Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "(འདུལ་བ) འཐབ་ཀྲོལ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/7387  + ((འདུལ་བ) ཚེ་དང་ལྡན་པ་དགའ་བོ་ཞེས་བྱ་བ་འདི་བཅོམ་ལྡན་འདས་ཀྱི་ཡབ་ཡུམ་གཅིག་པའི་སྐུ་མཆེད་གཞོན་པ་ཡིན། འདི་འདོད་ཆགས་ཤིན་ཏུ་ཆེ་བའི་དགེ་སློང་ཞིག་ཡིན། འདིའི་སྐོར་འདུལ་བ་ལུང་ཕྲན་ཚེགས་༼ ཐ་པ ༽༡༡༩དང་༡༢༡སོགས་སུ་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/2496  + ((འདུལ་བ) ཚེས་བཅོ་ལྔ་ལ་བཤམས་པའི་སྟོན་མོ། འད(འདུལ་བ) ཚེས་བཅོ་ལྔ་ལ་བཤམས་པའི་སྟོན་མོ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། ཉ་སྟོན་ཞེས་བྱ་བ་ནི་ཚེས་བཅོ་ལྔ་ལ་སྦྱོར་བའོ། །ཞེས་དང་། ཡང་ལུང་ཕྲན་ཚེགས་ཀྱི་རྣམ་བཤད་ལས། ཚེས་བརྒྱད་ལ་ངེས་པར་སྦྱོར་བའི་སྟོན་མོ་ནི་བརྒྱད་སྟོན་ཡིན་ནོ། །དེ་བཞིན་དུ་བཅུ་བཞི་སྟོན་དང་ཉ་སྟོན་ཡང་ཤེས་པར་བྱའོ། །ཞེས་གསུངས། སྒྲ་བཤད་ནི། ཉ་ནི་ཟླ་བ་ཉ་གང་བ་སྟེ་ཟླ་བའི་དཀྱིལ་འཁོར་རྫོགས་པའི་དོན་ཡིན་ལ། སྟོན་ནི་སྟོན་མོ་སྟེ་ཟས་དང་མཆོད་འབུལ་དང་ཐུགས་སྤྲོ་གཏོང་བ་བཅས་ལ་ཟེར།ང་མཆོད་འབུལ་དང་ཐུགས་སྤྲོ་གཏོང་བ་བཅས་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/7414  + ((འདུལ་བ) ཚོང་གི་ཆེད་སྐྱེ་བོ་མང་པོ་འདུས་པའི་ཁྲོམ་ར།)
  • Dictionaries/sgom sde tshig mdzod chenmo/7415  + ((འདུལ་བ) ཚོང་ར། ཆུ་ཀླུང་ཆེན་པོའི་འགྲམ་གྱི་གྲོང་ཁྱེར་དུ་ཉོ་ཚོང་བྱེད་པའི་གནས་ཞེས་འབྱུང་བ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/12701  + ((འདུལ་བ) ཞག་ཚི་ཅན་གྱི་ཟས་ལ་ཟེར། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། སྣུམ་བག་གི་རྙེད་པ་ཞེས་བྱ་བ་ནི་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་སྐམ་མོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/7490  + ((འདུལ་བ) ཞལ་དུ་བཞེས་རྒྱུའི་བཟའ་བཏུང་གི་རིགས།)
  • Dictionaries/sgom sde tshig mdzod chenmo/10020  + ((འདུལ་བ) ཞིང་ཁ། འདུལ་བ་རྣམ་པར་འབྱེད་པའི་ཚི(འདུལ་བ) ཞིང་ཁ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༤༢ན༦ ལས། རྣང་ཞེས་བྱ་བ་ནི་ཞིང་ངོ་། །ཞེས་གསུངས་སོ། །ལུང་རྣམ་འབྱེད་༼ ཅ་པ ༽༦༧བ༦ལས། དགེ་སློང་གིས་ཆུ་ཤིན་ཏུ་དཀོན་པའི་ཚེ་བདག་གི་འབྱོར་བར་འགྱུར་ལ། གཞན་གྱི་རྒུད་པར་གྱུ་ཅིག་སྙམ་པས་བདག་གི་སཱ་ལུའི་རྣང་ལ་ཡུར་བ་གཏོད་པར་བྱེད་ཅིང་གཞན་གྱི་ལ་གཅོད་པར་བྱེད་ན། ཞེས་གསུངས་སོ། །་གཞན་གྱི་ལ་གཅོད་པར་བྱེད་ན། ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/10021  + ((འདུལ་བ) ཞིང་ཁའི་ཡུར་བའམ་རོལ་ལ་ཟེར། ཡུར་བ་(འདུལ་བ) ཞིང་ཁའི་ཡུར་བའམ་རོལ་ལ་ཟེར། ཡུར་བ་ཞེས་བྱ་བ་ནི་རྣང་ཡུར་སྲོལ་ཞེས་བྱ་བའི་ཐ་ཚིག་གོ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༤༢ན ༦ལས། རྣང་ཞེས་བྱ་བ་ནི་ཞིང་ངོ་། །ཞེས་གསུངས་སོ། །དག་ཡིག་ཀུན་བཏུས་ཀྱི་དོན་མཆན་མཐོང་བ་ཀུན་ཤེས་བློ་གསལ་མགུལ་རྒྱན་ལས། ཞིང་རྣང་མ། (ཆུ་སྙོམ་བྱེད་ཀྱི་གླིང་ངམ་མུ་འཐེན་པ) ཞེས་ཀྱང་གསལ་ལོ། །ད་ཀྱི་གླིང་ངམ་མུ་འཐེན་པ) ཞེས་ཀྱང་གསལ་ལོ། །)
  • Dictionaries/sgom sde tshig mdzod chenmo/5190  + ((འདུལ་བ) ཟན་དྲོན། འབྲས་ཆན། ཉ་ཤ། ཤ། སྣུམ་ཁུར་རོ། །ཞེས་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་ཊཱིཀ་ལས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2651  + ((འདུལ་བ) ཟས་ཀྱི་བརྡ་རྙིང་།)
  • Dictionaries/sgom sde tshig mdzod chenmo/8565  + ((འདུལ་བ) ཟས་ཀྱི་མིང་། དཔེར་ན་འཚལ་མ་འཚལ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/8566  + ((འདུལ་བ) ཟས་མི་ཟ་བ།)
  • Dictionaries/sgom sde tshig mdzod chenmo/8567  + ((འདུལ་བ) ཟས་ཟ་བ།)
