Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "རུལ་ཞིང་སྔོན་པོར་གྱུར་པ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/4260  + (རིན་པོ་ཆེས་སྤྲས་པའི་གཡག་རྔ་ལས་བྱས་པའི་རྔ་གཡབ།)
  • Dictionaries/sgom sde tshig mdzod chenmo/12853  + (རིམ་གཉིས་ལ་བོགས་འདོན་པའི་ཕྱིར་རིག་མ་དང་བཅསརིམ་གཉིས་ལ་བོགས་འདོན་པའི་ཕྱིར་རིག་མ་དང་བཅས་ཏེ་དབེན་པའི་གནས་རྣམས་སུ་གཤེགས་པ་ལ་ཟེར། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་ཕལ་ཆེར་དོན་འདྲ། འདིའི་སྤྱོད་པ་ལ་གཤེགས་ཞེས་པའི་སྤྱོད་པ་ནི། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྣམས་ལ་ཟེར། སྤྱོད་པ་གསུམ་ཞེས་པར་གཟིགས།ད་པ་རྣམས་ལ་ཟེར། སྤྱོད་པ་གསུམ་ཞེས་པར་གཟིགས།)
  • Dictionaries/sgom sde tshig mdzod chenmo/4952  + (རིམ་གྱིས་ཕྲ་བ། བྱིན་གྱིས་ཕྲ་བ་རྣམས་དོན་གཅིག རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། བགས་ཀྱིས་ཕྲ་ཞིང་ཟླུམ་པའི་བྱིན་པ་ལེགས།། ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/5916  + (རིམ་གྱིས་ཕྲ་རུ་སོང་བ། བགས་ཀྱིས་ཕྲ་བའང་ཟེར། སོར་མོ་བྱིན་གྱིས་ཕྲ་བ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/444  + (རིམ་གྱིས་རིམ་གྱིས། ག་ལེ་ག་ལེ། བཀའ་གདམས་པའི་དགེ་བཤེས་ཀ་མ་བའི་ཞལ་ནས། རྒས་པ་ཁད་ཀྱིས་ཁད་ཀྱིས་འོང་བ་དྲག དུས་གཅིག་ལ་འོངས་ན་བསྲན་ཐབས་མེད། ཅེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/443  + (རིམ་གྱིས།)
  • Dictionaries/sgom sde tshig mdzod chenmo/4951  + (རིམ་གྱིས། བགས་ཀྱིས་ཕྲ་བ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/6577  + (རིམ་གྱིས། རིམ་པར། རིམ་བཞིན། བང་རིམ་བཞིན།)
  • Dictionaries/sgom sde tshig mdzod chenmo/6089  + (རིམ་གྲོར་བྱེད། མཆོད་པར་བྱེད། རྗེད་པར་བྱེད།རིམ་གྲོར་བྱེད། མཆོད་པར་བྱེད། རྗེད་པར་བྱེད། (འདུལ་བ) དེ་དག་སོ་སོའི་དོན་ནི། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས། བླ་མར་བྱེད་པ་ནི་གུས་པས་སོ། །རིམ་གྲོར་བྱེད་པ་ནི་དད་པར་བྱེད་པ། མཆོད་པར་བྱེད་པ་ནི་ཕྱག་དང་ཐལ་མོ་སྦྱར་བ་དང་བསྟོད་པ་ལ་སོགས་པ་རྣམས་ཀྱིས་སོ། །རྗེད་པར་བྱེད་པ་ནི་གཡས་ཀྱིས་བསྐོར་བ་རྣམས་ཀྱིས་སོ། །ཞེས་གསུངས་པ་ལྟར་རོ། །ྐོར་བ་རྣམས་ཀྱིས་སོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/8995  + (རིམ་པ་གསུམ་པ་སྒྱུ་ལུས་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/4125  + (རིམ་པ་བཞི་པ་དོན་གྱི་འོད་གསལ་གྱི་མིང་། རིམ་རིམ་པ་བཞི་པ་དོན་གྱི་འོད་གསལ་གྱི་མིང་། རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ཉིད་ཕྱིའི་ཟླ་ཉི་སྲོད་ཀྱི་སྨག་གསུམ་འདས་པའི་ཐོ་རངས་ཀྱི་དུས་སུ་མངོན་དུ་བྱས་པའི་ལྡོག་ཆ་ནས་ཕྱིའི་མངོན་བྱང་ཞེས་མིང་བཏགས་ཤིང་། ནང་གི་སྣང་མཆེད་ཐོབ་གསུམ་ཐིམ་པའི་འོད་གསལ་ཐམས་ཅད་སྟོང་པ་ཡིན་པའི་ལྡོག་ཆ་ནས་ནང་གི་མངོན་བྱང་དུ་བཤད་དོ། །་པའི་ལྡོག་ཆ་ནས་ནང་གི་མངོན་བྱང་དུ་བཤད་དོ། །)
  • Dictionaries/sgom sde tshig mdzod chenmo/4635  + (རིམ་པ་བཞི་པ་དོན་གྱི་འོད་གསལ་གྱི་མིང་གི་རྣམརིམ་པ་བཞི་པ་དོན་གྱི་འོད་གསལ་གྱི་མིང་གི་རྣམ་གྲངས་ཤིག ཕྱི་ནང་གི་མངོན་བྱང་ཞེས་ཐ་དད་པ་གཉིས་འཇོག་རྒྱུ་མེད། རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ཉིད་ཕྱིའི་ཟླ་ཉི་སྲོད་ཀྱི་སྨག་གསུམ་འདས་པའི་ཐོ་རངས་ཀྱི་དུས་སུ་མངོན་དུ་བྱས་པའི་ལྡོག་ཆ་ནས་ཕྱིའི་མངོན་བྱང་དང་། ནང་གི་སྣང་མཆེད་ཐོབ་གསུམ་ཐིམ་པའི་འོད་གསལ་ཐམས་ཅད་སྟོང་པ་ཡིན་པའི་ལྡོག་ཆ་ནས་ནང་གི་མངོན་བྱང་དུ་བཤད་དོ། །རྗེའི་སྔགས་རིམ་ཆེན་མོ་ལས། ཕྱག་རྒྱ་ཆེན་པོ་ནི་ཟུང་འཇུག་གོ། འདི་འོད་གསལ་མངོན་སུམ་དུ་རྟོགས་པར་བྱེད་པ་ལ་གསུངས་པས། ཕྱི་ནང་གི་བྱང་ཆུབ་པ་གཉིས་ནི་དོན་གྱི་འོད་གསལ་ལ་བྱའོ། །ཞེས་གསུངས་སོ། །ི་དོན་གྱི་འོད་གསལ་ལ་བྱའོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/4672  + (རིམ་པ་བཞི་པ་དོན་གྱི་འོད་གསལ་གྱི་མིང་གི་རྣམརིམ་པ་བཞི་པ་དོན་གྱི་འོད་གསལ་གྱི་མིང་གི་རྣམ་གྲངས་ཤིག རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ཉིད་ཕྱིའི་ཟླ་ཉི་སྲོད་ཀྱི་སྨག་གསུམ་འདས་པའི་ཐོ་རངས་ཀྱི་དུས་སུ་མངོན་དུ་བྱས་པའི་ལྡོག་ཆ་ནས་ཕྱིའི་མངོན་བྱང་ཞེས་མིང་བཏགས་པ་ཡིན། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། དུས་དེ་དག་གི་ཚེ་ནམ་མཁའ་ནི་ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་མཛད་པའི་ཚུལ་ནི་འདི་འདྲའོ། །ཞེས་འཇིག་རྟེན་ཐམས་ཅད་ལ་གོ་བར་བྱེད་པ་བཞིན་དུ་ཤིན་ཏུ་གཡའ་དག་པར་གྱུར་ཏེ་ཆེས་དྭངས་ཤིང༌། ཐ་མལ་གྱི་སྤྲིན་དང་རྡུལ་ལ་སོགས་པ་ཐམས་ཅད་དང་བྲལ་ས་གཞི་རླུང་གི་རྒྱུ་བ་ཐམས་ཅད་དང་བྲལ་ནས་བསེར་བུ་ཕྲ་མོའི་འགྲོ་འོང་ཡང་རྒྱུན་ཆད་པ། ཞག་བཞི་བཅུ་རྩ་དགུ་ཙམ་གྱི་བར་དུ་བྱུང་ལ། དེའི་ཚེ་དགོན་པའི་གླིང་གསེབ་ནས་གཟིམས་ཁང་གི་ཕྱོགས་སུ་རང་རང་གི་བྲང་ཁང་གི་སྟེང་གི་ལ་བད་ཁ་རྣམས་སུ་མཚན་མོ་མར་མེའི་ཕྲེང་བ་མཐའ་ཡས་པ་ཕུལ་བ་རྣམས་དང༌། གཟིམས་ཁང་གི་སྒོ་དྲུང་དང་ཕྱི་རོལ་གྱི་ཆོས་གྲྭའི་ཞལ་དཀར་ཐད་སོ་རྣམས་སུ་མར་མེའི་ཕྲེང་བ་ཚར་དུ་དངར་བ་ཐམས་ཅད་ཀྱང་མཚན་རིང་གང་ལ་མེ་ལྕེའི་རྩེ་མོ་ཅུང་ཟད་རླུང་གིས་གཡོ་བ་ཙམ་ཡང་མེད་པར་གྱུར་ཏོ། །ཞེས་གསུངས་པ་ལྟ་བུའོ། །ཡང་མེད་པར་གྱུར་ཏོ། །ཞེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/6576  + (རིམ་པ། གོ་རིམ། བང་རིམ།)
  • Dictionaries/sgom sde tshig mdzod chenmo/8718  + (རིམས་ནད། ཁྱབ་བརྡལ་དུ་སོང་བའི་ནད། སྒྲ་བཤད་ནི། ཡམས་ནི་འབྱམས་ཀྱི་དོན་ཏེ། ཁྱབ་པའམ་ཁྱབ་བརྡལ་དུ་སོང་བའི་དོན་ནོ། །ཡང་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༨༦ན༤ལས། ཡམས་ཞེས་བྱ་བ་ནི་མི་མ་ཡིན་པས་བྱས་པའི་གནོད་པའོ། །ཞེས་ཀྱང་གསུངས་པས་ད་དུང་ཡང་བརྟག་པར་བྱའོ། །)
  • Dictionaries/sgom sde tshig mdzod chenmo/9395  + (རིའི་རྒྱལ་པོ་རི་རབ་ནས་གསེར་གྱི་རི་བདུན་པོ་དེ་དག་གི་བར་གྱི་མཚོ་བདུན་ལ་རོལ་པའི་མཚོ་བདུན་དང་ནང་གི་རྒྱ་མཚོ་ཆེན་པོ་ཞེས་ཀྱང་བྱའོ། །ཀླུའི་རྒྱལ་པོ་རྣམས་རོལ་ཞིང་རྩེ་བའི་གནས་ཡིན་པའི་ཕྱིར་རོལ་པའི་མཚོ་ཞེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/4128  + (རིའི་རྒྱལ་པོ་རི་རབ་ནས་གསེར་གྱི་རི་བདུན་པོ་དེ་དག་གི་བར་གྱི་མཚོ་བདུན་ལ་རོལ་པའི་མཚོ་བདུན་དང་ནང་གི་རྒྱ་མཚོ་ཆེན་པོ་ཞེས་ཀྱང་བྱའོ། །)
  • Dictionaries/sgom sde tshig mdzod chenmo/262  + (རིས་མེད་ཀྱི་མཁས་གྲུབ་ཆེན་པོ་འཇམ་མགོན་ཀོང་སརིས་མེད་ཀྱི་མཁས་གྲུབ་ཆེན་པོ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ནི། ཕྱི་ལོ་༡༨༡༣ རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱའི་ལོའི་ཟླ་བ་བཅུ་པའི་ཚེས་བཅུ་ལ། མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་དུ་སྐུ་འཁྲུངས། ཞེ་ཆེན་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད་དབང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་རིས་མེད་ཀྱི་སྐྱེ་ཆེན་ལྔ་བཅུ་ཙམ་བླ་མར་བསྟེན་ནས། ཐུན་མོང་བའི་རིག་གནས། སྒྲ་དང་ཚད་མ། བཟོ་དང་གསོ་བ། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐད་རྩིས་བཅས་བོད་མི་རིགས་ཀྱི་རིག་གནས་ཡོད་དོ་ཅོག་དང་། ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་ནང་དོན་རིག་པའི་གནས་མཐའ་དག་ལ་མཁས་པ་དང་གྲུབ་པའི་རྟོགས་པ་མངོན་དུ་མཛད། ཁོང་གིས་རིན་ཆེན་གཏེར་མཛོད་དང་། གདམས་ངག་མཛོད། བཀའ་བརྒྱུད་སྔགས་མཛོད་རྣམས་བསྒྲིགས་པར་མཛད། ཤེས་བྱ་མཛོད་དང་། ཐུན་མིན་གསང་བའི་མཛོད་རྣམས་བརྩམས། མདོར་ན་གཏེར་ནས་བཏོན་པ་དང་བརྩམས་པ་བཅས་ཀྱི་མཛོད་ཆེན་ལྔ་དང་། ཟབ་མོ་ནང་དོན་གྱི་འགྲེལ་པ། བརྟག་གཉིས་ཀྱི་འགྲེལ་པ་ཁག་གཉིས། དེ་དང་རྗེས་སུ་འབྲེལ་བའི་གསུང་རྩོམ་སྨན་རྩིས་ཀྱི་གཞུང་། འབེལ་གཏམ། བསྟོད་ཚོགས་ནས་བསྔོ་སྨོན་ཤིས་བརྗོད་སོགས། རྒྱ་ཆེན་བཀའི་མཛོད་པོ་ཏི་བཅོ་ལྔ་བཅས་ཏེ། མདོར་ན་དམ་པ་འདི་ཉིད་ཀྱི་ཕྱོགས་སྒྲིག་དང་ལྗགས་རྩོམ་གནང་བའི་གསུང་རབ་གླེགས་བམ་དགུ་བཅུ་ཙམ་གྱིས་རྗེས་འཇུག་རྣམས་ལ་བསྟན་རྒྱུན་ལེགས་པར་བཞག གསུང་ལས་སྐྱེས་པའི་སློབ་བུ་ཡང་། བོད་ཀྱི་སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ། ས་སྐྱོང་སྡེ་དགེ་ཡབ་མེས་སྲས་བཅས་སོགས་ཀྱིས་ཀྱང་བླ་མར་བཀུར། ཐུགས་སྲས་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། འཇམ་དབྱངས་བློ་གཏེར་དབང་པོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ། (འཇུ་མི་ཕམ་རིན་པོ་ཆེན་པོ་དང་ཁོང་རྣམ་པ་གཉིས་ཕན་ཚུན་བླ་སློབ་ཡིན) བྲག་གཡབ་གདོང་སྤྲུལ་ངག་དབང་དམ་ཆོས་རྒྱ་མཚོ་སོགས་དབུས་གཙང་དང་། མདོ་ཁམས་སྟོད་སྨད་བར་གསུམ་གྱི་ས་དགེ་བཀའ་རྙིང་གི་མཁས་གྲུབ་ཤིན་ཏུ་མང་པོ་བྱུང་། དམ་པ་གང་གི་ལེགས་བཤད་ཀྱི་གསུང་རྩོམ་དེ་དག་ནི། ཚིག་གསལ་ལ་དོན་ཟབ་པ། རྩོམ་པ་ལེགས་ལ་ཐག་ཆོད་པ། རིགས་ལམ་དཔང་པོར་བཞག་པའི་དགག་སྒྲུབ་ཙམ་ལས་གྲུབ་མཐའ་གཞན་ལ་དངོས་སུ་སྨོད་པ་དང་ཤུགས་ཀྱིས་ཟུར་ཟ་བའི་རིགས་ཅུང་ཟད་ཀྱང་མི་སྣང་ལ། ས་དགེ་བཀའ་རྙིང་གི་གྲུབ་མཐའ་གང་གིས་བལྟས་ཀྱང་། མཁས་པ་དགའ་བ་བསྐྱེད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་ཤ་སྟག་ཏུ་སྣང་ངོ་། །སྐྱེས་མཆོག་དེ་ཉིད་ནི་ས་དགེ་བཀའ་རྙིང་གི་གྲུབ་མཐའ་ཐམས་ཅད་ལ་ཐུགས་གཏིང་ནས་མོས་ཤིང་གསན་བསམ་ཡང་རྒྱ་ཆེར་མཛད་པ་ཞིག་སྟེ། དགེ་ལྡན་གྱི་ཕྱོགས་ལའང་། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེ་འབྲིང་སོགས་དང་། སྦས་དོན་ཀུན་གསལ། རྒྱལ་དབང་བསོད་ནམས་རྒྱ་མཚོའི་ལམ་རིམ་གསེར་ཞུན་མ། དེའི་འགྲེལ་པ་ལྟ་བུར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་ལམ་རིམ་འཇམ་དཔལ་ཞལ་ལུང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བདེ་ལམ་སོགས་ལ་ཞིབ་ཁྲིད་དང་། གཞན་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་སྙན་བརྒྱུད་ཀྱི་སྐོར་ཡང་མང་དུ་གསན་པ་སྐྱེས་མཆོག་དེ་ཉིད་ཀྱི་རང་རྣམ་ན་གསལ། སྤྱིར་བོད་ལ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ནམ་མཁའི་སྐར་ཚོགས་ལྟ་བུ་ཞིག་བྱུང་དང་འབྱུང་མུས་ལགས་མོད། འོན་ཀྱང་གྲགས་ཆེ་ཤོས་ནི། པཎ་ཆེན་སྐུ་ཕྲེང་དང་པོ་ (པཎ་ཆེ་སྐུ་ཕྲེང་བརྩི་ཚུལ་མི་འདྲ་བ་གཉིས་ཡོད) བློ་བཟང་ཆོས་ཀྱི་རྒྱལ་མཚན། ༸རྒྱལ་མཆོག་ལྔ་པ་ཆེན་པོ། བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ༸རྒྱ་མཆོག་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས་དང་། རྙིང་མའི་གཏེར་སྟོན་ཆེན་པོ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ། ས་སྐྱ་ཁྲི་འཛིན་རིན་པོ་ཆེ་བཅས་ནི། རིས་མེད་ཀྱི་སྐྱེས་བུ་ཆེན་པོར་མཁས་བླུན་ཀུན་ལ་རླུང་ལྟར་གྲགས་སོ། །དགུང་གྲངས་བརྒྱད་ཅུ་གྱ་བདུན་པ་ཕྱི་ལོ་༡༨༩༩ རབ་བྱུང་བཅོ་ལྔ་པའི་ས་མོ་ཕག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་གཟུགས་སྐུའི་བཀོད་པ་ཆོས་སྐུ་ཞི་བའི་དབྱིངས་སུ་བསྡུས་པར་མཛད་དོ། ། (181 3-1899)བྱིངས་སུ་བསྡུས་པར་མཛད་དོ། ། (181 3-1899))
  • Dictionaries/sgom sde tshig mdzod chenmo/9128  + (རུ་རུ་དང་དོན་འདྲ། རུ་རུ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/4966  + (རུ་སྒྲིག་པ།)
  • Dictionaries/sgom sde tshig mdzod chenmo/2000  + (རུག་གེ་ཞེས་པའི་དོན་དུ་བཤད། བེའུ་འགྲེལ་ལས། འདི་རྣམས་པོ་ཏོ་བ་ལ་ཅག་གེ་ཚང་བ་ཡིན་གསུང་། ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/6099  + (རུང་བ། ཆོག་པ། བཟོད་པ། མཛེས་པའི་དོན་ལ་བཤད་དརུང་བ། ཆོག་པ། བཟོད་པ། མཛེས་པའི་དོན་ལ་བཤད་དེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༢༡བ ༤ལས། བླའི་ཞེས་བྱ་བ་ནི་མཛེས་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་སོ། །ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་བླའི། །ཚུལ་ཁྲིམས་ཉམས་ཤིང་ཤི་བ་ནི་དེ་ལྟར་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ནི་དེ་ལྟར་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/9302  + (རུམ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/4023  + (རུལ་དྲིའི་མིང་དུ། དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་ལས་བཤད།)
  • Dictionaries/sgom sde tshig mdzod chenmo/7157  + (རུལ་པ་ལྟར་གྱུར་པའི་དོན།)
  • Dictionaries/sgom sde tshig mdzod chenmo/9307  + (རུས་ཁོག་ཆ་ཚང༌། Skeleton)
  • Dictionaries/sgom sde tshig mdzod chenmo/9304  + (རུས་པ་ལའང་ཟུག་པ། སློབ་སྤྲིངས་ལས་ཀྱང༌། ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིང་བ་ཡིས། །ལུས་སྦྲེབས་འདར་ཞིང་སྒུར་ནས་ཀུམ་ཀུམ་པོར་འདུག་པ། །ཞེས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/9413  + (རུས་རྐང་གི་དཀྱིལ་གྱི་བཅུད།)
  • Dictionaries/sgom sde tshig mdzod chenmo/11705  + (རེ་བ་ཤུགས་དྲག་དང་བཅས་པའི་སེམས་པ། སྒྲ་བཤད་ནརེ་བ་ཤུགས་དྲག་དང་བཅས་པའི་སེམས་པ། སྒྲ་བཤད་ནི། སེམས་པའང་ཡིན་ལ་ཟས་དང་བྱེད་ལས་ཀྱང་མཚུངས་པས་སེམས་པའི་ཟས་ཞེས་བྱ། དེ་ཡང་རེ་བ་དང་བཅས་པའི་སེམས་པས་ལུས་སྲོག་གནས་པར་བྱེད་པ་ནི། སྔོན་མུ་གེ་བྱུང་བའི་ཚེ་རང་གི་བུ་གཉིས་དང་ལྷན་ཅིག་ཏུ་འཆི་བ་མ་བཟོད་པར་ཐལ་བའི་རྐྱལ་པ་སྲད་བུས་ཁ་བཅིངས་པ་ལ་རྩམ་པའི་རྐྱལ་པར་སྨྲས་པའི་ཚེ། རེ་བ་དང་མ་བྲལ་བར་མ་ཤི་བ་དང༌། ཁ་ཕྱེ་བས་ཐལ་བར་མཐོང་ནས་རེ་བ་དང་བྲལ་ནས་ཤི་བ་དང༌། གྲུ་ཆག་པའི་ཚོང་པ་རྒྱ་མཚོའི་ལྦུ་བ་ལ་ཐང་དུ་འཁྲུལ་ནས། རེ་བ་དང་མ་བྲལ་བས་མ་ཤི་བ་དང༌། རེ་བ་དང་བྲལ་བའི་ཚེ་ཤི་བ་ལྟ་བུའོ། །་བ་དང༌། རེ་བ་དང་བྲལ་བའི་ཚེ་ཤི་བ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/5416  + (རེ་བ་སྤངས་པ། ཟང་ཟིང་སྤངས་པ། ཁྱིམ་སྤངས་པ། ནགས་ན་གནས་པ། དམིགས་པ་བརྟན་པ། གཅིག་པུར་གནས་པ་དང་དྲུག་གོ།)
  • Dictionaries/sgom sde tshig mdzod chenmo/11949  + (རེ་འདོད་དང་ཡིད་སྨོན་ཧ་ཅང་ཆེ་བའི་དཔེ། དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༦༣༩ལས། ཇོ་ཤཱཀ་སོགས་ཀྱི་དབུ་རྒྱན་དང་མཎྜལ་རྣམས་འགྲུབ་ན་ཅི་མ་རུང་སྙམ་པའི་སྐོམ་པ་ཆུ་འདོད་ལྟར་ཡོད་རུང་ལག་ཐོག་ཏུ་མ་ཁེལ། ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/9324  + (རེ་རྨ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/10342  + (རེག་བྱ་རྩུབ་པའི་རྫས་བ་ཚྭ་ལྟ་བུ་ལ་བཤད་དོ། །)
