Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "དབུ་རྒྱན། པྲོག་ཞུ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/5805  + (དབང་པོ་རྣོ་རྟུལ་གྱི་རིམ་པས་ཕྱིའི་བྱ་བ་དང་ནདབང་པོ་རྣོ་རྟུལ་གྱི་རིམ་པས་ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ལས་ཕྱིའི་བྱ་བ་ཁྲུས་དང་ཉེ་རེག་སོགས་གཙང་སྦྲ་གཙོ་བོར་བྱེད་ཅིང༌། བསྒོམ་པའི་ལྷ་མོ་དང་ཕན་ཚུན་བལྟ་བའི་ཆགས་པ་ལམ་བྱེད་ནུས་ལ་དེ་ཡན་ཆད་ལམ་བྱེད་མི་ནུས་པ་ལ་དེ་ཙམ་གྱི་ཆགས་པ་ལམ་བྱེད་སྟོན་པའི་རྒྱུད། སྒྲ་བཤད་ནི། བྱ་བ་ཤས་ཆེ་བའི་རྒྱུད་ཡིན་པས་བྱ་རྒྱུད་ཅེས་བྱའོ། །ས་ཆེ་བའི་རྒྱུད་ཡིན་པས་བྱ་རྒྱུད་ཅེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/10014  + (དབང་པོ་ལྔའི་ཡ་གྱལ། རྒྱུའི་ཁྱད་པར་རང་རྒྱུ་འདབང་པོ་ལྔའི་ཡ་གྱལ། རྒྱུའི་ཁྱད་པར་རང་རྒྱུ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ། བྱེད་ལས་རྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པ། ངོ་བོའི་ཁྱད་པར་ནང་གི་གཟུགས་ཅན་དྭངས་པའོ། །དབྱིབས་ཤིང་གྲོ་ག་གཅུས་པ་ལྟ་བུའོ།། དེའི་དོན་ནི་ཤིང་སྟག་པའི་ཤུན་པ་སྒྲིམ་པ་ལྟ་བུའི་དབྱིབས་སུ་ཡོད་ཅེས་པའོ། །པ་སྒྲིམ་པ་ལྟ་བུའི་དབྱིབས་སུ་ཡོད་ཅེས་པའོ། །)
  • Dictionaries/sgom sde tshig mdzod chenmo/12699  + (དབང་པོ་ལྔའི་ཡ་གྱལ། རྒྱུའི་ཁྱད་པར་རང་རྒྱུ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ། བྱེད་ལས་ཀྱི་ཁྱད་པར་སྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པ། ངོ་བོའི་ཁྱད་པར་ནང་གི་གཟུགས་ཅན་དྭངས་པའོ། །དབྱིབས་ནི་མོ་ཁབ་བམ་ཕྲ་ཁབ་ཉིས་གཤིབ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4740  + (དབང་པོ། གཤིན་རྗེ། ཆུ་བདག གནོད་སྦྱིན། མེ་ལྷ། སྲིན་པོ། རླུང་ལྷ། འབྱུང་པོ། ཚངས་པ། ས་ཡི་ལྷ་མོ་བཅུ་ལ་ཕྱོགས་སྐྱོང་བཅུ་ཞེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/6670  + (དབང་པོའི་ཤེས་པ་རྣམས་ཀྱི་དམིགས་རྐྱེན་ནི་རྡུལ་ཕྲ་རབ་བསགས་པའི་ཕྱི་རོལ་གྱི་དོན་དུ་བཞེད་པས་ཐ་སྙད་དུ་མདོ་སྡེ་པ་དང་མཐུན་པ་དང་དམིགས་རྐྱེན་བཞེད་པས་དེ་ལྟར་བཏགས་སོ། །སྒྲ་དོན་ཡང་དེས་ཤེས་སོ།)
  • Dictionaries/sgom sde tshig mdzod chenmo/11724  + (དབང་པོའི་ཤེས་པ་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/4182  + (དབང་ཕྱུག་གི་མིང་དུ་བཤད།)
  • Dictionaries/sgom sde tshig mdzod chenmo/3470  + (དབང་ཕྱུག་གི་ཡོན་ཏན་བརྒྱད་ནི། ཕྲ་རབ་ཡངས་པ་མདབང་ཕྱུག་གི་ཡོན་ཏན་བརྒྱད་ནི། ཕྲ་རབ་ཡངས་པ་མཆོད་པར་འོས། །བདག་པོར་གྱུར་དང་དབང་དུ་གྱུར། །གར་ཡང་ཕྱིན་དང་འདོད་དགུར་ལྡན། །དེ་བཞིན་དགའ་མགུར་གནས་པའོ། །ཞེས་གསུངས་པ་ལྟར་རོ། །རྗེའི་འགྲེལ་པ་བཞི་སྦྲགས་ལས། དེ་ལ་དབང་ཕྱུག་གིས་སེམས་ཅན་གྱི་འཇིག་རྟེན་སྐྱེ་འཇིག་བྱེད་པ་ཕྲ་བ་དང༌། སྣོད་ཀྱི་འཇིག་རྟེན་སྐྱེད་པ་ཡངས་པ་དང༌། དེ་གཉིས་ཀ་སྐྱེ་འཇིག་བྱེད་པ་བདག་པོར་གྱུར་པ་ཡིན་ལ། འདིར་ནི་རྣལ་འབྱོར་པས་དེ་རྣམས་སྤྲུལ་པ་དང་སྡུད་པ་བྱེད་ནུས་པའོ། །ཕྱི་མ་ནི་ཡང་དག་ཐོབ་པས་བསྟན་ཏོ། །ཡིད་ལུས་ཀྱིས་གང་བསམ་པར་ཕྱིན་པ་ནི་གར་ཡང་ཁྱབ་པས་བསྟན་ཏོ། །འབྱུང་པོ་ཀུན་གྱིས་མཆོད་པ་བྱ་བ་ནི་འོད་དང་གཟི་བརྗིད་ཀྱིས་གཞན་རྣམས་ཟིལ་གྱིས་གནོན་པའི་རབ་ཏུ་གསལ་བའམ་སྣང་བས་བསྟན་ཏོ། །སེམས་ཅན་རྣམས་ལ་ཚར་བཅད་དང་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་དུ་གྱུར་པའོ། །ཡོན་ཏན་ལ་འདོད་དགུར་དབང་བསྒྱུར་བ་ནི་འདོད་དགུར་ལྡན་པའོ། །གང་ཐོབ་པར་འདོད་པའི་དོན་དེ་ལྟར་ཐོབ་ནུས་པ་ནི་དགའ་དགུར་གནས་པ་སྟེ་བརྟན་པས་བསྟན་ཏོ། །ཞེས་གསུངས་པ་ལྟར་རོ། །ྟེ་བརྟན་པས་བསྟན་ཏོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/3365  + (དབང་ཕྱུག་ཆེན་པོ་སྟེ། སྔོན་རྒྱ་མཚོ་ལས་བྱུང་བའི་དུག་བུམ་པ་གང་མགྲིན་པར་བཟུང་བས་་བཻཌཱུརྱ་མདོག་ལྟ་བུའི་མགྲིན་པ་ཤིན་ཏུ་ལེགས་པར་གྱུར་པས་དཔལ་གྱི་མགྲིན་ནམ་མགྲིན་སྔོན་ཞེས་བྱ།)
  • Dictionaries/sgom sde tshig mdzod chenmo/3472  + (དབང་ཕྱུག་ཕུན་སུམ་ཚོགས་པ་ནི། ལོངས་སྤྱོད་ཆེ་བ་དང་གཉེན་ལ་སོགས་པའི་རྩ་འཇིང་ཆེ་བ་དང་འཁོར་ཕལ་ཆེ་བའོ། །ཞེས་རྗེའི་ལམ་རིམ་ཆེན་མོར་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/3801  + (དབང་བཅུ་གཅིག་བགྲང་ཚུལ་ནི། བྱིས་པ་ལྟར་འཇུག་དབང་བཅུ་གཅིག་བགྲང་ཚུལ་ནི། བྱིས་པ་ལྟར་འཇུག་པའི་དབང་བདུན། དེའི་སྟེང་། གོང་མ་གོང་ཆེན་གཉིས་ཀྱི་བུམ་དབང་སོགས་བསྡོམས་ནས། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་གསུམ་དུ་བཞག་ནས། གོང་མའི་བཞི་པ་ཤེར་དབང་དུ་བསྡུས། དེ་རྣམས་ཀྱི་ཐོག་གོང་ཆེན་གྱི་དབང་བཞི་པ་སྟེ་བཅུ་གཅིག་གོ།ཐོག་གོང་ཆེན་གྱི་དབང་བཞི་པ་སྟེ་བཅུ་གཅིག་གོ།)
  • Dictionaries/sgom sde tshig mdzod chenmo/3800  + (དབང་བཅུ་དྲུག་ནི། བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མའི་དབང་བཞི། གོང་ཆེན་གྱི་དབང་བཞི། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅུ་དྲུག་གོ།)
  • Dictionaries/sgom sde tshig mdzod chenmo/3814  + (དབང་བཞི་པའི་རྟོགས་པ་བདེན་གཉིས་དབྱེར་མེད་ཟུདབང་བཞི་པའི་རྟོགས་པ་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྟོགས་པ་ཧཱུྃ་ཡིག་གི་རྣམ་པར་སྤྲོས་པ་ཡོངས་སུ་གྱུར་པ་ལས་རི་རབ་གླིང་བཞི་མཁོ་དགུའི་དཔལ་འབྱོར་སོགས་ཀྱི་རྣམ་པར་བསྒྱུར་ནས་འབུལ་བ་ལ་ཟེར། རྒྱལ་མཆོག་བདུན་པ་ཆེན་པོས། བདེ་ཆེན་ཀུན་ཏུ་བཟང་པོའི་རྣམ་རོལ་གྱི། །མཆོད་སྤྲིན་ཅིར་ཡང་སྣང་བའི་སྒྱུ་མ་རྣམས། །གདོད་མའི་རང་བཞིན་སྟོང་པར་ངེས་རྙེད་པའི། །ཟུང་འཇུག་བླ་མེད་མཆོད་པས་མཉེས་གྱུར་ཅིག །ཅེས་སོ། །གཞན་ཡང༌། ཀུན་གཟིགས་ལྔ་པ་ཆེན་པོས། དྲི་བྲལ་རང་སེམས་དག་པའི་ས་གཞི་ལ། །རང་བཞིན་གདོད་ནས་སྟོང་པའི་ས་འཛིན་ཆེ། །མེད་ཀྱང་རྫུན་པར་སྣང་བའི་གླིང་བཞི་སོགས། །རྨི་ལམ་ཡུལ་གྱི་རོལ་པ་ཇི་བཞིན་དབུལ། །རྗེ་གུང་ཐང་པའི་གསུང་ན་གསལ།་ཇི་བཞིན་དབུལ། །རྗེ་གུང་ཐང་པའི་གསུང་ན་གསལ།)
