Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "རོའི་ལུས་སྐྲངས་ཤིང་སྦོས་པ།". Since there have been only a few results, also nearby values are displayed.

Showing below up to 21 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

    • Dictionaries/sgom sde tshig mdzod chenmo/12926  + ((བྱེད་འབྲེལ་ལས་ཚིག་ད་ལྟ་བ) སྦས་པ། སྦ་བ། སྦོས། མི་མངོན་པའམ་མི་མཐོང་བར་བྱེད་པ།)
    • Dictionaries/sgom sde tshig mdzod chenmo/3563  + (2 (བརྡ་སྤྲོད) ང་རོའི་རྣམ་པ་ཅན་གྱི་ཆ་ནས་བཞག2 (བརྡ་སྤྲོད) ང་རོའི་རྣམ་པ་ཅན་གྱི་ཆ་ནས་བཞག་པའི་ཡི་གེ་དེ། དབྱངས་ཀྱི་མཚན་ཉིད། དབྱངས་ཀྱི་བྱ་བ་གསལ་བར་བྱེད་པའི་ཡི་གེ ཨི་ཨུ་ཨེ་ཨོ་བཞི་ཡོད། གསེར་ཏོག་སུམ་འགྲེལ་༢༩ལས། གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲའི་གདངས་ཙམ་དང་ང་རོ་ཙམ་ཤས་ཆེ་བའི་ཆ་ནས་བཞག་པས། ཡི་གེ་གཞན་ལ་མ་ཞུགས་པར་རང་སྟོབས་ཀྱིས་བརྗོད་པ་གསལ་བར་མི་ནུས་པས་ན་འདིར་བསྟན་དབྱངས་རྐྱང་ཞེས་བྱའོ། །ཞེས་གསུངས་སོ། །བསྟན་དབྱངས་རྐྱང་ཞེས་བྱའོ། །ཞེས་གསུངས་སོ། །)
    • Dictionaries/sgom sde tshig mdzod chenmo/8773  + (2 རྗེ་ཙོང་ཁ་པ་ཆེན་པོའི་ནཱ་རོའི་ཆོས་དྲུག་གི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན།)
    • Dictionaries/sgom sde tshig mdzod chenmo/3796  + (<ཀཱ་ལ་རཏྲི> 1 མཚན་མོའི་དུས་ཞེས་པའི་ད<ཀཱ་ལ་རཏྲི> 1 མཚན་མོའི་དུས་ཞེས་པའི་དོན། ངེས་ཚིག་ནི། ཀཱ་ལ་ནི་དུས་དང༌། རཏྲི་ནི་མཚན་མོའོ། །དུས་མཚན་ནི་མཚན་མོའི་དུས་ཞེས་པའི་ཚིག་འདི་སྔ་རྟིང་བརྗེས་པའོ། །2 ཤི་བའི་རོ། སྲོག་དང་བྲལ་བའི་ལུས། ངག་སྒྲོན་འགྲེལ་པར། རོའི་འགྲེལ་བཤད་ལ་དུས་མཚན་སྲོག་དང་བྲལ་བའི་ལུས་ཞེས་གསུངས་སོ། །ཤད་ལ་དུས་མཚན་སྲོག་དང་བྲལ་བའི་ལུས་ཞེས་གསུངས་སོ། །)
    • Dictionaries/sgom sde tshig mdzod chenmo/12039  + (<ཨཱ་ཡ་ཏ་ན> རྒྱས་བྱེད་ཅེས་པ་སྟེ། སེམས<ཨཱ་ཡ་ཏ་ན> རྒྱས་བྱེད་ཅེས་པ་སྟེ། སེམས་སེམས་བྱུང་སྐྱེ་བའི་སྒོའམ་རྒྱུར་གྱུར་པ་ལ་སྐྱེ་མཆེད་ཟེར། དབྱིག་གཉེན་མཛོད་རང་འགྲེལ་ལས། ངེས་པའི་ཚིག་ཏུ་ན་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བ་མཆེད་པར་བྱེད་པས་སྐྱེ་མཆེད་རྣམས་ཏེ། རྒྱས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། །དབྱེ་ན་སྐྱེ་མཆེད་བཅུ་གཉིས་ནི། མིག་གི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། སྣའི་སྐྱེ་མཆེད། ལྕེའི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད། ཡིད་ཀྱི་སྐྱེ་མཆེད། གཟུགས་ཀྱི་སྐྱེ་མཆེད། སྒྲའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། རེག་བྱའི་སྐྱེ་མཆེད། ཆོས་ཀྱི་སྐྱེ་མཆེད་དང་བཅུ་གཉིས་སོ། །སྒྲ་བཤད་ནི། སེམས་སེམས་བྱུང་རྣམས་སྐྱེ་ཞིང་མཆེད་པ་སྟེ་རྒྱ་ཆེར་ཁྱབ་པའམ་འཕེལ་བའི་སྒོ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཡང་གཟུགས་ཀྱི་དབང་པོ་སོགས་དབང་པོ་ལྔ་པོ་རྣམས་ཀྱིས་བདག་རྐྱེན་བྱེད་པའི་སྒོ་ནས་སྐྱེ་ཞིང་འཕེལ་བར་བྱེད་ལ། གཟུགས་ལ་སོགས་པ་ལྔས་དམིགས་རྐྱེན་བྱེད་པའི་སྒོ་ནས་སེམས་སེམས་བྱུང་རྣམས་སྐྱེ་བའི་ཕྱིར་རོ། །སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས། སྐྱེ་མཆེད་རྣམས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་འབྱུང་བ་དང་། མཆེད་ཅིང་རྒྱས་པར་བྱེད་པས་སྐྱེ་མཆེད་རྣམས་ཏེ། འདི་ལྟ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅེས་བྱ་བ་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །ང་། ཡིད་ཅེས་བྱ་བ་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །)
    • Dictionaries/sgom sde tshig mdzod chenmo/5576  + (༡ རྡོ་རྗེ་ཀུན་གྲགས་མ་སྔོན་མོ། (བྱང་གི་གནམ་༡ རྡོ་རྗེ་ཀུན་གྲགས་མ་སྔོན་མོ། (བྱང་གི་གནམ་མཚོ་ཕྱུག་མོ་ན་གནས། གཡས་ཕུར་པ། གཡུ་འབྲུག་ལ་ཆིབས་པ) ༢ རྡོ་རྗེ་གཡའ་མ་སྐྱོང་སྔོན་མོ། (ལྷ་འབོད་ལྷ་རི་ན་གནས། གཡས་ཟངས་ཀྱི་ཕུར་པ། དྲེལ་རྟ་རྐྱང་སེར་ལ་ཆིབས་པ) ༣ རྡོ་རྗེ་ཀུན་བཟང་དཀར་མོ། (ལ་ཕྱི་གངས་ཀྱི་རྭ་བ་ན་གནས། གཡས་རྡོ་རྗེ་རྩེ་ལྔ་པ། སེང་གེ་ལ་ཆིབས་པ) ༤ རྡོ་རྗེ་གཙོ་མོ་སྔོན་མོ། (ཡར་འབྲོག་གངས་ཀྱི་མཚོ་ན་གནས། གཡས་ལྕགས་ཕུར། གསེར་ཤ་ཡུ་མོ་ལ་ཆིབས་པ) འདི་བཞི་ལ་བདུད་མོ་བཞི་ཟེར། ༥ རྡོ་རྗེ་སྤྱན་གཅིག་མ་དཀར་མོ། (ལྷ་ཕུ་གངས་ཀྱི་རི་ལ་གནས། གཡས་ནད་རྐྱལ། དུང་ཤ་དཀར་མོ་ལ་ཆིབས་པ) ༦ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ་སེར་མོ། (གཙང་དབུས་རུ་མཚམས་ཇོ་མོ་ཁ་རག་ན་གནས། གཡས་མདའ། ཁྱུང་ལ་ཆིབས་པ) ༧ རྡོ་རྗེ་ཀླུ་མོ་དཀར་མོ། (བྱང་སྟོད་གསེར་ཆེན་དྭངས་དམར་མཚོ་ན་གནས། གཡས་དབྱུག་ཐོ། ཕག་ལ་ཆིབས་པ) ༨ རྡོ་རྗེ་དྲག་མོ་རྒྱལ་ལྗང་ཁུ། (རྨ་རི་རབ་འབྱམས་སམ། རྨ་ཆེན་སྤོམ་ར་ན་གནས། གཡས་ཕུར་པ། ཤ་བའམ་འབྲོང་ལ་ཆིབས་པ) འདི་བཞི་ལ་གནོད་སྦྱིན་མོ་བཞི་ཟེར། ༩ ཀོང་བཙུན་དེ་མོ་དཀར་མོ། (ཀོང་ཡུལ་བྲེ་སྣ་རི་གདོང་ན་གནས། གཡས་བུམ་པ། ཀོང་རྟ་དཀར་པོ་ལ་ཆིབས་པ) ༡༠ བཙན་ལ་ལོ་རོལ་བའི་རྡོ་རྗེ་སྨན་གཅིག་མ་དམར་མོ། (གཉལ་མོ་རོའི་གནས་ན་གནས། གཡས་ཕུར་པ། དྲེལ་ནག་ཁ་སེར་ལ་ཆིབས་པ) ༡༡ སྨན་བཙུན་རྡོ་རྗེ་གཡར་མོ་སི་ལ་དམར་ནག (གཙང་སྟོད་ཇོ་མོ་ནག་རྒྱལ་ན་གནས། གཡས་ཕུར་པ། ཤ་བ་ཡུ་མོ་ལ་ཆིབས་པ) ༡༢ རྡོ་རྗེ་གཡུ་སྒྲོན་མ་སྔོན་མོ། (ཤ་འུག་གོའམ་མདོ་ཁམས་གཡུ་རིའི་གནས་མཆོག་ན་གནས། གཡས་ཅང་ཏེའུ། གཡུ་ཡི་སེང་གེ་ལ་ཆིབས་པའོ) འདི་བཞི་ལ་སྨན་མོ་བཞི་ཟེར། ཀློང་རྡོལ་བླ་མས་བསྟན་མ་བཅུ་གཉིས་ལ་རིགས་མི་འདྲ་བ་གཉིས་ཡོད་པར་བཤད།་བཅུ་གཉིས་ལ་རིགས་མི་འདྲ་བ་གཉིས་ཡོད་པར་བཤད།)
    • Dictionaries/sgom sde tshig mdzod chenmo/2153  + (གྲང་དམྱལ་བརྒྱད་ཀྱི་དང་པོ། གྲང་ངར་གྱིས་ལུས་ཆུ་བུར་འབུས་པའི་རྣམ་པ་ལྟར་སྐྲངས་པའོ། །འདུལ་བ་ལུང་གཞིའི་རྒྱ་ཆེར་བཤད་པ་ལས་གསུངས།)
    • Dictionaries/sgom sde tshig mdzod chenmo/4300  + (པཎ་ཆེན་སྐུ་ཕྲེང་དང་པོ་བློ་བཟང་ཆོས་ཀྱི་རྒྱལཔཎ་ཆེན་སྐུ་ཕྲེང་དང་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ནི།༼ ཀ་པར ༽བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་སྤྱོད་ཚུལ་གསལ་བར་སྟོན་པ་ནོར་བུའི་འཕྲེང་བ། འཁྲུངས་རབ་གསོལ་འདེབས་ཐུབ་དབང་ཞལ་པད། རྗེ་སྐྱབས་མཆོག་དཔལ། དབེན་ས་པ། སངས་རྒྱས་ཡེ་ཤེས་ཏེ་མཁས་གྲུབ་ཆེན་པོ་གསུམ་སོགས་དབེན་ས་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར། རྗེ་བླ་མའི་སྐུ་འཕྲེང་འཕགས་པ་རབ་འབྱོར། རིགས་ལྡན་འཇམ་གྲགས་པ། ཨ་བྷྱ་ཡ་ཀར། ས་པཎྜི་ཏ། གཡུང་སྟོན་རྡོ་རྗེ་དཔལ་གྱི་རྣམ་ཐར། ཞི་བ་ལྷ། སྐྱེ་དགུའི་བདག་མོ། སྨར་ཁམས་གྲགས་པ་བཟང་པོ་བཅས་ཀྱི་རྣམ་ཐར། དཔལ་ལྡན་ས་གསུམ་མའི་ཊཱི་ཀ། རྗེ་བཙུན་མི་ལའི་རྣལ་འབྱོར། ནང་གི་ཁོང་སྐྲན་འདོན་པའི་སྐྱུགས་སྨན། བླ་མ་མཆོད་པ། ཐུན་དྲུག་གི་ཉམས་ལེན། འོད་དཔག་མེད་ཀྱི་འཕོ་བ། བུ་སྟོན་རིན་ཆེན་གྲུབ་དང་བྱམས་པ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་བྱས་ཏེ་འཕོ་བ། བླ་མའི་རྣལ་འབྱོར་ལེ་ཚན་དྲུག་གསུང་མགུར་ལེ་ཚན་ཉེར་གཅིག ༼ ཁ་པ ༽ ལ་རྡོ་རྗེ་འཕྲེང་བའི་སྒྲུབ་ཐབས་དཀྱིལ་ཆོག་གསང་བ་འདུས་པའི་རིམ་ལྔའི་རྣམ་བཤད། གསང་འདུས་བསྐྱེད་རིམ། དེ་ཡི་རྫོགས་རིམ་རིམ་ལྔའི་སྙིང་པོ་བསྡུས་པ། གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ། གསང་འདུས་ཀྱི་བླ་མའི་རྣལ་འབྱོར་དང་དེ་ཡི་མངོན་རྟོགས། བདེ་མཆོག་ལཱུ་ཧི་པའི་བསྐྱེད་རིམ། དེ་ཡི་བསྐྱེད་རྫོགས་སྙིང་པོར་དྲིལ་བ་ཚིགས་བཅད་མ། ཡང་ལཱུ་དྲིལ་གཉིས་ཀྱི་རྫོགས་རིམ་རམ་ལྔ་འཇིགས་བྱེད་བསྐྱེད་རིམ། འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར། ༼ ག་པ ༽ལ་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་སྙིང་པོ་བསྡུས་པ། དུས་འཁོར་སྨོན་ཤིས། དུས་འཁོར་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར། དུས་འཁོར་སྒྲུབ་ཐབས་བསྡུས་པ། འཇིགས་བྱེད་དཔའ་གཅིག་གི་དཀྱིལ་ཆོག་འཇིགས་བྱེད་དཔའ་བོ་གཅིག་པ་དང༌། འཇིགས་བྱེད་ཞི་དགུ་མ་དང༌། རོ་ལངས་བརྒྱད་སྐོར་གསུམ་གྱི་སྒྲུབ་ཐབས། འཇིགས་བྱེད་བསྐྱེད་རིམ། འཇིགས་བྱེད་དབང་ཆོག་བུམ་བསྐྱེད། འཇིགས་བྱེད་དབང་དྲག་གཉིས་ཀྱི་སྦྱིན་སྲེག་མགོན་པོ་ཕྱག་དྲུག་པའི་སྦྱིན་སྲེག་ཚེ་དཔག་ལྷ་དགུའི་ཚེ་ཆོག་ཚེ་དབང་གྲུབ་རྒྱལ་མ། ཀུན་རིག་ཆོ་ག་མདོར་བསྡུས། ཀུན་རིག་བུམ་བསྐྱེད། ཀུན་རིག་ལྷོ་སྒོ། རྣམ་སྣང་མངོན་བྱང་ཆོ་ག་གཙུག་ཏོར་རྣམ་རྒྱལ་མའི་ཆོ་ག་མི་འཁྲུགས་ལྷ་བཅུ་གསུམ་གྱི་ཆོ་ག་སྨན་བླའི་མདོ་ཆོག་བསྡུས་པ། འཇམ་དཀར་སྒྲུབ་ཐབས། བཅུ་གཅིག་ཞལ་གྱི་སྒོ་ནས་བསྙུང་གནས་ཆོ་ག་དེ་ཡི་དབང་ཆོག་ཁྱུང་ཁྲའི་སྒྲུབ་ཐབས། ས་བདག་གདོན་འགྲོལ་བྱེད་ཚུལ། སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་དང་ལས་ཚོགས། སྒྲོལ་མ་གཡུལ་མདོས་བྱ་ཚུལ། རྡོ་རྗེ་རྣམ་འཇོམས་ཀྱི་ཆོ་ག་རྒྱས་པ། ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས། ཆོས་རྒྱལ་བསྐང་བཤགས་བཟློག་པ་མངའ་གསོལ་དང༌། ལྷ་མོའི་ཚེས་གཏོར་རྟེན་འཛུགས། ང་པ་ལ་བསྟན་པ་སྤྱི་དང་རྒྱུད་སྡེ་སྤྱི་ཡི་རྣམ་གཞག་དགེ་ལྡན་བཀའ་བརྒྱུད་ཕྱག་ཆེན་རྩ་འགྲེལ། བྱང་ཆུབ་ལམ་སྒྲོན་རྣམ་བཤད། ཕར་ཕྱིན་སྐབས་དང་པོའི་འགྲེལ་པ། བྱང་ཆུབ་ལམ་རིམ་ཚིགས་བཅད་མ། ལམ་རིམ་བདེ་ལམ། དགེ་སློང་གི་ལྟུང་བ་ངོས་འཛིན་དང་དེ་ཡི་ཉེར་མཁོ། ཚུལ་ཁྲིམས་སྲུང་བའི་མན་ངག་རི་ཁྲོད་བཅའ་ཡིག་བློ་སྦྱོང་དམར་ཁྲིད། སྟོབས་བཞིའི་བཤགས་སྡོམ། དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས། སྟག་ཚང་ལོ་ཙཱ་བའི་རྩོད་ལན། ནཱ་རོའི་ཟབ་ཁྲིད། སྙིང་པོ་དོན་གསུམ། གཅོད་དབང་ནམ་མཁའ་སྒོ་འབྱེད། གཅོད་ཐར་འདོད་དེད་དཔོན། དབེན་གནས་ཡོལ་དཀར་བསྟོད་པ། བདེ་སྨོན་ལ་བརྟེན་པའི་བདེ་ཆེན་མྱུར་ལམ། བཀྲ་ཤིས་ལྷུན་པོའི་ཕྱི་