  • Dictionaries/sgom sde tshig mdzod chenmo/9339  + (རེངས་་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/12982  + (རེངས་པའམ། རེངས་རེངས་པོར་གྱུར་པའི་དོན།)
  • Dictionaries/sgom sde tshig mdzod chenmo/2788  + (རེས་འཇོག་གི་དཔེ།)
  • Dictionaries/sgom sde tshig mdzod chenmo/12759  + (རོ་ཁང༌། པུར་ཁང་དང་དོན་གཅིག)
  • Dictionaries/sgom sde tshig mdzod chenmo/9356  + (རོ་གཅིག་པ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/3765  + (རོ་གཏུམ་བྱེད་ཀྱི་རས། རོ་རས།)
  • Dictionaries/sgom sde tshig mdzod chenmo/9361  + (རོ་བརྒྱ་དང་བརྒྱད་དང་དོན་གཅིག འདི་ལ་རོ་མི་འདྲ་བ་བརྒྱ་དང་བརྒྱད་ཡོད་པས། རོ་བརྒྱ་ཞེས་བཏགས་པ་ཡིན་གྱི་གྲངས་བརྒྱ་ཏག་ཏག་ཡོད་པའི་དོན་མིན་ནོ། །ཡང་ན། བརྒྱ་ཞེས་པ་མང་བའི་དོན་ཙམ་མོ། །དགའ་ལྡན་ལྷ་བརྒྱ་ཞེས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/9362  + (རོ་མངར་བ། སྐྱུར་བ། བསྐ་བ། ཁ་བ། ཚ་བ། ལན་ཚ་བརོ་མངར་བ། སྐྱུར་བ། བསྐ་བ། ཁ་བ། ཚ་བ། ལན་ཚ་བ་སྟེ་རྩ་བའི་རོ་དྲུག དེ་རེ་རེ་ལའང་མངར་བའི་མངར་བ་དྲུག་དྲུག་ཏུ་ཕྱེ་བས་སོ་དྲུག དེ་རེ་རེ་ལའང་དམན་པ་དང་འབྲིང་དང་མཆོག་གསུམ་གསུམ་དུ་ཕྱེ་བས་རོ་བརྒྱ་དང་བརྒྱད་ཡོད་པར་བཤད་དོ། །ཞེས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བླ་མཆོད་ཁྲིད་ཡིག་༦༩མདུན་ཕྲེང་༦ལས་གསུངས། དངུལ་ཆུའི་གསུང་ཟིན་བྲིས་ལས་ཀྱང་། རོ་བརྒྱ་རྩ་བརྒྱད་ནི། རོ་མངར་བ། སྐྱུར་བ། བསྐ་བ། ཁ་བ། ཚ་བ། ལན་ཚ་བ་སྟེ་རྩ་བའི་རོ་དྲུག་དང༌། དེ་རེ་རེ་ལ་མངར་བའི་མངར་བ། མངར་བའི་སྐྱུར་བ། མངར་བའི་བསྐ་བ། མངར་བའི་ཁ་བ། མངར་བའི་ཚ་བ། མངར་བའི་ལན་ཚ་བ་དང༌། དེ་བཞིན་དུ་སྐྱུར་བའི་སྐྱུར་བ། སྐྱུར་བའི་མངར་བ་སོགས་དྲུག་དྲུག་ཏུ་དབྱེ་བས་བརྒྱ་རྩ་བརྒྱད་དོ། །ཞེས་གསུངས་སོ། །དངུལ་ཆུའི་གསུང་འདི་ལ་སྐྱོན་འདུག་གོ།ས་སོ། །དངུལ་ཆུའི་གསུང་འདི་ལ་སྐྱོན་འདུག་གོ།)
  • Dictionaries/sgom sde tshig mdzod chenmo/10061  + (རོ་མདོག་དམར་བར་གྱུར་པ་ལ་དམིགས་པའི་འདུ་ཤེས།)