  • Dictionaries/sgom sde tshig mdzod chenmo/2652  + ((འདུལ་བ) ཟས་ཟོས་སམ་ཞེས་འདྲི་བའི་ཚིག་གོ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༡༥༧ན༤ལས། ཉོད་པ་ཉོད་དམ་ཞེས་བྱ་བ་ལ་ཉོད་པ་ནི་ཟས་སོ། །ཉོད་དམ་ཞེས་བྱ་བ་ནི་ཟོས་སམ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/2650  + ((འདུལ་བ) ཟོས་སམ་ཞེས་འདྲི་བའི་ཚིག་གོ། དཔེར་ན་ཉོད་པ་ཉོད་དམ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/7739  + ((འདུལ་བ) ཟླ་བ་ཕྱེད་ཕྱེད་དུ། ཟླ་བ་ཕྱེད་ཀ་ཕྱེད་ཀ་ལ།)
  • Dictionaries/sgom sde tshig mdzod chenmo/1542  + ((འདུལ་བ) ཟླ་བ་ཡ་གང་ཡིན་གྱི་ཡར་ངོའི་གསོ་སྦྱོང༌། དཔེར་ན་ཟླ་བ་དང་པོ། གསུམ་པ། ལྔ་པ། བདུན་པ། དགུ་པ། བཅུ་གཅིག་པ་བཅས་ཀྱི་ཚེས་བཅུ་བཞིའི་གསོ་སྦྱོང་རྣམས་སོ། །ལོ་གཅིག་ལ་གསོ་སྦྱོང་བཅུ་བཞི་པ་དྲུག་ཡོད་དོ། །)
  • Dictionaries/sgom sde tshig mdzod chenmo/12780  + ((འདུལ་བ) འཁར་བསིལ།)
  • Dictionaries/sgom sde tshig mdzod chenmo/2609  + ((འདུལ་བ) འཁོར་ལྔ་སྡེ་བཟང་པོ་དང་ཆ་འདྲ་བའི་སྟོན་པའི་འཁོར་ལྔ་སྟེ། གྲགས་པ། ལག་བཟང༌། བ་ལང་བདག དྲི་མེད། གང་པོ་དང་ལྔའོ། །ཉེ་བ་ནི་འདིར་ཆ་འདྲ་བའི་དོན་ཡིན།)
  • Dictionaries/sgom sde tshig mdzod chenmo/5405  + ((འདུལ་བ) འཁྲིག་པའི་མིང་དུ། ལི་གུར་གསུང་།)
  • Dictionaries/sgom sde tshig mdzod chenmo/12865  + ((འདུལ་བ) འགྲེང་འཆག་ཉལ་འདུག་གི་སྤྱོད་ལམ་བཞིའོ། །དེ་ཡང་འགྲེང་བ་དང༌། འཆག་པ་སྟེ་འགྲོ་བ། འདུག་པ། ཉལ་བ་སྟེ་བཞིའོ། །འདུལ་བ་ལུང་གཞི་༼ ང་པ ༽ལས། སྤྱོད་ལམ་རྣམ་པ་བཞི་མཛད་དེ། འདི་ལྟ་སྟེ། འཆག་པ་དང༌། བཞེངས་པ་དང༌། བཞུགས་པ་དང༌། མནལ་བ་མཛད་དོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11127  + ((འདུལ་བ) འཇམ་པ་ཡིན་པའི་ཕྱིར་ལྷམ་མེ། འོད་འཕ(འདུལ་བ) འཇམ་པ་ཡིན་པའི་ཕྱིར་ལྷམ་མེ། འོད་འཕྲོ་བའི་ཕྱིར་ལྷན་ནེ། ཟིལ་གྱིས་གནོན་པའི་ཕྱིར་ལྷང་ངེ་ཞེས་བྱའོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། འདབ་མ་ཕལ་ཆེར་འཇམ་པ་ཉིད་ཀྱི་ཕྱིར་ལྷམ་མེ་ཞེས་གསུངས་པ་ཡིན་ནོ། །ཤིང་ལས་འོད་འཕྲོ་བ་ལྟར་ཤེས་པ་དེའི་ཕྱིར་ལྷན་ནེ་ཞེས་གསུངས་སོ། །མེ་ཏོག་ཕུན་སུམ་ཚོགས་པས་ཤིང་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་ལྷང་ངེ་ཞེས་གསུངས་སོ། །ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་༼ ཚུ ༽༡༨༣བ༦ལས། ལྷམ་མེ་ནི་ཞེས་བྱ་བ་ནི་ལུས་དང་འབྲེལ་བའི་གཟི་བརྗིད་ཀྱིས་གསལ་བའོ། །ལྷན་ནེ་ཞེས་བྱ་བ་ནི་ལུས་ལས་ཕྱི་རོལ་དུ་བྱུང་བའི་གཟི་བརྗིད་ཀྱིས་ཕྱིས་གསལ་བའོ། །ལྷང་ངེ་ཞེས་བྱ་བ་ནི་དབྱིབས་དང་རྒྱན་གྱིས་མཛེས་པའོ། །ཞེས་གསུངས་པ་ལྟར་རོ། །རྒྱན་གྱིས་མཛེས་པའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/12736  + ((འདུལ་བ) འཇིགས་སྣང་སྐྱེས་པའི་དོན། ལུང་རྣམ་འབྱེད་ཀྱི་འགྲེལ་པ་༼ ཚུ ༽༣༤བ༢ལས། སྤུང་ཟིང་ཞེས་བྱ་བ་ནི་སྤུ་གྱེན་དུ་འགྲེང་བར་གྱུར་པའོ། །ཞེས་གསུངས་པས་ཤེས་སོ། །)
  • Dictionaries/sgom sde tshig mdzod chenmo/8129  + ((འདུལ་བ) འཐག་ཏུ་འཇུག་པའི་སྤང་པ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/10326  + ((འདུལ་བ) འཐབ་ཀྲོལ་ཅན་དང་དོན་གཅིག རང་གི་རྣམ(འདུལ་བ) འཐབ་ཀྲོལ་ཅན་དང་དོན་གཅིག རང་གི་རྣམ་བཤད་ལས། རྣམ་པར་འབྱེད་པ་ལས་ཙབ་ཀྲོལ་ཅན་ཞེས་བྱ་བ་ནི་བུད་མེད་མ་རུངས་མའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །གླེང་གཞི་ལས་ཀྱང་བུད་མེད་གཞན་དེ་མཐོང་བ་ནི་མ་རུངས་པ་ཁྲོ་བ་རྩུབ་པོ་སྨྲ་བ། ཞེས་གསུངས་སོ། །མཚོ་ཊཱིཀ་སྨད་ཆ་དང་བུད་མེད་རིན་པོ་ཆེའི་མའི་རྣམ་འབྱེད་འགྲེལ་སོགས་ལས་ཀྱང་གོང་བཞིན་བཤད་དོ། །འབྱེད་འགྲེལ་སོགས་ལས་ཀྱང་གོང་བཞིན་བཤད་དོ། །)