ནང་གི་རྟེན་གསུམ་དཀར་ཆག་བྱམས་པ་ལ་བརྟེན་པའི་འཕོ་བ། ཁྲོ་བོ་སྨེ་བརྩེགས། ཏྲཀ་ཤད་མཆོད་གཏོར། རྭ་སྒྲེང་ཕྱིང་དཀར་བའི་གསོལ་མཆོད། གཟུང་འབུམ་དང་གནོད་སྦྱིན་འཁོར་ལོ་བྱ་ཚུལ། རབ་གནས་དགེ་ལེགས་ཆར་འབེབས། གདུགས་དཀར་གཏོར་བཟློག་རྒྱས་འབྲིང་བསྡུས་གསུམ། ཁ་འབར་མའི་གཏོར་ཆོག་རྒྱས་པ། བརྒྱ་བཞིའི་ཆོ་ག་གཏོར་མ་བརྒྱ་རྩ། བརྒྱ་རྩ་བསྡུས་པ། དཀོར་སྒྲིབ་བྱང་བྱེད། བྲུལ་གཏོར། ཆ་བཞི། ཀླུ་གཏོར། ཚ་བསུར། འབྱུང་བཞི། སུ་རུ་པ། ཅ་པ་ལ་ཨེ་ཝཾ་ནི་རྗེ་བློ་བཟང་གྲགས་པའི་གསོལ་འདེབས། བླ་བརྒྱུད་གསོལ་འདེབས་དུ་མ་བཅས། འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བསྡུས་པ་སོགས་དང༌། ཞི་ལྷག་སྒོམ་ཚུལ་བདག་འཛིན་ཤགས་འདེབས་ཆོས་ཚན་ཐོར་བུ་ཕྱོགས་གཅིག་ཏུ་སྡོམ་པ། ནང་སོ་དབང་རྒྱལ་ལ་གནང་བའི་རྟ་མགྲིན་གསང་སྒྲུབ་ཀྱི་མངོན་རྟོགས་རྒྱས་པ། བསངས་ཀྱི་ཆོ་ག་གཟི་འོད་འབར་བ་རྒྱས་པ་དང༌། འབྲིང་པོ་དང༌། བསྡུས་པ། བཀྲ་ཤིས་ཆར་འབེབས་ཀྱང་བསྡུས་པའོ། །ཆོས་ཀྱི་རྒྱལ་མཚན་གསུང་འབུམ་བཀའ་རྒྱ་མ་ནི། གསང་འདུས་ཀྱི་རྫོགས་རིམ་རིམ་ལྔའི་ལག་རྗེས་ཤིན་ཏུ་ཟབ་པ། འཇིགས་བྱེད་ཀྱི་རྫོགས་རིམ་ཤིན་ཏུ་ཟབ་པ་འགའ་ཞིག་དང་ཞི་ཁྲོ་སྦྲགས་སྒྲུབ། བདེ་མཆོག་ལཱུ་དྲིལ་གཉིས་ཀྱི་རྫོགས་རིམ་རྩ་འགྲེལ་ཤིན་ཏུ་ཟབ་པ། གཏོར་ཆེན་དྲུག་ཅུ་པའི་རྣམ་གཞག་རྒྱས་པ། བསྡུས་པ་ཆོས་རྒྱལ་ཕྱི་སྒྲུབ་ལ་བརྟེན་པའི་མན་ངག་བཀའ་རྒྱ་མ། འཆི་བདག་ཁྲག་གི་མདོག་ཅན། བཀའ་སྡོད་རྣམ་གསུམ་གྱི་ཟུར་འདེབས་བཅས། ཞ་ལུ་པའི་དྲུག་ཅུ་རྩ་ཚིག་ཆོས་རྒྱལ་བསྐང་བཤགས་མངའ་གསོལ། དམག་ཟོར་མའི་ཚེས་གཏོར་རྟེན་འཛུགས་འཕྲིན་ལས་དྲག་པོའི་གདབ་ལས་ཇི་ལྟར་བྱ་བ། དྲེག་པ་ལྕམ་དྲལ་གྱི་བསྙེན་སྒྲུབ་གསར་པ་གཅིག་ཏུ་དྲིལ་བའི་གདམས་པ་འཇིགས་རུང་མེ་ཡི་སྤུ་གྲི་སྟེ། བཀྲ་ཤིས་ལྷུན་པོའི་པར་མ་གླེགས་བམ་ལྔ་རྫོགས་སོ། །ཤིས་ལྷུན་པོའི་པར་མ་གླེགས་བམ་ལྔ་རྫོགས་སོ། །)
    • Dictionaries/sgom sde tshig mdzod chenmo/10534  + (བཟའ་བཏུང་འདེབས་རྒྱུའི་ཚྭ་ལ་ཟེར། བོད་སྨན་གྱབཟའ་བཏུང་འདེབས་རྒྱུའི་ཚྭ་ལ་ཟེར། བོད་སྨན་གྱི་རོ་དྲུག་གི་ཡ་གྱལ་ཞིག་སྟེ། ཚྭའི་བྲོ་བ་ལྟ་བུའི་རོའི་མིང་དུ་བཤད། སྤྱིར་བཏང༌། ཚིག་གྲོགས་མེད་པ་ལ་ཝ་ཟུར་དང༌། ཡོད་པ་ལ་ཝ་ཟུར་མེད་པའི་ཕྱག་ལེན་ཡོད་དེ། ངག་སྒྲོན་འགྲེལ་པ་ལས། ཚྭ་ཞེས་ཚིག་གྲོགས་མེད་པའི་རྐྱང་པ་ལ་སྨད་འདོགས་ཡོད་ཅིང༌། རྒྱ་ཚ་ཞེས་པ་ལྟ་བུའི་ཚིག་གྲོགས་སྦྱར་ན་མེད་པར་ཕྱག་ལེན་མཛད་ལ། འོན་ཀྱང་ལན་ཚྭ་ལ་ཡོད་པ་མང་ངོ༌། །ཞེས་གསུངས་སོ། །ཀྱང་ལན་ཚྭ་ལ་ཡོད་པ་མང་ངོ༌། །ཞེས་གསུངས་སོ། །)
    • Dictionaries/sgom sde tshig mdzod chenmo/4876  + (བོད་ཀྱི་ཆོས་ལུགས་ཆེན་པོ་ལྔའི་ཡ་གྱལ་ཞིག་སྟེབོད་ཀྱི་ཆོས་ལུགས་ཆེན་པོ་ལྔའི་ཡ་གྱལ་ཞིག་སྟེ། རྒྱལ་བ་རྡོ་རྗེ་འཆང་ནས་ཏེ་ལོ་ནཱ་རོའི་བར་དུ་བྱོན་པའི་བཀའ་བབས་ཀྱི་གདམས་པའི་ཆོས་བརྒྱུད་འཛིན་པ་རྣམས་སོ། །དེ་ལ་གཉིས། ༡ མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལས་བརྒྱུད་པ་ཤངས་པ་བཀའ་བརྒྱུད་དང་། ༢ མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་དྭགས་པོ་ལྷ་རྗེ་ནས་བརྒྱུད་པའི་དྭགས་པོ་བཀའ་བརྒྱུད་གཉིས། དྭགས་པོ་བཀའ་བརྒྱུད་ལ་ནང་གསེས་ཀྱི་ཕྱེ་ན། ༡ ཀརྨ་བཀའ་བརྒྱུད། ༢ ཕག་གྲུ་བཀའ་བརྒྱུད། ༣ ཚལ་པ་བཀའ་བརྒྱུད། ༤ འབྲི་གུང་བཀའ་བརྒྱུད། ༥ འབྲུག་པ་བཀའ་བརྒྱུད། ༦ སྟག་ལུང་བཀའ་བརྒྱུད། ༧ འབའ་རོམ་བཀའ་བརྒྱུད། ༨ གཡའ་བཟང་བཀའ་བརྒྱུད། ༩ ཁྲོ་ཕུའི་བཀའ་བརྒྱུད་རྣམས་སོ། །སྒྲ་བཤད་ནི། རྡོ་རྗེ་འཆང་ནས་ཏེ་ལོ་ནཱ་རོའི་བར་དུ་བྱོན་པའི་བཀའ་བབས་བཞིའི་གདམས་པ་རྣམས་རྗེ་མར་པ་དང་མཁས་གྲུབ་ཁྱུང་པོ་ལ་མངའ་བས། དེའི་ཆོས་བརྒྱུད་འཛིན་པ་རྣམས་ལ། བཀའ་བརྒྱུད་པ་ཞེས་བྱའོ། །ུད་འཛིན་པ་རྣམས་ལ། བཀའ་བརྒྱུད་པ་ཞེས་བྱའོ། །)
    • Dictionaries/sgom sde tshig mdzod chenmo/1483  + (མདོ་དཀོན་མཆོག་བརྩེགས་སུ་གསུངས་པའི་གསུང་དབྱམདོ་དཀོན་མཆོག་བརྩེགས་སུ་གསུངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི་ནི། མཉེན་འཇམ་ཡིད་འོང་ཡིད་དུ་འཐད། །དག་ཞིང་དྲི་མེད་འོད་གསལ་འཇེབས། །མཉན་འོས་མི་ཚུགས་སྙན་ཞིང་དུལ། །མི་རྩུབ་མི་བརླང་རབ་ཏུ་དུལ། །རྣར་སྙན་ལུས་དང་སེམས་ཚིམ་བྱེད།། སྙིང་དགའ་བྱེད་དང་དགའ་བདེ་སྐྱེད། །ཡོངས་སུ་མི་གདུང་ཀུན་ཤེས་བྱ། །རྣམ་པར་རིག་བྱ་རྣམ་པར་གསལ། །དགའ་དང་མངོན་པར་དགའ་བར་བྱེད། །ཀུན་ཏུ་ཤེས་བྱེད་རྣམ་རིག་བྱེད། །རིགས་པ་དང་འབྲེལ་ཟློས་སྐྱོན་མེད། །སེང་གེའི་ང་རོའི་ཤུགས་དང་ལྡན། །གླང་ཆེན་སྒྲ་དང་འབྲུག་གི་དབྱངས། །ཀླུ་དང་དྲི་ཟ་ཀ་པིང་དབྱངས། །ཚངས་དབྱངས་ཤང་ཤང་ཏེའུའི་དབྱངས། །ལྷ་དབང་དབྱངས་དང་རྔ་ཡི་སྒྲ། །མ་ཁེངས་པ་དང་མི་དམའ་དང༌། །སྒྲ་རྣམས་ཀུན་གྱི་རྗེས་སུ་ཞུགས། །ཚིག་ཟུར་མ་ཆད་ལྡབ་ལྡིབ་མེད། །མ་ཚང་མེད་ཅིང་མ་ཞུམ་དང༌། །མི་ཞན་རབ་དགའ་ཁྱབ་པ་དང༌། །ཆུབ་དང་རྒྱུན་ཆགས་འབྲེལ་བ་དང༌། །སྒྲ་རྣམས་ཐམས་ཅད་རྫོགས་པར་བྱེད། །དབང་པོ་ཐམས་ཅད་ཚིམ་པར་བྱེད། །མ་སྨད་མི་འགྱུར་མ་བརྟབས་དང༌། །འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་གྲགས། །འདོད་ཆགས་ཞི་བྱེད་ཞེ་སྡང་འདུལ། །གཏི་མུག་སེལ་བྱེད་བདུད་ཚར་གཅོད། །རྣམ་པ་ཀུན་མཆོག་ལྡན་པ་སྟེ།། གསུང་དབྱངས་དྲུག་ཅུ་རྩ་བཞི་འོ། །ཞེས་གསུངས། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས་ཀྱང༌། གསུང་མཉེན་འཇམ་ཞིང་ཡིད་འོད་ཡིད་དུ་འཐད། །དག་ཅིང་དི་མེད་འོད་གསལ་སྙན་ལ་འཇེབས། །མཉན་པར་འོས་ཤིང་མི་ཚུགས་སྙན་ཞིང་དུལ། །མི་རྩུབ་མི་བརླང་རང་དུལ་རྣ་བར་སྙན། །ལུས་སེམས་སྙིང་ནི་ཚིམ་བྱེད་དགའ་བདེ་སྐྱེད། །གདུང་མེད་ཀུན་ཏུ་ཤེས་བྱ་རྣམ་རིག་བྱ། །རྣམ་གསལ་དགའ་བྱེད་མངོན་པར་དགའ་བྱེད་ཅིང༌། །ཀུན་ཤེས་བྱེད་ཅིང་རྣམ་པར་རིག་པར་བྱེད། །རིགས་ཤིང་འབྲེལ་ལ་ཟློས་པའི་སྐྱོན་དང་བྲལ། །སེང་གེ་གླང་ཆེན་འབྲུག་དང་ལག་འགྲོའི་དབང༌། །དྲི་ཟ་ཀ་ལ་པིང་ཀ་ཚངས་པ་དང༌། །ཤང་ཤང་ཏེའུ་དབང་པོའི་དབྱངས་ལྟར་སྙན། །རྔ་སྒྲ་མ་ཁེངས་མི་དམའ་ཀུན་རྗེས་ཞུགས། །ཚིག་ཟུར་ཕྱིན་ཅིང་མ་ཚང་མེད་པ་དང༌། །མ་ཞུམ་མི་ཞན་རབ་དགའ་ཁྱབ་ཅིང་ཆུབ། །རྒྱུན་ཆགས་འབྲེལ་ཞིང་སྒྲ་ཀུན་རྫོགས་པར་བྱེད། །དབང་པོ་ཀུན་ཚིམ་མ་སྨད་མི་འགྱུར་ལ། །མ་བརྟགས་འཁོར་གྱི་དཀྱིལ་འཁོར་ཡོངས་སུ་གྲགས། །དུག་གསུམ་སེལ་བྱེད་བདུད་དཔུང་ཚར་གཅོད་ཅིང༌། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་འབྱུང༌། །དེ་ལྟར་བཞི་ཡིས་ལྷག་པའི་དྲུག་ཅུའི་དབྱངས། །ཞེས་གསུངས་སོ། །སྒྲ་བཤད་ནི། ཡན་ལག་ཅེས་པའི་ཡོན་ཏན་ལའང་འཇུག་པས། གསུང་གི་ཡོན་ཏན་དྲུག་ཅུ་རྩ་བཞི་ཞེས་པའི་དོན་ནོ། །འདིའི་སྒྲུབ་བྱེད་ཡན་ལག་ཅེས་པའི་དོན་དུ་གཟིགས།ིའི་སྒྲུབ་བྱེད་ཡན་ལག་ཅེས་པའི་དོན་དུ་གཟིགས།)
    • Dictionaries/sgom sde tshig mdzod chenmo/1101  + (མདོ་དབུས་མཐོ་སྒང་དུ་གནས་པའི་བོད་ཀྱི་རི་དྭགམདོ་དབུས་མཐོ་སྒང་དུ་གནས་པའི་བོད་ཀྱི་རི་དྭགས་གཙོད་ནི་བོད་ཀྱི་ས་ཁུལ་མཐོ་ཚད་མི་ཊར་༣༠༠༠སུམ་སྟོང་ནས་༦༠༠༠དྲུག་སྟོང་བར་ཡོད་པའི་ཁུ་ནུ་རི་བོ་དང་། གཉན་ཆེན་ཐང་ལྷ། གདང་ལ་རི་བོ། གངས་རིན་པོ་ཆེ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཨ་ཆེན་ཐང་དང་། བྱང་ཐང་། སྤང་ལྗོངས། གངས་རི། མཚོ་དང་མཚེའུ་ཉེ་འགྲམ་སོགས་ཆེས་གྲང་ངར་ཆེ་བའི་ས་ཁུལ་དང་རྩྭ་ཆུ་བཟང་སར་འཚོ་གནས་བྱེད་ཅིང་། བོད་ས་ཁུལ་མ་གཏོགས་ཡུལ་གྲུ་གཞན་ལ་གཏན་སྡོད་བྱེད་མཁན་མཐོང་རྒྱུ་དཀོན། བོད་ཀྱི་སྲོལ་རྒྱུན་རིགས་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་བཤད་གསལ་ལྟར་ན་བོད་ཀྱི་བྱང་ཐང་གཙོད་ལ་སྤང་གཙོད་དང་བྱང་གཙོད་གཉིས་སུ་དབྱེ་འདུག་ཀྱང་། ས་ཕྱོགས་དང་གནས་ཡུལ་གྱི་ཁྱད་པར་ཙམ་ལས་མི་འདྲ་བའི་དབྱེ་བ་ཞིབ་ཕྲ་གསལ་ཁ་གང་ཡང་མ་མཆིས། གཙོད་ཕོ་མོའི་སྤྱིའི་གཟུགས་པོ་མཐོ་ཚད་ལ་སན་ཊི་མི་ཊར་༧༤ནས་༨༣བར་དང་རིང་ཚད་ལ་སན་ཊི་མི་ཊར་༡༢༠ནས་༡༤༠བར་ཡོད། ད་ཕན་གཙོད་ཀྱི་གཟུགས་པོའི་ཚད་གཞིའི་སྐོར་ལ་བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཆེད་ལས་པ་ཚོས་བྲིས་པའི་དེབ་མང་ཆེ་བ་གཅིག་མཚུངས་མེད་པས་འདིར་དེའི་སྐོར་དེབ་དེ་ཚོའི་ནང་ནས་དམའ་ཤོས་དང་མཐོ་ཤོས་གཉིས་ཀྱི་བར་གྱི་ཚད་གཞི་ལ་གཞིར་བཞག་བྱས་ཡོད། གཙོད་ཕོ་མོ་གཉིས་གཟུགས་པོའི་སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ་ (ཀི་ལོ) ༢༥ནས་༥༥བར་ཡོང་གི་ཡོད། གཙོད་ཕོར་རྭ་ཡོད་པས་སྤྱིའི་རིང་ཚད་ལ་སན་ཊི་མི་ཊར་༥༥ནས་༧༥བར་ཡོང་ཞིང་རྣ་ཅོག་མོ་ལས་ཅུང་ཆུང་བ་ཡོད། རི་དྭགས་འདི་ཕོ་མོ་གཉིས་མགོ་དང་ངོ་གདོང་ཅུང་སྦོས་པས་ལྟ་བུ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས། གཙོད་ཕོའི་ལོང་བུ་གཡས་གཡོན་དུ་པགས་སྒྱེའི་ཁུག་ཆུང་རེ་ཡོད་པའི་དེར་གོག་པོ་རླུང་གཤོག་ཟེར་ཞིང་ཐོག་མར་རྒྱུག་སྐབས་དེ་ཙམ་མགྱོགས་པོ་མེད་རུང་། ཇི་ཙམ་བརྒྱུགས་ན་དེ་ཙམ་གྱིས་ཇེ་མགྱོགས་སུ་འགྲོ་བ་མི་ཚོས་གཙོད་གཤོག་རླུང་གིས་བརྒྱངས་པ་རེད་ཟེར། དེར་བརྟེན་གཙོད་རྒྱུག་རྒྱུར་དགའ་ཞིང་ཤིན་ཏུ་ནས་མགྱོགས་པོ་ཡོད་པས་ཆུ་ཚོད་རེ་ལ་སྤྱི་ལེ་༧༠ནས་༨༠བར་རྒྱུག་ཐུབ་ཀྱི་ཡོད་པས་ཆེས་མགྱོགས་ཤོས་ཀྱི་སེམས་ཅན་གྲས་ཤིག་ཡིན། གཙོད་ཀྱི་རྔ་མ་ནི་ཕྲ་ཞིང་ཐུང་བས་རིང་ཚད་ལ་སན་ཊི་མི་ཊར་༢༢ཙམ་དང་། གཙོད་ལུས་ཀྱི་སྤུ་མདོག་གྲ་མར་ཁམ་ཅན་དང་སྐྱ་བོ་ཡིན་ཞིང་སྤུ་དང་ཁུ་ལུ་འཐུག་པ་མ་ཟད་ཚགས་ཡང་དམ། ལྟོ་ངོས་སྐྱ་དཀར་ཡིན། སྤྱིར་སྲོག་ཆགས་ཕལ་ཆེ་བ་སྤུ་འགྱུར་ལྡོག་འགྲོ་གི་ཡོད། ལྷག་པར་དུ་རི་དྭགས་དང་གཅན་གཟན་རིགས་སྤུ་བརྗེ་མགྱོགས་པ་མ་ཟད། དགུན་ཉལ་མི་བྱེད་པའི་སྲོག་ཆགས་རིགས་ཀྱི་སྤུ་ལོ་གཅིག་ལ་ཐེངས་གཉིས་ཙམ་བརྗེ། གཙོད་ཀྱི་སྤུ་ཡང་འགྱུར་ལྡོག་འགྲོ་སྟངས་དེ་ལྟར་ཡིན་པར་སྣང་། གཙོད་རྣམས་ཕྱི་ཟླ་བཅུ་པ་དང་བཅུ་གཅིག་ཙམ་ལ་ཤེ་ལངས་པའི་སྐབས་ཡིན་ཞིང་། དེ་ཡང་ས་གནས་གཅིག་ཏུ་འཛོམས་ཏེ་འཁྲིག་སྦྱོར་བྱེད་པས་གཙོད་ཕོ་མོ་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་བདུན་ཕྲག་གཉིས་ལྷག་ཙམ་ལ་དུས་གཅིག་ཏུ་འཛོམས་སྲོལ་ཡོད། མངའ་རིས་ཁུལ་གྱི་ཁོར་ཡུག་གནས་སྟངས་ལས། ནམ་དུས་སྟོན་ཁ་བོད་ཟླ་དགུ་པའི་ཟླ་དཀྱིལ་ཙམ་ནས་བཅུ་པའི་ཟླ་ཕྱེད་བར་གཙོད་ཕོ་མོ་འཁྲིག་སྦྱོར་གྱི་དུས་ཚོད་ལ་ཁ་རྒྱུན་དུ་གཙོད་ངར་གཞུང་ཚུགས་འདུག་ཅེས་བཤད་སྲོལ་ཡོད། གཙོད་ཀྱི་ངར་གཞུང་ས་ནི་གུས་རང་གིས་ཤེས་རྟོགས་བྱུང་བའི་ས་ཆ་ཁ་ཤས་མིང་སྨོས་ན། གཞུང་པ་མ་མཚན་གྱི་ས་ཆ་ཝ་མོ་གཙང་པོའི་འགྲམ་གླེ་དཀར་མོ་ཞེས་པའི་ས་ཆ་དེར་གཙོད་སྟོང་ཕྲག་བརྒྱད་དགུ་ཙམ་འཛོམས་བསྡད་པ་མཐོང་མྱོང་། ཡང་སྒེར་རྩེ་ས་གནས་རྩྭ་སྐྱ་གཙང་པོའི་འགྲམ་ལ་གཙོད་ཀྱི་ངར་གཞུང་དེ་ལས་ཀྱང་མང་བ་ཚུགས་ཀྱི་ཡོད་པ་གོ་མྱོང་། ཟངས་ཟངས་ར་ག་སྟག་རྒྱལ་ཐང་དུ་ཡང་གཙོད་ཀྱི་ངར་གཞུང་ཚུགས་ཀྱི་ཡོད་པ་གོ་མྱོང་། དེ་ཡང་གཙོད་ཀྱི་ངར་གཞུང་ཐོར་བའི་རྗེས་ཕོ་རྣམས་བྱང་ཕྱོགས་ལ་ལོག་འགྲོ་བ་དང་། མོ་རྣམས་ལྷོ་ཕྱོགས་ལ་ལོག་འགྲོ་བ་རེད། དེ་ཡང་མོ་རྣམས་དམིགས་བསལ་གཙོད་ལམ་ཞེས་བང་བསྒྲིགས་ཏེ་ལམ་གཅིག་མ་གཏོགས་ཁ་ཐོར་ལ་འགྲོ་སྲོལ་མི་ཡོང་། ཡུལ་མི་ཚོས་གཙོད་གསོད་པའི་ལུགས་སྲོལ་མེད་ཀྱང་། ས་ཕྱོགས་གཞན་ནས་ཡོང་བའི་ཁྱི་ར་བ་ཁ་ཤས་ཀྱིས་ལམ་སྒུག་བྱས་ཏེ་གཙོད་གསོད་མཁན་ཡོད་ཀྱང་། གཙོད་ལམ་དེར་ཁྱི་ར་བས་གཙོད་བསད་ཀྱང་གཙོད་རྣམས་འཇིགས་སྐྲག་གི་ཅུང་ཟད་བྲོས་ཀྱང་ཡང་བསྐྱར་ལམ་དེ་ག་རང་བཟུང་སྟེ་འགྲོ་སྲོལ་ཡོད་ཅེས་གསལ་འདུག རྒྱུན་དུ་གཙོད་རྣམས་ཁེར་རྐྱང་དང་། ཡང་ན་ལྔ་དྲུག་ནས་བཅུ་བར་ཁྱུ་བྱས་ཏེ་ཕོ་མོ་ལོགས་སུ་བསྡད་ནས་རྩྭ་ཟ་ཆུ་འཐུང་ལ་རོལ། གཙོད་ཕལ་ཆེ་བ་དབྱར་ཁ་དང་དགུན་ཁ་བར་སྤྱི་ལེ་༢༥༠ནས་༣༠༠བར་འགྲོ་སྐྱོད་བྱས་ཏེ་གནས་སྤོ་གི་ཡོད། གཙོད་ཕྲུག་སྐྱེ་བའི་དུས་ཚོད་སླེབས་སྐབས་དགྲ་དང་གནོད་པ་མེད་སའི་ས་ཆ་ལུང་སྟོང་ནང་འགྲོ་བཞིན་ཡོད་པ་ལས་ས་གནས་གང་སར་སྐྱེ་སྲོལ་མེད། གཙོད་ཕྲུག་སྐྱེ་བའི་དུས་ཚོད་ནི་ཕྱི་ཟླ་༥པ་དང་༦པ་ཙམ་གྱི་སྐབས་ཡིན་པ་དང་། སྐྱེ་འཕེལ་ཐེངས་གཅིག་ལ་ཕལ་ཆེ་བ་གཙོད་ཕྲུག་གཅིག་མ་གཏོགས་མི་སྐྱེ། གཙོད་ཕྲུག་སྐྱེ་བའི་སྐབས་གཙོད་ཕོ་རྣམས་ཀྱིས་མཐའ་ནས་སྲུང་སྐྱོབ་བྱེད་སྲོལ་ཡོད་པར་གྲགས། བོད་ཀྱི་གཙོད་ནི་སྟོངས་ལ་ཉེ་བའི་རྩ་ཆེའི་རི་དྭགས་ཤིག་ཡིན་ཞིང་གཙོད་ཀྱི་དངོས་ཡོད་འཚོ་བའི་གནས་སྟངས་དང་། གོམས་གཤིས། གྲངས་འབོར་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་འགོ་ཚུགས་ནས་དུས་ཡུན་རིང་པོ་མིན་པས། འཚོ་གནས་ཀྱི་ས་རྒྱ་ཆེ་ཞིང་གྲང་ངར་ཆེ། ལྷག་པར་དུ་ལོ་ལྟར་གཙོད་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་གྱི་ཡོད་པས་གྲངས་འབོར་སོགས་ཞིབ་འཇུག་བྱེད་པར་སྟབས་བདེ་མེད། ཆེད་ལས་ཞིབ་འཇུག་པ་ཡང་དཀོན་པ་དང་དེའི་ནང་ནས་བོད་རིགས་རང་གི་ཆེད་ལས་ཞིབ་འཇུག་པ་མེད་པས། ཁུངས་ལྡན་གྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་དཀའ། དུས་རབས་ཉི་ཤུ་པའི་དུས་འགོ་ཙམ་ལ་བོད་ཀྱི་གཙོད་གྲངས་འབོར་ས་ཡ་གཅིག་ལྷག་ཡོད་སྐད་གྲགས། རྒྱ་མིས་བོད་ལ་དཔུང་འཇུག་བྱེད་སྐབས་རི་དྭགས་གཙོད་ཀྱིས་གཙོས་རི་དྭགས་མང་པོ་དམག་མིའི་ཁ་ཟས་ཆེད་བསད་ཡོད་པ་དང་། རིག་གནས་གསར་བརྗེའི་སྐབས་བོད་མི་རྣམས་ཀྱང་ཟས་གོས་མི་འདང་བའི་དཀའ་སྡུག་ཚད་མེད་འཕྲད་པ་དང་ཐ་ན་ལྟོགས་ཤི་ཐེབས་པའི་གནས་ཚུལ་ཡང་མང་དག་ཅིག་བྱུང་ཡོད། དེ་འདྲའི་གནས་སྟངས་འོག་བོད་མི་མང་པོས་འདོད་པ་མེད་བཞིན་དུ་གྲོས་པས་མ་བཟོད་པར་རི་དྭགས་ཁ་ཟས་ཆེད་གསོད་དགོས་བྱུང་ཡོད་པས། གཙོད་ཀྱང་ཁ་ཟས་ཆེད་གསོད་དགོས་བྱུང་ཡོད་པ་གདོན་མི་ཟ། ལྷག་པར་དུ་རྒྱ་མིས་བོད་ལ་མི་སེར་སྤེལ་བའི་ངན་བྱུས་འོག་རླངས་འཁོར་དང་མེ་འཁོར་ལྕགས་ལམ་གསར་སྐྲུན་བྱས་རྗེས་བོད་ཀྱི་རང་བྱུང་ཁོར་ཡུག་དང་ལྷག་པར་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་ཤུགས་རྐྱེན་བརྗོད་ཀྱིས་མི་ལང་བ་ཐེབས་ཡོད་པས། བོད་ཀྱི་རྩ་ཆེའི་གཅན་གཟན་དང་རི་དྭགས་མང་པོ་རྔོན་རྒྱག་མང་གྲགས་པས་མང་པོ་ཞིག་རྩ་སྟོངས་སུ་ཕྱིན་པ་དང་། ཉུང་ཤས་ལྷག་པ་དེ་རྣམས་ཁྱིམ་མཚེས་རྒྱལ་ཁབ་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད། འདི་ནི་གཞིས་ལུས་བོད་མི་རྩོམ་པ་པོ་ངག་དབང་རབ་རྒྱས་ཀྱིས་བརྩམས་ པའི་ “རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས” ཞེས་པ་དེ་ལས་བཏུས། འདི་ནི་ “ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས” www.tibet.cn/zw ནས་འདོན་སྤེལ་བྱས། དེང་སང་གི་ཕྱི་རྒྱལ་ཁག་གི་དེབ་དང་གསར་ཤོག་སོགས་སུ་འདི་ལ་Chiru ཞེས་འབོད་པ་དེ་ནི་གཙོད་རུ་ཟེར་བའི་ཚོད་རེད། གཙོད་རུ་ཞེས་པའི་རུ་ནི་རྭཅོའི་དོན་ཡིན་པས། ཐ་སྙད་འདི་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་གོ། ཤཱ་ཏུཤ་shahtoosh ཞེས་པའི་གཟན་ shawls དང་སྐེ་དཀྲིས་scarves གཙོད་སྤུ་འདི་བཞིན་དང་ཨ་རི་དང་ཡུ་རོབ་ཁུལ་དུ་དགོས་འདུན་དང་མངགས་ཉོ་བྱེད་མཁན་མང་དུ་སོང་ཞིང་རིན་གོང་ཡང་ཆེ་རུ་སོང་ནས་བོད་དུ་ཁྲིམས་འགལ་གྱི་ཐོག་ནས་གཙོད་རྔོན་རྒྱག་མཁན་ཡང་ཧ་ཅང་མང་དུ་སོང་སྟེ་གཙོད་ཀྱི་གྲངས་འབོར་བོད་ས་མ་ཤོར་གོང་ཕྱི་ལོ་༡༩༥༩གོང་གྲངས་འབོར་༡,༠༠༠༠༠༠ས་ཡ་གཅིག་ལྷག་ཡོད་པ་ནས་ཕྱི་ལོ་༡༩༩༩ལོར་༧༥,༠༠༠ སྟོང་ཕྲག་བདུན་ཅུ་དོན་ལྔ་ཙམ་ལས་ལྷག་མེད་སྐོར་ “རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཚོགས་པས” བརྗོད་ཡོད། ཤཱ་ཏུཤ་ཞེས་པའི་གཟན་གཅིག་བཟོ་བར་གཙོད་ལྤགས་གསུམ་ནས་ལྔ་བར་དགོས་ཀྱི་ཡོད། གཟན་ཤཱ་ཏུཤ་རེ་ལ་ཨ་སྒོར་༥,༠༠༠-༣༠,༠༠༠ ལྔ་སྟོང་ནས་སྟོང་ཕྲག་སུམ་ཅུ་རེ་བྱེད་ཀྱི་ཡོད། ཤཱ་ཏུཤ་་shahtoosh ཞེས་པའི་ཐ་སྙད་འདི་ kashmir ཀསྨིར་གྱི་སྐད་རེད།་པའི་ཐ་སྙད་འདི་ kashmir ཀསྨིར་གྱི་སྐད་རེད།)
    • Dictionaries/sgom sde tshig mdzod chenmo/9067  + (རོ་འདུས་པའི་དུར་ཁྲོད་ཆེན་པོ། སྒྲ་བཤད་ནི། རབ་སོང་ནི་དབུགས་རབ་ཏུ་སོང་བ་སྟེ་ཤི་བའམ་རོའི་དོན་ཡིན་ལ་དེ་འདུས་པའི་གནས་ནི་དུར་ཁྲོད་དོ། །)
    • Dictionaries/sgom sde tshig mdzod chenmo/12758  + (རོའི་མིང༌། པུར་དང་དོན་གཅིག)
    • Dictionaries/sgom sde tshig mdzod chenmo/10063  + (རོའི་ལུས་སྐྲངས་ཤིང་སྦོས་པ་ལ་དམིགས་པའི་འདུ་ཤེས།)
    • Dictionaries/sgom sde tshig mdzod chenmo/10062  +
    • Dictionaries/sgom sde tshig mdzod chenmo/1586  + (སོག་པོའི་རྒྱལ་པོ་འདིས་༡༦༤༢ལོར་གཙང་པ་སྡེ་སྲསོག་པོའི་རྒྱལ་པོ་འདིས་༡༦༤༢ལོར་གཙང་པ་སྡེ་སྲིད་ཀྱི་སྲིད་གཞུང་གཏོར་ཕམ་བཏང་ནས། བོད་ཀྱི་སྲིད་དབང་ཡོངས་རྫོགས་༸གོང་ས་ལྔ་པ་ཆེན་པོའི་ཕྱག་ཏུ་ཕུལ་ཏེ། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ཤིང་། ཏཱ་ལའི་བླ་མ་དང་དགེ་ལུགས་པའི་ཕྱོགས་ལ་དད་ཞེན་ཧ་ཅང་ཆེ་བའི་རྒྱལ་པོ་ཞིག ཏཱ་ལའི་བླ་མ་ལྔ་པ་ཆེན་པོས་གུ་ཤྲཱི་ཧན་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས་མཚན་བསྟོད་གནང་། ལོ་རྒྱུས་རྒྱས་པ་ནི། ཨོ་རོད་ཚོ་བཞིར་གྲགས་པའི་ནང་ཚན། ཧོ་ཤོད་ཀྱི་དཔོན་ཧ་ནའི་སྲས། གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་ཀྱི་རྒྱལ་པོར་གྲགས་པ་ནི། རབ་བྱུང་བཅུ་པའི་ཆུ་ཕོ་རྟའི་ལོ། ཕྱི་ལོ་༡༥༨༢ལོར་འཁྲུངས། མཚན་ཐོ་རོལ་བའི་ཧུར་ཞེས་བཏགས། གཏེར་སྟོན་དྲི་མེད་ལྷུན་པོའི་ལུང་བསྟན་ལས་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་དུ་བཤད་ཅིང་། སར་གནས་ཀྱི་བྱང་སེམས་ཆོས་རྒྱལ་པོའི་རྣམ་པར་བྱོན་པ་ཞིག་སྟེ། དགུང་ལོ་བཅུ་གསུམ་ལོན་པའི་ཚེ། མགོ་དཀར་གྱི་དམག་ཁྲི་ཕྲག་ཙམ་གྱི་སྟེང་དམག་དཔོན་བྱས་ཏེ་བྱོན་པས་ཕ་རོལ་གྱི་དཔུང་ཚོགས་ཐམས་ཅད་བཅོམ་སྟེ་གཡུལ་ལས་རྣམ་པར་རྒྱལ་བའི་སྙན་པ་ཐོབ། དེ་སྐབས་ཡུལ་དེར་ཆོས་མ་དར་བར་ཡོད་པ་ལས། སོག་པོའི་ཡུལ་གྲུ་གཞན་དག་ཏུ་རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་། གསེར་གྱི་རྒྱལ་པོ་མཆོད་ཡོན་ཟུང་གི་བཀའ་དྲིན་ལ་བརྟེན་ནས་དམ་པའི་ཆོས་དར་ཞེས་པའི་ཆོས་ཀྱི་མིང་ཙམ་ཐོས་པར་བརྟེན་དད་པ་ལྷག་པར་འཁྲུངས་ཏེ། ཕྱོགས་དེར་ཕྱག་ཡང་དང་ཡང་དུ་བཙལ་བས་དཔྲལ་བ་སྐྲངས་པ་ཙམ་དུ་གྱུར་ཅེས་གྲགས། དགུང་ལོ་ཉེར་ལྔ་བཞེས་པའི་ཚེ། ཡུམ་གཤེགས་ཏེ་དེའི་དགོངས་རྫོགས་སུ་དབུལ་ཕོངས་རྣམས་ལ་སྦྱིན་གཏོང་རྒྱ་ཆེར་མཛད། བར་སྐབས་ཤིག་ཧལ་ཧ་དང་ཨོ་རོད་གཉིས་ཕན་ཚུན་མ་མཐུན་པར་འཁྲུགས་པ་ཆེན་པོ་བྱུང་བའི་ཚེ། སྙིང་རྗེའི་གཞན་དབང་དུ་གྱུར་ཏེ། ཧལ་ཧའི་ཁྲོད་དུ་ཚམ་ཚོམ་མེད་པར་བྱོན་ནས་ཕན་ཚུན་གྱི་བར་དུ་འདུམ་པར་མཛད། དེ་ལ་སྟོང་འཁོར་ཆོས་རྗེ་དང་། ཧལ་ཧའི་རྒྱལ་བློན་རྣམས་ཤིན་ཏུ་མགུ་སྟེ། ཏའི་ཀཽ་ཤྲཱི་ཞེས་པའི་ཆོ་ལོ་བྱིན། སླར་རང་ཡུལ་དུ་བྱོན། རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་ཨོ་རོད་ཀྱི་མི་ཞིག་གིས་མདོ་སྡེ་གསེར་འོད་དམ་པ་ལ་ཕྱག་ནས་ཞུས་པའི་ཚེ། མིང་དྲིས་པར། ཨལ་ཐན་ཀེ་རེ་ལ་ཟེར་ཞུས་པར། དེ་ན་མི་ལོ་ཉི་ཤུ་ན་ཁྱོད་ཀྱི་ཡུལ་དུ་ཆོས་འདི་དར་བར་འགྱུར་རོ་ལུང་བསྟན་པར་ལྟར་སྦྱིན་བདག་མཛད་དེ། གསེར་འོད་དམ་པ་སོགས་ཆོས་མང་དུ་བསྒྱུར་ཅིང་བསྟན་པའི་སྲོལ་བཏོད། ཆ་ཧར་རྒྱལ་པོས་སོག་པོ་ཚོ་ཆེན་དྲུག་གི་ནང་དུ་དུས་འཁྲུག་བསླངས་པར་བརྟེན། ཧལ་ཧའི་ཁྲོད་དུ་འགའ་ཞིག་བྲོས་པར། དབོན་པོ་ཕན་ཚུན་ནང་མ་འཆམས་པའི་རྐྱེན་གྱི་ཧལ་ཧ་ཆོག་ཐུ་རང་ཡུལ་ནས་སྤྱུགས་པ་མཚོ་ཁར་འོངས་ནས། ཨ་མདོའི་ས་ཆ་ནས་མངའ་འོག་ཏུ་བཅུག་སྟེ། རེ་ཞིག་མངའ་ཐང་ཆེ་བར་བྱུང་བས་བསྟན་པ་སྤྱི་དང་། ཁྱད་པར་རི་བོ་དགེ་ལྡན་པའི་བསྟན་པ་ལ་གནོད་པ་ཅི་འཁྱོལ་བྱས་པའི་རྒྱུ་མཚན་རྒྱལ་པོ་འདིའི་སྙན་དུ་སོན་ཏེ། རྗེ་རིན་པོ་ཆེའི་བསྟན་པ་འབའ་ཞིག་གཅེས་པར་དགོངས་ནས་དམག་གི་དཔུང་ཆེན་པོ་དང་བཅས་རང་ཡུལ་ནས་མེ་གླང་ཟླ་བ་དང་པོར་མཚོ་ཁར་བྱོན་ཏེ། གཡུལ་བཀྱེས་པས་ཆོག་ཐུའི་དམག་ཁྲི་ཕྲག་བཞི་དང་བཅས་པ་ལྷག་མ་མེད་པར་བཅོམ་སྟེ། མདོ་སྨད་ཀྱི་ཕྱོགས་མཐའ་དག་མངའ་འོག་ཏུ་བསྡུས། དེ་ནས་རྒྱལ་བ་ཡབ་སྲས་མཇལ་བའི་ཆེད་དུ་དབུས་སུ་བྱོན། ༸རྒྱལ་མཆོག་ལྔ་པ་ཆེན་པོ་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གཉིས་ཞལ་མཇལ་ཏེ་གཙུག་ཏུ་རྒྱན་དུ་བསྟེན། དགའ་ལྡན་དུ་མཇལ་བར་བྱོན་པའི་ཚེ། དེ་དགོང་ཉེར་བདུན་ཡིན་ནའང་སྲོད་ཀྱི་དུས་རྡེའུ་ཕྲ་མོ་ཡང་མཐོང་བའི་འདུན་ས་ཤིན་ཏུ་དཀར་བ་བྱུང་བས་བསྟན་སྲིད་མཐའ་དག་དཀར་འཇམ་དུ་འགྱུར་བའི་རྟེན་འབྲེལ་འགྲིག