  • Dictionaries/sgom sde tshig mdzod chenmo/10060  + (རོ་མདོག་དམར་བར་གྱུར་པ།)
  • Dictionaries/sgom sde tshig mdzod chenmo/11313  + (རོ་ཟན་ནམ་གཤིན་ཟས་སམ་དད་ཟས་ཀྱི་མིང་དུ། ལི་གུར་གསུང་།)
  • Dictionaries/sgom sde tshig mdzod chenmo/9067  + (རོ་འདུས་པའི་དུར་ཁྲོད་ཆེན་པོ། སྒྲ་བཤད་ནི། རབ་སོང་ནི་དབུགས་རབ་ཏུ་སོང་བ་སྟེ་ཤི་བའམ་རོའི་དོན་ཡིན་ལ་དེ་འདུས་པའི་གནས་ནི་དུར་ཁྲོད་དོ། །)
  • Dictionaries/sgom sde tshig mdzod chenmo/9370  + (རོ་རྐྱང་དབུ་མ་གསུམ་ནི་སྤྱི་བོ་ནས་ཕོ་མོ་གང་རོ་རྐྱང་དབུ་མ་གསུམ་ནི་སྤྱི་བོ་ནས་ཕོ་མོ་གང་ཡིན་གྱི་རྟགས་ཀྱི་རྩེར་ཡོད་ལ། དེའི་ཆ་ཤས་ཤིག་རྐང་མཐིལ་གཉིས་སུ་ཡོད་པའང་རྗེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་ལས་གསུངས། རྩ་དབུ་མ་ནི་སྤྱི་བོ་ནས་རྟགས་ཀྱི་རྩེའི་བར་ཡོད་ལ། རོ་མ་ནི་ཡར་སྣེ་སྣ་བུག་གི་རུས་པའི་བུ་ག་ནས། མར་སྣེ་བཤང་ལམ་གྱི་བར་དུ་སོང་ནས་བཤང་བ་འཕེན་འཛིན་བྱེད་པར་གསུངས། རྐྱང་མ་ནི་ཡར་སྣེ་སྣ་བུག་གི་རུས་པའི་བུ་ག་ནས། མར་སྣེ་རྟགས་ཀྱི་རྩེའི་བར་སོང་སྟེ་དྲི་ཆུ་དང་ཁུ་ཁྲག་འཕེན་འཛིན་བྱེད་པར་བཤད་དོ། །ི་ཆུ་དང་ཁུ་ཁྲག་འཕེན་འཛིན་བྱེད་པར་བཤད་དོ། །)
  • Dictionaries/sgom sde tshig mdzod chenmo/13139  + (རོ་རྐྱང་དབུ་མ་སོགས་རྩ་ཐམས་ཅད་ཀྱི་རྟེན་དུ་སརོ་རྐྱང་དབུ་མ་སོགས་རྩ་ཐམས་ཅད་ཀྱི་རྟེན་དུ་སྲོག་འཛིན་བྱེད་ཀྱི་རྩ་ཞིག དེ་ནི་སྒལ་ཚིགས་ཀྱི་ནང་ཙམ་ལ་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན། སྲོག་པ་རྩ་དེའི་མགོ་བོ་གྲུ་གསུམ་ཡོད་ལ། མགྲིན་པ་གཞོན་ནུ་མའི་ནུ་མ་འདྲ་བ་དང༌། སྙིང་ག་བའི་མིག་འདྲ་བ་དང༌། ལྟེ་བ་པད་མ་འདྲ་བ་དང༌། གསང་གནས་ན་རྡོ་རྗེ་དང་འདྲ་བ་དང༌། ནོར་བུའི་རྩེ་ན་ཟར་མའི་མེ་ཏོག་དང་དབྱིབས་འདྲ་བར་བཤད་དོ། །ན་ཟར་མའི་མེ་ཏོག་དང་དབྱིབས་འདྲ་བར་བཤད་དོ། །)
  • Dictionaries/sgom sde tshig mdzod chenmo/6424  + (རོ་སྒམ།)
  • Dictionaries/sgom sde tshig mdzod chenmo/3763  + (རོ་སྲེག་པ་དང་སྦ་བའི་གནས།)
  • Dictionaries/sgom sde tshig mdzod chenmo/9069  + (རོགས་པ། དཔུང་རོགས། རྗེ་གུང་ཐང་པས། ལངས་ཚེ་སུག་བཞི་འཛུགས་པ་འདི། །ཕྱུགས་ཀྱི་ལད་མོ་བྱས་པ་མིན། །བྱིན་པས་ལུས་པོ་མ་ཐེག་པའི། །རམ་འདེགས་ལག་པས་བྱེད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །)