུན་ལ་རྡུལ་(མངོན་པའི་ལུགས)</br>1. རྡུལ་ཕྲ་རབ་བདུན་ལ་རྡུལ་གཅིག</br>2. དེ་བདུན་ལ་ལྕགས་འདུལ་གཅིག</br>3. དེ་བདུན་ལ་གླང་རྡུལ་གཅིག</br>4. དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག</br>5. དེ་བདུན་ལ་སྲོ་མ་གཅིག</br>6. དེ་བདུན་ལ་ཤིག་གཅིག</br>7. དེ་བདུན་ལ་ནས་གཅིག</br>8. དེ་བདུན་ལ་སོར་མོ་དབུས་མའི་ཚིགས་གཅིག</br>9. སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་། །</br>10. ཁྲུ་བཞི་ལ་གཞུ་གང་སྟེ་འདོམ་ག་ང་ངོ་། །</br>11. གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་སྟེ་དེ་གྲོང་ལས་དེ་སྲིད་འཕགས་པ་ལ་དགོན་པ་ཞེས་བྱའོ། །</br>12. དེ་ལས་ཉེ་བ་རྒྱང་གྲགས་ཕྱེད་ལ་བས་མཐའ་ཞེས་བྱའོ། །</br>13. རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་སྟེ་གཞུ་འདོམ་བཞི་སྟོང་ངོ་། །ལ་དཔག་ཚད་གཅིག་སྟེ་གཞུ་འདོམ་བཞི་སྟོང་ངོ་། །)
  • Dictionaries/chos rnam kun btus/10261  + ((འཁྲུག་གློ་ཀུན་སེལ།)སྦྱོར་ཚད། 1. ཨ་རུ་རུས་(འཁྲུག་གློ་ཀུན་སེལ།)སྦྱོར་ཚད།</br>1. ཨ་རུ་རུས་མེད། 65g</br>2. བ་རུ་རུས་མེད། 40g</br>3. སྐྱུ་རུ་རུས་མེད་50g</br>4. མ་ནུ་40g</br>5. རུ་རྟ་25g</br>6. བ་ལེ་ཀ་53g</br>7. ཅུ་གང་50g</br>8. རྒྱ་སྐྱེགས་25g</br>9. བཙོད་40g</br>10. འབྲི་མོག་40g</br>11. སྲོ་ལོ་དཀར་པོ་50g</br>12. སྤང་རྩི་དོ་བོ་50g</br>13. ལི་ག་དུ་ར་35g</br>མདོག་དབྱིབས་དང་ངོ་བོ། སྨན་སྦྱོར་འདི་ཁ་དོག་དམར་སྨུག་དང་དྲི་ཅུང་ཞིམ་ཞིང་རོ་ཁ་བའི་རིལ་བུ་རང་བཞིན་བསིལ་ལ་བཟི་མེད་པ་ཞིག</br>ཕན་ཡོན་དང་གཙོ་བཅོས། འཁྲུགས་གློ་ཀུན་སེལ་འདི་ཡང་འགྲམས་ལ་བསྔགས། གཞན་ཡང་འཁྲུགས་རྒན་གློ་རོ་ལུད་པ་ལུ། ཆམ་གཞུག་ལ་སོགས་ཀུན་ལ་མཆོག་ཏུ་འགྱུར། །་ལུ། ཆམ་གཞུག་ལ་སོགས་ཀུན་ལ་མཆོག་ཏུ་འགྱུར། །)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/2096  + ((ཨ་ནུ་ཡོ་ག་ལ། ) གཅན་གཟན་རྒྱལ་པོ་སེང་གེ་མི་(ཨ་ནུ་ཡོ་ག་ལ། ) གཅན་གཟན་རྒྱལ་པོ་སེང་གེ་མི་བསད་ཅེས་སློབ་དཔོན་ལ་མི་བསྔོ། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་དུག་མི་བྱོ་ཅེས་པ་སློབ་དཔོན་གྱི་ཡུམ་ལ་མི་སྤྱད། རིན་པོ་ཆེའི་ལྕུག་ཕྲན་མི་བྲེག་ཅེས་པ་དད་པ་ཅན་གྱི་ཚོགས་དང་དུས་མཆོད་མི་བཅག གངས་ཀྱི་ཞུན་ཆུ་ཁོལ་མ་མི་བཏུང་ཅེས་པ་དཀོན་མཆོག་གི་དཀོར་དང་བླ་མའི་རྫས་མི་སྤྱད། པདྨའི་ཟེའུ་འབྲུ་ཁ་མི་དབྱེ་ཅེས་པ་མཆེད་ཀྱི་ཡུམ་མི་སྤྱད། སྣོད་བུག་རྡོལ་ནང་དུ་བཅུད་མི་བླུག་ཅེས་པ་གཟུངས་མ་མཚན་ངན་ལ་མི་སྤྱད། མ་བརྟགས་པའི་རྫས་མི་འཆང་ཞེས་པ་སློབ་མ་ངན་པ་དང་བཀྲ་མི་ཤིས་པའི་རྫས་མི་འཆང་། ཤེལ་གོང་དཀར་པོ་འདེམ་དུ་མི་འཇུག་ཅེས་པ་ཤེས་རབ་ཅན་གྱི་གང་ཟག་སྨད་པར་མི་བྱ། སེང་གེའི་འོ་མ་སྣོད་ངན་དུ་མི་བླུག་ཅེས་སྔགས་ཀྱི་དབང་ཆོས་དམ་ཉམས་ལ་མི་བཤད། ཡིད་བཞིན་ནོར་བུ་མི་སྲེག་ཅེས་པ་གསང་སྔགས་ཀྱི་བཀའ་ལོག་སྟེ་ཐེག་དམན་དུ་མི་འཇུག བྱ་ཁྱུང་གི་གཤོག་པ་མི་བཅག་ཅེས་པ་ཐབས་ཤེས་བསྐྱེད་རྫོགས་ཡ་མི་བྲལ། གནམ་ལྕགས་ཨུར་མོ་ས་ལ་མི་བརྡབ་ཅེས་པ་རྣལ་འབྱོར་པ་ནང་དུ་དམེ་མི་བྱ། སྟག་གཟིག་རོལ་པའི་ཟས་ལྷག་མི་ཟ་ཅེས་དམ་ཉམས་དང་ཡུག་པའི་ཟས་མི་ཟ། རྡོ་རྗེ་གདམས་པའི་བྲག་མི་གཤག་ཅེས་པ་སློབ་དཔོན་གྱི་སྟན་མི་འགེང་། མུན་པ་སེལ་བའི་སྒྲོན་མི་བསད་ཅེས་པ་བསྐྱེད་རྫོགས་དུས་བྱིང་རྨུགས་སྤང་། རྡོ་རྗེ་ར་བའི་སྒོ་མི་ཧྲལ་ཞེས་པ་བསྒྲུབ་པའི་མཚམས་མི་ཧྲལ། རྡོ་རྗེའི་ལམ་བར་མི་གཅོད་ཅེས་པ་འཛབ་རྒྱུན་མི་བཅད། རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་མི་སྦྱིན་ཞེས་པ་བསྒྲུབ་རྫས་མི་སྦྱིན། རྡོ་རྗེ་མཁར་རྫོང་རྨང་ནས་མི་བཤིག་ཅེས་པ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པར་མི་བྱ། ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་ནས་མི་འབེབས་ཅེས་པ་སློབ་དཔོན་ལ་མ་གུས་པ་སྤང་ཞིང་། སྤྱི་བོར་བསྒོམ་ལ་ལུས་ངག་ཡིད་གསུམ་གུས་པར་བྱའོ།ི་བོར་བསྒོམ་ལ་ལུས་ངག་ཡིད་གསུམ་གུས་པར་བྱའོ།)
  • Dictionaries/bod rgya nang don rig pai tshig mdzod/5053  + ((ཨབཱིཙི)ཚ་དམྱལ་བརྒྱད་ཀྱི་ནང་གསེས། ལྕགས་ཁྱི(ཨབཱིཙི)ཚ་དམྱལ་བརྒྱད་ཀྱི་ནང་གསེས། ལྕགས་ཁྱིམ་འབར་བའི་ནང་དུ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་ལྕགས་བསྲེགས་ཀྱི་སོལ་བ་རི་ལྟར་སྤུངས་པའི་ཁྲོད་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བཅུག་ནས། མེ་དང་ལུས་གཉིས་མེད་དུ་བསྲེག་པ་དང་། ཁྲོ་ཆུ་ཁོལ་མ་ཁར་བླུགས་པ་སོགས་ཀྱི་སྡུག་བསྔལ་ཡ་ང་བ་མྱོང་དགོས་པའོ།།པ་སོགས་ཀྱི་སྡུག་བསྔལ་ཡ་ང་བ་མྱོང་དགོས་པའོ།།)
  • Dictionaries/bod rgya nang don rig pai tshig mdzod/1396  + ((ཨརྷནྟ)བདུད་བཞིའི་དགྲ་ཐམས་ཅད་བཏུལ་བའམ། ཐུལ་བར་བྱས་པའོ།།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1677  + (1. གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། 21. གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། 2. ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། 3. གདུག་པ་ཅན་བསྲེག་ཡེ་ཤེས་མེའི་ཆས། 4. སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། 5. ཁྱབ་མཛད་རེ་བསྐོང་རྡོ་རྗེའི་གཤེགས་པའི་ཆས། 6. མངའ་ཐང་ཡོངས་རྫོགས་རྡོ་རྗེ་སླག་པའི་ཆས། 7. སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། 8. གནོད་གདུག་བཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས་ཞེས་པའམ། ཡང་ན། 1. དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། 2. རྡོ་རྗེ་ཁྱུང་གཤོག་ཐབས་དང༌ཤེས་རབ་ཆས། 3. མཐིང་ནག་ཅོད་པན་དཔའ་རྟགས་ཟིལ་གནོན་ཆས། 4. སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། 5. དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། 6. གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། 7. གནོད་གདུག་བཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། 8. ཉོན་མོངས་ཅན་བསྲེག་རྡོ་རྗེ་མེ་ཡི་ཆས། དེ་རྣམས་དཔལ་གྱི་སྐུ་ལ་ཡེ་ནས་རྫོགས།་ཡི་ཆས། དེ་རྣམས་དཔལ་གྱི་སྐུ་ལ་ཡེ་ནས་རྫོགས།)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1875  + (1. གུ་གུལ་དཀར་པོ་སྲང་དོ། 2. ཐལ་ཀ་རྡོ་རྗེ་སྲང་གང་། 3. སོ་མ་ར་ཛ་སྲང་གང་། 4. རུ་རྟ་སྲང་གང་། 5. བ་ཤ་ཀ་སྲང་གང་། 6. ཨ་རུ་ར་སྲང་གང་། 7. བ་རུ་ར་སྲང་གང་། 8. སྐྱུ་རུ་ར་སྲང་གང་། 9. སླེ་ཏྲེས(ཤུན་པ་དང་ཚིགས་འདོར་བ) སྲང་གང་། 10. བྲག་ཞུན་སྲང་གང་།)
  • Dictionaries/chos rnam kun btus/10092  + (1. དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། ཆོས་སྒ1. དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། ཆོས་སྒོ་བརྒྱ་བསྟན་གཟིགས་པ་རྣམ་ལྔས་འཕོས་ཞེས་བདག་ཅག་གི་སྟོན་པ་འདི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བྲམ་ཟེའི་ཁྱེའུ་བླ་མར་གྱུར་ནས་ཚངས་པར་སྤྱོད་པར་སྤྱད་དེ། དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་སྐུ་འཁྲུངས་པ་ཡན་ཆད་སྐྱེ་བ་མངོན་པར་སྐྱེ་བའི་སྤྲུལ་པའི་སྐུས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་ནས། མཆོད་པའི་རོལ་མོ་ལས་གཞན་དོན་དུ་བསྐུལ་བའི་སྒྲ་གསན་པ་ན། ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་ཁང་བཟང་དུ་བྱང་ཆུབ་སེམས་དཔའ་རང་དང་སྐལ་བ་མཉམ་པ་རྣམས་དང་བཀའི་བགྲོ་བ་མཛད་ཅིང་ཆོས་སྟོན་པའི་གནས་སུ། དད་པ་ནི་ཆོས་སྣང་བའི་སྒོ་སྟེ། བསམ་པ་མི་ཕྱེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་ནས་ལ་ཐོད་དང་ཅོད་པན་བྱམས་པའི་དབུ་ལ་བཞག་ནས་ཁྱོད་ནི་ངའི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཅིང་དགའ་ལྡན་དུ་ཆོས་སྟོན་པ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་རོ། ། དེ་ནས་གཟིགས་པ་རྣམ་པ་བཞིའམ་ལྔ་ཡིས་འཇིག་རྟེན་ལ་གཟིགས་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ཉ་བའི་ཚེས་བཅོ་ལྔ་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སྦྱོར་ལ་དགའ་ལྡན་གྱི་གནས་ནས་འཕོས་པར་མཛད་དོ། །</br>2. འཛམ་གླིང་ཚེ་ལོ་བརྒྱ་པར་ཡུལ་དབུས་སུ་རྒྱལ་རིགས་ཡབ་དང་སྒྱུ་འཕྲུལ་ལྷུམས་སུ་ཞུགས་ཞེས་དེའང་མིའི་གླིང་གཞན་གསུམ་ལས་ཁྱད་དུ་འཕགས་པ་འཛམ་བུའི་གླིང་ཚེ་ལོ་བརྒྱད་ཁྲི་པ་ཡན་ཆད་ལོངས་སྤྱོད་ཀྱི་འབྱོར་བ་ཆེ་བས་ཡིད་འབྱུང་བར་དཀའ་ཞིང་། ལོ་བརྒྱ་པ་མན་ཆད་ཀྱང་སྙིགས་མ་ལྔ་ཧ་ཅང་བདོ་བས་མི་ཁོམ་པར་སྣང་བ་དེ་དག་གི་སྐྱོན་མེད་པས་སྐྱེ་དགུ་གདུལ་སླ་བར་གྱུར་པའི་དུས་ཚེ་ལོ་བརྒྱ་པ། རྩོད་དུས་ལ་ལྟོས་ཏེ་ཡུལ་གྱི་སྐྱོན་གྱི་ཆ་ནས་སྨད་དུ་མེད་པ་དབུས་འགྱུར་འཆང་གི་ཡུལ། འཇིག་རྟེན་འདིར་རེས་འགའ་རྒྱལ་རིགས་དང་རེས་འགའ་བྲམ་ཟེའི་རིགས་གཙོ་བོར་བཀུར་བ་ལས་སྐབས་དེར་རྒྱལ་རིགས་བཀུར་བས་མང་བཀུར་གྱི་རྒྱལ་བརྒྱུད་རིགས་ཕུན་སུམ་ཚོགས་པའི་ཡོན་ཏན་དྲུག་ཅུ་རྩ་བཞིས་བརྒྱན་པ་ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟིགས་ནས། གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་པའི་ཚུལ་གྱིས་ཡུམ་གསོ་སྦྱོང་བླངས་པའི་གློ་གཡས་པར་ཞུགས་ནས་ལྷུམས་སུ་ཙན་དན་གྱི་ཁང་བུ་བརྩེགས་པར་བྱིས་པ་ཟླ་དྲུག་ལོན་པའི་ཚད་ཙམ་པ་ན་བཟའ་དང་བཅས་པ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ་སྟོང་གསུམ་གྱི་ཟིལ་དང་རོ་བཅུད་ཚངས་པ་ཆེན་པོས་ཕུལ་བ་བཞེས་ནས་སྐུ་ལུས་བརྟས་པར་མཛད་དོ། ། དེ་ལ་གཟིགས་པ་བཞི་ནི། གླིང་དང་། དུས་དང་། ཡུམ་དང་རིགས་ཏེ་གོང་དུ་སྨྲས་པ་ལྟར་ལ། ། གཟིགས་པ་ལྔ་ནི། རྒྱལ་རིགས་དང་། ཡུལ་དབུས་དང་། ཚེ་ལོ་བརྒྱ་པའི་དུས། ཤཱཀྱའི་རིགས་བརྒྱུད། བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་ལྷུམས་སུ་འཛིན་པར་ནུས་པའི་ཡུམ་སྟེ་ལྔ་ལ་གཟིགས་པ་ལུང་དང་མངོན་འབྱུང་ནས་གསུངས་སོ། ། </br>3. ངོ་མཚར་མཚན་མ་བྱེ་བ་སྙེད་དང་བཅས། །ལུམྦི་ནི་ཡི་ཚལ་དུ་དོན་གྲུབ་བལྟམས། ། ཞེས་ལྷུམས་སུ་ཟླ་བ་བཅུ་ཚང་བར་བཞུགས་པའི་ཚེ་ལྷ་མི་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་སྨིན་པར་མཛད་དེ་བལྟམས་པའི་སྔ་ལྟས་སུམ་ཅུ་རྩ་གཉིས་དང་། གླིང་ཆེན་པོ་བྱེ་བ་ཕྲག་བཞིའི་·དབུས་སུ་ཨ་ཤཱཐའི་ལྗོན་པ་སྐྱེ་བ་དང་གླིང་ཕྲན་རྣམས་སུ་ཙན་དན་གྱི་ཚལ་སྐྱེ་བ་དང་། སེར་སྐྱའི་གྲོང་གི་ཁོར་ཡུག་ཏུ་བདེ་བའི་འབྱོར་པ་ཚད་མེད་པ་རང་བཞིན་གྱིས་འབྱུང་བ་སོགས་ངོ་མཚར་བའི་མཚན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྙེད་ཀྱིས་ཞིང་ཐམས་ཅད་ཡོངས་སུ་གཏམས་པ་དང་བཅས་ལུམྦི་ནིའི་སྐྱེད་མོའི་ཚལ་དུ་དབོ་ཟླ་བའི་ཚེས་བརྒྱད་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སུ་ཡུམ་ལ་གནོད་པ་མེད་པར་དཀུ་གཡས་བརྟོལ་ཏེ་མཚན་དཔེའི་དཀྱིལ་འཁོར་གསལ་མ་ཐག་ཚངས་པ་་པ་དང་། བརྒྱ་བྱིན་ལ་སོགས་ལྷ་ཀླུ་རྣམས་ཀྱིས་མཆོད་ཅིང་བསྙེན་བཀུར། ཕྱོགས་བཞིར་ཞབས་ཀྱིས་གོམས་པ་བདུན་བདུན་བོར་ཏེ་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་དབུགས་་དབྱུང་ བའི་གསུང་དབྱངས་ཕྱུང་། ཡབ་རྒྱལ་པོས་བལྟམས་པའི་ངོ་མཚར་ལས་བརྩམས་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མཚན་ཕུལ། སེར་སྐྱའི་གཞིར་མ་མ་སུམ་ཅུ་རྩ་གཉིས་ཀྱིས་བསྐྱེད་བསྲིངས། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་རྣམས་ཀྱི་ནང་དུ་ཐུབ་པ་བཞིན་གནས་པས་མཚོན་གཉིས་པ་ཤཱཀྱ་ཐུབ་པ་ཞེས་བཏེགས། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་སོགས་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཞབས་ལ་ཕྱག་བྱས་པས་ཡབ་ཀྱིས་མཚན་གསུམ་པ་ལྷའི་ཡང་ལྷ་ཞེས་བཏགས། དྲང་སྲོང་ནག་པོ་ཉོན་མོངས་མེད་ཀྱིས་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ། །</br>4. ཡིག་རྩིས་རི་མོ་འཕོང་སྟོབས་བརྟག་དཔྱད་གཏམ། ། ལུགས་མང་སྒྱུ་རྩལ་བཟོ་ཡི་གནས་ལ་མཁས། ། ཞེས་བྱང་ཆུབ་སེམས་དཔའ་ཤེས་བྱའི་གནས་ཐམས་ཅད་ཀྱི་མཐར་སོན་ཀྱང་འདུལ་བྱ་གྲངས་མེད་པ་སྨིན་པའི་སླད་དུ་ཡི་གེ་སློབ་པའི་གྲྭར་བྱོན་ཏེ་ཡིག་མཁན་ཀུན་གྱི་བཤེས་གཉེན་ལས་སློབ་པ་ལྟར་མཛད་ཅིང་དེས་མིང་ཙམ་ཡང་མ་ཐོས་པ་མང་པོ་བསྟན་པ་དང་། དགུང་ལོ་བཅུ་དྲུག་རྫོགས་པ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་དཔལ་ཆེན་མོའི་སྤྲུལ་པ་ས་འཚོ་མ་རྒྱལ་བའི་རུ་མཚན་དུ་བཞག་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་རྩལ་འགྲན་པའི་ཐོག་མར་རྩིས་པ་ཆེན་པོ་ཤཱཀྱ་སྲིད་སྒྲུབ་དཔང་དུ་བཙུགས་ཏེ་གྲངས་ཀྱི་གནས་འགྲན་པ་ལ་དབང་པོ་དང་བཅས་པ་ཀུན་གྱིས་བྱང་ཆུབ་སེམས་དཔའི་ཆ་ཙམ་ལའང་འགྲན་པར་མ་ནུས་ཤིང་། དེ་བཞིན་དུ་རི་མོ་འདུ་བྱེད་དང་། ། འཕོང་དང་། སྟོབས་དང་བརྟག་དཔྱད་དང་། གཏམ་དང་། རྐྱལ་དང་། བང་དང་། འདེགས་མཆོངས་ལ་སོགས་པ་ལུགས་སྲོལ་ཤིན་ཏུ་མང་པོའི་སྒྱུ་རྩལ་དང་བཟོའི་གནས་ཡོད་དོ་ཅོག་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏེ། ལྷས་བྱིན་ལ་སོགས་པ་རིགས་པ་དང་སྟོབས་ཀྱི་ང་རྒྱལ་ཅན་རྣམས་ཀྱང་དུལ་བར་མཛད་དོ། །</br>5. ཡོན་ཏན་ཀུན་ཚང་ས་འཚོ་གྲགས་འཛིན་སོགས། ། བཙུན་མོ་དྲུག་ཁྲིའི་འཁོར་རོལ་སྨིན་པར་མཛད། ། གཟུགས་བཟང་དར་བབ་དྲེགས་པ་དང་བྲལ་ཞིང་གཏོང་ལ་དགའ་བ་སོགས་བུད་མེད་རིན་པོ་ཆེའི་ཡོན་ཏན་ཀུན་ཚང་བ་ས་འཚོ་གྲགས་འཛིན། རི་དྭགས་སྐྱེས་ཏེ་སོ་སོ་འཁོར་ཉི་ཁྲི་དང་བཅས་པ་བཙུན་མོ་དྲུག་ཁྲིའམ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཀྱིས་འཆི་མེད་འདུན་ས་ལྟ་བུའི་གླུ་དབྱངས་རོལ་མོའི་སྒྲ་ལ་སོགས་པ་བཀོད་པ་ཕུལ་དུ་བྱུང་བས་མཆོད་ཅིང་། དེ་དག་གི་ནང་དུ་རྩེ་ཞིང་རོལ་པ་ལ་སོགས་ཐབས་ལ་མཁས་པའི་མཛད་པས་བཙུན་མོའི་འཁོར་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་དོ། །</br>6. རྒ་ན་འཆི་དང་ཚངས་སྤྱོད་གཟིགས་སོགས་ཀྱིས། ། ངེས་འབྱུང་རབ་ཏུ་བྱུང་ནས་ངུར་སྨྲིག་བཞེས། ། ཞེས་དགུང་ལོ་ཉེར་དགུ་པ་ལ་གྲོང་ཁྱེར་གྱི་སྒོ་བཞིར་རྒས་པ་དང་། ན་བ་དང་། འཆི་བ་དང་། ཚངས་སྤྱོད་རབ་ཏུ་བྱུང་བ་རྣམས་གཟིགས་ཤིང་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གླུ་པ། དབྱངས་སིལ་སྙན་གྱི་སྒྲས་བསྐུལ་ཞིང་བྱིན་གྱིས་བརླབས་པ་དང་། རང་ཉིད་ཀྱི་སྨོན་ལམ་གྱི་མཐུས་རྒྱལ་སྲིད་བཙུན་མོ་འཁོར་རྣམས་ལ་སྐྱོ་བའི་ཚུལ་བསྟན་ཏེ་ངེས་པར་འབྱུང་བའི་ཐུགས་སྐྱེས་པ་ན། དེ་ནི་ཞག་བདུན་ལ་རབ་ཏུ་མ་བྱུང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་ཐོས་ནས་ཤཱཀྱ་རྣམས་ཀྱིས་སྟོབས་ཅི་ཡོད་པས་མེལ་ཚེ་བྱས་ཏེ་བསྲུངས་པ་ན། ཐ་སྐར་ཟླ་བའི་ཉའི་མཚན་མོར་གྲགས་འཛིན་མའི་མངལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྲས་སྒྲ་གཅན་འཛིན་བཟང་པོ་བྱིན་གྱིས་བརླབས་ཏེ། ནམ་ཕྱེད་ན་ཆིབས་པ་སྔགས་ལྡན་ལ་ཆིབས་ཞིམ་འབྲིང་བ་འདུན་པ་དང་བརྒྱ་བྱིན་ལ་སོགས་ལྷ་བྱེ་བ་ཕྲོག་སྟོང་མང་པོས་མཆོད་ཅིང་ནམ་མཁའི་ལམ་ནས་དཔག་ཚད་བཅུ་གཉིས་ཀྱི་ཤར་ཕྱོགས་འདས་པ་ཡངས་པ་ཅན་དུ་གཤེགས་ནས་གཙུག་ཕུད་རང་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་།། ལྷ་ཡིས་ཕུལ་བའི་ན་བཟའ་ངུར་སྨྲིག་བཞེས། འདུན་པ་ཆིབས་བཅས་སླར་ལོག་ནས་ཡབ་དང་བཙུན་མོ་རྣམས་ཀྱི་མྱ་ངན་བསང་། གཙུག་ཕུད་དང་ཀཱ་ཤི་ཀཱའི་ན་བཟའ་ལྷ་རྣམས་ཀྱིས་ཁྱེར་ཏེ་མཆོད་པ་ཆེན་པོས་མཆོད་དོ། །</br>7. སྲིད་རྩེའི་སྙོམས་འཇུག་མངོན་མཛད་ཆུ་ཀླུང་ངོགས། ། ལོ་དྲུག་སྐྱིལ་ཀྲུང་གཅིག་གིས་དཀའ་བ་སྤྱད། ། ཅེས་བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་ཡངས་པ་ཅན་དུ་གཤེགས་ཏེ། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་།་རྒྱལ་པོའི་ཁབ་ཏུ་རངས་བྱེད་པའི་བུ་ལྷས་སྤྱོད་གཉིས་ལས་བསམ་གཏན་གྱི་གདམ་ངག་ནོད་ཅིང་། དེ་དག་གི་རྟོགས་པའི་མཐར་ཐུག་ཅིའང་མེད་པ་དང་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དེ་སྲིད་རྩེའི་སྙོམས་འཇུག་མཐར་ཐུག་པ་ཚེགས་ཆུང་ངུས་མངོན་པར་མཛད་ཀྱང་། ཟག་བཅས་ཉེར་ལེན་དང་བཅས་པའི་བསམ་གཏན་སྙོམས་འཇུག་ཏིང་ངེ་འཛིན་རྣམ་སུམ་དབྱུང་ཞིང་དེས་མི་གྲོལ་བ་བསྟན་པ་དང་། ལུས་ཀྱི་རྒྱུའི་ལུང་བསྟན་ཅིང་ལོག་པའི་བརྟུལ་ཞུགས་ཅན་རྣམས་ཀྱང་འདུན་ཅིང་དེས་མི་གྲོལ་བ་བསྟན་པ་ལ་སོགས་པ་དགོས་པ་མང་པོར་ཉེ་བར་གཟིགས་ནས་ཆུ་ཀླུང་ནེརཉྫ་ནའི་ངོགས་སུ་ལོ་དྲུག་སྐྱིལ་མོ་ཀྲུང་གཅིག་གིས་འདས། ཉིན་རེར་རྒྱ་ཤུག་གི་འབྲུ་གཅིག་ནས་འབྲུ་གཅིག་རིལ་བུ་གཅིག་རྣམས་ལས་མི་གསོལ་བ་དང་། ཆུ་ཐིགས་གཅིག་ཀྱང་མི་གསོལ་བ་ལ་སོགས་པའི་དཀའ་བ་སྤྱད་ཅིང་། ལུས་ངག་གི་དཀའ་ཐུབ་ཁོ་ན་སྤྱད་པ་ན་སྙིང་པོ་མེད་པ་སྤྱོད་པ་དེས་ཀྱང་བྱང་ཆུབ་རྫོགས་པར་མི་ནུས་པར་བསྟན་པའི་ཕྱིར། སླར་ཁ་ཟས་རགས་པ་གསོལ་བས་སྐུ་སྟོབས་སླར་རྒྱས་ཤིང་མཛེས་པ་གྱུར་པས་དགེ་སྤྱོང་མཛེས་པ་ཞེས་པའི་མཚན་དུ་གྲགས་སོ། །</br>8. འོ་ཐུག་གསོལ་ནས་མཚན་དཔེ་འོད་དུ་འབར། ། རྩྭ་ཡི་སྟན་བསྣམས་བྱང་ཆུབ་སྙིང་པོར་གཤེགས། ། ཞེས་དེ་ནས་ཕྱག་དར་ཁྲོད་ཀྱི་གོས་ལས་ཆོས་གོས་སྦྱར་མར་མཛད་པ་བཞེས་ཤིང་། གྲོང་མི་དགའ་བྱེད་མའི་བུ་མོ་ལེགས་སྐྱེས་མ་ལ་ལྷས་ལུང་བསྟན་པ་བཞིན། བ་སྟོང་གི་འོ་མ་ལ་ལན་བདུན་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ཅན་གསོལ་མ་ཐག་ཏུ་གསེར་གྱི་མདོག་དང་། འོད་འདོམ་གང་ལ་སོགས་མཚན་དཔེ་རྣམས་རབ་ཏུ་གསལ་ཞིང་འོད་དུ་འབར་བར་གྱུར་ཅིང་། རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བསླངས་ཏེ་སྟན་གྱི་ཕྱིར་བསྣམས་ནས། མི་བསྐྱེད་སྟོབས་དང་དབང་པོའི་མཆོད་སྡོང་འདྲ། ། ཞེས་པ་ལ་སོགས་པའི་ལྔ་བཅུ་རྩ་གཅིག་གིས་བྱང་ཆུབ་སྙིང་པོར་གཤེགས་པ་ན། ས་གཞི་ཐམས་ཅད་འཁར་བའི་སྣོད་བཞིན་དུ་སྒྲ་འབྱིན། སྟོང་གསུམ་གྱི་བདག་པོ་ཚངས་པ་དབང་བསྒྱུར་གྱི་འཇིག་རྟེན་འདི་བཀོད་པ་ཆེན་པོ་ཀུན་བརྒྱན་པ་ལ་སོགས་ལྷ་རྣམས་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མང་པོར་རང་རང་གི་ཚོགས་གཉིས་ཀྱི་སྟོབས་ཚད་མེད་པའི་བཀོད་པས་བརྒྱན། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐྱོད་པའི་འོད་ཟེར་དཔག་ཏུ་མེད་པས་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་དབུགས་དབྱུང་ཞིང་ཀླུ་ནག་པོ་བྱ་བ་ཚེ་བསྐལ་པར་གནས་ཞིང་དམུས་ལོང་དུ་གྱུར་པ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་མིག་ཐོབ་པ་དེའང་མིག་ཕྱེ་ཞིང་སྣང་བ་མཐོང་། ཙཱ་ཤའི་ཁྱུ་རྣམས་སྙན་པར་སྒྲོགས་ཤིང་མཁའ་ལ་གཡས་སུ་བསྐོར། ཐུབ་མཆོག་ཉིད་ཀྱིས་ཀྱང་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཡོད་དོ་ཅོག་གི་བྱང་ཆུབ་སྙིང་པོའི་རྒྱན་བཀོད་པ་ཇི་སྙེད་པ་རྣམས་དེ་ཉིད་དུ་སྣང་བར་མཛད། རྩྭ་ཡི་རྩེ་མོ་རྣམས་ནང་དུ་བསྟན་ནས་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཞལ་ཤར་དུ་གཟིགས་སྐུ་དྲང་པོར་བསྲང་། དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །</br>9. ཤིན་ཏུ་མི་བཟད་གཡོན་ཅན་བདུད་ཀྱི་སྡེ། ། ཉོན་མོངས་དང་བཅས་བྱམས་པའི་མཐུ་ཡིས་བཅོམ། ། ཞེས་དེ་ནས་བདུད་ལས་རྒྱལ་བ་དང་། བདུད་རིགས་ཀྱི་ལྷའི་བུ་དགེ་རྩ་ཅན་རྣམ་པར་སྨིན་པར་མཛད་པའི་སླད་དུ། སྨིན་མཚམས་ནས་འོད་ཟེར་སྤྲོས་ཏེ་བདུད་ཀྱི་གནས་གཡོས་ཤིང་བསྐུལ་བས། སྡིག་ཅན་རང་ཉིད་ཀྱི་རྨི་ལྟས་མི་བཟད་པ་མཐོང་བ་སོགས་འཇིགས་སྐྲག་དངངས་ཤིང་ ཤིན་ཏུ་མི་བཟད་པའི་སེམས་སྐྱེས་ཏེ། དཔག་ཚད་བརྒྱད་ཅུའི་ཁོར་ཡུག་གང་བའི་དཔུང་གི་ཚོགས་དྲན་པ་ཙམ་གྱིས་སྙིང་འགས་པར་བྱས་པའི་བཀོད་པ་འཇིགས་སུ་རུང་བ་དང་སྟོང་གསུམ་་ཀུན་ནས་གཡོན་ཅན་དེ་འདྲ་བྱེ་བ་ཕྲག་བརྒྱ་རྣམས་ཀྱང་ལྷན་ཅིག་ཏུ་ལྷགས་ཏེ་མཚོན་ཆའི་ཆར་ཕབ་ཅིང་། གདུག་པའི་དབུགས་སྤྲོས་པས། དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོ་.མཛད་པའི་མཆོད་སྤྲིན་གྱི་བཀོད་པ་ཤ་སྟག་ཏུ་གྱུར་ནས་མཐུ་རྡུགས་ཏེ། བསོད་ནམས་དེ་ཙམ་གྱིས་ཐར་པ་ཐོབ་པས་བཞེངས་སུ་གསོལ་བ་ན། བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་བསྒྲུབས་ཤིང་མཐར་སོན་པའི་དཔང་པོ་སའི་ལྷ་མོ་འཁོར་དང་ བཅས་པས་ཞུས། སླར་སྲིད་མ་དང་དགའ་མ་སོགས་བདུད་ཀྱི་བུ་མོ་རྣམས་ཀྱིས་ཀྱང་འདོད་པའི་གཡོ་སྒྱུས་བསླུ་བར་བརྩམས་ཀྱང་ཐུགས་གཡོ་བར་མི་ནུས་ཏེ། གཡོན་ཅན་བདུད་ཀྱི་སྡེ་འཁོར་དང་བཅས་པ་རྣམས་ཚར་བཅད་ཅིང་། དེ་དག་ལས་དགེ་རྩ་སྨིན་པའི་ལྷའི་བུ་ཚད་མེད་པ་དག་གི་ཉོན་མོངས་པ་རྣམ་པར་བཅོམ་སྟེ་བྱང་ཆུབ་ཏུ་སྨིན་པར་མཛད་པ་སོགས། མདོར་ན་བྱམས་པའི་ཏེང་ངེ་འཛིན་ཁོ་ནས་བདུད་ཀྱི་དམག་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བྱང་ཆུབ་ཀྱི་སྙིང་པོར་བཞུགས་པའི་ནམ་སྲོད་འཁོར་དེ་ཉིད་དུ་བཏུལ་བར་མཛད་དོ། །</br>10. བསམ་གཏན་བདེན་བཞི་རྟེན་འབྲེལ་རིམ་གཟིགས་ནས། ། རྡོ་རྗེ་ལྟ་བུས་མངོན་པར་རྫོགས་བྱང་ཆུབ། ། ཅེས་ནམ་གྱི་གུང་ལ་བསམ་གཏན་བཞི་པོར་རིམ་གྱིས་སྙོམས་པར་བཞུགས། ལྷའི་སྤྱན་སོགས་མངོན་པར་ཤེས་པས་བདེན་པ་བཞི་དང་རྟེན་འབྲེལ་ལུགས་འབྱུང་ལུང་ལྡོག་གི་རིམ་པ་ལེགས་པར་གཟིགས་ནས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཀ་རྔ་རྡུང་བའི་དུས་སུ་སྐྱེས་བུའི་ཁྱུ་མཆོག་ཁ་ལོ་བསྒྱུར་བ་བླ་ན་མེད་པ་དེས་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་ཤེས་པར་བྱ་བ་དང་མངོན་དུ་བྱ་བ་གང་ཅིའང་རུང་། དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རིག་པ་གསུམ་ཐོབ་ཅིང་། སྤང་བྱ་ཕྲ་ཞིང་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་ཆོས་ཀུན་གྱི་དབྱིངས་སུ་བླ་ན་མེད་པ་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། དེའི་ནུབ་མོར་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་དང་བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོའང་བཙས་ཤིང་ཟླ་བ་སྒྲ་གཅན་གྱིས་ཟིན་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཕགས་ཏེ། ལམ་གྱི་རྒྱུན་ནི་ཆད་དོ་ཞེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པར་མཛད། སྟོང་གསུམ་འདིའང་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་བཅུའི་འདྲེན་པ་རྣམས་ཀྱིས་ལེགས་སོ་གསུངས་ནས་ཆོས་ཀྱི་དགའ་བ་བསྐུར། སྟོང་གསུམ་ཀྱི་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ་ཞག་བདུན་དུ་སྐྱིལ་ཀྲུང་མ་བཤིགས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་ནས་བསམ་གཏན་གྱི་བདེ་བས་དགྱེས་པར་མཛད། བདུན་ཕྲག་གཉིས་པར་སྟོང་གསུམ་རྒྱང་རིང་དུ་འཆག ་བདུན་ཕྲག་གསུམ་པར་བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམ་པར་གཟིགས། བདུན་ཕྲག་བཞི་པར་ཤར་ནུབ་ཀྱི་རྒྱ་མཚོའི་བར་དུ་མི་རིང་བར་འཆག བདུན་ཕྲག་ལྔ་པར་ཀླུ་བཏང་བཟུང་གི་གནས་སུ་བཞུགས། བདུན་ཕྲག་དྲུག་པ་ལ་དེ་ནས་ཤིང་ནྱ་གྲོ་དྷའི་དྲུང་དུ་བཞུད། བདུན་པའི་ཚེ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པ་ན་ལྷས་བསྐུལ་ཏེ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱིས་བསོད་སྙོམས་ཀྱི་ཐོག་མ་ཕུལ་བ་ལ་རྒྱལ་ཆེན་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་པར་བླངས་ནས་གསོལ་ཏེ་ལྷའི་བཀྲ་ཤིས་དོན་གྲུབ་ཅིང་། ། སོགས་ཀྱི་བཀྲ་ཤིས་མཛད་ནས་སངས་རྒྱས་སུ་ལུང་བསྟན་ཏོ། །</br>11. ཚངས་སོགས་གསོལ་བཏབ་ངེས་དང་མ་ངེས་གནས། ། དྲང་ངེས་ཆོས་ཀྱི་འཁོར་ལོ་རིམ་གསུམ་བསྐོར། ། ཞེས་རྫོགས་པའི་སངས་རྒྱས་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ་རང་གིས་བརྙེས་པའི་ཆོས་ཟབ་མོ་དེ་འཇིག་རྟེན་པ་ཀུན་གྱིས་མི་རྟོགས་པར་དགོངས་ཏེ་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ། ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན། སངས་རྒྱས་ཀྱི་མཐུས་ཚངས་པ་གཙུག་ཕུད་ཅན་འཁོར་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་འཁོར་དང་ལྷན་ཅིག་ཏུ་འོངས་ནས་ཆོས་སྟོན་པར་གསོལ་བར་བཏབ་ཀྱང་མ་གནང་བས་ན་བརྒྱ་བྱིན་གྲོགས་སུ་སྦྲན་ཏེ་ལན་གསུམ་དུ་གསོལ་བ་བཏབ་པས་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པར་ལེགས་པ་གཟིགས་ཏེ། མ་ངེས་པའི་སེམས་ཅན་ལས་བརྩམས་ཏེ་བདུད་རྩིའི་སྒོ་དབྱེ་བར་ཞལ་གྱིས་བཞེས་པ་ན་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་པའི་སྒྲ་ཚངས་རིས་ཀྱི་བར་དུ་གྲགས་སོ། ། དེ་ནས་ཝ་ར་ཎ་སིར་བསོད་སྙོམས་མཛད་ཅིང་དྲང་སྲོང་ལྷུང་པ་རི་དྭགས་ཀྱི་ནགས་སུ་གཤེགས་པའི་ཚེ་ལྔ་སྡེ་བཟང་པོས་མདུན་བསུས་ཏེ། དེ་དག་ཚུར་ཤོག་གིས་དགེ་སློང་གི་དངོས་པོར་གྱུར་ནས་ས་ཕྱོགས་དེར་སེང་གེའི་ཁྲི་ཆེན་པོ་སྟོང་བྱུང་བ་དང་། ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཚེ་ཕྱོགས་བཅུའི་འཇིག་རྟེན་དུ་སྣང་བ་ཆེན་པོས་ཁྱབ་པ་དང་། ཆོས་ཉན་པར་སྐུལ་བའི་སྒྲ་ཡང་བྱུང་བ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས་ཛམྦུ་ཆུ་བོའི་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་པ་ཕུལ་བ་སོགས་བྱང་ཆུབ་སེམས་དཔའ་དང་ལྷ་དཔག་ཏུ་མེད་པ་དག་ཀྱང་འདུས་པ་ལ་ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་བཞིའི་ངོ་བོ་དང་བྱ་བ་དང་འབྲས་བུའི་ཚུལ་གྱིས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་བསྟན་པས་ལྔ་སྡེ་བཟང་པོས་དགྲ་བཅོམ་ཐོབ་སྟེ་འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་ཐོག་མ་བྱུང་། དེ་ནས་རིམ་པར་རི་བོ་ག་ཡ་དང་སྤོས་ངད་ལྡང་། རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི། མཉན་ཡོད་རྒྱལ་བྱེད་ཀྱི་ཚལ། ཀོ་ས་ལ་སེར་སྐྱའི་གཞི། ཡངས་པ་ཅན་གྱི་གྲོང་ཁྱེར་ལ་སོགས་པ་ངེས་པ་དང་། ལྷ་དང་ཀླུའི་གནས། རྡོ་རྗེ་རིན་པོ་ཆེའི་ཁང་པ་སོགས་མ་ངེས་པའི་གནས་ཅི་རིགས་པ་རྣམས་སུ་དྲང་བ་དང་ངེས་པའི་དོན་ལས་བརྩམས་ཏེ་ཐོག་མཐའ་བར་དུ་དགེ་བའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། མཆོག་ཟུང་ལ་སོགས་པའི་འཁོར་རྣམ་པ་བཞི་བགྲང་ལས་འདས་པ་འབྲས་བུ་རྣམ་པ་བཞི་ལ་བཀོད། ཐེག་པ་ཆེན་པོའི་རིགས་ཅན་གྱི་ལྷ་དང་མི་གྲངས་མེད་པ་བྱང་ཆུབ་ཏུ་ལུང་བསྟན། མཉན་དུ་ཡོད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོ་འཕྲུལ་ཆེན་པོ་བསྟན། སུམ་ཅུ་རྩ་གསུམ་དུ་ཡུམ་སྒྱུ་འཕྲུལ་ཆེན་པོའི་ཆེད་དུ་དབྱར་གནས་པར་མཛད་ཅིང་གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་སོགས་པར་གདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ལ་སྔགས་ཀྱི་ཐེག་པ་བསྟན་པ་སོགས་འདུལ་བཞིའི་ཆོ་འཕྲུལ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་བསྟན་པ་མཛད་དོ། །</br>12. མི་གནས་མྱ་ངན་འདས་པའི་ཚུལ་བསྟན་ཅིང་། ། སྐུ་གདུང་འཇིག་རྟེན་ཀུན་ཏུ་རྒྱས་པར་མཛད།། ཅེས་དེ་ལྟར་མཛད་པ་མཐར་ཕྱིན་པའི་སྐབས་སྐུ་ཚེའི་འདུ་བྱེད་ནི་བཏང་། འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ནས་ལྟས་ཆེན་པོ་སྣང་བར་གྱུར་པ་དང་ལྷན་ཅིག་གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པར་རིམ་གྱིས་གཤེགས་ཏེ་སླད་མའི་དུས། ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་ན། མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་སྟོན་པའི་བསྟན་པ་ཟུངས་ཤིག་པ་སོགས་གདམས་ནས་མགར་བའི་བུ་ཙུན་ད་ལས་བཤོས་ཀྱི་ཐ་མ་གསོལ་ཏེ་གྲོང་ཁྱེར་རྩྭ་ཅན་དུ་ཤིང་སཱ་ལ་ཟུང་གི་བར། ཐ་མའི་གཟིམས་ཁྲི་ལ་སེང་གེའི་ཉལ་སྟབས་ཀྱིས་བཞུགས་ཏེ་སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་གྱི་འདུ་ཤེས་དང་། མྱ་ངན་ལས་འདས་པའི་འདུ་ཤེས་ཐུགས་ལ་མཛད། ཀུན་དགའ་བོ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་ཚན་གསུམ་བསྟན་ཅིང་ཞལ་གྱི་གདམས་པ་བསྩལ། དྲི་ཟའི་རྒྱལ་པོ་རབ་དགའོ་དང་ཀུན་ཏུ་རྒྱུ་རབ་བཟང་སོགས་བཏུལ། ཟླ་བ་ཕྱེད་ཕྱེད་དུ་སོ་སོ་ཐར་པའི་མདོ་འདོན་པས་སྟོན་པའི་མཛད་པ་སོགས་གདམས་ནས། ལུགས་འབྱུང་དང་ལུགས་ལྡོག་གི་བསམ་གཏན་ལ་སྙོམས་པར་ཞུགས་ནས། སླར་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས་ཞི་བ་མི་གཡོ་བའི་སྤྱན་དང་ལྡན་པ་བརྙེས་ཏེ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་ས་འདས་པའི་ཚུལ་བསྟན། ཞག་བདུན་དུ་ལྷ་དང་མིའི་མཆོད་པ་རྒྱུ་ཆེན་པོས་མཆོད་ཅིང་སྐུ་གདུང་གྱུད་ཀྱིས་དབུ་རྒྱུན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་སྤྱན་དྲངས་ཏེ་སའི་སྟེང་དུ་ཟླ་མེད་ཀྱི་ཉན་ཐོས་ཆེན་པོ་བཞི་ལ་སོགས་པས་མཆོད་ཅིང་མེ་རང་འབར་དུ་གྱུར་པས་གདུང་རྣམས་ཡུངས་འབྲུ་ལྟ་བུའི་རིང་བསྲིལ་གྱི་ཕུང་པོར་གྱུར་པ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་ཡངས་པ་ཅན་ངས་པ་ཅན་གྱི་ལིཙྪ་བཱི་ལ་སོགས་པ་རྣམས་ཀྱིས་ཆ་བརྒྱད་དུ་བགོས་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བརྩིགས་ཤིང་དུས་སྟོན་ཆེན་པོ་བཙུགས་ནས་མཆོད་པ་རྒྱ་ཆེན་པོས་མཆོད། ཚེམས་མཆེ་བ་བཞི་པོ་སུམ་ཅུ་རྩ་གསུམ་དང་གྲོང་ཁྱེར་སྒྲ་སྒྲོགས་ཀླུའི་རྒྱལ་པོ་སོགས་ཀྱིས་སོ་སོར་ཐོབ་ནས་མཆོད། མ་སྐྱེས་དགྲའི་གདུང་སྐལ་རྣམས་ཕྱེས༑ ཆོས་རྒྱལ་མྱ་ངན་མེད་ཀྱིས་བླངས་ཏེ་ཛམྦུའི་གླིང་དུ་མཆོད་རྟེན་བྱེ་བ་ནུབ་གཅིག་ལ་བཞེངས་པ་དང་། ་མ་འོངས་པ་ན་སྐུ་གདུང་ཡང་འཇིག་རྟེན་ཀུན་ཏུ་འཕེལ་ཞིང་རྒྱས་པ་སོགས་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་པར་གསུངས་སོ། །</br>མདོར་ན་དགུང་ལོ་ཉེར་དགུ་ཁབ་ཏུ་བཞུགས། ལོ་དྲུག་ཏུ་དཀའ་བ་སྤྱད། སོ་ལྔ་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་ཐམ་པའི་བར་དབྱར་གནས་པ་བཞི་བཅུ་རྩ་ལྔ་མཛད་ནས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏེ། མཐར་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །ོག་གྲོང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །)
  • Dictionaries/chos rnam kun btus/10069  + (1. དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། དག1. དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། ། ཆོས་སྒོ་བརྒྱ་བསྟན་གཟིགས་པ་རྣམ་ལྔས་འཕོས། ། བདག་ཅག་གི་སྟོན་པ་འདི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བྲམ་ཟེའི་ཁྱེའུ་བླ་མར་གྱུར་ནས་ཚངས་པར་སྤྱོད་པ་སྤྱད་དེ་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་སྐུ་འཁྲུངས་པ་ཡན་ཆད་སྐྱེ་བ་མངོན་པར་སྐྱེ་བའི་སྤྲུལ་པའི་སྐུས་བྱུང་ཆུབ་ཀྱི་སྤྱོད་པ་རྫོགས་ནས། མཆོད་པའི་རོལ་མོ་ལས་གཞན་དོན་དུ་བསྐུལ་བའི་སྒྲ་གསན་པ་ན་ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་ཁང་བཟང་དུ་བྱང་ཆུབ་སེམས་དཔའ་རང་དང་ སྐལ་བ་མཉམ་པ་རྣམས་དང་བཀའི་བགྲོ་བ་མཛད་ཅིང་ཆོས་སྟོན་པའི་གནས་སུ། དད་པ་ནི་ཆོས་སྣང་བའི་སྒོ་སྟེ་བསམ་པ་མི་ཕྱེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་ནས་ལ་ཐོད་དང་ཅོད་པན་བྱམས་པའི་དབུ་ལ་བཞག་ནས་ཁྱོད་ནི་ངའི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཅིང་དགའ་ལྡན་དུ་ཆོས་སྟོན་པ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་གཟིགས་པ་རྣམ་པ་བཞིའམ་ལྔ་ཡིས་འཇིག་རྟེན་ལ་གཟིགས་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་གས་ཉ་བའི་ཚེས་བཅོ་ལྔ་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སྦྱོར་ལ་དགའ་ལྡན་གྱི་གནས་ནས་འཕོ་བར་མཛད་དོ། །</br>2. ལྷུམས་སུ་ཞུགས་པའི་མཛད་པ་ནི། འཛམ་གླིང་ཚེ་ལོ་བརྒྱ་པར་ཡུལ་དབུས་སུ། ། རྒྱལ་རིགས་ཡབ་དང་སྒྱུ་འཕྲུལ་ལྷུམས་སུ་ཞུགས། ། དེའང་མིའི་གླིང་གཞན་གསུམ་ལས་ཁྱད་པར་དུ་འཕགས་པ་ཛམྦུའི་གླིང་། ཚེ་ལོ་བརྒྱད་ཁྲི་པ་ཡན་ཆད་ལོངས་སྤྱོད་ཀྱི་འབྱོར་པ་ཆེ་བས་ཡིད་འབྱུང་བར་དཀའ་ཞིང་། ལོ་བརྒྱ་པ་མན་ཆད་ཀྱང་སྙིགས་མ་ལྔ་ཧ་ཅང་བདོ་བས་མི་ཁོམ་པར་སྣང་བས་དེ་དག་གི་སྐྱོན་མེད་པས་སྐྱེ་དགུ་གདུལ་སླ་བར་གྱུར་པའི་དུས་ཚེ་ལོ་བརྒྱ་པ། རྩོད་དུས་ལ་ལྟོས་ཏེ་ཡུལ་གྱི་སྐྱོན་གྱི་ཆ་ནས་སྨད་དུ་མེད་པ་དབུས་འགྱུར་འཆང་གི་ཡུལ། འཇིག་རྟེན་འདིར་རེས་འགའ་རྒྱལ་རིགས་དང་རེས་འགའ་བྲམ་ཟེའི་རིགས་གཙོ་བོར་བཀུར་བ་ལས་ད་ལྟ་རྒྱལ་རིགས་བཀུར་བས་མང་བཀུར་གྱི་རྒྱལ་བརྒྱུད་རིགས་ཕུན་སུམ་ཚོགས་པའི་ཡོན་ཏན་དྲུག་ཅུ་རྩ་བཞིས་པ་བརྒྱན་པ་ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་ཡང་བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟིགས་ནས། གླང་པོ་ཆེའི་ཕྲུ་གུ་ཐལ་ཀར་མཆེ་བ་དྲུག་པའི་ཚུལ་གྱིས་ཡུམ་གསོ་སྦྱོང་བླངས་པའི་གློ་གཡས་པར་ཞུགས་ནས་ལྷུམས་སུ་ཙནྡན་གྱི་ཁང་བུ་བརྩེགས་པར་བྱིས་པ་ཟླ་དྲུག་ལོན་པའི་ཚད་ཙམ་པ་ན་བཟའ་དང་བཅས་པ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ་སྟོང་གསུམ་གྱི་ཟིལ་དང་རོ་བཅུད་ཚངས་པ་ཆེན་པོས་ཕུལ་བ་བཞེས་ནས་སྐུ་ལུས་བརྟས་པར་མཛད་དོ། ། དེ་ལ་གཟིགས་པ་བཞི་ནི། གླིང་དང་དུས་དང་ཡུམ་དང་རིགས་ཏེ་གོང་དུ་སྨོས་པ་ལྟར་ལ། གཟིགས་པ་ལྔ་ནི། རྒྱལ་རིགས་དང་། ཡུལ་དབུས་དང་། ཚེ་ལོ་བརྒྱ་པའི་དུས། ཤཱཀྱའི་རིགས་བརྒྱུད། བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་ལྷུམས་སུ་འཛིན་པར་ནུས་པའི་ཡུམ་སྟེ་ལྔ་ལ་གཟིགས་པ་ལུང་དང་མངོན་འབྱུང་ནས་གསུངས་ཤིང་། སྙིགས་མ་ལྔ་ནི། ཚེ་དང་། དུས་དང་། ལྟ་བ་དང་། སེམས་ཅན་དང་། ཉོན་མོངས་པའོ། ། དེ་ཡང་ཚེའི་སྙིགས་མ་དང་དུས་ཀྱི་སྙིགས་མས་སྲོག་དང་ཡོ་བྱད་རྒུད་པར་བྱེད། ཉོན་མོངས་པ་དང་ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་རྒུད་པར་བྱེད། སེམས་ཅན་གྱི་སྙིགས་མས་གཟུགས་རྒུད་པར་བྱེད་ཅིང་། གཞན་ཡང་ནད་མེད་པ་དང་། སྟོབས་དང་། བློ་དང་། བརྩོན་འགྲུས་དང་། བསམ་གཏན་ཉམས་པར་བྱེད་པའོ། །</br>3. སྐུ་བལྟམས་པའི་མཛད་པ་ནི། ངོ་མཚར་མཚན་མ་བྱེ་བ་སྙེད་དང་བཅས། ། ལུམྦི་ནི་ཡི་ཚལ་དུ་དོན་གྲུབ་བལྟམས། ། ལྷུམས་སུ་ཟླ་བ་བཅུ་ཚང་བར་བཞུགས་པའི་ཚེ་ལྷ་མི་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་སྨིན་པར་མཛད་དེ་བལྟམས་པའི་སྔ་ལྟས་སུམ་ཅུ་རྩ་གཉིས་དང་། གླིང་ཆེན་པོ་བྱེ་བ་ཕྲག་བཞིའི་དབུས་སུ་ཨ་ཤུཐའི་ལྗོན་པ་སྐྱེ་བ་དང་། གླིང་ཕྲན་རྣམས་སུ་ཙནྡན་གྱི་ཚལ་སྐྱེ་བ་དང་། སེར་སྐྱའི་གྲོང་གི་ཁོར་ཡུག་ཏུ་བདེ་བའི་འབྱོར་པ་ཚད་མེད་པ་རང་བཞིན་གྱིས་འབྱུང་བ་སོགས་ངོ་མཚར་བའི་མཚན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྙེད་ཀྱིས་ཞིང་ཐམས་ཅད་ཡོངས་སུ་གཏམས་པ་དང་བཅས། ལུམྦི་ནཱིའི་སྐྱེད་མོས་ཚལ་དུ་དབོ་ཟླའི་ཚེས་བརྒྱུད་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སུ་ཡུམ་ལ་གནོད་པ་མེད་པར་དཀུ་གཡས་བརྟོལ་ཏེ་མཚན་དཔེའི་་དཀྱིལ་འཁོར་གསལ་མ་ཐག་ཚངས་པ་དང་ བརྒྱ་བྱིན་ལ་སོགས་པ་ལྷ་ཀླུ་རྣམས་ཀྱིས་མཆོད་ཅིང་བསྙེན་བཀུར། ཕྱོགས་བཞིར་ཞབས་ཀྱིས་གོམས་པ་བདུན་བདུན་བོར་ཏེ་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་དབུགས་དབྱུང་བའི་གསུང་དབྱངས་ཕྱུང་། ཡབ་རྒྱལ་པོས་་བལྟམས་པའི་ངོ་མཚར་ལས་བརྩམས་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མཚན་ཕུལ།་སེར་སྐྱའི་གཞིར་མ་མ་སུམ་ཅུ་རྩ་གཉིས་ཀྱིས་བསྐྱེད་བསྲིངས། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་རྣམས་ཀྱི་ནང་དུ་ཐུབ་པ་བཞིན་གནས་པས་མཚན་གཉིས་པ་ཤཱཀྱ་ཐུབ་པ་ཞེས་བཏགས། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་སོགས་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཞབས་ལ་ཕྱག་བྱས་པས་ཡབ་ཀྱིས་མཚན་གསུམ་པ་ལྷའི་ཡང་ལྷ་ཞེས་པ་བཏགས། དྲང་སྲོང་ནག་པོ་ཉོན་མོངས་མེད་ཀྱིས་སངས་རྒྱས་སུ་འགྱུར་བ་ལུང་བསྟན་ཏོ། །</br>4. བཟོ་ཡི་གནས་ལ་མཁས་པའི་མཛད་པ་ནི། ཡིག་རྩིས་རི་མོ་འཕོང་སྟོབས་བརྟག་དཔྱད་གཏམ། ། ལུགས་མང་སྒྱུ་རྩལ་བཟོ་ཡི་གནས་ལ་མཁས། ། བྱང་ཆུབ་སེམས་དཔའ་ཤེས་བྱའི་གནས་ཐམས་ཅད་ཀྱིས་མཐར་སོན་ཀྱང་གདུལ་བྱ་གྲངས་མེད་པ་སྨིན་པའི་སླད་དུ་ཡི་གེ་སློབ་པའི་གྲྭར་བྱོན་ཏེ་ཡིག་མཁན་ཀུན་གྱི་བཤེས་གཉེན་ལས་སློབ་པ་ལྟར་མཛད་ཅིང་དེས་མིང་ཙམ་ཡང་མ་ཐོས་པ་མང་པོ་བསྟན་པ་དང་། དགུང་ལོ་བཅུ་དྲུག་རྫོགས་པ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ལྷ་མོ་དཔལ་ཆེན་མོའི་སྤྲུལ་པ་ས་འཚོ་མ་རྒྱལ་བའི་རུ་མཚོན་ཏུ་བཞིག་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་རྩལ་འགྲན་པའི་ཐོག་མར་རྩིས་པ་ཆེན་པོ་ཤཱཀྱ་སྲིད་སྒྲུབ་དཔང་དུ་བཙུགས་ཏེ་གྲངས་ཀྱི་གནས་འགྲན་པ་ལ་དབང་པོ་དང་བཅས་པ་ཀུན་གྱིས་བྱང་ཆུབ་སེམས་དཔའི་ཆ་ཙམ་ལའང་འགྲན་པར་མ་ནུས་ཤིང་། དེ་བཞིན་དུ་རི་མོའི་འདུ་བྱེད་དང་། འཕོང་དང་སྟོབས་དང་བརྟག་དཔྱད་དང་གཏམ་དང་རྒྱལ་དང་བང་དང་འདེགས་མཆོངས་ལ་སོགས་པ་ལུགས་སྲོལ་ཤིན་ཏུ་མང་པོའི་སྒྱུ་རྩལ་དང་བཟོའི་གནས་ཡོད་དོ་ཅོག་ལ་ཤིན་ཏུ་མིཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏེ། ལྷས་བྱིན་ལ་སོགས་པ་རིགས་པ་དང་སྟོབས་ཀྱི་ང་རྒྱལ་ཅན་རྣམས་ཀྱང་དུལ་བར་མཛད་དོ། །</br>5. བཙུན་མོའི་འཁོར་ལ་རོལ་པའི་མཛད་པ་ནི། ཡོན་ཏན་ཀུན་ཚང་ས་འཚོ་གྲགས་འཛིན་སོགས། ། བཙུན་མོ་དྲུག་ཁྲིའི་འཁོར་རོལ་སྨིན་པར་མཛད། ། གཟུགས་བཟང་དེར་བབ་དྲེགས་པ་དང་བྲལ་ཞིང་གཏོང་ལ་དགའ་བ་སོགས་བུད་མེད་རིན་པོ་ཆེའི་ཡོན་ཏན་ཀུན་ཚང་བ་ས་འཚོ་གྲགས་འཛིན། རི་དྭགས་སྐྱེས་ཏེ་སོ་སོ་འཁོར་ཉི་ཁྲི་དང་བཅས་པ་བཙུན་མོ་དྲུག་ཁྲིའམ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཀྱིས་འཆི་མེད་འདུན་ས་ལྟ་བུའི་གླུ་དབྱངས་རོལ་མོའི་སྒྲ་ལ་སོགས་པ་བཀོད་པ་ཕུལ་དུ་བྱུང་བས་མཆོད་ཅིང་། དེ་དག་གི་ནང་དུ་རྩེ་ཞིང་རོལ་པ་ལ་སོགས་ཐབས་ལ་མཁས་པའི་མཛད་པས་བཙུན་མོའི་འཁོར་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་དོ། །</br>6. རབ་ཏུ་བྱུང་བའི་མཛད་པ་ནི། རྒ་ན་འཆི་དང་ཚངས་སྤྱོད་གཟིགས་སོགས་ཀྱིས། ། ངེས་འབྱུང་རབ་ཏུ་བྱུང་ནས་ངུར་སྨྲིག་བཞེས། དགུང་ལོ་ཉེར་དགུ་པ་ལ་གྲོང་ཁྱེར་གྱི་སྒོ་བཞིར་རྒས་པ་དང་། ན་བ་དང་། འཆི་བ་དང་། ཚངས་སྤྱོད་རབ་ཏུ་བྱུང་བ་རྣམས་གཟིགས་ཤིང་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གླུ་དབྱངས་སིལ་སྙན་གྱི་སྒྲས་བསྐུལ་ཞིང་བྱིན་གྱིས་བརླབས་པ་དང་།། རང་ཉིད་ཀྱི་སྨོན་ལམ་གྱི་མཐུས་རྒྱལ་སྲིད་བཙུན་མོའི་འཁོར་རྣམས་ལ་སྐྱོ་བའི་ཚུལ་བསྟན་ཏེ་ངེས་པར་འབྱུང་བའི་ཐུགས་སྐྱེས་པ་ན། ད་ནི་ཞག་བདུན་ལ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་ཐོས་ནས། ཤཱཀྱ་རྣམས་ཀྱིས་སྟོབས་ཅི་ཡོད་པས་མེལ་ཚེ་བྱས་ཏེ་བསྲུངས་པ་ན། ཐ་སྐར་ཟླ་བའི་ཉའི་མཚན་མོར་གྲགས་འཛིན་མའི་མངལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྲས་སྒྲ་གཅན་འཛིན་བཟང་པོ་བྱིན་གྱིས་བརླབས་ཏེ། ནམ་ཕྱེད་ན་ཆིབས་པ་སྔགས་ལྡན་ལ་ཆིབས། ཞམ་འབྲིང་བ་འདུན་པ་དང་བརྒྱ་བྱིན་ལ་སོགས་ལྷ་བྱེ་བ་ཕྲག་སྟོང་མང་པོས་མཆོད་ཅིང་ནམ་མཁའི་ལམ་ནས་དཔག་ཚད་བཅུ་གཉིས་ཀྱི་ཤར་ཕྱོགས་འདས་པ་ཡངས་པ་ཅན་ཏུ་གཤེགས་ནས་གཙུག་ཕུད་རང་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་། ལྷ་ཡིས་ཕུལ་བའི་ན་བཟའ་ངུར་སྨྲིག་བཞེས། འདུན་པ་ཆིབས་བཅས་སླར་ལོག་ནས་ཡབ་དང་བཙུན་མོ་རྣམས་ཀྱི་མྱ་ངན་བསང་། གཙུག་ཕུད་དང་ཀཱ་ཤི་ཀཱའི་ན་བཟའ་ལྷ་རྣམས་ཀྱིས་ཁྱེར་ཏེ་མཆོད་པ་ཆེན་པོས་མཆོད་དོ། །</br>7. དཀའ་བ་སྤྱད་པའི་མཛད་པ་ནི། སྲིད་རྩེའི་སྙོམས་འཇུག་མངོན་མཛད་ཆུ་ཀླུང་ངོགས། ། ལོ་དྲུག་སྐྱིལ་ཀྲུང་གཅིག་གིས་དཀའ་བ་སྤྱད༑ ། བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་ཡངས་པ་ཅན་དུ་གཤེགས་ཏེ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། རྒྱལ་པོའི་ཁབ་ཏུ་རངས་བྱེད་ཀྱི་བུ་ལྷས་སྤྱོད་གཉིས་ལས་བསམ་གཏན་གྱི་གདམས་ངག་ནོད་ཅིང་དེ་དག་གི་རྟོགས་པའི་མཐར་ཐུག་ཅིའང་མེད་པ་དང་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དེ་སྲིད་རྩེའི་སྙོམས་འཇུག་མཐར་ཐུག་པ་ཚེགས་ཆུང་དུས་མངོན་པར་མཛད་ཀྱང་ཟག་བཅས་ཉེར་ལེན་དང་ བཅས་པའི་བསམ་ག། གཏན་སྙོམས་འཇུག་ཏིང་ངེ་འཛིན་རྣམས་སུན་དབྱུང་ཞིང་དེས་མི་གྲོལ་བར་བསྟན་པ་དང་། ལུས་ཀྱི་རྒྱུའི་ལུང་བསྟན་ཅིང་ལོག་པའི་བརྟུལ་ཞུགས་ཅན་རྣམས་ཀྱང་འདུན་ཅིང་དེས་མི་གྲོལ་བར་བསྟན་པ་ལ་སོགས་པ་དགོས་པ་མང་པོ་་ཉེ་བར་གཟིགས་ནས།། ཆུ་ཀླུང་ནེ་རཉྫ་ནའི་ངོགས་སུ་ལོ་དྲུག་ཏུ་སྐྱིལ་མོ་ཀྲུང་གཅིག་གིས་འདས། རྒྱུ་ཤུག་གི་འབྲུ། ནས་འབྲུ་གཅིག ་ཏིལ་འབྲུ་གཅིག་རྣམས་ཉིན་རེར་གསོལ་བ་དང་ཆུ་ཐིགས་གཅིག་ཀྱང་མི་གསོལ་བ་ལ་སོགས་པའི་དཀའ་བ་སྤྱད་ཅིང་། ལུས་ངག་གི་དཀའ་ཐུབ་ལ་སྙིང་པོ་མེད་པས་སྤྱོད་པ་དེས་ཀྱང་བྱང་ཆུབ་རྫོགས་པར་མི་ནུས་པར་བསྟན་པའི་ཕྱིར། སླར་ཁ་ཟས་རགས་པ་གསོལ་བས་སྐུ་སྟོབས་དང་ལྡན་ཅིང་མཛེས་པར་གྱུར་པས་དགེ་སྦྱོང་མཛེས་པར་མཚན་ཏུ་གྲགས་སོ། །</br>8. བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། འོ་ཐུག་གསོལ་ནས་མཚན་དཔེ་འོད་དུ་འབར། ་རྩྭ་ཡི་སྟན་བསྣམས་བྱང་ཆུབ་སྙིང་པོར་གཤེགས། ། དེ་ནས་ཕྱག་དར་ཁྲོད་ཀྱི་གོས་ལས་ཆོས་གོས་སྦྱར་མར་མཛད་པ་བཞེས་ཤིང་གྲོང་མི་དགའ་བྱེད་མའི་བུ་མོ་ལེགས་སྐྱེས་མ་ལ་ལྷས་ལུང་བསྟན་པ་བཞིན་བ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ཅན་གསོལ་མ་ཐག་ཏུ་གསེར་གྱི་མདོག་དང་། འོད་འདོམ་གང་ལ་སོགས་མཚན་དཔེ་རྣམས་རབ་ཏུ་གསལ་ཞིང་འོད་དུ་འབར་བར་གྱུར་ཅིང་། རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བསླངས་ཏེ་སྟན་གྱི་ཕྱིར་བསྣམས་ནས། མི་བསྐྱོད་སྟབས་དང་དབང་པོའི་མཆོད་སྡོང་འདྲ། །ཞེས་པ་ལ་སོགས་པའི་ལྔ་བཅུ་རྩ་གཅིག་གིས་བྱང་ཆུབ་སྙིང་པོར་གཤེགས་པ་ན། ས་གཞི་ཐམས་ཅད་འཁར་བའི་སྣོད་བཞིན་དུ་སྒྲ་འབྱིན། སྟོང་གསུམ་གྱི་བདག་པོ་ཚངས་པ་དབང་སྒྱུར་གྱིས་འཇིག་རྟེན་འདི་བཀོད་པ་ཆེན་པོས་ཀུན་ནས་བརྒྱན་པ་ལ་སོགས་པ་ལྷ་རྣམས་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མང་པོར་རང་རང་གི་ཚོགས་གཉིས་ཀྱི་སྟོབས་ཚད་མེད་པའི་བཀོད་པས་བརྒྱན། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐྱོད་པའི་འོད་ཟེར་དཔག་ཏུ་མེད་པས་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་དབུགས་དབྱུང་ཞིང་ཀླུ་ནག་པོ་བྱ་བ་ཚེ་བསྐལ་པར་གནས་ཤིང་དམུས་ལོང་དུ་གྱུར་པ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་མིག་ཐོབ་པ་དེའང་མིག་བྱེ་ཞིང་སྣང་བ་མཐོང་། ཙཱ་ཤའི་ཁྱུ་རྣམས་སྙན་པར་སྒྲོགས་ཤིང་མཁའ་ལ་གཡས་སུ་བསྐོར། ཐུབ་མཆོག་ཉིད་ཀྱིས་ཀྱང་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཡོད་དོ་ཅོག་གི་བྱང་ཆུབ་སྙིང་པོའི་རྒྱུན་བཀོད་པ་ཇི་སྙེད་པ་རྣམས་དེ་ཉིད་དུ་སྣང་བར་མཛད། རྩྭའི་རྩེ་མོ་རྣམས་ནང་དུ་བསྟན་ནས་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་ཞལ་ཤར་དུ་གཟིགས། སྐུ་དྲང་པོར་བསྲང་། དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །</br>9. བདུད་བཏུལ་བའི་མཛད་པ་ནི། ཤིན་ཏུ་མི་བཟད་གཡོན་ཅན་བདུད་ཀྱི་སྡེ། ། ཉོན་མོངས་དང་བཅས་བྱམས་པའི་མཐུ་ཡིས་བཅོམ། ། དེ་ནས་བདུད་ལས་རྒྱལ་བ་དང་བདུད་རིས་ཀྱི་ལྷའི་བུ་དགེ་རྩ་ཅན་རྣམ་སྨིན་པར་མཛད་པའི་སླད་དུ་སྨིན་མཚམས་ནས་འོད་ཟེར་སྤྲོས་ཏེ་བདུད་ཀྱི་གནས་གཡོས་ཤིང་བསྐུལ་བས། སྡིག་ཅན་རང་ཉིད་ཀྱིས་རྨི་ལྟས་མི་བཟད་པ་མཐོང་བ་སོགས་འཇིགས་སྐྲག་སྔངས་ཤིང་ཤིན་ཏུ་མི་བཟད་པའི་སེམས་སྐྱེས་ཏེ། དཔག་ཚད་བརྒྱད་ཅུའི་ཁོར་ཡུག་གང་བའི་དཔུང་གི་ཚོགས་དྲན་པ་ཙམ་གྱིས་སྙིང་འགས་པར་ནུས་པའི་བཀོད་པ་འཇིགས་སུ་རུང་བ་དང་། སྟོང་གསུམ་ཀུན་ནས་གཡོན་ཅན་དེ་འདྲ་བྱེ་བ་ཕྲག་བརྒྱ་རྣམས་ཀྱང་ལྷན་ཅིག་ཏུ་ལྷགས་ཏེ་མཚོན་ཆའི་ཆར་ཕབ་ཅིང་གདུག་པའི་དབུགས་སྤྲོས་པས། དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོ་མཛེས་པའི་མཆོད་སྤྲིན་གྱི་བཀོད་པ་ཤ་སྟག་ཏུ་གྱུར་ནས་མཐུ་རྡུགས་ཏེ། བསོད་ནམས་དེ་ཙམ་གྱིས་ཐར་པ་མི་ཐོབ་པས་བཞེངས་སུ་གསོལ་བ་ན། བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་བསྒྲུབས་ཤིང་མཐར་སོན་པའི་དཔང་པོ་སའི་ལྷ་མོ་འཁོར་དང་བཅས་པས་ཞུས། ་སླར་སྲེད་མ་དང་དགའ་མ་སོགས་བདུད་ཀྱི་བུ་མོ་རྣམས་ཀྱིས་ཀྱང་འདོད་པའི་གཡོ་སྒྱུས་བསླུ་བར་བརྩམས་ཀྱང་ ཐུགས་གཡོ་བར་མ་ནུས་ཏེ་གཡོན་ཅན་བདུད་ཀྱི་སྡེ་འཁོར་དང་བཅས་པ་རྣམས་ཚར་བཅད་ཅིང་། དེ་དག་ལས་དགེ་རྩ་སྨིན་པའི་ལྷའི་བུ་ཚད་མེད་པ་དག་གི་ཉོན་མོངས་པ་རྣམ་པར་བཅོམ་སྟེ་བྱང་ཆུབ་ཏུ་སྨིན་པར་མཛད་པ་སོགས་མདོར་ན་བྱམས་པའི་ཏིང་ངེ་འཛིན་ཁོ་ནས་བདུད་ཀྱི་དམག་མི་འཁྲུགས་ཕྲག་གཅིག་བྱུང་ཆུབ་ཀྱི་སྙིང་པོར་བཞུགས་པའི་ནམ་སྲོད་འཁོར་དེ་ཉིད་དུ་བཏུལ་བར་མཛད་དོ། །</br>10. མངོན་པར་སངས་རྒྱས་པའི་མཛད་པ་ནི། བསམ་གཏན་བདེན་བཞི་རྟེན་འབྲེལ་རིམ་གཟིགས་ནས། ། རྡོ་རྗེ་ལྟ་བུས་མངོན་པར་རྫོགས་བྱང་ ཆུབ། ། ནམ་གྱི་གུང་ལ་བསམ་གཏན་བཞི་པོར་རིམ་གྱིས་སྙོམས་པར་ཞུགས། ལྷའི་སྤྱན་སོགས་མངོན་པར་ཤེས་པས་བདེན་པ་བཞི་དང་། རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་གི་རིམ་པ་ལེགས་པར་གཟིགས་ནས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཀ་རྔ་རྡུང་བའི་དུས་སུ་སྐྱེས་བུའི་ཁྱུ་མཆོག་ཁ་ལོ་སྒྱུར་བ་བླ་ན་མེད་པ་དེས་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་ཤེས་པར་བྱ་་བ་དང་མངོན་དུ་བྱ་བ་གང་ཅིའང་རུང་། དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རིག་པ་གསུམ་ཐོབ་ཅིང་། སྤང་བྱ་ཕྲ་ཞིང་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་ཆོས་ཀུན་གྱི་དབྱིངས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། དེའི་ནུབ་མོ་ཁོ་ནར་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་དང་། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོའང་བཙས་ཤིང་ཟླ་བ་སྒྲ་གཅན་གྱིས་ཟིན་ཏེ། །དེ་ནས་དེ་བཞིན་གཤེགས་པ་ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཕགས་ཏེ། ལམ་གྱི་རྒྱུན་ནི་ཆད་དོ་ཞེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པར་མཛད། སྟོང་གསུམ་འདིའང་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་བཅུའི་འདྲེན་པ་རྣམས་ཀྱིས་ལེགས་སོ་གསུངས་ནས་ཆོས་ཀྱི་དགའ་བ་བསྐུར། སྟོང་གསུམ་གྱི་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ་ཞག་བདུན་དུ་སྐྱིལ་ཀྲུང་མ་བཤིགས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་ནས་བསམ་གཏན་གྱི་བདེ་བས་དགྱེས་པར་མཛད། བདུན་ཕྲག་གཉིས་པར་སྟོང་གསུམ་རྒྱང་རིང་དུ་འཆག ། བདུན་ཕྲག་གསུམ་པར་བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམ་པར་གཟིགས། བདུན་ཕྲག་བཞི་པར་ཤར་ནུབ་ཀྱི་རྒྱ་མཚོའི་བར་དུ་མི་རིང་བར་འཆག ། བདུན་ཕྲག་ལྔ་པར་ཀླུ་བཏང་་བཟུང་གི་གནས་སུ་བཞུགས། བདུན་ཕྲག་དྲུག་པ་ལ་དེ་ནས་ཤིང་ནྱ་གྲོ་དྷའི་དྲུང་དུ་བཞུད། བདུན་པའི་ཚེ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པ་ན་ལྷས་བསྐུལ་ཏེ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱིས་བསོད་སྙོམས་ཀྱི་ཐོག་མར་ཕུལ་བ་ལ་རྒྱལ་ཆེན་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་པར་བླངས་ནས་གསོལ་ཏེ། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། ། སོགས་ཀྱི་བཀྲ་ཤིས་མཛད་ནས་སངས་རྒྱུས་སུ་ལུང་བསྟན་ཏོ། ། ཐེག་པ་ཆེན་པོའི་ལུགས་སུ་འདི་དག་གི་སྐབས་སུ་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་། ཞག་བདུན་ཕྲག་བདུན་གྱི་སྐབས་སུ་སངས་རྒྱས་ཕལ་པོ་ཆེའི་ཆོས་ཀྱི་སྒོ་འབྱེད་པ་སོགས་ཐུན་མོང་མ་ཡིན་པའི་ཚུལ་ཆེས་མང་ངོ་། །</br>11. ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། ཚངས་སོགས་གསོལ་བཏབ་ངེས་དང་མ་ངེས་གནས། ། དྲང་ངེས་ཆོས་ཀྱི་འཁོར་ལོ་རིམ་གསུམ་བསྐོར། ། རྫོགས་པའི་སངས་རྒྱས་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ་རང་གིས་བརྙེས་ པའི་ཆོས་ཟབ་མོ་དེ་འཇིག་རྟེན་པ་ཀུན་གྱིས་མི་རྟོགས་པར་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། ། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ། ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན། སངས་རྒྱས་ཀྱི་མཐུས་མཐུས་ཚངས་པ་གཙུག་ཕུད་ཅན་འཁོར་འབུམ་ཕྲག་དྲུག་ཅུ་རྩ་བརྒྱུད་ཀྱི་འཁོར་དང་ལྷན་ཅིག་ཏུ་འོངས་ནས་རོངས་ནས་ཆོས་སྟོན་པར་གསོལ་བ་བཏབ་ཀྱང་མ་གནང་བ་ན་བརྒྱ་བྱིན་གྲོགས་སུ་སྦྲན་ཏེ་ལན་གསུམ་དུ་གསོལ་བ་བཏབ་པས་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པ་ལེགས་པར་གཟིགས་ཏེ་མ་ངེས་པའི་སེམས་ཅན་རྣམས་ལས་བརྩམས་ཏེ་བདུད་རྩིའི་སྒོ་དབྱེ་བར་ཞལ་གྱིས་བཞེས་པ་ན་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་པའི་སྒྲ་ཚངས་རིས་ཀྱི་བར་དུ་གྲགས་སོ། ། དེ་ནས་ཝ་ར་ཎ་སིར་བསོད་སྙོམས་མཛད་ཅིང་དྲུང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གཤེགས་པའི་ཚེ་ལྔ་སྡེ་བཟང་པོས་མདུན་བསུས་ཏེ་དེ་དག་ཚུར་ཤོག་གིས་དགེ་སློང་གི་དངོས་པོར་གྱུར་ནས་ས་ཕྱོགས་དེར་སེང་གེའི་ཁྲི་ཆེན་པོ་སྟོང་བྱུང་བ་དང་ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཚེ་ཕྱོགས་བཅུའི་འཇིག་རྟེན་ཏུ་སྣང་བ་ཆེན་པོས་ཁྱབ་པ་དང་ཆོས་ཉན་པར་སྐུལ་བའི་སྒྲའང་བྱུང་བ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས་ཛམྦུ་ཆུ་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་པ་ཕུལ་བ་སོགས་བྱང་ཆུབ་སེམས་དཔའ་དང་ལྷ་དཔག་ཏུ་མེད་པ་དག་ཀྱང་འདུས་པ་ལ་ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་བཞིའི་ངོ་བོ་དང་། བྱ་བ་དང་འབྲས་བུའི་ཚུལ་གྱིས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་བསྟན་པས་ལྔ་སྡེ་བཟང་པོས་དག་བཅོམ་ཐོབ། འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་ཐོག་མ་བྱུང་། དེ་ནས་རིམ་པར་རི་བོ་ག་ཡ་དང་སྤོས་ངད་ལྡང་། རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི། མཉན་ཡོད་རྒྱལ་བྱེད་ཀྱི་ཚལ། ཀོ་ས་ལ། སེར་སྐྱའི་གཞི། ཡངས་པ་ཅན་གྱི་གྲོང་ཁྱེར་ལ་སོགས་པ་ངེས་པ་དང་། ལྷ་དང་ཀླུའི་གནས། རྡོ་རྗེ་རིན་པོ་ཆེའི་ཁང་པ་སོགས་མ་ངེས་པའི་གནས་ཅི་རིགས་པ་རྣམས་སུ་དྲང་བ་དང་ངེས་པའི་དོན་ལས་བརྩམས་ཏེ་ཐོག་མཐའ་བར་དུ་དགེ་བའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རིམ་པ་གསུམ་དུ་བསྐོར། མཆོག་ཟུང་ལ་སོགས་པ་འཁོར་རྣམ་པ་བཞི་བགྲང་བ་ལས་འདས་པ་འབྲས་བུ་རྣམ་པ་བཞི་ལ་བཀོད། ཐེག་པ་ཆེན་པོའི་རིགས་ཅན་གྱི་ལྷ་དང་མི་གྲངས་མེད་པ་བྱུང་ཆུབ་ཏུ་ལུང་བསྟན། མཉན་དུ་ཡོད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོ་འཕྲུལ་ཆེན་པོ་བསྟན། སུམ་ཅུ་རྩ་གསུམ་དུ་ཡུམ་སྒྱུ་འཕྲུལ་ཆེན་པོའི་ཆེད་དུ་དབྱར་གནས་པར་མཛད་ཅིང་གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་སོགས་པར་འདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ལ་སྔགས་ཀྱི་ཐེག་པ་བསྟན་པ་སོགས་འདུལ་བཞིའི་ཆོ་འཕྲུལ་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་། མདོར་ན་དགུང་ལོ་ཉེར་དགུར་ཁབ་ཏུ་བཞུགས། ལོ་དྲུག་ཏུ་དཀའ་བ་སྤྱད། དགུང་ལོ་སོ་ལྔ་པར་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་ཐམ་པའི་བར་དབྱར་གནས་པ་གཞི་བཅུ་རྩ་ལྔ་མཛད་ནས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏོ། །</br>12. མྱ་ངན་ལས་འདས་པའི་མཛད་པ་ནི། མི་གནས་མྱ་ངན་འདས་པའི་ཚུལ་བསྟན་ཅིང་། ། སྐུ་གདུང་འཇིག་རྟེན་ཀུན་ཏུ་རྒྱས་པར་མཛད། ། དེ་ལྟར་མཛད་པ་མཐར་ཕྱིན་པའི་སྐབས་སྐུ་ཚེའི་འདུ་བྱེད་ནི་བཏང་། འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ནས་ལྟས་ཆེན་པོ་སྣང་བར་གྱུར་པ་དང་ལྷན་ཅིག་གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པར་རིམ་གྱིས་གཤེགས་ཏེ་སླད་མའི་དུས་ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་ན། མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་སྟོན་པའི་བསྟན་པར་ཟུངས་ཤིག་པ་སོགས་གདམས་ནས་མགར་བའི་བུ་ཙུནྡ་ལས་བཤོས་ཀྱི་ཐ་མ་གསོལ་ཏེ་གྲོང་ཁྱེར་རྩྭ་ཅན་དུ་ཤིང་སཱ་ལ་ཟུང་གི་བར་ཐ་མའི་གཟིམས་ཁྲི་ལ་སེང་གེའི་ཉལ་སྟབས་ཀྱིས་བཞུགས་ཏེ་སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་གྱི་འདུ་ཤེས་དང་། མྱ་ངན་ལས་འདས་པའི་འདུ་ཤེས་ཐུགས་ལ་མཛད། ཀུན་དགའ་བོ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་ཚན་གསུམ་བསྟན་ཅིང་ཞལ་གྱི་གདམས་པ་བསྩལ། དྲི་ཟའི་རྒྱལ་པོ་རབ་དགའ་དང་ཀུན་ཏུ་རྒྱུ་རབ་བཟང་སོགས་བཏུལ། ཟླ་བ་ཕྱེད་ཕྱེད་དུ་སོ་སོར་ཐར་པའི་མདོ་འདོན་པས་སྟོན་པའི་མཛད་པ་སོགས་གདམས་ནས་ལུགས་འབྱུང་དང་ལུགས་ལྡོག་གི་བསམ་གཏན་ལ་སྙོམས་པར་ཞུགས་ནས། སླར་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས་ཞི་བ་མི་གཡོ་བའི་སྤྱན་དང་ལྡན་པ་བརྙེས་ཏེ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན། ཞག་བདུན་དུ་ལྷ་དང་མིའི་མཆོད་པ་རྒྱ་ཆེན་པོས་མཆོད་ཅིང་སྐུ་གདུང་རྒྱུད་ཀྱིས་དབུ་རྒྱུན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་སྤྱན་དྲངས་ཏེ་སའི་སྟེང་དུ་ཟླ་མེད་པའི་ཉན་ཐོས་ཆེན་པོ་བཞི་ལ་སོགས་པས་མཆོད་ཅིང་མེ་རང་འབར་དུ་གྱུར་པས་གདུང་རྣམས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱི་ཕུང་པོར་གྱུར་པ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་། ཡངས་པ་ཅན་གྱི་ལི་ཙྪ་བཱི་ལ་སོགས་པ་རྣམས་ཀྱིས་ཆ་བརྒྱུད་དུ་བགོས་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བརྩིགས་ཤིང་དུས་སྟོན་ཆེན་པོར་བཙུགས་ནས་མཆོད་པ་རྒྱ་ཆེན་པོས་མཆོད། – ཚེམས་མཆེ་བ་བཞི་པོ་སུམ་ཅུ་རྩ་གསུམ་པ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀླུའི་རྒྱལ་པོ་སོགས་ཀྱིས་སོ་སོར་ཐོབ་ནས་མཆོད། མ་སྐྱེས་དགྲའི་གདུང་སྐལ་རྣམས་ཕྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བླངས་ཏེ་ཛམྦུའི་གླིང་དུ་མཆོད་རྟེན་བྱེ་བ་ནུབ་གཅིག་ལ་བཞེངས་པ་དང་། མ་འོངས་པ་ན་དེ་དག་ནོར་བུ་ཏོག་གི་བློ་གྲོས་སུ་གྱུར་ནས་དོན་མཛད་པ་སོགས་མདོར་ན་སྐུ་གདུང་ཡང་འཇིག་རྟེན་ཀུན་ཏུ་རྒྱས་ཤིང་འཕེལ་བས་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་དོ། །ལ་བས་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་དོ། །)