  • Dictionaries/sgom sde tshig mdzod chenmo/13005  + (དབང་ལ་དབྱེ་ན་གསུམ་གསུངས་པའི་ཡ་གྱལ་ཞིག་སྟེ།དབང་ལ་དབྱེ་ན་གསུམ་གསུངས་པའི་ཡ་གྱལ་ཞིག་སྟེ། ཡོངས་གྲགས་ཀྱི་བུམ་དབང་སོགས་བཞི་ལ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་དབང་དོན་དེ་ཉིད་ཡང་གསལ་༢༥བ༢བཤད་དེ། དང་པོ་ནི། སློབ་མའི་རྒྱུད་ལ་སྒོ་གསུམ་གྱི་དྲི་མ་འཁྲུད་ཅིང་བསྐྱེད་རིམ་སོགས་སྔགས་ཀྱི་ལམ་བསྒོམ་པར་དབང་བ་དང་། འབྲས་བུ་སྤྲུལ་སྐུ་སོགས་འགྲུབ་པའི་ནུས་པ་དང་བག་ཆགས་འཇོག་ངེས་པའི་བུམ་དབང་སོགས་བཞི་ཡིན་ལ། ཞེས་གསུངས།ངེས་པའི་བུམ་དབང་སོགས་བཞི་ཡིན་ལ། ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/1388  + (དབང་ཤུག་གི་དོན་ཡིན་པར། ཞྭ་སྒབ་པའི་རྒྱལ་རབས་དེབ་དང་པོ་༢༨༢ན་གསལ།)
  • Dictionaries/sgom sde tshig mdzod chenmo/3275  + (དབུ་ཁྱུད། བེརྒ། ཡོངས་གྲགས་སུ་ཡིག་མགོ་ཞེས་བདབུ་ཁྱུད། བེརྒ། ཡོངས་གྲགས་སུ་ཡིག་མགོ་ཞེས་བྱ། ཡིག་མགོ་ནི་ལུས་མཛེས་པར་བྱེད་པའི་མགོ་ལྟ་བུ་ཡིན་པར་བཤད་ལ། འདི་ཡི་གེའི་དང་པོར་འབྱུང་ཞིང་དབྱིབས་ཀྱོག་ཀྱོག་ཡིན་པས་དང་ཀྱོག་ཟེར། འདི་ནི་དོན་དུ་ན་ལེགས་སྦྱར་གྱི་ༀ་ཡིག་འདི་རང་༼ ॐ ༽ཡིན་ཏེ། དེབ་ཐེར་དཀར་པོ་ལས། ཡིག་མགོའི་དང་ཀྱོག་འདི་ཡང་ༀ་ཡིག་གི་གཟུགས་རིམ་གྱིས་འགྱུར་བར་ཤེས་ཏེ། རྒྱ་དཔེ་རྣམས་ཀྱི་ལྡེབས་དང་པོ་ལ་ༀ་ཡིག་རེ་བྲི་སྲོལ་འདུག་ཅིང་། རྒྱ་ཡིག་གི་ༀ་གྱི་གཟུགས་ནི་ད་ལྟའི་བར་༼ ॐ ༽འདི་ལྟར་སྣང་ལ། རང་རེའི་དཔེ་རྙིང་འགའ་རེའི་དབུ་ལ་ཡང་དང་ཀྱོག་༼ ॐ ༽འདི་འདྲ་འདུག རྙིང་མའི་གཏེར་ཆོས་དག་གི་དབུ་ལ༼ ॐ ༽འདི་འདྲ་འབྱུང་བ་དེ་ཡང་ༀ་དུ་འདུག་སྙམ། ཞེས་དགེ་འདུན་ཆོས་འཕེལ་གསུང་བ་ལྟར་རོ། །ྙམ། ཞེས་དགེ་འདུན་ཆོས་འཕེལ་གསུང་བ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/3054  + (དབུ་ཕར་འདུལ་མཛོད་བཅས་གཞུང་ཆེན་བཞིའི་དམ་བཅའ་བཞག་པའི་དགེ་བཤེས། ཐ་སྙད་འདི་དཔལ་ལྡན་ས་སྐྱ་པ་ནས་དར། རྒྱལ་ཚབ་ཆོས་རྗེ་ནས་དཀའ་བཅུ་པ་ཞེས་ཐ་སྙད་ཆགས་ཞེས་གསུང་ངོ་། །)
  • Dictionaries/sgom sde tshig mdzod chenmo/11001  + (དབུ་བ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/3488  + (དབུ་བ་དང་ལྦུ་བ་གཉིས་དོན་འདྲ། དབུ་བ་ནི། བ་ལདབུ་བ་དང་ལྦུ་བ་གཉིས་དོན་འདྲ། དབུ་བ་ནི། བ་ལང་དང་རྒྱ་མཚོ་སོགས་ཀྱི་ཁར་ཆགས་པའི་རྫས་དཀར་པོ་ཞིག་ཡོད་པ་དེ་ལ་ཟེར། ཆུ་བུར་ནི་ཆུའི་ནང་གློ་བུར་དུ་ཐོན་ནས་ཡལ་འགྲོ་བའི་ལུས་ཀྱི་ཆུ་ལྒང་དང་འདྲ་བའི་ཆོས་ཤིག་ཡིན་ལ། ཕྱི་རྒྱལ་བས་bubbleཟེར་བ་དེའོ། །མང་པོས་དབུ་བ་དང་ཆུ་བུར་གཉིས་གཅིག་ཏུ་འཁྲུལ་བར་སྣང་ཡང༌། ཉན་ཐོས་ལ་བསྟན་པའི་མདོ་ལས་ནི། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་དབུ་བ་དང་ཆུ་བུར་ཐ་དད་དུ་གསུངས་པས་ཀྱང་དེ་གཉིས་ཐ་དད་ཡིན་པར་ཤེས་ནུས་སོ། །ས་པས་ཀྱང་དེ་གཉིས་ཐ་དད་ཡིན་པར་ཤེས་ནུས་སོ། །)
  • Dictionaries/sgom sde tshig mdzod chenmo/9209  + (དབུ་མ་རིན་ཆེན་ཕྲེང་བ་དོར་བའི་རིགས་ཚོགས་ལྷག་མ་ལྔའོ། །བཀའ་བརྒྱུད་པ་སོགས་ཀྱིས་རིགས་ཚོགས་ལྔའི་ཐ་སྙད་བྱེད་ཅིང༌། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་རིགས་ཚོགས་ལྔའི་ཐ་སྙད་བྱེད་ཀྱང༌། རྗེས་འཇུག་གི་དགེ་ལྡན་པ་རྣམས་ཀྱིས་ནི་རིགས་ཚོགས་དྲུག་གི་ཐ་སྙད་བྱེད་དོ། །)