  • Dictionaries/sgom sde tshig mdzod chenmo/8146  + ((འདུལ་བ) འཐོབ་པར་ཤེས་པ་ནི་སྡོམ་པ་ལེན་པའི་ད(འདུལ་བ) འཐོབ་པར་ཤེས་པ་ནི་སྡོམ་པ་ལེན་པའི་དུས་ན་བདག་གིས་སྡོམ་པ་འཐོབ་བོ་སྙམ་དུ་བསམ་པ་ལ་ཟེར། འདི་ནི་སོ་ཐར་གྱི་སྡོམ་པའི་རྒྱུའི་ཀུན་སློང་ལ། ལེན་འདོད་ཀྱི་བསམ་པ། འཐོབ་པར་ཤེས་པ། མྱང་འདས་ཀྱི་བསམ་པ་བརྟན་པོ་དང་གསུམ་ཡོད་པའི་ཡ་གྱལ་ལོ། །དེ་ཡན་ལག་ཏུ་དགོས་པར་གང་གིས་ཤེས་ན། ཞུ་བ་ལས། གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཡིན་ཏེ། བདག་ཉིད་ཀྱི་མིང་མི་བརྗོད་པ་དང། མཁན་པོའི་མིང་མི་བརྗོད་པ་དང། བདག་ཉིད་བསྙེན་པར་རྫོགས་པ་མི་ཤེས་པའོ་ཞེས་བླུན་ཞིང་གཏི་མུག་པས་འཐོབ་ཤེས་མེད་ན་སྡོམ་པ་མི་སྐྱེ་བར་གསུངས་སོ། །དང་པོ་སྡོམ་པ་འཐོབ་ཤེས་ཡོད་ན་དེ་ནས་འཐོབ་ཤེས་མངོན་གྱུར་དུ་མེད་ཀྱང་བདག་ལ་སྡོམ་པ་མི་སྐྱེའོ་སྙམ་པ་མེད་ན། རྒྱུ་རྐྱེན་གཞན་ཚང་ན་སྐྱེ་སྟེ། ཞུ་བ་ལས། གཉིད་ལོག་པ་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་ལུས་སམ་ཚིག་གིས་དམིགས་ལ། གསོལ་བ་དང་ལས་བྱེད་པའི་ཚེ་གཉིད་ལོག་ཀྱང་བསྙེན་པར་རྫོགས་པ་ཞེས་བྱའོ་ཇི་ལྟར་གཉིད་ལོག་པ་དེ་བཞིན་དུ་ར་རོ་བ་དང་སྙོམས་པར་ཞུགས་པ་རྣམས་ལ་ཡང་བརྗོད་པར་བྱའོ་ཞེས་གསུངས་པས་འགོག་པ་ལ་སྙོམས་པར་ཞུགས་པ་ལ་ཡང་སྡོམ་པ་སྐྱེ་བར་བསྟན་ཏོ། །ཞེས་གསུངས་སོ། །དོགས་གཅོད། ལུང་ཞུ་བའི་ཚིག་སྔ་ཕྱི་གཉིས་ནང་འགལ་ལྟ་བུར་སྣང་ན་དེ་ཇི་ལྟར་འགྲེལ་ཞེ་ན། དེ་ནི་སྐད་ཅིག་དང་པོར་སྡོམ་པ་འཐོབ་ཤེས་ཡོད་ཅིང་། དེ་ནས་གཉིད་ལོག་པ་སོགས་ཀྱི་གློ་བུར་གྱི་རྐྱེན་གཞན་བྱུང་ཡང་སྡོམ་པ་སྐྱེའོ། །ཞེས་པའི་དོན་ཡིན་པར་སེམས་སོ། །ད་དུང་དཔྱད་དོ། །་པའི་དོན་ཡིན་པར་སེམས་སོ། །ད་དུང་དཔྱད་དོ། །)
  • Dictionaries/sgom sde tshig mdzod chenmo/11828  + ((འདུལ་བ) འདི་མདོ་སྡེ་༼ མ ༽པའི་ནང་བཞུགས། གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ། སཱ་ལུ་ལྗང་པའི་མདོ། གཟུགས་ཅན་སྙིང་པོར་གདམས་པའི་མདོ། ཁྱིམ་བདག་དཔལ་སྦས་ཀྱི་མདོ་སོགས་མཉམ་དུ་བཞུགས།)
  • Dictionaries/sgom sde tshig mdzod chenmo/6044  + ((འདུལ་བ) འདི་ཟིང་ལིང་གི་ཉེ་འདབས་ཤིག་ཏུ་ཡོད(འདུལ་བ) འདི་ཟིང་ལིང་གི་ཉེ་འདབས་ཤིག་ཏུ་ཡོད་པ་ཡིན་ནམ་སྙམ་སྟེ། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ ཀཱུ་ལའི་གོས་བཟང་དེབ་དང་པོ་༣༧༥ན་དེའི་སྐོར་ཟུར་ཙམ་གསལ་ཏེ། དེ་ཉིད་ལས། བླ་ཆེན་དགོངས་པ་རབ་གསལ་གྱི་གདུང་བཞུགས་པའི་གཙུག་ལག་ཁང་དང་མི་རིང་བའི་ཆ་ཕེང་ཀྲུང་ཡི་རུར་བསྡད། ཅེས་གསལ།ི་རིང་བའི་ཆ་ཕེང་ཀྲུང་ཡི་རུར་བསྡད། ཅེས་གསལ།)
  • Dictionaries/sgom sde tshig mdzod chenmo/848  + ((འདུལ་བ) འདི་ལ་བརྟད་པའི་སྤང་ལྟུངཞེས་འབྲི་ད(འདུལ་བ) འདི་ལ་བརྟད་པའི་སྤང་ལྟུངཞེས་འབྲི་དགོས་པ་ལ་གཏད་པའི་སྤང་ལྟུངཞེས་བྲིས་པ་ནི་ཡི་གེ་ནོར་བའོ། །བོད་རྒྱ་ཚིག་མཛོད་ཆེན་མོར། གཏད་པའི་སྤང་ལྟུང་ཞེས་འབྱུང་བ་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་ཤེས་བྱ་མཛོད་འགྲེལ་ལ་གཞི་བྱས་པར་སྣང་སྟེ། དེ་ཉིད་ལས། གཏད་པ་ལས་བྱུང་བའི་སྤང་པ་ནི། སྦྱིན་བདག་གིས་གཏད་པའི་དབྱར་གྱི་རྙེད་པ་དབྱར་མཚམས་ཀྱི་ནང་དུ་ལོངས་སྤྱོད་པའོ། །ཞེས་འབྱུང་བ་འདི་ཡིན་པར་མངོན་ལ། འོན་ཀྱང་འདི་ལ་བརྟད་པའི་སྤང་ལྟུང་ཞེས་སྨྲ་དགོས་ཏེ། མདོ་རྩ་བར། དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་དོ། །ཞེས་པའི་སྐབས་ཀྱི་སྤང་ལྟུང་ཉེར་དྲུག་པ་ནི་དབྱར་ནང་བརྟད་པ་སྟེ་གློ་བུར་དུ་བྱུང་བའི་རྙེད་པ་ལ་བརྟེན་པའི་སྤང་ལྟུང་ལ་ཟེར་བས། བརྟད་པའི་སྤང་ལྟུང་ཞེས་བརྗོད་ན་གློ་བུར་བའི་དོན་དང་འབྱོར་ཞིང་། མཚོ་ཊཱིཀ་ལས་ཀྱང་། བརྟད་པའི་དབང་གིས་ཞེས་གློ་བུར་གྱི་དབང་གིས་ཏེ་རྐྱེན་དབང་ངོ་། །ཞེས་གསུངས་ཤིང་། འདུལ་བ་ལུང་རྣམ་འབྱེད་དང་། སློབ་དཔོན་ཡོན་ཏན་འོད་ཀྱི་མདོ་རྩ་རང་འགྲེལ། ཀུན་མཁྱེན་མཚོ་སྣ་བ་ཆེན་པོའི་འདུལ་ཊཱིཀ་ཉི་མའི་འོད་ཟེར (མཚོ་ཊཱིཀ) ། རྗེ་ཙོང་ཁ་པ་ཆེན་པོའི་འདུལ་བ་མདོ་རྩ་བའི་ཟིན་བྲིས་སོགས་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་འཕགས་བོད་ཀྱི་གཞུང་ལུགས་ཕལ་མོ་ཆེར་བརྟད་པའི་སྤང་ལྟུང་ཞེས་འབྱུང་བས། བརྟད་པའི་སྤང་ལྟུང་ཞེས་སྨྲས་ན་ལེགས་པར་སེམས་སོ། །བརྟད་པའི་སྤང་ལྟུང་ལ་གཟིགས།གས་པར་སེམས་སོ། །བརྟད་པའི་སྤང་ལྟུང་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/6652  + ((འདུལ་བ) འདི་ལ་རང་གི་རྣམ་བཤད་ཟེར། འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད། སྡེ་དགེ་བསྟན་འགྱུར་འདུལ་བ་༼ ཞུ ༽༼ ཟུ ༽གཉིས་ན་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/10671  + ((འདུལ་བ) འདི་ལ། ཕའི་རྣམ་འབྱེད་དང་། མའི་རྣམ(འདུལ་བ) འདི་ལ། ཕའི་རྣམ་འབྱེད་དང་། མའི་རྣམ་འབྱེད་གཉིས་ཡོད། འདི་ལ་རྣམ་འབྱེད་ཅེས་པ་ནི་རྣམ་འགྲེལ་ཞེས་པའི་དོན་ཏེ། ལུང་རྣམ་འབྱེད་༼ ཅ ༽༢༡ན༧ལས། འདུལ་འདི་སོ་སོར་ཐར་པ་དེའི། །རྣམ་འབྱེད་ཡིན་པར་དགོངས་པས་ན། །ཞེས་གསུངས་སོ། །1 དང་པོ་ཕའི་རྣམ་འབྱེད་ནི། དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད་ཤློ་ཀ་ཉི་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་རྩ་གསུམ་པ་གླེགས་བམ་བཞིའི་བདག་ཉིད་ཅན་གྱི་འདུལ་བའི་མདོ་ཞིག (འདིའི་མིང་བྱང་ལ་འདུལ་བ་རྣམ་པར་འབྱེད་པ་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་བིབྷང་ག་ཞེས་ཟེར) བཀའ་འགྱུར་འདུལ་བའི་གླེགས་བམ་༼ ཅ་པའི ༽ཤོག་གྲངས་༢༡ན༡ན་ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་ལས་དབྱེན་བྱེད་པའི་ལྷག་མ་ཡན་ཆད་བམ་པོ་ཉེར་གཅིག་པའི་བར་བཞུགས། ༼ ཆ་པ་ལ ༽ལྷག་མའི་འཕྲོ་གསུམ་དང༌། མ་ངེས་པའི་ཆོས་གཉིས། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལས་བཅུ་གཅིག་པ་ཡན་བམ་པོ་ཉེར་གཉིས་པ་ནས་བམ་པོ་བཞི་བཅུ་རྩ་གཉིས་པའི་བར་བཞུགས།༼ ཇ་པ་ལ ༽ ལྟུང་བྱེད་བཅུ་གཉིས་པ་ནས་བདུན་ཅུ་རྩ་གཉིས་པ་ཡན་བམ་པོ་ཞེ་གསུམ་པ་ནས་བམ་པོ་རེ་གཉིས་པའི་བར་བཞུགས། ༼ ཉ་པ་ལ ༽ ལྟུང་བྱེད་བདུན་ཅུ་རྩ་གསུམ་པ་མན་ཚང་བ། སོར་བཤགས་བཞི། བསླབ་པའི་ཆོས་མང་པོ། རྩོད་པ་ཞི་བྱེད་ཀྱི་ཆོས་མང་པོ་སྟེ་ཕའི་རྣམ་འབྱེད་ཡོངས་སུ་རྫོགས་པ་བམ་པོ་རེ་གསུམ་པ་ནས་བམ་པོ་གྱ་གསུམ་པ་རྫོགས་པའི་བར་བཞུགས་སོ། །སློབ་དཔོན་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཏོ། །འདུལ་བ་རྣམ་པར་འབྱེད་པ་དང་དོན་གཅིག དེ་ལ་གཟིགས། 2 མའི་རྣམ་འབྱེད་ལ་གླེགས་བམ་གཅིག་ཡོད། (འདིའི་མིང་བྱང་ལ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བྷིཀྵུ་ཎཱི་བིན་ཡ་བིབྷང་ག་ཞེས་ཟེར) བཀའ་འགྱུར་འདུལ་བའི་གླེགས་བམ་༼ ཏ་པའི ༽༢༥བ ༡ན་བཞུགས་ཤིང་། དགེ་སློང་མའི་སོ་ཐར་གྱི་མདོ་འདིའི་དབུར་བཞུགས་སོ། །ང་མའི་སོ་ཐར་གྱི་མདོ་འདིའི་དབུར་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/11827  + ((འདུལ་བ) འདིའི་ལོ་རྒྱུས་ཐེག་ཆེན་ངེས་དོན་གྱི་མདོ་སོར་མོའི་འཕྲེང་བ་ལ་ཕན་པ་དང་། ཐེག་དམན་ལུགས་མདོ་མཛངས་བླུན་གྱི་ལེའུ་༣༦མི་གདུང་བ་སོར་འཕྲེང་ཅན་གྱི་ལེའུ། མདོ་སྡེ་༼ ཨ ༽༢༥༣བ༤ན་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/7354  + ((འདུལ་བ) འདིར་ཤོག་ཅིག་པའི་དོན་ཏེ། ཚུར་ཤོག་དང་དོན་གཅིག འདུལ་བ་ལུང་རྣམ་འབྱེད་པ་༼ ཆ་པ ༽༤བ༢ལས། ལྷས་བྱིན་ཐབས་དེ་གང་ཡིན། ཚུར་ཤེག་དང་། ཞེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/8207  + ((འདུལ་བ) འདུ་ཁང་། མི་མང་པོ་འདུ་སའི་ཁང་པ། ཚ(འདུལ་བ) འདུ་ཁང་། མི་མང་པོ་འདུ་སའི་ཁང་པ། ཚོགས་ཁང་། འདུལ་བ་ལུང་གཞི་༼ ག་པ ༽ལས། དེ་ནས་སེར་སྐྱའི་གཞི་ན་གནས་པའི་ཤཱཀྱ་རབ་ཏུ་མང་པོ་འདུན་ཁང་དུ་ཚོགས་ཤིང་འདུས་ནས་བར་སྐབས་ཀྱི་གཏམ་འདི་ལྟ་བུ་དག་གླེང་བར་བྱེད་དེ། ཞེས་གསུངས་པ་ལྟར་རོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ངོ་མཚར་གསལ་པོར་བྱེད་པ་སྟོན་པར་བྱེད་པའི་ཚིག་གང་དུ་ཐོས་པར་བྱེད་པའི་གནས་གང་ཡིན་པ་དེ་ནི་འདུན་ཁང་ཡིན་ཏེ། སྐྱེ་བོ་མང་པོ་འདུས་པའི་གནས་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས།ས་པའི་གནས་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/8210  + ((འདུལ་བ) འདུན་པ་འབུལ་བ་ནི་གསོ་སྦྱོང་གི་ལས་(འདུལ་བ) འདུན་པ་འབུལ་བ་ནི་གསོ་སྦྱོང་གི་ལས་ཆགས་པའི་ཆེད་དུ་དང་། ཡོངས་དག་འབུལ་བ་ནི་རང་ཉིད་གསོ་སྦྱོང་ལ་མ་སླེབས་ཀྱང་གསོ་སྦྱོང་བྱེད་པའི་གོ་ཆོད་པའི་ཆེད་དུ་ཡིན། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས། འདུན་པ་དང་ཡོངས་སུ་དག་པ་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། འདུན་པ་འབུལ་བ་ནི་ལས་མཐུན་པ་བསྒྲུབ་པའི་ཕྱིར་རོ། །ཡོངས་སུ་དག་པ་འབུལ་བ་ནི་བདག་ཉིད་ཀྱིས་གསོ་སྦྱོང་ཉམས་སུ་མྱོང་བར་བྱ་བའི་ཕྱིར་རོ། །བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པར་དབུལ་བར་བྱ་ཞིང་དགེ་འདུན་གྱིས་ལས་མཐུན་པར་བྱ་བའི་ཕྱིར་དེའི་འདུན་པ་ཡང་བླང་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས།་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/8516  + ((འདུལ་བ) འདུལ་བ་ནས་བཤད་པའི་བཅའ་བ་ལྔའི་ནང་གསེས། རྒུན་འབྲུམ་དང་ཁམ་སྟར་ལྟ་བུ། སློབ་དཔོན་ཤཱཀྱ་འོད་ཀྱིས། ཆུ་ཤིང་གི་འབྲས་བུ་ལ་སོགས་པའོ་ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/12993  + ((འདུལ་བ) འདུལ་བ་ནས་བཤད་པའི་སྨན་བཞི་ནི། དུས་རུང་གི་སྨན། བཟའ་བཅའི་རིགས་རྣམས་སོ། །ཐུན་ཚོད་དུ་རུང་བའི་སྨན། ཁུ་བ་ཤིན་ཏུ་སླ་བའི་བཏུང་བའི་རིགས་རྣམས་སོ། །སྨན་ཞག་བདུན་པ། སྦྲང་རྩི། བུ་རམ་དང་མར་སོགས་སོ། །ཇི་སྲིད་འཚོ་བཅང་གི་སྨན། ཡོངས་གྲགས་ཀྱི་སྨན་རིགས་ཐམས་ཅད་དོ། །)
  • Dictionaries/sgom sde tshig mdzod chenmo/6651  + ((འདུལ་བ) འདུལ་བ་མདོ་རྩ་བ་དང་དོན་གཅིག འདི་ལ(འདུལ་བ) འདུལ་བ་མདོ་རྩ་བ་དང་དོན་གཅིག འདི་ལ་རྒྱ་གར་སྐད་དུ། བི་ནཡ་སཱུ་ཏྲ་དང་། བོད་སྐད་དུ་འདུལ་བའི་མདོ་ཟེར། འདུལ་བའི་བཀའ་ལུང་སྤྱིའི་དགོངས་འགྲེལ་ཏེ་རྩ་བའི་ལུང་དང་བཤད་པའི་ལུང་ཐམས་ཅད་ཀྱི་དགོངས་འགྲེལ་མཚན་ཉིད་གཏན་ལ་འབེབས་པར་བྱེད་པ་འདུལ་བ་མདོ་རྩ་བ་ཤློ་ཀ་ཉིས་སྟོང་བདུན་བརྒྱ། བམ་པོ་དགུ་དང་ཤོག་ལྡེབ་༡༠༠བརྒྱ་ཐམ་པའི་བདག་ཉིད་ཅན་གྱི་འདུལ་བའི་བསྟན་བཅོས་ཤིག ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བོ། །འདི་བསྟན་འགྱུར་འདུལ་བའི་༼ ཝུ་པར ༽བཞུགས་སོ། །འདིའི་མཇུག་ཏུ་༡༠༠བ༡ན་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་༼ ལས་བརྒྱ་རྩ་གཅིག་པ ༽སྟེ་ཡོངས་གྲགས་སུ་ཀརྨ་ཤ་ཏཾ་ཞེས་བྱ་བ་བཞུགས་སོ། །སྒྲ་བཤད་ནི། འདི་ལ་འདུལ་བའི་མདོ་ཞེས་བརྗོད་པའི་རྒྱུ་མཚན་ནི། འདིའི་འདུལ་བ་ཞེས་པ་ནི་སྟོན་པ་ཉིད་ཀྱིས་གསུངས་པའི་འདུལ་བའི་ཆོས་སྐོར། ལུང་གཞི། ལུང་རྣམ་འབྱེད། ལུང་ཕྲན་ཚེགས། གཞུང་བླ་མ་རྣམས་ལ་ཟེར་ལ། དེ་དག་གི་དོན་མདོ་ཙམ་དུ་བསྡུས་ཏེ་བསྟན་པས་མདོ་ཞེས་བྱའོ། །མདོ་ཙམ་དུ་བསྡུས་ཏེ་བསྟན་པས་མདོ་ཞེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/8238  + ((འདུལ་བ) འདུལ་བ་མདོ་རྩ་བ་དང་དོན་གཅིག སྒྲ་བཤད་ནི། འདིའི་འདུལ་བ་ཞེས་པ་ནི་སྟོན་པ་ཉིད་ཀྱིས་གསུངས་པའི་འདུལ་བའི་ཆོས་སྐོར། ལུང་གཞི། ལུང་རྣམ་འབྱེད། ལུང་ཕྲན་ཚེགས། གཞུང་བླ་མ་རྣམས་ལ་ཟེར་ལ། དེ་དག་གི་དོན་མདོ་ཙམ་དུ་བསྡུས་ཏེ་བསྟན་པས་མདོ་ཞེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/13186  + ((འདུལ་བ) འདུལ་བ་མདོ་རྩ་བ། དེའི་རང་འགྲེལ། དེའི་དོན་བསྡུ། འགྲེལ་ཆུང་། ལས་བརྒྱ་རྩ་གཅིག་གི་འགྲེལ་པ་ཀརྨ་ཤ་དམ་སྟེ་ལྔའོ། །)
  • Dictionaries/sgom sde tshig mdzod chenmo/8253  + ((འདུལ་བ) འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/7074  + ((འདུལ་བ) འདུལ་བ་ཚིག་ལེའུར་བྱས་པ་མེ་ཏོག་ཕྲེ(འདུལ་བ) འདུལ་བ་ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད་ཅེས་བྱ་བ། སློབ་དཔོན་ས་ག་ལྷས་མཛད། འདིའི་མཚན་བྱང་དངོས་ལ་ནི། འདུལ་བ་ཚིག་ལེའུར་བྱས་པ། ཞེས་པ་ཙམ་ལས་མི་འབྱུང་ངོ་། །རྒྱ་གར་སྐད་དུ། བིན་ཡ་ཀཱ་རི་ཀཱ། ཞེས་བྱའོ། །སྡེ་དགེ་བསྟན་འགྱུར་འདུལ་བ་གླེགས་བམ་༼ ཤུ་པའི ༽དབུར་བཞུགས་སོ། །འདུལ་བ་གླེགས་བམ་༼ ཤུ་པའི ༽དབུར་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/10652  + ((འདུལ་བ) འདུལ་བ་ལུང་གཞི་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/3459  + ((འདུལ་བ) འདུལ་བ་ལུང་གཞི་ལས་གསུངས་པའི་དབང་པ(འདུལ་བ) འདུལ་བ་ལུང་གཞི་ལས་གསུངས་པའི་དབང་པོ་བརྒྱ་དང་ཉི་ཤུ་ནི། མིག་གཉིས་དང༌། རྣ་བ་གཉིས་དང༌། སྣ་གཉིས་དང༌། ལྕེ་དང་ལུས་དང༌། ཡིད་དང་སྲོག་དང༌། བདེ་བ་དང༌། སྡུག་བསྔལ་བ་དང་། ཡིད་བདེ་བ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་དང༌། དད་པ་དང༌། བརྩོན་འགྲུས་དང་དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་ཉི་ཤུ་འདོད་པ་དེ་དག་འགྲོ་བ་དྲུག་ཏུ་བསྒྲེས་ན་བརྒྱ་ཉི་ཤུར་འགྱུར་ཏེ། ཞེས་འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་གསུངས་པ་ལྟར་རོ། །བ་གཞི་རྒྱ་ཆེར་འགྲེལ་པ་ལས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/10657  + ((འདུལ་བ) འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤ(འདུལ་བ) འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་བུདྡྷ་ཤཱནྟི་དང། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། བསྟན་འགྱུར་༼ ཛུ་པར ༽བཞུགས། ཚིག་འགྲེལ་ལ་དོ་སྣང་ཡོད་པའི་རྣམ་དཔྱོད་ཅན་དག་ལ་ཉེ་བར་མཁོ་བའི་བསྟན་བཅོས་རྩ་ཆེན་ཞིག་ཡིན། ངོས་ནས་ཀྱང་བསྟན་བཅོས་འདི་དང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ། ལུང་ཞུ་བའི་འགྲེལ་པ་བཅས་ལ་བརྟེན་ནས། སྔོན་བྱོན་གྱི་མཁས་པ་བགྲང་ལས་འདས་པ་དག་གིས་མི་རབས་མང་པོར། བརྡ་རྙིང་གི་རིགས་དང་གཞན་ཡང་རྒྱུན་སྤྱོད་ཀྱི་ཡོངས་གྲགས་ཀྱི་ཐ་སྙད་མང་པོ་ཞིག་གི་ཚིག་དོན་གྱི་མདུད་པ་བཀྲོལ་མ་ཐུབ་པར་མགོ་བོ་རྨོངས་ནས་ལུས་པ་རྣམས་ཀྱི་གསང་བའི་བརྟོལ་ཅིང་། ལེགས་ཆ་ཡང་ཤིན་ཏུ་མང་པོ་བླངས་ཏེ་ཚིག་མཛོད་འདིར་འགོད་འཇུག་བྱས་ཡོད།ོ་བླངས་ཏེ་ཚིག་མཛོད་འདིར་འགོད་འཇུག་བྱས་ཡོད།)
  • Dictionaries/sgom sde tshig mdzod chenmo/10667  + ((འདུལ་བ) འདུལ་བ་ལུང་བླ་མའི་བྱེ་བྲག་ལུང་ཞུ་བའི་འགྲེལ་པ་མདོ་སྡེ་འཛིན་པ་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་མགོ་མཇུག་གཉིས་ཀ་ནས་མ་ཚང་བ་ཅིག་བཞུགས་སོ། །སྡེ་དགེ་བསྟན་འགྱུར་༼ ཛུ་པ ༽༢༣༢ན༥ན་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/6160  + ((འདུལ་བ) འདུལ་བ་ལུང་ལས། མ་གསོལ་བར་མི་བྱའོ་(འདུལ་བ) འདུལ་བ་ལུང་ལས། མ་གསོལ་བར་མི་བྱའོ་ཞེས་པའི་དོན་ནི། གཞན་གྱིས་རང་ལ་ཆོས་བཤད་རོགས་ཞེས་གསོལ་བ་མ་བཏབ་པར་ཨུ་ཚུགས་ཀྱིས་གཞན་ལ་སུན་པོ་བཟོ་བ་ལྟ་བུས་ཆོས་བཤད་པར་མི་བྱ་ཞེས་པའི་དོན་ཡིན། འདི་ནི་ནང་པའི་ཁྱད་ཆོས་ཤིག་ཡིན། གསོལ་བ་མ་བཏབ་ན་ལྟ་ཅི་སྨོས། བཏབ་ནའང་སྣོད་བརྟག་དགོས་པ་དང༌། ཅི་སྟེ་སྣོད་རུང་དུ་ཤེས་ན་ནི་གསོལ་བ་མ་བཏབ་པར་ཡང་བཤད་རུང་བར་གསུངས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབས་ཞེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཁྱོད་ནི་ཤེས་ཤིང་མཁས་ཡིན་ན། །བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གིས་ཇི་ལྟར་བཤད་ནུས་ཞེས། །ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ། །འཕྲལ་དུ་བརྗོད་པར་མི་བྱ་ཡི། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །ཞེས་གསུངས་སོ། །རྗེའི་ལམ་རིམ་ལ་འཕྲི་སྣོན་ཅུང་ཟད་ཀྱིས་བཀོད།རྗེའི་ལམ་རིམ་ལ་འཕྲི་སྣོན་ཅུང་ཟད་ཀྱིས་བཀོད།)
  • Dictionaries/sgom sde tshig mdzod chenmo/10656  + ((འདུལ་བ) འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏེ། འད(འདུལ་བ) འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏེ། འདི་ནི་ལུང་གཞི་དང་ལུང་རྣམ་འབྱེད་དང་གཞུང་བླ་མ་བཅས་ཀྱི་མ་ཚང་བ་ཁ་སྐོང་ལྟ་བུ་ཡིན་པར། བུ་སྟོན་རིན་པོ་ཆེ་གསུང་ངོ༌། །འདི་ལ་གླེགས་གཉིས་ཡོད་ཅིང་། བཀའ་འགྱུར་འདུལ་བ་༼ ཐ་པ ༽དང་། ༼ ད་པ ༽གཉིས་ན་བཞུགས་སོ། ། (འདིའི་མིང་བྱང་ལ་འདུལ་བ་ཕྲན་ཚེགས་ཀྱི་གཞི་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་ཀྵུ་དྲ་ཀ་བསྟུ་ཟེར) ཡང་བསླབ་བྱ་ཕྲ་མོ་ཐམས་ཅད་རྒྱས་པར་སྟོན་པའི་སྒོ་ནས་སོ་ཐར་གྱི་མདོའི་སྤྱི་དོན་ལྟ་བུ་ཡིན་ཀྱང་ཟེར། སྒྲ་བཤད་ནི། བསླབ་པའི་གཞི་དང་ཁ་ན་མ་ཐོ་བ་ཕྲ་ཞིང་ཕྲ་བ་རྣམས་སྟོན་པར་བྱེད་པའི་ལུང་ངམ་སངས་རྒྱས་ཀྱི་བཀའ་ཡིན་པས་དེ་སྐད་ཅེས་བྱའོ། །སྤྱིར་བཏང་ཕྲན་ཚེགས་ནི། ཕྲ་བ། ཆུང་བ། ཉུང་ངུ་བཅས་ཀྱི་དོན་ནོ། །ཕྲན་ཚེགས་ཞེས་པའི་དོན་འདུལ་བ་ལུང་ཕྲན་ཚེགས་གླེགས་བམ་གཉིས་པ་༣༠༨ན་ཡང་གསལ་བས་དེར་གཟིགས། ཕྲན་ཚེགས་འདི་སྐབས་སྔོན་གྱི་དཀར་ཆག་རྣམས་སུ་བམ་ཚད་སོགས་སྣ་ཚོགས་བྱུང་བ་ནི་ལོ་ཙཱ་བ་མང་པོས་དུམ་བུར་བསྒྱུར་བས་ཕྱོགས་གཅིག་ཏུ་བསྡོམས་པའི་ཚེ་ཚང་མ་ཚང་ཅི་རིགས་བྱུང་བའི་རྐྱེན་གྱིས་ཡིན་ལ་སྒོ་བརྒྱད་ཀ་ཡོངས་སུ་རྫོགས་པ་འདི་ནི་ལ་སྟོད་འོལ་རྒོད་ཀྱི་གཙུག་ལག་ཁང་དུ་གནས་བརྟན་དར་མ་སེང་གེས་ལུང་སྡེ་བཞི་བཞེངས་པའི་ཚེ་དགེ་བའི་བཤེས་གཉེན་འདུལ་བ་འཛིན་པ་ཞིང་མོ་ཆེ་བ་བྱང་ཆུབ་སེང་གེས་ཕྱག་ལེན་མཛད་ནས་སྤྱིར་དབུས་གཙང་གི་གཙུག་ལག་ཁང་རྣམས་ན་བཞུགས་པ་དང༌། ཁྱད་པར་དུ་བསམ་ཡས་མཆིམས་ཕུ་ནས་དག་ཆུང་པ་དང༌། དགེ་སློང་ཚུལ་ཁྲིམས་ཡོན་ཏན་གྱིས་རྙེད་པའི་ལུང་རྣམས་དཔེ་ཡོན་དང་འབད་རྩོལ་ཆེན་པོས་བཙལ་ཏེ། དེ་དག་ལ་གཏུགས་པས་ལུང་ཕྲན་ཚེགས་ཁ་ཅིག་ལ་མི་བཞུགས་པ། ཁ་ཅིག་ལ་བཞུགས་པ་རྣམས་ཀྱིས་བསྐངས་ནས་བསབས་པ་ནི་བམ་པོ་སུམ་ཅུ་རྩ་གསུམ་སྨན་ཆེན་པོའི་གཏམ་རྒྱུད་ཀྱི་སྐབས་ནས། སྨན་ཆེན་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་སྐྱུགས་ཤིག་དང་བདེན་ནམ་རྫུན་བལྟའོ་ཞེས་སྨྲས་པ་དང་ཞེས་བྱ་བ་ནས་བམ་པོ་སུམ་ཅུ་རྩ་བཞི་པའི་དབུ། ཇི་ཙམ་ན་དེ་གྲོང་ཁྱེར་ནས་བྱུང་བ་དང༌། བྲམ་ཟེ་མོང་བརྟུལ་ཞེས་བྱ་བས་གོས་ཀྱི་མཐའ་མ་ནས་འཇུས་ནས་ཞེས་བྱ་བའི་བར་དུ་བམ་པོ་གཅིག་ཆད་པ་བསྐངས། སྡོམ་ནི་ང་ཡང་སྨན་གྱིས་དེ་བཞིན་ནོ་ཞེས་བྱ་བའི་འོག་ཏུ་ཡིག་ཚར་གཅིག་ཆད་པ་བསྐངས། དེ་ནས་བམ་པོ་སུམ་ཅུ་རྩ་བཞི་པའི་སྨད་ནེ་ཙོ་སྤྱོད་གསལ་གྱི་སྐབས་རྫོགས་པའི། ཨེ་མའོ་འདི་ལྟར་ཁྱོད་མཁས་པ་ཤ་སྟག་དང་ཕྲད་པ་ནི་བསོད་ནམས་དང་ལྡན་ནོ་ཞེས་སྨྲས་སོ། །ཞེས་བྱ་བ་ནས་བམ་པོ་བཞི་བཅུ་རྩ་གསུམ་པའི་སྟོད། སྤྱིའི་སྡོམ་ནི། དགེ་སློང་མའི་བཀུར་སྟི་བྲི་ཞེས་བྱ་བའི་བར་དུ་བམ་པོ་སུམ་ཅུ་རྩ་བཞི་པའི་སྨད་ནས་བཞི་བཅུ་རྩ་གསུམ་པའི་སྟོད་ཀྱི་བར་བམ་པོ་དགུ་ཆད་པ་བསྐངས། སྡོམ་ཚིག་དེའི་འོག་ཏུ་སྡོམ་ཚིག་ཡིག་ཚར་གཅིག་ཆད་པ་བསྐངས། དེ་ནས་བམ་པོ་བཞི་བཅུ་རྩ་དྲུག་པའི་མཇུག་བྲམ་ཟེའི་ཁྱེའུ་མ་སྡུག་གི་གླེང་གཞིའི་སྐབས་ཀྱི། དགེ་སྦྱོང་རྣམས་ཀྱི་ཡོན་པོའི་སྤྱད་ཀྱིས་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ་ཞེས་བྱ་བ་ནས། བམ་པོ་བཞི་བཅུ་རྩ་བརྒྱད་པའི་དབུ། དེ་ནས་དེའི་ཚེ་བྲམ་ཟེ་པདྨའི་སྙིང་པོ་ཁྱིམ་མཆོག་གི་ས་མཐོན་པོ་ཞིག་ན་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྣམས་དང་ལྷན་ཅིག་ཏུ་འདུས་ཤིང་འཁོད་པར་གྱུར་ཏོ། །ཞེས་བྱ་བའི་བར་དུ་བམ་པོ་བཞི་བཅུ་རྩ་བདུན་པ་ཆད་པ་བསྐངས་སོ། །དེ་ནས་བམ་པོ་ལྔ་བཅུ་པའི་མཇུག་ཀུན་དགའ་བོ་ལ་གདམས་པའི་སྐབས་ཀྱི། ཀུན་དགའ་བོ་དགེ་སློང་འདི་ལྟ་བུ་ནི་བདག་ཉིད་གླིང་དང་བདག་ཉིད་སྐྱབས་དང༌། ཆོས་ཀྱི་གླིང་དང༌། ཆོས་ཀྱི་སྐྱབས་གནས་པར་བྱའི། གླིང་གཞན་དང་སྐྱབས་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བ་ནས་བམ་པོ་ལྔ་བཅུ་གཉིས་པའི་སྟོད། བར་སྡོམ་ནི། ཙ་པ་ལ་དང་ཚེའི་འདུ་བྱེད་མཛད། ཅེས་བྱ་བའི་བར་དུ་བམ་པོ་གཅིག་ཆད་པ་བསྐངས་ཏེ། སྤྱིར་བསྡོམས་ན་བམ་པོ་བཅུ་གཉིས་དང༌། སྡོམ་ཚིག་ཡིག་ཚར་གཉིས་ཆད་པ་བསྐངས་པར་བཤད་ཅིང༌། ཕྱིས་བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་འགྲེལ་པ་ལ་གཏུགས་ཏེ་ཞུས་དག་མཛད་པར་གྲགས་པ་ལྟར་ཁོ་བོས་ཐེམ་སྤངས་མའི་དཔེ་རྒྱུན་དང་འགྲེལ་པ་གཉི་ག་སྒོ་བསྟུན་ནས་ཆད་པ་རྣམས་བསབས་པ་ཡིན་ནོ། །ཞེས་བཀའ་འགྱུར་དཀར་ཆག་ཏུ་འབྱུང་བ་ལྟར་རོ། །།ཞེས་བཀའ་འགྱུར་དཀར་ཆག་ཏུ་འབྱུང་བ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/8248  + ((འདུལ་བ) འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏེ། གཞ(འདུལ་བ) འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏེ། གཞི་བཅུ་བདུན་རྒྱས་པར་སྟོན་པ་ལུང་གཞིར་གྲགས་པ་ལ་ཤློ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་བམ་པོ་བརྒྱ་དང་དགུ་གླེགས་བམ་བཞིའི་བདག་ཉིད་ཅན་ཞིག (འདིའི་མིང་བྱང་ལ་འདུལ་བ་གཞི་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་བསྟུ་ཟེར) འདུལ་བ་ལུང་གཞིའི་གླེགས་བམ་༼ ཀ་པ་ལ ༽རབ་བྱུང་གི་གཞི། གསོ་སྦྱོང་གི་གཞི། དགག་དབྱེའི་གཞི། དབྱར་གནས་ཀྱི་གཞི། ཀོ་ལྤགས་ཀྱི་གཞིའི་སྟོད་ཡན་བམ་པོ་ཉི་ཤུ་རྩ་བཞི་པའི་བར་བཞུགས། ༼ ཁ་པ་ལ ༽ཀོ་ལྤགས་ཀྱི་གཞིའི་སྨད། སྨན་གྱི་གཞིའི་སྟོད་ཡན་བམ་པོ་ཉི་ཤུ་རྩ་ལྔ་པ་ནས་ལྔ་བཅུ་རྩ་བཞི་པའི་བར་བཞུགས། ༼ ག་པ་ལ ༽སྨན་གྱི་གཞིའི་སྨད། གོས་ཀྱི་གཞི། སྲ་བརྐྱང་གི་གཞི། ཀཽ་ཤཱམྦཱིའི་གཞི། ལས་ཀྱི་གཞི། དམར་སེར་ཅན་གྱི་གཞི། གང་ཟག་གི་གཞི། སྤོ་བའི་གཞི། གསོ་སྦྱོང་གཞག་པའི་གཞི། གནས་མལ་གྱི་གཞི། རྩོད་པའི་གཞི། དབྱེན་གྱི་གཞིའི་སྟོད་ཆ་ཡན་བམ་པོ་ལྔ་བཅུ་རྩ་ལྔ་པ་ནས་བརྒྱད་ཅུ་རྩ་གཉིས་པའི་བར་བཞུགས། ༼ ང་པ་ལ ༽དབྱེན་གྱི་གཞིའི་མཇུག་བམ་པོ་གྱ་གསུམ་པ་ནས་བམ་པོ་བརྒྱ་དང་དགུའི་བར་ཡོངས་སུ་རྫོགས་པ་བཞུགས་ཤིང་། ཁ་ཆེའི་པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང༌། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཁ་ཆེའི་མཁན་པོ་དྷརྨཱ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་འགྱུར་ལ། སླར་ཡང་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པའོ། །ཡང་གཞན་དག་གིས་སོ་ཐར་གྱི་མདོའི་ཤུགས་བསྟན་གྱི་ཆ་གཙོ་བོར་འགྲེལ་པའི་མ་ཚང་བ་ཁ་སྐོང་ལྟ་བུ་ཡིན་ཀྱང་ཟེར། འདི་ལ་ལེགས་སྦྱར་དུ། བིན་ཡ་བསྟུ་དང་། བོད་སྐད་དུ། འདུལ་བ་གཞི་ཟེར། འདུལ་བ་གཞི། འདུལ་བ་ལུང་གཞི། ལུང་གཞི་རྣམས་དོན་གཅིག་གོ ཁ་ཆེའི་པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང༌། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཁ་ཆེའི་མཁན་པོ་དྷརྨཱ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་འགྱུར་ལ། སླར་ཡང་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པའོ། །བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པའོ། །)
  • Dictionaries/sgom sde tshig mdzod chenmo/10664  + ((འདུལ་བ) འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏེ། འད(འདུལ་བ) འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏེ། འདིས་ལུང་གཞི་དང་རྣམ་འབྱེད་ཀྱི་དོན་ཞིབ་ཏུ་འཆད་པས་དེ་དག་གི་འགྲེལ་པ་ལྟ་བུ་ཡིན། ཞེས་བུ་སྟོན་རིན་པོ་ཆེ་གསུང༌། ཡང་སོ་སོར་ཐར་པའི་མདོའི་དོགས་གཅོད་དང་དཀའ་གནད་གཏན་འབེབས་པའི་མདོ་ཡིན་ཀྱང་ཟེར། (འདིའི་མིང་བྱང་ལ་འདུལ་བ་གཞུང་བླ་མ་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་ཨུཏྟ་ར་གྲན་ཐ་ཟེར) འདི་ལ་འདུལ་བ་གཞུང་བླ་མ། འདུལ་བ་གཞུང་བླ་མ། གཞུང་ཕྱི་མ། གཞུང་དམ་པ། གཞུང་བླ་མ། ལུང་བླ་མ། ལུང་གཞུང་བླ་མ་བཅས་ཟེར། འདི་ལ་ཞུ་བ་མ་རྫོགས་པ་ཤློ་ཀ་སུམ་སྟོང་དྲུག་བརྒྱ་དང་བམ་པོ་བཅུ་གཉིས་པ་ཞིག་དང་། ཞུ་བ་རྫོགས་པ་ཤློ་ཀ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་དང་བམ་པོ་ལྔ་བཅུ་རྩ་གསུམ་ཡོད་པ་གཉིས་ཡོད། འདི་ལ་གཞུང་ཕྱི་མ་དང་གཞུང་བླ་མ་ཟེར་བའི་རྒྱུ་མཚན་ནི། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་འདུལ་བ་མདོ་རྩ་བའི་ཊཱི་ཀ་ལས། གཞུང་དམ་པའམ་བླ་མ་ནི་འགྱུར་གྱི་ཁྱད་པར་ཏེ་སྐད་དོད་ཨུཏྟར་ཞེས་པ་སྟེང་ (སྟེང་དང་། བླ། བླ་མ་རྣམས་དོན་འདྲ) དང་བྱང་དང་ཕྱི་མ་ལ་འཇུག་པ་ལས་འདི་ཕྱི་མའི་དོན་ཏེ། སྨན་དཔྱད་ལ་རྒྱུད་སྔ་ཕྱི་གཉིས་ཡོད་པ་བཞིན་དུ་འདིར་ཡང་ལུང་དང་པོ་གསུམ་ནི་གཞུང་སྔ་མ་ཡིན་ལ། དེ་རྣམས་ཀྱི་དོན་རྟོགས་དཀའ་ཞིང་ཟབ་པ་རྣམས་འདིས་སྟོན་ཅིང་གཏན་ལ་འབེབས་པས་ན་ཤིན་ཏུ་གཅེས་པའི་འགྲེལ་པ་འདུལ་བའི་གཞུང་ཕྱི་མ་སྟེ་བམ་པོ་ལྔ་བཅུ་རྩ་གསུམ་མོ། །ཞེས་གསུངས་པ་ལྟར་རོ། །ལུང་ཞུ་བའམ་ལུང་དམ་པ་ལ་ལེའུ་བཅུ་ཡོད་དེ། འདུལ་བྱེད། གཅིག་ལས་འཕྲོས་པ། ལྔ་ཚན། བཅུ་དྲུག་ཚན། གླེང་གཞི། རྐྱང་པའམ་སིལ་བུ། གཏམ་གྱི་གཞི། མ་ན་པི་ཀའམ་བྲམ་ཟེའི་བུ་མོས་ཞུས་པ། ལུང་མ་མོ། ལུས་སོགས་ཀྱི་ལེའུ་སྟེ་ལེའུ་བཅུའོ། །ལུང་ཞུ་བ་༼ པ་པ ༽སྟེ་གླེགས་བམ་ཐ་མ་༣༡༠བ༣ལས། སྤྱིའི་སྡོམ་ལ། ཞུ་བ་འདུལ་བྱེད་གཅིག་ལས་འཕྲོས། །ལྔ་ཚན་བཅུ་དྲུག་ཚན་དང་ནི། །གླེང་གཞི་རྐྱང་པ་གཏམ་གྱི་གཞི། །མ་ན་པི་ཀ་མ་མོ་དང་། །ལུས་སོགས་སྟོན་པ་ཐ་མ་སྟེ། །ལེའུ་དག་ཏུ་ཡང་དག་འདོད། །ཅེས་གསུངས་པ་ལྟར་རོ། །ུ་དག་ཏུ་ཡང་དག་འདོད། །ཅེས་གསུངས་པ་ལྟར་རོ། །)