  • Dictionaries/chos rnam kun btus/10240  + (1. དུས་དེ་ཙ་ན་ཚན་བཅུ་སྡེ་བཅུ་ལེགས་པའི་ཁྲིམ1. དུས་དེ་ཙ་ན་ཚན་བཅུ་སྡེ་བཅུ་ལེགས་པའི་ཁྲིམས་ཆོས་ནི་བོད་ཀྱི་སྤྱི་ཆིངས་བྱས།།</br>2. ཞལ་མཆུ་རྣམ་པ་ལྔས་ནང་གི་འཁོན་སྦྱངས།</br>3. དམག་རྣམ་པ་ལྔས་ཕྱིའི་དགྲ་འདུལ།</br>4. གོ་རྣམ་པ་དྲུག་གིས་ནང་གི་སྲོག་སྐྱབས།</br>5. ཚིག་དྲུག་དྲུག་སུམ་ཅུ་རྩ་དྲུག་གིས་བོད་བདེ་ལ་བཀོད།</br>6. བླའི་རྐྱེན་དྲུག་གིས་འགྲོ་བའི་དོན་བྱེད།</br>7. འབྲོག་ཐུལ་གྱིས་བགོས།</br>8. ཞིང་ཐེ་གུས་བཅལ།</br>9. གུང་བློན་ཆེན་པོ་བ་བདུན་གྱིས་རིང་ལ། ཆུ་ལ་གྲུ་བཙུགས། ལ་ལ་ལབ་རྩིས་བརྩིགས། དམག་མིའི་དཔོན་བསྡུས།</br>10. མཐའི་རྒྱ་དྲུག་བཏུལ་ནས་བོད་ཀྱི་སྟོང་སྐྱེད།</br>11. བཀའ་ཁྲིམས་ཀྱི་ནན་བསྡོམས།</br>12. རྗེའི་བཀའ་བསྩལ་ལ་གྲོས་ཀྱི་རྒྱུ་བྱས། འབངས་ཀྱི་མཆིད་ཚིག་ལ་གྲོས་ཀྱི་སྤུན་བྱ་བགྱིས་པ་བཅས་སོ།</br>དེ་ལ་ཚན་བཅུ་ནི། བོད་རུ་རེ་རེ་ན་ཡུལ་དཔོན་ཚན་བཅུ་དྲུག་བཅུ་དྲུག་ཡོད་པ་བྱ། སྡེ་བཅུ་ནི། བོད་རུ་རེ་རེ་ལ་སྡེ་བརྒྱད་བརྒྱད། སྟོང་བུ་ཆུང་དང་དགུ། སྐུ་སྲུང་རེ་རེ་དང་བཅུའོ། །་བུ་ཆུང་དང་དགུ། སྐུ་སྲུང་རེ་རེ་དང་བཅུའོ། །)
  • Dictionaries/Bod rgya shen sjar gyi shes jai rnam drangs kun btus tshig mdzod/1882  + (1. ནམ་མཁའ། 2. རླུང་། 3. མེ། 4. ཆུ། 5. ས། 61. ནམ་མཁའ། 2. རླུང་། 3. མེ། 4. ཆུ། 5. ས། 6. བརྟན་པ། 7. གཡོ་བ། 8. གཟུགས་མེད་པའི་ཁམས། 3. ཉི་མ། 10. ཟླ་བ། རྣམ་བཅུ་ནི། སྣ་ཚོགས་པདྨ་ཉི་མ་ཟླ་བ་དང་། སྒྲ་གཅན་དུས་མེ་ལ་སོགས་གདན་གྱི་སྟེང་།རླུང་ཁམས་ཡ་ལྗང་ར་དམར་མེ་ཡི་ཁམས། ཝ་དཀར་ལྕགས་ཁམས་ལ་སེར་ས་ཡི་ཁམས། མ་ནི་སྣ་ཚོགས་ཁམས་ལས་གྲུབ་པ་སྟེ། ཀྵ་ནི་ཆོས་ཀྱི་བདག་མེད་རྟོགས་གྱུར་པ། དེ་སྟེང་ཧམ་དཀར་སྐྱེ་མེད་ཆོས་སྟོན་པ། སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར། དེ་སྟེང་མེ་ཤེལ་ལས་གྲུབ་ཉི་མ་དམར། ནཱ་ད་སྔོན་པོ་དུ་བའི་མདོག་ཅན་སོ། སྤྲིན་རིས་སྨུག་པོ་པདྨའི་ཚལ་དང་མཉམ། ཡིག་རྐང་མང་ཉུང་རྒྱ་གར་ཡུལ་རིགས་ཁྱད་ཅེས་བྱུང་ངོ་།ང་མང་ཉུང་རྒྱ་གར་ཡུལ་རིགས་ཁྱད་ཅེས་བྱུང་ངོ་།)
  • Dictionaries/chos rnam kun btus/10083  + (1. མ་རིག་པ་ཡི་ཉི་མ་ལ། ། མཆོད་རྟེན་མཁར་རྩིག1. མ་རིག་པ་ཡི་ཉི་མ་ལ། ། མཆོད་རྟེན་མཁར་རྩིག་མཆོད་སྦྱིན་དང་། །ཞིང་ཁང་ས་བཙལ་མགོ་ལུས་བཀྲུ། ། གོས་བཟོ་དོན་གཉེར་འདུ་ལོང་བཟང་། ། མི་ཆེན་མཇལ་ཕྲད་མོ་འདེབས་དང་། ། གོས་གསར་བྱོན་པ་ངན་པས་སྤང་། ། དོན་གཉེར་ཤར་དུ་བཀྲ་ཤིས་ལ། ། ལྷོ་རུ་རྩོད་ཕྲད་དོན་མི་འགྲུབ། ། ནུབ་ཏུ་སྙིང་མི་དགའ་བའི་གཏམ། ། ཐོས་ཤིང་དོན་མི་འགྲུབ་པ་དང་། ། བྱང་གི་ཕྱོགས་ཕྱིན་གཏམ་སྙན་ཐོས། ། བུ་བཙས་ལོ་ཟླ་ཞག་དགུ་ལ། ། མི་ཤི་ནོར་དང་སྨྲ་བ་མང་། ། ཉེ་བ་དང་འཐབ་རྩོད་པ་ལྡང་། ། སེམས་སྡུག་འཁྲིག་ལ་སྲེད་པ་དང་། ། ཡིག་རྩིས་གཙུག་ལག་ཤེས་པ་འབྱུང་། ལོ་ནི་བརྒྱད་ཅུ་རྩ་གཅིག་འཚོ། ། ཐ་མ་འདུ་བྱེད་ཉི་མར་འཆི། ། བོར་སྟོར་བྱུང་ན་བྱང་ནས་འོངས། ། མི་ནི་སྐྲ་ངན་འཆམས་ལ་དགའ། ། དེ་འབྲས་ཤར་ཕྱོགས་ཐག་རིང་ཁྱེར། ། ཞག་དགུ་ཚུན་ལ་རྙེད་པར་འགྱུར། །ནད་བཏབ་ཟླ་བ་ཕྱེད་ཚུན་ལ། ། མ་ཤི་དེ་ནས་ཞག་གསུམ་ན། ། གསོས་པར་འགྱུར་བས་གཟབ་པར་གཅེས། ། སྒྲིབ་ན་འབྲུ་ལྔར་རྒན་མོའི་གཟུགས། ། ལོང་བུའི་རྒྱབ་ཏུ་ཤོག་བུ་ལ། ། མ་རིག་པ་ཡི་གནོད་པ་དང་། ། ཆགས་ཆེ་ཉམ་ང་དགྲ་ལ་བསྒྱུར། ། བྱ་བ་བྲིས་ལ་བསྒྱུར་བྱ་ཞིང་། ། དཀར་གཏོར་མདའ་དར་དཀར་པོ་དང་། འབྲུ་སྣ་བཅས་པ་ཤར་དུ་འཛུགས། །</br>2. འདུ་བྱེད་ཀྱི་ནི་ཉི་མ་ལ། ། རིག་པ་ཡིག་སློབ་རྒྱུན་སྤྲོས་པ། ། བག་མ་དགེ་ལས་ཁྲུས་བྱ་བ། ། ཁང་པ་བརྩིག་དང་ལུས་བཀྲུ་བ། ། དགྲ་བོ་ཚར་གཅོད་ལས་རྣམས་བཟང་། ། མགོ་བཀྲུས་གོས་གསར་གྱོན་པ་ན། ། ནད་དང་གློ་བུར་ཡེ་འབྲོག་ཡོང་། ། དོན་གཉེར་ཤར་ཕྱིན་ནོར་རྙེད་ཅིང་། ། བདེ་བར་ལྡོག་ལ་ལྷོར་ཕྱིན་ན། ། མྱ་ངན་སངས་ཤིང་ཉེས་མེད་ལྡོག ། ནུབ་ཏུ་བཙས་སྟོན་ཟས་རྙེད་ཅིང་། ། བྱང་ དུ་བསམས་པའི་དོན་འགྲུབ་འགྱུར། ། བཙས་ན་ལོ་ཟླ་ཞག་བརྒྱད་ལ། ། གློ་བུར་མ་ཤི་ཕྱུག་པོར་འགྱུར། ། སྤུན་གཉིས་ནད་དཀོན་ཚེ་རིང་ཞིང་། ། གྲོགས་མང་གྱུར་ཀྱང་ཚངས་པར་སྤྱོད། ། མཁས་པ་བཟོ་རིགས་ཤེས་པ་དར། ། ཚེ་ལོ་བརྒྱད་ཅུ་རྩ་གཅིག་འཚོ། ། ཐ་མ་རྣམ་ཤེས་ཉི་མ་འཆི། ། ནོར་སྟོར་རྐུན་མ་མདོག་སེར་སྐྱ། ། གོས་དུག་གྱོན་པ་ཞིག་གིས་ཁྱེར། ། རྟག་ཏུ་རྐུར་དགའ་ཤར་ཕྱོགས་སོང་། ། ནོར་དེ་རང་དང་མི་འབྲལ་ལོ། ། ནད་ཐེབས་ཉིན་བདུན་མ་ཤི་ན། ། དེ་ནས་ཞག་པོ་གསུམ་ན་འཚོ། ། སྒྲིབ་ན་བག་ཕྱེར་རྫ་མཁན་གཟུགས། ། དར་འབྲུ་སྣ་དང་མདའ་དར་སེར། ། སྟེང་འཕྱར་ཕྱེ་མར་གསུར་བཏང་ཐུབ། །</br>3. རྣམ་ཤེས་ཉི་མ་རྟེན་བཞེང་བ། ། དབང་བསྐུར་སྒྲུབ་མཆོད་བྱ་བ་དང་། ། སྨན་དཔྱད་མཆོད་སྦྱིན་དགྲ་འདུལ་མོ། ། གྲོང་ཁྱེར་གཞོམ་དང་གོས་གསར་གྱོན། ། འདུ་ལོང་བག་མ་རྒྱལ་སར་བསྐོ། ། མགོ་བཀྲུས་ཡིད་དུ་འོང་ལ་བཟང་། ། ལུས་བཀྲུས་དངངས་པ་འབྱུང་བས་ངན། ། དོན་གཉེར་ཤར་དུ་ཉོན་མོངས་ཤིང་། ལྷོ་རུ་ཉེས་མེད་ནུབ་རྩོད་དང་། ། བྱང་དུ་ཕྱི་ནད་ནོར་རྙེད་འགྱུར། ། བཙས་ན་ལོ་ཟླ་ཞག་ལྔ་ལ། ། གློ་བུར་མ་ཤི་སྤྲོ་རིང་ཞིང་། ། མཁས་ཤིང་ང་རྒྱལ་ཆེ་བ་དང་། ། སྡིག་དགའ་ཚིག་རྩུབ་དཔའ་ཞིང་དབུལ། ། བྱང་སེམས་ཆུང་བར་འགྱུར་བ་ཡིན། ། དྲུག་ཅུ་རྩ་གཉིས་འཚོ་བ་དང་། ། མཚོན་གྱིས་མིང་གཟུགས་ཉི་མར་འཆི། ། སྟོར་ན་རྐུན་མ་རང་ཁྱིམ་མི། ། སེར་སྐྱ་བོངས་ཆུང་ཞིག་གིས་ཁྱེར། ། གཞན་ལ་ཁས་མི་ལེན་པས་རྙེད། ། འདི་ལ་ནད་ཀྱིས་བཏབ་པ་ན། ། ཉི་མ་གསུམ་སྔར་མ་ཤི་ན། །དེ་ནས་ཞག་བདུན་བརྒྱུད་ལ་འཚོ། ། སྒྲིབ་ན་ལྔ་ལ་སྤྲེལ་གཟུགས་བཟོས། ། ཁོང་དུ་བཟློག་སྔགས་བཛངས་བྱས་ལ། ། སྨན་འབྲུ་སྣ་བཅས་ལམ་གསུམ་མདོར། ། བསྐྱལ་ལ་དར་དམར་གནམ་ལ་འཕྱར།། །</br>4. མིང་གཟུགས་ཀྱི་ནི་ཉི་མ་ལ། ། བཀྲ་ཤིས་བརྗོད་དང་སྐྲ་སེན་འབྲེག ། དཀར་ཆོས་འཇལ་ལེན་བླ་མ་མཇལ། ། འཇིགས་ལ་ཁྲོས་པ་སྨན་སྦྱོར་བཟང་། ། མགོ་བཀྲུས་སྐྲ་དཀར་ལུས་བཀྲུས་ན། ། གཉེན་སྐྲག་གོས་གྱོན་མྱུར་འཛད་ངན། ། དོན་གཉེར་ཤར་དཔལ་ལྷོར་བསམ་འགྲུབ། ། ནུབ་ཏུ་མི་རྙེད་བྱང་སྟོར་རྨོངས། ། བཙས་ན་ལོ་ནི་བཅུ་གཉིས་དང་། ། ཟླ་ཞག་དྲུག་ལ་མ་ཤི་ན། ། ནད་ཉུང་འཚོ་དཀོན་སྣང་བ་མང་། ༑ བུ་ཡིན་མི་འཚོ་རྟག་འཇིགས་མང་། ། གཏུམ་ཞིང་ང་རྒྱལ་ཚེ་སྨད་ཕྱུག ། ཆུང་མ་གསུམ་ཡོང་ཚོང་གིས་འཚོ། ། ཚེ་ལོ་བརྒྱད་ཅུ་རྩ་གཅིག་ཐུབ། ། གཅོང་གིས་སྐྱེ་མཆེད་ཉི་མར་འཆི། །ནོར་སྟོར་རྐུན་མ་སྤུན་གཉིས་ཡོད། ། གཅིག་ནི་བཞིན་མི་སྡུག་པ་དང་། ། བཀྲག་ནག་ལག་པ་བཟོ་བ་ཡོད། ། ཞག་པོ་ཉི་ཤུ་གཅིག་ན་རྙེད། ། ནད་ཐེབས་ཉི་མ་བ་གསུམ་མམ་ལྟར། ། མ་ཤི་དེ་ནས་བདུན་ནས་གྲོལ། ། བརྒྱད་པར་ཐལ་ནས་བསོས་མི་འགྱུར། ། སྒྲིབ་ན་བག་ཕྱེར་མཉམ་པ་དང་། ། ལྷ་བཟོའི་གཟུགས་བཅོས་དེར་སྨན་འབྲུའི། ། སྣ་དང་དཀར་གསུམ་མདའ་དར་སྔོ། ། ལྷོར་བསྟན་སྤོས་དཀར་དུད་པས་ཐུབ།</br>5. སྐྱེ་མཆེད་རྒྱལ་ས་བྱ་བ་དང་། ། བག་མ་བཟློག་རིམ་རྟེན་བཞེང་བ། ། རྒྱལ་པོ་ཁྲུས་བྱེད་གྲོང་ཁྱེར་བཟུང་། ། དགེ་ལས་གཏེར་སྦེད་མགོ་བཀྲུས་ན། ། གཟི་བརྗིད་གོས་གྱོན་མཛེས་འགྱུར་་བཟང་། ། ཁྱིམ་དུ་ཞུགས་ནས་སླར་འབྱུང་དང་། ། གཞན་ལ་ཕྱག་བྱ་སྡིག་པའི་ལས། ་། ལུས་བཀྲུས་ཕ་མ་སྐྲག་པས་ངན། ། དོན་གཉེར་ཤར་དུ་དོན་རྙེད་ཅིང་། ། ལྷོ་རུ་དཔལ་ཕྲད་ཡིད་དགའ་ལ། ། ནུབ་དང་བྱང་དུ་རེ་བ་རྫོགས། ། བཙས་ན་ལོ་བརྒྱུད་ཡང་ན་བཅུ། ། ཟླ་གསུམ་ཉིན་ལྔར་མ་ཤི་ན། ། སེར་སྣ་ཆེ་ཞིང་ནད་མོད་ལ། ། དཔའ་ཞིང་འཕོངས་ལ་སྲེད་པ་ཆེ། ། ལྷོར་འདུ་དྲུག་ཅུ་རྩ་བཞི་འཚོ། ། རང་ཁྱིམ་རེག་པའི་ཉི་མར་འཆི། ། ནོར་སྟོར་ཁྱིམ་མཚེས་མདོག་སེར་སྐྱ། །གསུས་པ་དང་ནི་མིག་ཆེ་བས། ། ཆུ་འགྲམ་གྲོང་ཡོད་ས་རུ་ཁྱེར།། ། དེ་སར་ཉིན་གཉིས་ཚུན་ཆད་དུ། ། མ་གཏུགས་ཕྱིས་སུ་སྙེད་མི་འགྱུར། ། ནད་འཕོག་ཉི་མ་གསུམ་བཞི་ལ། ། མ་ཤི་ཉི་མ་བཅུ་ན་འཚོ། ། སྒྲིབ་ན་ཕྱེ་ནག་མཁར་གཟུགས་བཟོས། ། དར་སྨན་འབྲུ་སྣ་དར་ལྗང་རྣམས། ། གནམ་འཕྱུར་མདའ་ཆག་ལམ་དུ་བསྒྱུར། །</br>6. རེག་པའི་ཉི་མ་ཤར་བ་ན། །རྐུ་འཕྲོག་སྤོག་གཅོད་ཆད་པ་གཅོད། ། མནན་བསྲེག་དྲག་རྩུབ་ལས་རྣམས་དང་། ། མགོ་བཀྲུས་རྩོད་པ་ཉུང་བས་བཟང་། །བཟོ་བྱེད་ལུས་བཀྲུས་ཕ་མ་སྐྱུག ། གོས་གྱོན་མཛའ་བོས་འཚེ་བས་ངན། ། གལ་ཏེ་གྱོན་ན་དགེ་སློང་གི ། མདུན་དུ་ཕྱག་བྱས་གྱོན་ན་འཇམ། ། ཤར་སོང་ནོད་ཐེབས་ལྷོ་རུ་མཛེས། ། ནུབ་ཏུ་ཅ་ཅོ་དངངས་སྐྲག་འོང་། ། བྱང་དུ་རྙེད་ཀྱང་ཡུན་རིང་འགོར། ། བཙས་ན་ལོ་དགུ་ཞག་ལྔ་དང་། ། ཟླ་བ་དགུ་ལྔ་གསུམ་གྲངས་ལ། ། མ་ཤི་རྟག་ཏུ་ནད་ཀྱིས་འཛིན། ། བཤེས་གཉེན་ཆེ་ལ་སྨྲ་བ་མཁས། ། བློ་གྲོས་ལྡན་ཞིང་ང་རྒྱལ་ཆེ། ། ལག་རྐུ་ཆོས་དགའ་ཕྲག་དོག་ཆེ། ཕྱུག་ཅིང་འཁྲིག་ལ་སྲེད་པ་ད་། ལོ་ནི་དྲུག་ཅུ་རྩ་གསུམ་འཚོ། ། ཆད་པས་ཚོར་བའི་ཉི་མར་འཆི། ། ནོར་སྟོར་རང་གི་ཁྱིམ་མཚེས་པ། ། སྐྲ་ནག་ཉམས་ཚོ་ཀླག་ཅོར་ཆེ། ། ངོ་བསྟོད་རྟག་ཏུ་དེར་གནས་པ། ། ཡིན་ཏེ་དེར་བཙུགས་ཤིན་ཏུ་བསྙོན། ། བསྡོངས་ཟླ་བཞི་ཡོད་གྲོང་གཞན་དུ།། ་། ནོར་ལ་འཐབ་རྩོད་བྱེད་པ་འབྱུང་། ། ཡུན་རིང་སོང་ན་ཁུངས་ཙམ་ཆོད། ། ནད་ཐེབས་ཉིན་གསུམ་མ་ཤི་ན། ། བརྒྱུད་ནས་འཚོ་ལ་ཚེ་རིང་འགྱུར། ། སྒྲིབ་ན་བག་ཕྱེར་ཤ་བ་དང་། ། ཤ་ཁྱི་སྔོན་པོའི་གཟུགས་བཟོས་ལ། ། དར་སྨན་འབྲུ་སྣ་མི་ཁ་ཡི། ། རྫས་བཅས་ཕྱིར་བསྒྱུར་དར་སྨན་དང་། ་། རིན་ཆེན་ལྕགས་ཙལ་རྣམས་གཏུམས་ལོ། ། རྟེན་གྱི་ཞབས་ཀྱི་འོག་ཏུ་འཇུག ། སྒྲུང་སྒྱུར་དུད་པ་བཏང་བས་ཐུབ། །</br>7. ཚོར་བ་ཞེས་བྱའི་ཉི་མ་ལ། ། མཛའ་བོ་ཕྲད་དང་ཆོས་བྱེད་པ། ། ཚོང་དང་ཆུ་བརྒལ་ཞི་བའི་ལས། ། འཁོར་འདུ་དབང་མོ་དཀྱིལ་འཁོར་བཞེང་། །ཟས་ནོར་བསྡུ་དང་དགེ་ལས་བཟང་། ། མགོ་བཀྲུས་སྐྲ་བྱི་ལུས་བཀྲུས་ན། ། ཡིད་མི་བདེ་ཞིང་གོས་གྱོན་ན། ། དངང་ངོ་ཡོང་བས་ངན་པར་བཤད།. ། ཤར་ཕྱིན་མྱ་ངན་སངས་ཤིང་མགུ། ། ལྷོ་རུ་ཕྱིན་ན་ནད་ཀྱིས་འདེབས། ། ནུབ་ཕྱིན་ཤི་ཚད་གཏམ་ངན་ཐོས། །བྱང་དུ་གཏམ་སྙན་ཡིད་བདེ་འབྱུང་། ། བཙས་ན་ལོ་བརྒྱད་ཟླ་་བ་བརྒྱད། ། ཡང་ན་ཟླ་གཉིས་ཞག་བཅུ་གཉིས། ། མ་ཤི་གཞན་གྱི་བསྙེན་བཀུར་དང་། ། མཆོད་པའི་གནས་འགྱུར་གཡོ་སྡིག་དགའ། ། ནད་ལྡང་འབྲུ་ནོར་ཕྱུག་པ་དང་། ། བཟོ་མཁས་ཆུང་མ་གཉིས་དང་ལྡན། ། ཚེ་ལོ་དྲུག་ཅུ་ཐམ་པ་འཚོ། } ཚད་པས་སྲེད་པའི་ཉི་མར་འཆི། ། སྟོར་ན་རྐུན་མ་ལམ་རིང་ཡོང་། །ཁྱི་ནི་རྐང་ལག་ནག་པོ་ལ། ། ལུས་ཁྲ་ཕྱི་ནས་འབྲངས་པས་ཁྱེར། ། ཞག་པོ་ཉེར་གཅིག་ལ་རྙེད་འགྱུར། ། ནད་ཕོག་ཉིན་ལྔ་མ་ཤི་ན། ། དགུར་ལྡང་བཅུ་ལ་གསོས་པར་འགྱུར། ། སྒྲིབ་ན་ཟན་ལ་མདའ་མཁན་གྱི། ། གཟུགས་བཟོས་འབྲུ་སྣ་གྱི་ཆུང་དང་། ། མདའ་དར་ལྷན་གཅིག་སྟེང་དུ་འཕྱུར། །གུ་གུལ་དུད་པ་བཏང་བས་ཐུབ། །</br>8. སྲིད་པའི་ཉི་མར་བག་མ་དང་། ། ནོར་རྫས་བསྡུ་དང་ནོར་དཔུས་བསྒྱུར། ། ཚོང་བྱེད་འདུ་ལོང་དགེ་བའི་ལས། ། མོ་འདེབས་མྱུར་སྤང་ལས་རྣམས་བཟང་། ། གོས་གྱོན་རྟག་ཏུ་འགྲུབ་ན་ཡང་། ། དེ་ཉིན་བགོ་བར་མི་བྱ་ཞིང་། ། མགོ་བཀྲུས་སྐྲ་འབྱི་ལུས་བཀྲུས་ན། །འཇིགས་པ་ཆེ་ཞིང་ཤར་ཕྱིན་ན། ། དོགས་པ་བསྐྱེད་ཅིང་ལྷོ་རུ་ཕྱིན། ། ནོར་རྙེད་མྱ་ངན་ཕྲན་ཚེགས་འབྱུང་། ། ནུབ་ཏུ་ཤི་ཆད་གཏམ་ཐོས་ཤིང་། །བྱང་དུ་ཕྱིན་ན་ཡིད་མི་བདེ། ། བྱིས་པ་ལོ་དགུ་ཟླ་བ་ལྔ། ། ཞག་པོ་གསུམ་དང་བཅུར་མ་ཤི། ། གྲོང་ཁྱེར་གྱི་ནི་དཔོན་དུ་འགྱུར། ། བུ་ཚ་མང་ལ་ལོངས་སྤྱོད་ཆེ། ། ནད་དཀོན་གཟུགས་བཟང་དགྲ་སྒྲོགས་མང་། །ལོ་ནི་བརྒྱད་ཅུ་རྩ་བཞི་འཚོ། ། དུག་གིས་ལེན་པའི་ཉི་མར་འཆི། ། བོར་སྟོར་རྐུན་མ་ནུབ་ཕྱོགས་ཡོང་། ། གཟུགས་བཟང་འཕོངས་པའི་མི་ཞིག་སྟེ། ། རྐང་ལག་ནག་པོའི་ཁྱི་ཡི་བདག ། དེར་བབས་དེ་ཐབས་རྙེད་པར་འགྱུར། ། ནད་ཐེབས་བརྒྱུད་ལ་མ་ཤི་ན། ། བཅུར་འཚོ་དེ། ལ་མ་གསོས་འཆི། ། སྒྲིབ་ན་ཤོག་བུར་འདོད་སྤྱོད་བྲིས། ། དེ་ནི་འཇག་མའི་མགལ་བར་བཅུག ། འབྲུ་དང་སྣ་དང་མཉམ་བྱས་ལ། ། ལམ་གྱི་བཞི་མདོར་བསྐྱལ་བ་དང་། ། དར་དམར་གནམ་འཕྱར་ཚིལ་དུད་བཏང་། །</br>9. ལེན་པ་ཡི་ནི་ཉི་མ་ལ། སྨན་སྦྱོར་དགྲ་བྱེད་ཕོ་ཉ་གཏོང་། ། གཞན་གྱི་བུད་མེད་ལ་བགྲོད་དང་། ཁ་སྤུ་འབྲེག་དང་མི་སྨྲ་བཟང་། །.མགོ་བཀྲུས་སྐལ་པ་བཟང་བ་དང་། ། ལུས་བཀྲུས་ནོར་རྙེད་བཟང་བ་ཡིན། ། གཞན་མ་གང་བརྩམས་འབྲས་བུ་མེད། ། གོས་གྱོན་ཚེ་ཐུང་ཕན་མི་ཐོགས། ། ཤར་སོང་འཇིགས་ཤིང་ལྷོ་རུ་མཛེས། ། ནུབ་ཏུ་ཅུང་འཇིགས་བྱུང་བསམ་འགྲུབ། ། བཙས་ན་ཞག་དགུ་ཟླ་བ་གཉིས། ། ལོ་བརྒྱད་དགུ་ལ་མ་ཤི་ན། ། ལྟ་བར་མི་སྡུག་སེམས་ཆུང་ཞིང་། ་། གཏིང་རིང་མཛའ་བོའི་གཟུགས་ཀྱི་ནི། ། གཡོ་བྱེད་ལ་དགའ་འདོད་ཆགས་ཆེ། ། ཚུལ་ཁྲིམས་འཆལ་ཞིང་ལོ་དྲུག་ཅུ། ། རྩ་བཞིར་འཚོ་ཞིང་ཐ་མ་རུ། ། སྲིད་པའི་ཉི་མར་ཚུའམ་མཛེས། ། རང་གི་ཡུལ་དུ་འཆི་བར་འགྱུར། ། ནོར་སྟོར་ཤར་ཡོང་མི་གཉིས་ཡོད། ། ནོར་ཕྱིར་གཉིས་པོ་ནུབ་ཕྱོགས་འཐབ། ། ངེས་པར་རྙེད་པར་འགྱུར་བ་ཡིན། ༑ ནད་འཕོག་ཉིན་བརྒྱད་མ་ཤི་ན། ། བཅུར་གསོས་དེར་ཡང་ཅུང་ ཟད་ལ། ། མ་ཤི་བ་ན་འཚོ་བ་ཡིན། ། སྒྲིབ་ན་སྣམ་སྟེང་ཆོས་ཤིག་བཞག །ནས་དཀར་བྲེ་གང་སྟེང་དུ་ནི། ། མར་མེ་བདུན་དུ་སྤོས་སྤར་ཐུབ། །</br>10. སྲིད་པའི་ཉི་མ་ཤར་བ་ནི། ། བུད་མེད་མཛའ་པོ་བསུ་བ་དང་། ། གཞན་ཡང་ལས་ཀུན་འགྲུབ་འགྱུར་ཞིང་། ། མགོ་བཀྲུས་བཟང་དང་བཅའ་བ་རྙེད། ། ལུས་བཀྲུས་ཡིད་འོང་མཛེས་པར་འགྱུར། ། གོས་གྱོན་མཛེས་ཀྱང་བགོ་མི་བྱ། ། འཐབ་རྩོད་བྱ་བ་འདི་ལ་སྤང་། ། ཤར་སོང་དོན་མེད་འཇིགས་དང་ཕྲད། ། ལྷོ་རུ་ཅི་བསམ་ཐམས་ཅད་འགྲུབ། ། ནུབ་ཏུ་འཇིགས་ཆེ་བྱང་ནོར་རྙེད། ། བཙས་ན་ཉིན་དགུ་ཟླ་གཉིས་སམ། ་། གསུམ་དང་ལོ་དགུར་་བསམ་ཐམས་མ་ཤི་ན། ། གཞན་གྱི་ཆུང་མར་འཁྲིག་པ་སྲེད། ། གཉིད་ཆུང་གཙོ་བོ་དམག་དཔོན་འགྱུར། ། བཙན་ཕྱུག་བཟོ་ཡི་གནས་ལ་མཁས། །ཆུང་མ་གཉིས་ལྡན་དྲུག་ཅུ་འཚོ། ། ཐ་མ་སྐྱེ་བའི་ཉི་མ་ལ། ། མཚོན་གྱིས་གཞན་ཡུལ་དག་ཏུ་འཆི། ། འདི་ལ་ནོར་སྟོར་ཤར་ནས་ཡོང་། ། གཡེང་བག་ཆེ་ཞིང་སྦྱང་བ་ཡི། ། བཤེས་གཉེན་ཆེ་བ་ཞིག་ཡིན་ཏེ། ། དེ་ཉིད་སུ་ལ་བློ་མི་གཏོད། ། རིང་མོར་སོང་ནས་ནང་ཉམས་རྙེད། ། ནད་འཕོག་ཉི་མ་གསུམ་དགུ་ལ། ། མ་ཤི་བ་ན་གསོས་པར་འགྱུར། ། སྒྲིབ་ན་ཟན་ལ་ཆང་འཐུང་མི། ། གཟུགས་བཟོས་སྤང་མ་འབྲུ་སྣ་དང་། ། དར་དང་རིན་ཆེན་གོས་ནག་ཁ། ། གང་དང་ཤུག་ཤིང་འཕྱར་བས་ཐུབ། །</br>11. སྐྱེ་བ་ཡི་ནི་ཉི་མ་ལ། ། བཟློག་རིམ་ཁྱིམ་བཅོས་ཁང་འཛིན་སོགས། ། ཁྱིམ་བདག་གི་ནི་ལས་རྣམས་དང་། ། རྒྱལ་དང་ བློན་པོའི་ལས་རྣམས་བཟང་། ། མགོ་བཀྲུས་བཀུར་སྟི་རིམ་གྲོ་རྙེད། ། ལུས་པོ་བཀྲུས་ན་མཛའ་བོ་རྙེད། ། གོས་གྱོན་རིང་དུ་མི་གནས་པ། ། བགོ་བར་མི་བྱ་ཤར་དུ་ཕྱིན། ། ནོར་རྙེད་མོད་ཀྱིས་བརླག་པར་འགྱུར། ། ལྷོ་རུ་གཏམ་སྙན་ནུབ་ཉེས་མེད། ། བྱང་དུ་ནོར་རྙེད་བཙས་པ་ན། ། ཉིན་དགུ་ཟླ་དགུ་ལོ་བཅུ་ལ། ། མ་ཤི་རྟག་པར་ནད་བུ་ཅན། ། ཕྱུགས་དང་ཡུལ་འཁོར་མི་སྐྱོང་ལ། ། གཞན་གྱིས་མཆོད་པའི་གནས་སུ་འགྱུར། ། དྲུག་ཅུ་འཚོ་ཞིང་རྒ་ཤི་ལ། །ཆུ་ཡི་གནོད་པས་འཆི་བར་འགྱུར། ། ནོར་སྟོར་རྐུན་མ་མི་གསུམ་གྱི། ། གཉིས་ནི་ཕྱི་མི་གཅིག་ནང་མི། ། ཁུངས་ནི་དལ་བུས་ཤེར་བ་མ། ། ཡུན་རིང་ཞིག་ན་རྙེད་པར་འགྱུར། ། ནད་འཕོག་ཉིན་ལྔར་མ་ཤི་ན། ། བརྒྱུད་ལ་གསོས་པོར་འགྱུར་བ་ཡིན། ། སྒྲིབ་ན་འཇིམ་པར་བྱིས་བཙས་ཀྱི། ། གཟུགས་བྱས་དེ་འབྲུ་སྨན་གྱི་སྣ། ། བལ་ཚོན་བསྒྲིལ་ལ་མདའ་དར་ལྔ། ། མཉམ་དུ་སྟེང་ནས་འཕྱུར་བ་དང་། ། བུ་རམ་གསུར་ནི་བཏང་བས་ཐུབ། །</br>12. རྒ་ཤི་ཡི་ནི་ཉི་མ་ལ། ། ཕྱུག་པོའི་ནོར་བརྐུ་ཚུར་བླང་རིགས། ། མགོ་བཀྲུས་གོས་དང་བཟའ་བཏུང་རྙེད། ། དེ་དག་བཟང་ཞིང་མཆོད་སྦྱིན་གཏོང་། ། བཟོ་བྱེད་མོ་འདེབས་ལ་སོགས་དང་། ། རྩོད་པའི་རིགས་རྣམས་སྤང་བར་བྱ། ། ལུས་བཀྲུས་གོད་མང་གོས་གསར་པ། ། གྱོན་ན་གནས་པར་མི་འགྱུར་རོ། ། ཤར་དུ་སོང་ན་མྱུར་དུ་ལྡོག ། ལྷོ་རུ་གྲོགས་དང་གཏམ་སྙན་འོང་། ། ནུབ་ཏུ་དངངས་སྐྲག་བྱང་དུ་བདེ། ། བཙས་པ་ཉིན་གཉིས་ཟླ་བ་གཅིག་་། ལོ་དགུར་མ་ཤི་བྱིས་པའི་དུས། ། ནད་མང་ཆེར་སྐྱེས་ནད་བྱུང་ཞིང་། ཡིད་གཞུངས་གཉེན་འདུན་བྱམས་པ་དང་། ། དགྲ་མང་དྲུག་ཅུ་རྩ་བཞི་འཚོ། ། མཚོན་གྱིས་མ་རིག་ཉི་མར་འཆི། ། རྐུན་མ་བྱང་ཡོང་སྐད་འཛེར་བ། ། སྐྱེ་ལུས་རིང་ཞིང་མཆུ་ཡང་དམར། ། མགོ་སྐྱ་སོ་ཆག་ཞིག་གིས་ཁྱེར།་། ཞག་ནི་ཉི་ཤུ་ལྔ་ནས་རྙེད། ། ནད་ཐེབས་ཉི་མ་གསུམ་བདུན་ལ། ། མ་ཤི་བཅོས་ཀྱིས་ནད་ལས་གྲོལ། ། སྒྲིབ་ན་ཟན་ལ་དགྲ་གཟུགས་བྱས། ། དེ་ཁོང་རྒ་ཤི་ཞེས་པ་བཅུག ། རེ་ནག་གཏུམས་ལ་རིན་ཆེན་ལྔས། ། བཅིངས་ལ་རང་འཐག་འོག་ཏུ་མནན། །དར་སེར་ནམ་མཁའ་འཕྱོར་བ་དང་། །སྟོབས་ཆེན་གཟུངས་སྔགས་བཀླགས་པས་ཐུབ། །དང་། །སྟོབས་ཆེན་གཟུངས་སྔགས་བཀླགས་པས་ཐུབ། །)
  • Dictionaries/chos rnam kun btus/10263  + (1. མགོན་པོ་གུར། 2. ཨེ་ཀ་ཛ་ཏི། 3. ལྷ་མོ་དུད་སོལ་མ། 4. གནོད་སྦྱིན་ནག་པོ། 5. ནག་མོ་གནོད་སྦྱིན། 6. པུ་ཏྲ་ནག་པོ། 7. བྷ་དྲ་ནག་པོ། 8. སྲིན་མོ་ཁྲག་མིག་མ། 9. ལྕགས་ཀྱུ་མ། 10. ཞགས་པ་མ། 11. ལྕགས་སྒྲོགས་མ། 12. དྲིལ་བུ་མ། 13. ལས་མཁན་གཅེར་བུ་ཟངས་གྲི་ཅན་བཅས་སོ། །)