  • Dictionaries/sgom sde tshig mdzod chenmo/9238  + (དབུ་མ་རིན་ཆེན་ཕྲེང་བ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/702  + (དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ག་ལས་འཇིགས་མདབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ག་ལས་འཇིགས་མེད། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། མདོ་སྡེ་འབར་གྱི་འགྱུར། བསྟན་འགྱུར་༼ ཙ་པར ༽བཞུགས། ཞིབ་ཏུ་བཤད་ན། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤློ་ཀ་ནི་ཉིས་སྟོང་ཆིག་བརྒྱ། བམ་པོ་ནི་བདུན་དུ་བྱས་སོ། །ལམ་སྒྲོན་གྱི་རང་འགྲེལ་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ག་ལས་འཇིགས་མེད། ཅེས་འབྱུང་བ་ལྟར། བུ་སྟོན་རིན་ཆེན་གྲུབ་སོགས་བོད་སྔ་རབས་པ་དག་ག་ལས་འཇིགས་མེད་རྩ་ཤེའི་རང་འགྲེལ་དུ་བཤད་ཀྱང་། རྗེ་ཙོང་ཁ་པ་ཆེན་པོས་དེ་རྩ་ཤེའི་རང་འགྲེལ་མིན་པར་གསུངས་ཏེ། ལེགས་བཤད་སྙིང་པོ་ལས། རབ་བྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་ལ། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་གསུངས། འདིའི་དོགས་གཅོད་སྟོང་ཐུན་སྐལ་བཟང་མིག་འབྱེད་༣༨བ༢ན་གསལ་ལོ། །སྒྲ་བཤད་ནི། གང་ལའང་འཇིགས་པ་མེད་པས་ན་ག་ལ་འཇིགས་མེད་ཅེས་བྱ་སྟེ། ག་ལས་འཇིགས་མེད་ཀྱི་མཇུག་ཏུ་རང་དང་གཞན་གྱི་གྲུབ་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། ཞེས་གསུངས་སོ། །རྗེ་དགེ་འདུན་གྲུབ་པའི་ཏཱའི་སི་ཏུ་རྣམ་རྒྱལ་གྲགས་པའི་དྲིས་ལན་ཤོག་གྲངས་༡༥ན་འདི་རྩ་ཤེའི་རང་འགྲེལ་མིན་པའི་སྒྲུབ་བྱེད་རྒྱས་པར་བཀོད་ཡོད་པས་དེར་གཟིགས།་སྒྲུབ་བྱེད་རྒྱས་པར་བཀོད་ཡོད་པས་དེར་གཟིགས།)
  • Dictionaries/sgom sde tshig mdzod chenmo/7917  + (དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ། སློབ་དཔོན་ཟླ་བ་གྲགས་པས་མཛད། པ་ཚབ་ཀྱི་འགྱུར།)
  • Dictionaries/sgom sde tshig mdzod chenmo/9860  + (དབུ་མ་སྙིང་པོའི་རང་འགྲེལ་རྟོག་གེ་འབར་བ་ནི།དབུ་མ་སྙིང་པོའི་རང་འགྲེལ་རྟོག་གེ་འབར་བ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྡེ་དགེ་སྤར་མའི་དབུ་མའི་སྡེ་ཚན་གྱི་བསྟན་འགྱུར་༼ ཛ་པ ༽འི་ཤོག་གྲངས་༡ནས་༤༠བར་དབུ་མ་སྙིན་པོ་བཞུགས་ཤིང་། གླེགས་བམ་དེ་གའི་ཤོག་གྲངས་༤༠མདུན་གཟིགས་གཅིག་སྦྱར་ན་རྟོག་གེ་འབར་བ་བཞུགས་སོ། །འདི་ལ་ནག་ཚོའི་འགྱུར་ཞིག་ཀྱང་ཡོད་ཅིང་། དེའི་རྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་ལེའུ་ལ། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཀ་མ་བ་ཤེས་རབ་འོད་ཀྱིས་འགྱུར་བཅོས་མཛད་དེ་བསྒྱུར་བའི་སྐོར། དེབ་སྔོན་སྟོད་ཆ་༣༧༦ན་གསལ་ཏེ། རྟོག་གེ་འབར་བ་ནག་ཚོས་བསྒྱུར་བ་ལས་རྣལ་འབྱོར་སྤྱོད་པ་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་ལེའུ་ལ་འགྱུར་བཅོས་མཛད་པ་པོའི་མཁས་བཙུན་ཤེས་རབ་འོད་གསལ་གཉིས་ཀྱིས་བསྒྱུར་ཟེར་བའི་ཡ་གཅིག་ཀྱང་ཁོང་ཡིན་པ་འདྲའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། རྟོག་དཔྱོད་ཤིན་ཏུ་འབར་བའམ་རྒྱས་པས་རྟོག་གེ་འབར་བ་ཞེས་བརྗོད་པར་སེམས་སོ། །ས་པས་རྟོག་གེ་འབར་བ་ཞེས་བརྗོད་པར་སེམས་སོ། །)
  • Dictionaries/sgom sde tshig mdzod chenmo/4412  + (དབུ་རྒྱན། ཅོད་པན། གཙུག་རྒྱན། མགོ་རྒྱན། སྤྱདབུ་རྒྱན། ཅོད་པན། གཙུག་རྒྱན། མགོ་རྒྱན། སྤྱི་བོའི་རྒྱན། རྩེ་ཕྲན། རྩེ་ཞྭ། དེ་ཡང་བང་རིམ་གསུམ་མམ་བཞི་དང་ལྡན་པ་བང་རིམ་རྩེ་ལ་རྩེ་ཕྲན་མང་དུ་ཡོད་པ་རྩེ་མོ་རྡོ་རྗེའམ་རིན་པོ་ཆེས་བརྒྱན་པ་ཞིག ཅེས་ཏཱ་ར་ནཱ་ཐས་གསུངས་ཞེས་བསྟན་དར་ལྷ་རམས་པས་གསུངས། སྒྲ་བཤད་ནི། པྲོག་ནི་ཟེའམ་སྤྱི་བོའམ་རྩེ་མོའི་དོན་ཡིན་ཏེ། དཔེར་ན་བྱ་ཕོའི་མགོ་སྟེང་གི་ཤ་ལྷེབ་ལྷེབ་དེར་ཟེ་པྲོག་ཟེར་བ་ལྟ་བུའོ། །ཞུ་ནི་ཞྭ་མོའི་དོན་ནོ། །ཐང་ཞུ་དང་། ཝ་ཞུ་ཞེས་པ་ལྟ་བུ། ཕྲོག་ཞུ་ཡང་འཐད་པར་བཤད། བསྟན་དར་ལྷ་རམས་པས། དཔྲོག་ཞུ་ཞེས་ཀྱང་བྲིས། བསྟན་དར་ལྷ་རམས་པས། དཔྲོག་ཞུ་ཞེས་ཀྱང་བྲིས།)
  • Dictionaries/sgom sde tshig mdzod chenmo/5693  + (དབུ་སྐྲ་བུང་བ་ལྟར་གནག་པ་གཟིགས།)
  • Dictionaries/sgom sde tshig mdzod chenmo/9085  + (དབུ་སྐྲ་རལ་པའི་ལན་བུ་ལྟར་སོ་སོར་སླས་ནས་ཡར་དབུ་སྐྲ་རལ་པའི་ལན་བུ་ལྟར་སོ་སོར་སླས་ནས་ཡར་བསྒྱུར་ཏེ་རྩེ་མོ་ནང་དུ་བཅུག་ནས་དཀྲིས་གཉིས་བརྒྱབ་པའམ། ཡང་ན་མ་སླས་པར་དེ་ལྟར་བྱས་པ་ལ་རལ་པའི་ཐོར་ཅོག་ཟེར། བདེ་མཆོག་ལྟ་བུའི་རལ་པའི་ཐོར་ཅོག་གི་མཚོན་དོན་ནི། དགེ་རྩ་རིམ་གྱི་འཕེལ་བ་དང་འགྲོ་བ་ཀུན་གྱི་དོན་བྱེད་པ་མཚོན་ཞེས་རྗེའི་འདོད་འཇོ་ལས་གསུངས་སོ། །ད་པ་མཚོན་ཞེས་རྗེའི་འདོད་འཇོ་ལས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/4711  + (དབུ་སྐྲའི་ཕྱེད་སྤྱི་བོར་བཅིངས་ཤིང་ཕྱེད་ཐུར་དུ་འཕྱང་བའི་རྣམ་པའོ། །)
  • Dictionaries/sgom sde tshig mdzod chenmo/10475  + (དབུགས་གཏོང་བའི་ཚེ་ཕར་རྒྱུ་ཚུར་རྒྱུའི་སྒྲ་ཐོས་རྒྱུ་ཡོད་པའི་རླུང༌།)
  • Dictionaries/sgom sde tshig mdzod chenmo/10469  + (དབུགས་གཏོང་བའི་ཚེ་བྲེལ་བ་བྱེད་ནས་མགྱོགས་པོ་མགྱོགས་པོ་གཏོང་བའི་དོན།)
  • Dictionaries/sgom sde tshig mdzod chenmo/3539  + (དབུགས་དབྱུང་བ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/3534  + (དབུགས་ཕྱུང་བ་དང་འདྲ། དབུགས་ཕྱུང་བ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10454  + (དབུགས་འགྲོ་འོང་གི་རྒྱུ་བ་ཧ་ཅང་རགས་པ་དེ་དག་དབུགས་འགྲོ་འོང་གི་རྒྱུ་བ་ཧ་ཅང་རགས་པ་དེ་དག་བརྟུལ་བའམ་ཞི་བར་བྱས་ནས་དབུགས་དལ་བུའི་གཏོང་བ་ལ་ཟེར། སྤྱིར་ཆམ་ལ་ཕབ་ནི། ཚར་གཅོད་པ་དང༌། བརྟུལ་བ། ཞི་བར་བྱེད་པ་དང༌། དབང་དུ་བསྡུ་བ་བཅས་ཀྱི་དོན་ཡིན། དཔེར་ན་དགྲ་བོ་ཆམ་ལ་ཕབ་ཅེས་པ་ལྟ་བུ། ཞིབ་པར་བཤད་ན། སྒོམ་ལ་ཐོག་མར་འཇུག་པའི་ཚེ། དབུགས་འགྲོ་འོང་ཉེར་གཅིག་ཙམ་བགྲངས་པའི་སྒོ་ནས་རྣམ་རྟོག་ཤིན་ཏུ་རགས་པ་རྣམས་ཞི་བར་བྱས་ནས་རླུང་སྟེ་དབུགས་དལ་བུའི་གཏོང་བ་ལ་སེམས་གཏད་པ་ལ་ཟེར། འདི་ནི་རྟོག་པ་ཕྱི་རོལ་དུ་གཡེང་བ་ལྡོག་པའི་ཐབས་དམ་པའོ། །སྒྲ་བཤད་ནི། རླུང་སྟེ་དབུགས་ཀྱི་རྒྱུ་བ་ཤིན་ཏུ་རགས་པ་དག་བརྟུལ་བའམ་ཞི་བར་བྱེད་པས་ན་རླུང་ཆམ་ལ་དབབ་ཅེས་བྱའོ། །་ཞི་བར་བྱེད་པས་ན་རླུང་ཆམ་ལ་དབབ་ཅེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/3540  + (དབུགས་ལ་ཕར་གཏོང་བ་དང་ཚུར་འཐེན་པ་ལ་སེམས་གཏདདབུགས་ལ་ཕར་གཏོང་བ་དང་ཚུར་འཐེན་པ་ལ་སེམས་གཏད་དེ་མི་གཡེང་བར་བྱེད་པའི་ཉམས་ལེན་ལ། དབུགས་འབྱུང་རྔུབ་ཟེར། དབུགས་ནི་རླུང་ཡིན་ལ། འབྱུང་ནི་ཕར་གཏོང་བ་དང་། རྔུབ་ནི་ཚུར་འཐེན་པའོ། །རྗེའི་ལམ་རིམ་ཆེན་མོ་ལས། དབུགས་འབྱུང་རྔུབ༌ལ་དམིགས་པ་ནི། རླུང་ཕྱི་ནང་དུ་འགྲོ་བ་ལ་བགྲང་བ་དང་ལྟ་བའི་སྒོ་ནས་སེམས་གཞན་དུ་མི་གཡེང་བར་དམིགས་པའོ། །འདི་ནི་ཕན་ཡོན་ཤིན་ཏུ་ཆེ་སྟེ། དབུགས་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་ཞེས་བྱ་བ། བསྟན་འགྱུར་༼ ཉོ་པ ༽༢༧༧བ༥ལས། ཕན་ཡོན་ནི། དབུགས་བགྲང་བ་འདིས་རྣམ་པར་རྟོག་པ་མྱུར་དུ་ཞི་ནས་ཞི་གནས་ཚེགས་མེད་པར་འཐོབ་བོ། །དེ་ནས་ལྷག་མཐོང་ཡང་དཀའ་བ་མེད་པར་སྐྱེ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་མི་རྟོག་པའི་ཡེ་ཤེས་ཀྱང་མྱུར་དུ་སྐྱེ་བར་གསུངས་སོ། །ཡོན་ཏན་ཁྱད་པར་ཅན་མ་ཐོབ་ཀྱི་བར་དུ་ཡང་རྟག་ཏུ་ནད་ཉུང་བ་དང་། ཚེ་རིང་བར་ཡང་འགྱུར་ཏེ། དེ་སྐད་དུ། ནང་པར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་བགྲང་བར་བྱས་ན་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང་། །ཉི་ཟླ་གནས་ཀྱི་བར་དུ་འཚོ། །ཞེས་གསུངས་སོ། །ཞེས་གསུངས།་ཀྱི་བར་དུ་འཚོ། །ཞེས་གསུངས་སོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/5998  + (དབུལ་ཞིང་ཕོངས་པའི་བྲན་མོ་རྒན་མོ་ཞིག་གིས་འཕགས་པ་ཀཱ་ཏྱཱ་ཡ་ན་ལ་ཆུ་གཙང་མ་ལྷུང་བཟེད་གང་ཕུལ་བའི་དགེ་བའི་རྩ་བས་སུམ་ཅུ་རྩ་གསུམ་དུ་སྐྱེས་པའི་ལོ་རྒྱུས་ཤིག འདི་མདོ་མཛངས་བླུན་ན་བཞུགས། “ཡོན་ཆབ་ཀྱི་སྐོར” ཞེས་པའི་ཐད་དུ་གཟིགས་ན་དེར་བཀོད་ཡོད།)
  • Dictionaries/sgom sde tshig mdzod chenmo/5215  + (དབུས་གཙང་རུ་བཞི་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/3547  + (དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10289  + (དབུས་ཞལ། ཞལ་གྱི་གཙོ་བོ། སྒྲ་བཤད་ནི། རྩ་ནི་རྩ་བ་སྟེ་འདིར་གཙོ་བོའི་དོན་ཡིན་པས་ཞལ་གྱི་གཙོ་བོ་ཞེས་པའོ། །)
  • Dictionaries/sgom sde tshig mdzod chenmo/3544  + (དབུས་ལ་ཟེར། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་༼ མ ༽༨༧བ༤ལས། ཕ་རོལ་དང་། ཚུ་རོལ་དང་། དབུང་དང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/8097  + (དབུས་སམ་དཀྱིལ་དུ་ཞུགས་ནས་འདའ་བའམ། དཀྱིལ་ནས་འདའ་བའི་དོན་ནོ། །འཇིངས་ནི་དབུས་སམ་དཀྱིལ། བརྒལ་ནི་འདའ་བའོ། །)
  • Dictionaries/sgom sde tshig mdzod chenmo/8096  + (དབུས་སམ་དཀྱིལ། དཔེར་ན་རྒྱ་མཚོའི་འཇིངས་ཞེས་པ་དང་། དཔུང་ཚོགས་སྟོང་སྡེའི་འཇིངས་ཆེན་པོར་ཞུགས་པ་ནི་འདི་ལྟ་སྟེ། ཞེས་པ་ལྟ་བུ། མཆིང་དང་དོན་གཅིག དག་ཡིག་ངག་སྒྲོན་ལས། སྐྱེ་མཆེད་མཆིང་བུ་རྒྱ་མཚོའི་མཆིང་། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/6293  + (དབེན་ས་པའི་སློབ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེསདབེན་ས་པའི་སློབ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་གསུང་འབུམ་ནི། ༼ ཀ་པར ༽རྒྱལ་བ་བློ་བཟང་དོན་གྲུབ་ལ་བསྟོད་པ། ༼ ཁ་པར ༽རྒྱལ་བ་བློ་བཟང་གྲགས་པའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་འདོད་དགུའི་ཆར་འབེབས་ཡིད་བཞིན་ནོར་བུ། ༼ ག ༽བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། ཡང་བླ་མ་མཆོད་པ་བསྡུས་པ་དངོས་གྲུབ་ཀུན་འབྱུང༌། ང་ཟབ་ལམ་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་དུ་གྲགས་པ་དབོན་ཆོས་ལེགས་ཚོགས་ལྷུན་གྲུབ་ཀྱིས་ཞུས་པ། ༼ ཅ ༽བླ་མའི་རྣལ་འབྱོར་གྱི་སྒོ་ནས་བསྐྱེད་རྫོགས་ཀྱི་སྙིང་པོ་ཉམས་སུ་ལེན་ཚུལ། ༼ ཆ ༽ཟབ་ལམ་ཐེག་ཆེན་ཐུན་མོང་བའི་བླ་མ་ལྷའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་ཞལ་ཤེས་ཀྱིས་བརྒྱན་པ། ༼ ཇ ༽ཐེག་པ་ཆེན་པོའི་བླ་མའི་རྣལ་འབྱོར་ཟབ་པ། ༼ ཉ ༽དགེ་ཚུལ་མ་བསོད་ནམས་སྒྲོལ་མ་ལ་གནང་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང༌། ༼ ཏ ༽བྱང་ཆུབ་ལམ་རིམ་གྱི་བླ་མའི་རྣལ་འབྱོར་གྱི་སྙིང་པོ། ༼ཐ༽བླ་མའི་རྣལ་འབྱོར་ལ་སོགས་པ་དུ་མའི་ཟུར་འདེབས་དང་མགོན་པོའི་ཧཱུྂ་དྲུག་དམིགས་སྐོར་ཟིན་བྲིས།༼ ད ༽ རྗེ་ཙོང་ཁ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་སྙིང་པོ་བསྡུས་པ་དང༌། བསྟོད་པ་འགའ་ཞིག་ཡོད། ༼ ན ༽ཡང་རང་གཞན་ལ་གདམས་པ། གསོལ་འདེབས་གསུང་མགུར་དང་བཅས་པ༼ པ  ༽རྗེ་བཙུན་འཇམ་དབྱངས་ཀྱི་སྒྲུབ་ཐབས། བདེན་གཉིས་རྣམ་འབྱེད་ཀྱི་མཆོག་སྦྱིན་དང༌། སྨན་པའི་རྒྱལ་པོའི་སྒྲུབ་ཐབས། ༼ ཕ ༽བླ་མ་ལྷ་འཇིགས་བྱེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་རྒྱས་པ། ༼ བ ༽ཡང་བླ་མ་འཇིགས་བྱེད་ཀྱི་རྣལ་འབྱོར་དེ་ལས་ཅུང་ཟད་བསྡུས་པ། ༼ མ ༽དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བ་ངག་འདོན་གྱི་རིམ་པར་བསྒྲིགས་པ། ཚོགས་འཁོར་གྱི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། ༼ ཇ ༽ མཆོད། ཙ་བླ་མ་ལྷ་རྟ་མགྲིན་གྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་རྒྱས་བསྡུས་གཉིས། ཚེ་ཁྲིད་བསྡུས་པ་ཚིགས་བཅད་མ་དང༌། དེའི་བླ་བརྒྱུད་གསོལ་འདེབས། བྱེ་མདའ་ནས་ལ་གདམས་པའི་ཚེ་སྒྲུབ་དང༌། ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས། ཚ་ལམ་རིམ་གྱི་སྐྱེས་བུ་ཆུང་ངུའི་དམིགས་སྐོར་ཟིན་བྲིས། ༼ ཛ ༽ལམ་རིམ་གྱི་ཁྲིད་དངོས་གྲུབ་ཀུན་འབྱུང༌། ༼ ཞ ༽བློ་སྦྱོང་དོན་བདུན་མའི་ཁྲིད། ༼ ཟ ༽ཐབས་ཤེས་ཀྱི་གཅོད་བདེ་ཆེན་ལམ་གྱི་སྙིང་པོ། ༼ འ ༽དབུ་མའི་ཟིན་བྲིས། ༼ ཡ ༽བདེ་ཆེན་ལམ་གྱི་སྙིང་པོ་དོན་གཉིས་རྣམ་པར་བཤད་པ་དངོས་གྲུབ་ཀུན་འབྱུང་སོགས་མན་ངག་ཟུར་འདེབས་ཚན་པ་བཅུ་གསུམ། ༼ ར ༽ལྟ་བའི་གནད་སྟོན་པ་པོ་རྒྱ་བོད་ཀྱི་བླ་མའི་གསུང་འབྲུ་སྣོན་དང་བཅས་པ། ༼ ར ༽གཞི་ལམ་འབྲས་བུའི་དཀའ་གནད་ལ་དྲི་བ་དང༌། དེའི་ལན་རང་ཉིད་ཀྱིས་མཛད་པ། ༼ ལ ༽ རྗེ་བཀྲ་ཤིས་རིན་ཆེན་པའི་དྲིས་ལན། དྲིས་ལན་ལེགས་པར་བཤད་པ་ཉིན་མོར་བྱེད་པའི་དཔལ། ས་ཚེ་དབང་བསྐུར་ཚུལ། ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་རྗེས་གནང་བྱེད་ཚུལ། ༼ ཧ ༽སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་རྗེས་གནང༌། ༼ ཨ ༽ ཐེག་ཆེན་གསོ་སྦྱོང་གྱི་སྡོམ་པ་ལེན་ཚུལ་མན་ངག་གིས་བརྒྱན་པ། ༼ ཊ ༽བསྙུང་གནས་ཀྱི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། ༼ ཋ ༽ སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང༌། ༼ ཌ ༽གཏོར་མའི་སྙིང་པོའི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། ༼ ཎ ༽བླ་མ་ལྷ་སྲུང་ལ་མཆོད་གཏོར་འབུལ་ཚུལ་བདུད་ལས་རྣམ་པར་རྒྱལ་བ། ལྟུང་བ་བཤགས་པའི་ཊཱི་ཀ། ༼ དྷ ༽ དམ་ཅན་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས་རྣམས་བཞུགས་སོ། །ས་ཀྱི་རྒྱལ་པོའི་སྒྲུབ་ཐབས་རྣམས་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/1095  + (དབྱངས་གསལ་གྱི་ཡི་གེ་གཉིས།)