དེ་ནས་གླང་ལོའི་དགུན་ཕྱིར་མཚོ་ཁར་བྱོན། བར་ཁམས་སུ་བེ་རི་རྒྱལ་པོ་དོན་ཡོད་སངས་རྒྱས་བསྟན་པ་ལ་ཤིན་ཏུ་གནག་ཅིང་། བོན་གྱི་རིང་ལུགས་ཁོ་ན་གཙོ་བོར་མཆོད་པའི་རྒྱུ་མཚན་གསན་ཏེ། ས་ཡོས་ཧོར་ཟླ་ལྔ་པའི་ནང་དཔུང་གི་ཚོགས་དང་བཅས་པ་བེ་རིའི་སྟེང་དུ་བྱོན། མངའ་འབངས་སུ་ཕལ་ཆེར་བླངས། བེ་རི་རྒྱལ་པོ་ཕྱོགས་གཞན་དུ་བྲོས་པ་ལྕགས་འབྲུག་ཟླ་བ་བཅུ་གཅིག་པའི་ཉེར་ལྔ་ལ་བཟུང་སྟེ་ཁྲི་མོན་དུ་བཅུག ས་དགེ་ཀར་འབྲུག་སྟག་ལུང་སོགས་ཀྱི་བླ་དཔོན་བཙོན་དུ་ཆུད་པ་རྣམས་ཀྱང་བཏོན་ཏེ་རང་གནས་སུ་བསྐྱལ། འཇང་རྒྱལ་པོ་ཚུན་ཆད་ཀྱི་སྐྱེ་དགུ་རྣམས་ཀྱིས་དཔྱ་ཁྲལ་འབུལ་ཞིང་གུས་འདུད་ལྷུར་བླངས། དེའི་ཚེ་དབུས་གཙང་གི་རྒྱལ་པོ་ནི་སྡེ་སྲིད་གཙང་པ་ཡིན་ཞིང་། དེས་ཀརྨ་པ་བླ་མཆོད་ཀྱི་གཙོ་བོར་བཟུང་སྟེ། དགེ་ལུགས་ཕྱོགས་ལ་བསམ་སྦྱོར་ལོག་པ་མང་དུ་བྱས་པར་བརྟེན། རྒྱལ་པོ་འདི་དཔུང་གི་ཚོགས་ཆེན་པོ་དང་བཅས་ཏེ་དབུས་གཙང་གི་ཕྱོགས་སུ་བཏེག གཙང་པའི་དཔུང་དམག་མཐའ་དག་བཅོམ་སྟེ་གཙང་པ་རྒྱ་བློན་བཟུང་ནས་དབུས་ཀྱི་སྣེའུ་གཞིས་ཁར་བཙོན་ཁང་དུ་བཅུག་ཅིང་དབུས་གཙང་གི་ཕྱོགས་ཀུན་མངའ་འོག་ཏུ་བསྡུས། བོད་ཆོལ་ཁ་གསུམ་གྱི་རྒྱལ་པོར་གྱུར་ཏེ་བཀའ་ཁྲིམས་ཀྱི་གདུགས་དཀར་པོ་སྲིད་རྩེའི་བར་དུ་འཁོར། དགེ་ལུགས་ལ་ལོག་པར་འཁུ་བའི་མི་བསྲུན་སྐྱེ་བོ་ཐམས་ཅད་ཚར་བཅད། རྒྱ་གར་གྱི་རྒྱལ་པོ་ཁོ་ཞིང་། བལ་པོ་ཡུམ་བུའི་རྒྱལ་པོ། མངའ་རིས་རྒྱལ་པོ་སོགས་མཐའ་ཕྲན་མང་པོས་ཀྱང་ཡུལ་ལུགས་ཀྱི་སྐྱེས་ཕུལ་ཏེ། གནམ་བསྐོས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་དབུ་འཕང་དགུང་ལ་རེག་པར་གྱུར་ཏེ། ད་ལྟའི་བར་དུས་དགའ་ལྡན་གནམ་དགའ་ལྡན་དུ་གྲགས་པ་འདི་ཡང་རྒྱལ་པོ་འདིའི་དྲིན་དུ་ཁུམས་སོ། །འདི་ལ་སྲས་བཅུ་ཡོད་པ་ལས། ཏ་ཡན་ཧན་དང་། དེའི་ཚ་བོ་ལྷ་བཟང་གཉིས་ཀྱིས་རིམ་པར་བོད་ཀྱི་རྒྱལ་པོ་བྱས། སྲས་ཐ་ཆུང་ཨ་ཁུ་བཀྲ་ཤིས་པཱ་ཐུར་གྱིས་མཚོ་སྔོན་པོའི་རྒྱལ་པོ་བྱས། དེ་ལྟར་ཀཽ་ཤྲཱི་ཧན་གྱི་བརྒྱུད་པ་དཔོན་ཁག་སོ་སོར་གྱེས་པ་རྣམས་ཀྱང་སྟོབས་འབྱོར་མངའ་ཐང་དང་ལྡན་ཞིང་། གཞན་ལ་ལྟོས་མི་དགོས་པའི་རང་ཚུགས་ཐུབ་པར་ཡོད་ཀྱང་། ཕྱིས་སུ་བསྟན་འཛིན་ཝང་གིས་འཁྲུགས་པ་བསླངས་པར་བརྟེན། ཐམས་ཅད་འཇམ་དབྱངས་གོང་མའི་མངའ་ཞབས་སུ་ཚུད། གོང་ནས་སོ་སོར་ཐོབ་དང་བདག་རྐྱེན་གནང་ཞིང་། ཡབ་མེས་གོང་མའི་སྲོལ་བཞིན་རི་བོ་དགེ་ལྡན་པའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་གུས་མཆོད་དང་རང་རང་གནས་སུ་དགེ་འདུན་གྱི་སྡེ་འཛུགས་པ་སོགས་ཀྱིས་བསྟན་པའི་ཞབས་འདེགས་ལྷུར་ལེན་པར་བྱེད་དོ། །ཞེས་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གྲུབ་མཐར་གསལ་བ་ལྟར་བཀོད། གོང་གསལ་གནས་ཚུལ་ནང་ཐུའུ་བཀྭན་རིན་པོ་ཆེས་སྲིད་དོན་ཐོག་ཞིབ་ཚགས་མ་བྱས་པའི་གནས་ཚུལ་ལྟ་བུར་འགའ་རེ་སྣང་མོད་བཅས་བཅོས་མེད་པར་རང་སོར་བཞག་འགའ་རེ་སྣང་མོད་བཅས་བཅོས་མེད་པར་རང་སོར་བཞག)
    • Dictionaries/sgom sde tshig mdzod chenmo/1877  + (སྒྲ་གདངས། དེའི་ཐད་ཀྱི་བོད་རྒྱ་ཚིག་མཛོད་ཆེནསྒྲ་གདངས། དེའི་ཐད་ཀྱི་བོད་རྒྱ་ཚིག་མཛོད་ཆེན་མོར། སྒྲ་གདངས་ལ་ “སྦྱར” བར་བྱའོ། །ཞེས་སྣང་ཡང་ “སྦྱང” བར་བྱའོ། །ཞེས་ཞུ་བཅོས་དགོས། ཚིག་མཛོད་ཆེན་མོའི་ང་རོའི་འགྲེལ་བཤད་དེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་གླེགས་བམ་བར་ཆ་ (༢༡༦) ནས་གསུངས་པ་ལྟར་བཀོད་པ་ཡིན་འདུག་པས། དེ་ལས་ནི་ “ཡི་གེ་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་སྦྱང་བར་བྱ་ཞིང” ། ཞེས་གསུངས་ཤིང་དོན་ལ་ཡང་གནས་སོ། །བྱ་ཞིང” ། ཞེས་གསུངས་ཤིང་དོན་ལ་ཡང་གནས་སོ། །)
    • Dictionaries/sgom sde tshig mdzod chenmo/13124  + (སྲེད་མེད་ཀྱི་བུ་ནི་ཁྱབ་འཇུག་ཡིན་ལ་དེའི་སྟོསྲེད་མེད་ཀྱི་བུ་ནི་ཁྱབ་འཇུག་ཡིན་ལ་དེའི་སྟོབས་ཤུགས་ཀྱི་ཚད་ཅེས་པའི་དོན་ནོ། །འདི་ལ་གླང་ཆེན་ཕལ་པ་ས་ཡ་གཅིག་གི་ཤུགས་ཚད་ཡོད་པར་བཤད་དོ། །དེ་ཡང་གླང་ཆེན་ཕལ་པ་དང༌། སྤོས་ཀྱི་གླང་པོ་ཆེ། ཚན་པོ་ཆེ་ཆེན་པོ། རབ་གནོན། ཡན་ལག་མཆོག སྟོབས་མཆོག སྲེད་མེད་ཀྱི་བུ་རྣམས་ཏེ་བདུན་པོ་དེ་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བཅུ་བསྒྱུར་གྱིས་ལྷག་པའོ། །སངས་རྒྱས་ཀྱི་སྐུའི་རུས་པའི་ཚིགས་རེ་རེ་ལའང་སྲེད་མེད་ཀྱི་བུའི་སྟོབས་མངའ་བར་གསུངས་སོ། །མཛོད་རྩ་འགྲེལ་གྱི་གསུང་ཚུལ་ལོ། །ཡང་། འདུལ་བ་ལུང་གཞི་༼ ཁ་པ ༽༥༩བ༣ ལས། གནས་འཇོག་དག་མི་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་ཕལ་པ་ (འདི་གླང་ཞེས་པ་བ་གླང་ལ་གོ་དགོས) གཅིག་གི་ཡིན་ནོ། །གླང་ཕལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བ་མེན་སྔོན་པོ་གཅིག་གི་ཡིན་ནོ། །བ་མེན་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་ཕྲུ་གུ་གཅིག་གི་ཡིན་ནོ། །གླང་པོ་ཆེ་ཕྲུ་གུ་བཅུའི་གང་ཡིན་པ་དེ་ནི་གླང་པོ་ཆེ་མོ་གཅིག་གི་ཡིན་ནོ། །གླང་པོ་ཆེ་མོ་བཅུའི་གང་ཡིན་པ་དེ་ནི་གླང་པོ་ཆེ་ཕལ་གཅིག་གི་ཡིན་ནོ། །གླང་པོ་ཆེ་ཕལ་བཅུའི་གང་ཡིན་པ་དེ་ནི་གླང་པོ་ཆེ་མཆེ་བ་མེད་གཅིག་གི་ཡིན་ནོ། །གླང་པོ་ཆེ་མཆེ་བ་མེད་བཅུའི་གང་ཡིན་པ་དེ་ནི་སྔོན་པོ་གཅིག་གི་ཡིན་ནོ། །སྔོན་པོ་བཅུའི་གང་ཡིན་པ་དེ་ནི་སེར་པོ་གཅིག་གི་ཡིན་ནོ། །སེར་པོ་བཅུའི་གང་ཡིན་པ་དེ་ནི་དམར་པོ་གཅིག་གི་ཡིན་ནོ། །དམར་པོ་བཅུའི་གང་ཡིན་པ་དེ་ནི་དཀར་པོ་གཅིག་གི་ཡིན་ནོ། །དཀར་པོ་བཅུའི་གང་ཡིན་པ་དེ་ནི་འབིགས་བྱེད་ཀྱི་གླང་པོ་ཆེ་གཅིག་གི་ཡིན་ནོ། །འབིགས་བྱེད་ཀྱི་གླང་པོ་ཆེ་བཅུའི་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་ཡིན་ནོ། །སྤོས་ཀྱི་གླང་པོ་ཆེ་བཅུའི་གང་ཡིན་པ་དེ་ནི་ཚན་པོ་ཆེ་གཅིག་གི་ཡིན་ནོ། །ཚན་པོ་ཆེ་བཅུའི་གང་ཡིན་པ་དེ་ནི་ཚན་པོ་ཆེ་ཆེན་པོ་གཅིག་གི་ཡིན་ནོ། །ཚན་པོ་ཆེ་ཆེན་པོ་བཅུའི་གང་ཡིན་པ་དེ་ནི་རབ་གནོན་གཅིག་གི་ཡིན་ནོ། རབ་གནོན་བཅུའི་གང་ཡིན་པ་དེ་ནི་སྟོབས་མཆོག་གཅིག་གི་ཡིན་ནོ། །སྟོབས་མཆོག་བཅུའི་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་དོ། །སྲེད་མེད་ཀྱི་བུའི་སྟོབས་ཕྱེད་གཉིས་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུའི་སྟོབས་ཡིན་ཏེ། དེ་དེ་བཞིན་གཤེགས་པའི་ཚིགས་ཕྲན་དག་ན་ཡོད་པས་གནས་འཇོག་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚོགས་ཅན་ཡིན་ནོ། །བར་སྡོམ་ལ། མི་དང་གླང་དང་བ་མེན་དང་ནི་དེ་བཞིན་གླང་ཆེན་ཕྲུ་གུ་དང༌། །གླང་ཆེན་མོ་དང་ཕལ་དང་མཆེ་བ་མེད་དང་དེ་བཞིན་བཞི་ཚན་དང༌། །འབིགས་བྱེད་གླང་ཆེན་སྦོས་ཀྱི་གླང་ཆེན་དང་ནི་ཚན་པོ་ཆེ་གཉིས་དང༌། །རབ་གནོན་དང་ནི་སྟོབས་མཆོག་དག་དང་སྲེད་མེད་བུ་ཡི་སྟོབས་གཉིས་སོ། །ཞེས་གསུངས་སོ། །་མེད་བུ་ཡི་སྟོབས་གཉིས་སོ། །ཞེས་གསུངས་སོ། །)
    • Dictionaries/sgom sde tshig mdzod chenmo/3574  + (ཨི། ཨུ། ཨེ། ཨོ་དང་བཞིའོ། །ཡང་ན། གི་གུ། ཞབསཨི། ཨུ། ཨེ། ཨོ་དང་བཞིའོ། །ཡང་ན། གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུའམ་གནའ་རུ་ད་བཞིའོ། །སུམ་ཅུ་པའི་རྩ་བར། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པ་འོ། །ཞེས་གསུངས་སོ། །༼ གི་གུ ༽ ( ི ) བོད་ཡིག་དབྱངས་བཞིའི་དང་པོ་ཨི་ཡིག་མཚོན་བྱེད་ཡིན། དབྱངས་ཀྱི་གོ་དོན་ནི། ང་རོའི་རྣམ་པ་ཅན་གྱི་ཆ་ནས་བཞག་པའི་ཡི་གེ་དེ། དབྱངས་ཀྱི་མཚན་ཉིད། གསེར་ཏོག་སུམ་འགྲེལ་༢༩ལས། གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲའི་གདངས་ཙམ་དང་ང་རོ་ཙམ་ཤས་ཆེ་བའི་ཆ་ནས་བཞག་པས། ཡི་གེ་གཞན་ལ་མ་ཞུགས་པར་རང་སྟོབས་ཀྱིས་བརྗོད་པ་གསལ་བར་མི་ནུས་པས་ན་འདིར་བསྟན་དབྱངས་རྐྱང་ཞེས་བྱའོ། །ཞེས་གསུངས་སོ། །སྒྲ་བཤད་ནི། དབྱིབས་གུག་གུག་ཡིན་པའི་ཆ་ནས་གི་གུ་ཞེས་བཏགས། འདི་ལ་ “གི་གུ” དང་ “གུ་གུ” “གུག་གུ” ཞེས་ཀྱང་བྲིས་པ་ཡོད། ༼ ཞབས་ཀྱུ ༽ ( ུ ) བོད་ཡིག་གི་དབྱངས་གཉིས་པ་ཨུ་ཡིག་མཚོན་བྱེད། དབྱིབས་ལྕགས་ཀྱུ་ལྟར་གུག་ནས་ཡོད་པའི་ཆ་ནས་ཞབས་ཀྱུ་ཟེར། སྒྲ་བཤད་ནི། ཞབས་ནི་རྐང་པ། ཀྱུ་ནི་ཀྱོག་ཀྱོག་གི་དོན་ནོ། །ཀྱུ་དང་། ཀྱོ། ཀྱོག་ཀྱོག་རྣམས་དོན་གཅིག དཔེར་ན་ལྕགས་ཀྱུའམ། ལྕགས་ཀྱོ་ཞེས་པ་ལྟ་བུའོ། །༼ འགྲེང་བུ ༽ ( ེ ) བོད་ཡིག་གི་དབྱངས་གསུམ་པ་ཨེ་ཡིག་མཚོན་བྱེད། དབྱིབས་འགྲེང་བའམ་ཀེ་རེར་ལངས་ནས་ཡོད་པའི་རྣམ་པར་ཡོད་པས། འགྲེང་བུའམ་འགྲེང་པོ་ཟེར། འགྲེང་པོ་ཞེས་བྲིས་པའང་ཡོད།༼ རྣ་རུ ༽ ( ོ ) བོད་ཡིག་གི་དབྱངས་བཞི་པ་ཨོ་ཡིག་མཚོན་བྱེད། འདི་ལ་ཡོངས་གྲགས་སུ་ “ན་རོ” ཞེས་འབྲི་བར་བྱེད་ཀྱང་ “རྣ་རུ” དང་ “གནའ་རུ” ཞེས་བྲིས་ན་བཟང་ངོ་། །རྣ་རུའམ་གནའ་རུ་ཞེས་པ་ནི། རི་དྭགས་གནའ་བའི་རྭ་ཅོ་དང་དབྱིབས་འདྲ་བས་ན་དེ་སྐད་ཅེས་བཏགས་པའོ། །དེ་ཡང་ “རྣ” ནི་གནའ་ཡི་འབྲི་ཚུལ་གཞན་ཡིན་ལ། “རུ” རྭ་ཅོའི་མིང་ངོ་། །དཔེར་ན་བ་གླང་གི་རྭ་ཅོ་ལ། གླང་རུ་ཞེས་པ་ལྟ་བུའོ། །བསྟན་དར་ལྷ་རམས་པས། དེ་བཞིན་དུ་དབྱངས་བཞིའི་ཐ་མ་ན་རོ་ཞེས་བྲིས་པ་ལས་གནའ་རུའམ་རྣ་རུ་ཞེས་བྲིས་ན་སྒྲ་བཤད་དང་ལྡན་ནོ། །ཞེས་གསུངས་སོ། །དབྱངས་ལ་བཞིར་གྲངས་ངེས་པའི་ཁུངས་ནི། སུམ་ཅུ་པའི་རྩ་བ་ལས། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཞེས་གསུངས་ཤིང་། སི་ཏུ་འགྲེལ་ཆེན་ལས་ཀྱང་། འདི་སྐབས་འགྲེལ་བྱེད་སྔ་མ་ཁ་ཅིག་གིས། ཨ་ཡིག་ཨཱ་ལིར་བགྲངས་པའི་ཨཱ་ལི་ལྔ་དང་ཀཱ་ལི་ཉེར་དགུར་འདོད་པ་བྱུང་མོད་ཀྱི་མཁན་པོའི་དགོངས་པ་མ་རྟོགས་པར་གཟུ་ལུམ་བྱས་པར་སྣང་སྟེ་རྩ་བ་ལས་དངོས་འགལ་དུ་སྨྲས་པའི་ཕྱིར། ཞེས་གསུངས་སོ། །ལེགས་བཤད་ལྗོན་དབང་ལས་ཀྱང་། །དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །ཞེས་གསུངས་པའི་ཕྱིར་རོ། །ས་པཎ་དང་དཔལ་ཁང་ལོ་ཙཱ་བ་སོགས་ཀྱིས་ཨ་ཡིག་བསྣན་ནས་དབྱངས་ལྔ་རུ་བཞེད་པའང་ཡོད་དེ། དེའི་སྐོར་གོང་དུ་དབྱངས་ལྔ་ཞེས་པའི་ཐད་དུ་གཟིགས།་སྐོར་གོང་དུ་དབྱངས་ལྔ་ཞེས་པའི་ཐད་དུ་གཟིགས།)