  • Dictionaries/sgom sde tshig mdzod chenmo/3570  + (དབྱངས་ཅན་དགའ་བའི་བློ་གྲོས་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/11568  + (དབྱངས་ཅན་མ་དམར་མོ། ཀླུ་སྒྲུབ་ལུང་བསྟན་པའི་མདོ་འཇམ་དཔལ་རྩ་རྒྱུད་ལས། དེ་ཡི་རིག་པ་གྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །ཅེས་པའི་སཱ་ལའི་ཕོ་ཉ་མོ་ནི་དབྱངས་ཅན་མ་དམར་མོ་ཡིན་པ་མཁས་པ་འགའ་གསུང་ལ། འཁོན་སྟོན་འགྲེལ་ཊཱིཀ་ཏུའང་དེ་བཞིན་དུ་གསུངས།)
  • Dictionaries/sgom sde tshig mdzod chenmo/3573  + (དབྱངས་ཅན་མའི་བསྟོད་པ་གཟིགས་སྣང་མ་དང་དོན་གཅིག)
  • Dictionaries/sgom sde tshig mdzod chenmo/3567  + (དབྱངས་བཞི་དང་གསལ་བྱེད་སུམ་ཅུའོ། །དབྱངས་ལ་ཨདབྱངས་བཞི་དང་གསལ་བྱེད་སུམ་ཅུའོ། །དབྱངས་ལ་ཨི་ཨུ་ཨེ་ཨོ་བཞི་དང་། གསལ་བྱེད་ལ་ཀ་ལ་སོགས་པ་སུམ་ཅུའོ། །དབྱངས་ཀྱི་སྒྲ་བཤད་ནི། གསེར་ཏོག་སུམ་འགྲེལ་༢༩ལས། དབྱངས་དང་གསལ་བྱེད་ཅེས་པའི་དོན་གང་ཡིན་ཞེ་ན། སྐབས་འདིར་དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ནི་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲ་གདངས་ཙམ་དང་ང་རོ་ཙམ་ཤས་ཆེ་བའི་ཆ་ནས་བཞག་པས། ཡི་གེ་གཞན་ལ་མ་ཞུགས་པར་རང་སྟོབས་ཀྱིས་བརྗོད་པ་གསལ་བར་མི་ནུས་པས་ན་འདིར་བསྟན་དབྱངས་རྐྱང་ཞེས་བྱའོ།། ཞེས་དང་། གསལ་བྱེད་ཅེས་པའི་དོན་ནི། གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་མིང་དང་ཚིག་དང་རྗོད་པ་མཚོན་པར་བྱེད་པའི་གཞི་ཡིན་པས་ན་གསལ་བྱེད་ཅེས་བྱའོ། །ཞེས་གསུངས་སོ། །ན་པས་ན་གསལ་བྱེད་ཅེས་བྱའོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/13138  + (དབྱངས་བཞི་དང་ཚེག་རྣམས་ལ་སྲོག་གི་ཡི་གེ་ཟེར།དབྱངས་བཞི་དང་ཚེག་རྣམས་ལ་སྲོག་གི་ཡི་གེ་ཟེར། སྲོག་ཅེས་པ་ཡི་གེ་རྣམས་ཀྱི་སྲོག་ཏུ་ཞུགས་པའི་དོན་མ་ཡིན་པར་ཡི་གེ་རྣམས་བརྗོད་པ་གསལ་བར་བྱེད་པའི་ནུས་པ་སྟེར་བའི་ཆ་ནས་སྲོག་ཅེས་བཏགས་ཤིང་། བོད་ཡིག་ལ་ཚེག་མེད་ན་སྔོན་རྗེས་རྣམས་འདྲེས་པར་འགྱུར་བས་བརྗོད་བྱ་སྟོན་པའི་ནུས་པ་མེད་དོ། །རྐྱེན་གྱི་ཡི་གེ་ནི། དབུ་ཁྱུད་དེ་མགོ་ཡིག་དང་ཤད་རྣམས་ལ་ཟེར། ཕྱི་མ་འདིའི་སྐོར་ཞིབ་པར་རྐྱེན་གྱི་ཡི་གེ་ཞེས་པའི་ཐད་དུ་གཟིགས། གསེར་ཏོག་སུམ་འགྲེལ་ལ་གཞི་བྱས་ཏེ་བཀོད།ིགས། གསེར་ཏོག་སུམ་འགྲེལ་ལ་གཞི་བྱས་ཏེ་བཀོད།)
  • Dictionaries/sgom sde tshig mdzod chenmo/7830  + (དབྱར་གྱི་དུས། སྒྲ་བཤད་ནི། དུད་འགྲོ་རྣམས་འཁྲིག་པ་སྤྱོད་པའི་དུས་ཡིན་པས་དེ་སྐད་ཅེས་བརྗོད།)
  • Dictionaries/sgom sde tshig mdzod chenmo/2058  + (དབྱར་དུས་སུ་སྒྲ་དང་བཅས་ཏེ་ཅུང་ཟད་འཕུར་ཐུབ་དབྱར་དུས་སུ་སྒྲ་དང་བཅས་ཏེ་ཅུང་ཟད་འཕུར་ཐུབ་པའི་སྲོག་ཆགས་ཕྲ་མ་ཞིག ཅེས་ངག་སྒྲོན་འགྲེལ་པར་གསལ། འདི་ “ཅོག་ཅོག་པ” ཟེར་བ་དེ་དང་ཕལ་ཆེར་དོན་གཅིག་ཡིན་ནམ་སྙམ་ཡང་དཔྱད། ཡང་ན་སྤྱིར་དེ་གཉིས་རིགས་གཅིག་ཡིན་ཀྱང་ནང་གསེས་ཀྱི་དབྱེ་བ་ཕྲན་བུའི་ཡོད་པར་སྙམ། བོད་རྒྱ་ཚིག་མཛོད་ཆེན་མོར་དེ་གཉིས་ལ་དབྱེ་ཞིབ་མཛད་མི་འདུག ཕྱི་རྒྱལ་བས་grasshopper ཟེར་བ་དེའོ། །འདུག ཕྱི་རྒྱལ་བས་grasshopper ཟེར་བ་དེའོ། །)