Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "1 སྦྲང་རྩི།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/7147  + (1 སྡུག་བསྔལ་མེད་པ།)
  • Dictionaries/sgom sde tshig mdzod chenmo/7425  + (1 སྡེ་ཚན་ནམ་ལེའུ། དཔེར་ན་མཛའ་བཤེས་ཀྱི་ཚོམས། རྟའི་ཚོམས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/12593  + (1 སྡེ་ཚན། དཔེར་ན་སྡེ་པ་ཕྱེད་དང་བརྒྱད་ཅེས་པ་དང༌། མང་བཀུར་བའི་སྡེ་པ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/12611  + (1 སྡོད་པ་དང་དོན་གཅིག)
  • Dictionaries/sgom sde tshig mdzod chenmo/6913  + (1 སྣང་མཆེད་ཐོབ་གསུམ་མཚོན།)
  • Dictionaries/sgom sde tshig mdzod chenmo/12686  + (1 སྣབས་རྟུག་འབྱིད་བྱེད་ཀྱི་རས།)
  • Dictionaries/sgom sde tshig mdzod chenmo/2995  + (1 སྣེ་ཁྲིད་པ། འགོ་ཁྲིད་པ། རུ་སྣ་ཁྲིད་པ་བཅས1 སྣེ་ཁྲིད་པ། འགོ་ཁྲིད་པ། རུ་སྣ་ཁྲིད་པ་བཅས་ཀྱི་དོན། ཁྱུ་མཆོག་གིས་ཐོག་དྲངས་པའི་བ་ལང་གི་ཁྱུ་ཞེས་པ་ལྟ་བུ། དབྱིན་སྐད་དུ་ Led ཟེར་བ་དང་འདྲ། སྒྲ་བཤད་ནི། ཐོག་ནི་ཐོག་མ་སྟེ་འགོ་དང་སྣེ་བཅས་ཀྱི་དོན་དང་། དྲངས་ནི་ཁྲིད་པའི་དོན་ནོ། །གཞན་ཡང་། རྗེ་མར་པའི་རང་རྣམ་གསུང་མགུར་ལས་ཀྱང་། ཡུལ་དབུས་འགྱུར་ཚལ་གྱི་བཀོད་པ་མཐོང་། །དཔལ་རྡོ་རྗེ་གདན་གྱིས་སྣ་དྲངས་པའི། །རྟེན་ངོ་མཚར་ཅན་ལ་མཆོད་པ་བྱས། །ཁོ་བོ་ཕྱིན་པ་འཕྱིས་སོ་སྙམ། །ཞེས་གསུངས་པ་ལྟར་རོ། །ྱིན་པ་འཕྱིས་སོ་སྙམ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/7634  + (1 སྣོད་ཆེ་ཆུང་གཅིག་ནང་གཅིག་བླུག་པའི་རྣམ་པ་ལྟ་བུ་ལ་ཟེར་བ་ཡིན་ནམ་སྙམ་སྟེ། དམྱལ་ཁམས་བཤད་པའི་ཐདཀྱི་མཆིམས་མཛོད་མཆན་བུ་ལས། གླིང་འདིའི་ནང་དུ་ཇི་ལྟར་ཆུད་ཅེ་ན། གླིང་རྣམས་ནི་ཟང་ཡག་མ་ཡིན་གྱི་འབྲུའི་ཕུང་པོ་ལྟར་གནས་པས། ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/8056  + (1 སྣོད། སྣོད་ཀྱི་འཇིག་རྟེན།)
  • Dictionaries/sgom sde tshig mdzod chenmo/3949  + (1 སྤངས་པ། བཏང་བ། བསྐྱུར་བ།)
  • Dictionaries/sgom sde tshig mdzod chenmo/12722  + (1 སྤོང་བའི་འདས་པ།)
  • Dictionaries/sgom sde tshig mdzod chenmo/12713  + (1 སྤོབས་པའི་དོན་དུ་ལི་གུར་གསུང་།)
  • Dictionaries/sgom sde tshig mdzod chenmo/10263  + (1 སྤྱི་བོའི་ཚངས་པའི་བུ་ག)
  • Dictionaries/sgom sde tshig mdzod chenmo/11690  + (1 སྤྱིར་ན་སེམས་དང་ཡིད་དང་རྣམ་ཤེས་དང་གཙོ་སེམས་རྣམས་དོན་གཅིག་ཡིན།)
  • Dictionaries/sgom sde tshig mdzod chenmo/5128  + (1 སྤྱིར་བཏང་བམ་པོ་ཞེས་པ། ཆུན་པོ་དང་། ཆགས་པ། དུམ་བུ། མང་པོ་ཕྱོགས་གཅིག་ཏུ་བསྡུས་པ། དཔེར་ན་རྩྭའི་བམ་པོ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10078  + (1 སྤྱིར་བཏང་རྣམ་པར་འཚེ་བ་ནི་གནོད་པ་བྱེད་པའ1 སྤྱིར་བཏང་རྣམ་པར་འཚེ་བ་ནི་གནོད་པ་བྱེད་པའི་དོན་ཡིན། ཉེ་ཉོན་ཉི་ཤུའི་ནང་གི་བཅུ་པ་རྣམ་པར་འཚེ་བ་ནི། ཁྲོ་བ་ལྷག་པར་འཕེལ་ཏེ་གཞན་ལ་ཁུ་ཚུར་དང་ཐལ་ལྕགས་ལ་སོགས་པས་དངོས་སུ་གནོད་པ་བྱེད་པ་ལ་ཟེར། ཕུང་པོ་ལྔའི་རབ་བྱེད་ལས། ཁྲོ་བའི་རྐྱེན་གྱིས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པས་གཞན་ལ་རྣམ་པར་ཐོ་འཚམས་པར་བྱེད་པ་དེ་ནི་རྣམ་པར་འཚེ་བའོ། །ཞེས་གསུངས་སོ། །ཕུང་པོ་ལྔའི་རབ་བྱེད་ལས་བཤད་པའི་རྣམ་པར་འཚེ་བའི་གོ་དོན་འདི་ཤིན་ཏུ་ཡིད་ལ་འཐད་ཅིང་ལེགས་བཤད་དུ་སྣང་ངོ་། །ཡང་གོང་གི་ལུང་གི་མཇུག་ཙམ་ལས། ཁྲོ་བའི་རྐྱེན་གྱིས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་རབ་ཏུ་བརྡེག་པའི་རྒྱུའི་ཆོས་ནི་རྣམ་པར་འཚེ་བས་ན་རྣམ་པར་འཚེ་བའོ། །ཞེས་རྒྱུའི་གནས་སྐབས་ལ་གོ་དགོས་པ་ལྟ་བུ་ཅུང་ཟད་མི་འདྲ་བའང་བཤད་པས་དཔྱད་དོ། །་ལྟ་བུ་ཅུང་ཟད་མི་འདྲ་བའང་བཤད་པས་དཔྱད་དོ། །)
  • Dictionaries/sgom sde tshig mdzod chenmo/790  + (1 སྤྱོད་རྒྱུད།)
  • Dictionaries/sgom sde tshig mdzod chenmo/842  + (1 སྤྲད་པ། སྦྱིན་པ། ལག་ཏུ་གཏད་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/12909  + (1 སྦ་བྱའམ། སྦ་བར་བྱ་བ། དཔེར་ན་འདོད་བྱ་བདེ་སྐྱིད་ལ་འདོད་པ་ཞེས་པ་དང་། གཞན་ཡང་། བསླབ་བྱ་ལ་བསླབ་པ་དང༌། སྦ་བྱ་ལ་སྦ་བ་འདོམས་ཀྱི་སྦ་བལྟ་བུ་དང༌། བཏུང་བྱ་ལ་བཏུང་བ། བཟའ་བྱ་ལ་བཟའ་བ་ལྟ་བུ་ཆེས་མང་ངོ༌། །)
  • Dictionaries/sgom sde tshig mdzod chenmo/1407  + (1 སྦེད་པ།)
  • Dictionaries/sgom sde tshig mdzod chenmo/5833  + (1 སྦྱངས་པ་མཐར་ཕྱིན་པ།)
  • Dictionaries/sgom sde tshig mdzod chenmo/8463  + (1 སྦྱིན་པའམ་སྟེར་བ། ཡང་དབྱངས་ཅན་དགའ་བློས། འབོགས་པ་ནི་སྦྱིན་པར་བྱེད་ཅེས་པའི་བྱེད་པ་དང་། དབོག་པ་ནི་སྦྱིན་པར་བྱ་ཞེས་པའི་བྱ་བའི་ཚིག་ཡིན་པས་འདིས་མཚོན་གང་ལའང་བྱ་བྱེད་ལས་གསུམ་གྱི་ཚིག་གི་ཁྱད་པར་ཤེས་པ་ཤིན་ཏུ་གལ་ཆེའོ། །ཞེས་ཀྱང་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/7675  + (1 སྦྲང་བུའི་རིགས་ཆེན་པོ་ཞིག གཏམ་དཔེར། ཟི་ལྡི་རས་དཔུང་བསྒྲིགས། ནམ་མཁའ་འུར་སྒྲས་བརྒྱངས། ཞེས་པ་ལྟ་བུ། གཏམ་དཔེ་འདི། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སེར་བྱེས་མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་མཆོག་གིས་དཔེ་ཁྲིད་སྐབས་ངེད་ཚོ་ལ་ཀུ་རེའི་ཚུལ་དུ་ཡང་ཡང་གསུང་གི་ཡོད།)
  • Dictionaries/sgom sde tshig mdzod chenmo/12973  + (1 སྦྲང་རྩི་གསོག་མཁན་གྱི་གཤོག་ལྡན་གྱི་སྲོག་1 སྦྲང་རྩི་གསོག་མཁན་གྱི་གཤོག་ལྡན་གྱི་སྲོག་ཆགས་ཤིག འདི་ལ་བུང་བ་ཟེར། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་རྣམས་སུ་སྦྲང་མ་ལ་བུང་བ་ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱས་འདུག སྦྲང་མ་ཞེས་པའི་ཐ་སྙད་འདི་ལེགས་སྦྱར་གྱི་ “བྷྲ་མ་ར” ཟུར་ཆག་པ་ཡིན་པར་སེམས། འདི་ལ་ཕྱི་རྒྱལ་བས་bee/honeybee ཟེར། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ར་ཡིག་གཉིས་པ་མེ་ཏོག་འཐུང༌། །སྦྲང་རྩིའི་བརྟུལ་ཞུགས་སྦྲང་རྩི་མྱང་། །སྦྲང་རྩི་སྐྱོང་དང་སྦྲང་རྩི་འདོད། །སྦྲང་རྩིའི་དྲི་མྱང་གེ་སར་སྤྱོད། །རྡུལ་ཉལ་མེ་ཏོག་འཐོར་བ་དང་། །མེ་ཏོག་ཟས་ཅན་མེ་ཏོག་འཇུག །རྐང་དྲུག་བྷྲྀངྒ་བྷྲ་མ་ར། །ཉམ་ཆུང་དབང་པོ་གསུམ་སྒྲ་དང་། །བཅུད་འཛིན་བཅུད་སྦྱིན་བཅུད་བརྟུལ་ཞུགས། །མི་གནས་འཁོར་འགྲོ་གེ་སར་འཛིན།། རྡུལ་འཆང་རི་སྐྱེས་སྤོས་ངད་ལྡན། །རོ་མྱང་མེ་ཏོག་མྱང་བ་དང་། །མེ་ཏོག་ལ་རྩེ་མཆོག་ཏུ་དགའ། །སྦྲང་རྩི་སྤྱོད་བྱེད་སྦྲང་རྩི་འདོད། །སྦྲང་རྩིའི་ཟས་ཅན་སྦྲང་རྩི་སྐྱེས། །སྦྲང་བུ་སྦྲང་མ་བུང་བའོ། །ཞེས་གསུངས། མངོན་བརྗོད་རྒྱ་མཚོ་ཆུ་ཐིགས་སུའང་འདི་ཅུང་བསྡུས་ཙམ་ཞིག་སྣང་། དོགས་གཅོད། གོང་མངོན་བརྗོད་ཀྱི་ལུང་དེར་ “སྦྲང་རྩི་འདོད” ཅེས་པ་འདི་ལན་གཉིས་འབྱུང་བས་དཔྱད་པར་བྱའོ། །ཅེས་པ་འདི་ལན་གཉིས་འབྱུང་བས་དཔྱད་པར་བྱའོ། །)
  • Dictionaries/sgom sde tshig mdzod chenmo/5691  + (1 སྦྲང་རྩི་གསོག་མཁན་གྱི་སྦྲང་བུའི་མིང་། རྗ1 སྦྲང་རྩི་གསོག་མཁན་གྱི་སྦྲང་བུའི་མིང་། རྗེ་བཙུན་བྱམས་པའི་མངོན་རྟོགས་རྒྱན་ལས། དབུ་སྐྲ་བུང་བ་ལྟར་གནག་དང༌། །ཞེས་གསུངས་པ་ལྟར་རོ། །དབུ་སྐྲ་བུང་བ་ལྟར་གནག་པ་ཞེས་པའི་བུང་བ་ནི་སྟངས་ཟིལ་ཟེར་བའི་རྡོ་ནག་པོ་དེ་ལ་ངོས་འཛིན་བྱེད་མཁན་འདུག་ཀྱང་། སྦྲང་མ་ཉིད་ལ་གོ་དགོས་པར་སྙམ་སྟེ། དབུ་སྐྲ་བུང་བ་ལྟར་གནག་པ་ཞེས་པའི་སྐད་དོད་ལ། ལེགས་སྦྱར་དུ་ “བྷྲ་མ་ར་ས་དྲྀ་ཤ་ཀེ་ཤ” ཞེས་བཤད་པའི་ “བྷྲ་མ་ར” ནི་སྦྲང་མ་ཉིད་ལ་གོ་བའི་ཕྱིར་རོ། །བྷྲ་མ་ར” ནི་སྦྲང་མ་ཉིད་ལ་གོ་བའི་ཕྱིར་རོ། །)
  • Dictionaries/sgom sde tshig mdzod chenmo/945  + (1 སྦྲུལ་གྱི་མགོ་གཤོག་རྒྱས་ཏེ་གདུགས་ལྟར་གྱུར་པ། སྦྲུལ་གྱི་གདེངས་ཀ་རྒྱས་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10746  + (1 སྨོན་ལམ་བཟང་པོ། སྔོན་གྱི་ལེགས་སྨོན་གྲུབ་པའི་རྟགས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/11727  + (1 སྨྱོ་བའི་ལྡོག་ཕྱོགས་ཏེ། ཤེས་པ་རང་བཞིན་དུ་གནས་པ།)
  • Dictionaries/sgom sde tshig mdzod chenmo/8139  + (1 སྲ་མཁྲེག་གི་དོན།)
  • Dictionaries/sgom sde tshig mdzod chenmo/8465  + (1 སྲིན་པོ་སྤྱིའི་མིང་དུ་བཤད།)
  • Dictionaries/sgom sde tshig mdzod chenmo/5112  + (1 སྲིན་པོའི་མིང༌། (སྲིན་པོ་སྔོན་པོ་མི་མགོའི་ཕྲེང་བའི་ཅོད་པན་ཅན་རོ་ལངས་ལ་ཞོན་པའོ))
  • Dictionaries/sgom sde tshig mdzod chenmo/13143  + (1 སྲོག་འཛིན་གྱི་རླུང་ཕྲ་བ་ནི། རྩ་བའི་རླུང་1 སྲོག་འཛིན་གྱི་རླུང་ཕྲ་བ་ནི། རྩ་བའི་རླུང་ལྔའི་ཡ་གྱལ་ཏེ། ལུས་ཀྱི་སྙིང་གའི་རྩ་མདུད་ཀྱི་དྷཱུ་ཏཱིའི་ནང་ན་གནས་ཏེ་རྣམ་ཤེས་ཀྱི་བཞོན་པ་བྱེད་ཅིང༌། སྲོག་རིང་དུ་འཚོ་བར་བྱེད་པ། འཆི་དུས་མ་གཏོགས་རྩ་དབུ་མ་ནས་ཕྱི་རོལ་ཏུ་མི་རྒྱུ་བའི་རླུང་ཞིག་གོ། ཁ་དོག་ནི་དཀར་པོ་ཡིན་པར་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ།ཀར་པོ་ཡིན་པར་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ།)
  • Dictionaries/sgom sde tshig mdzod chenmo/4688  + (1 སླར་ཡང༌། ཡང་བསྐྱར། བླ་མ་ལྔ་བཅུ་པ་ལས། དེས1 སླར་ཡང༌། ཡང་བསྐྱར། བླ་མ་ལྔ་བཅུ་པ་ལས། དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །ཞེས་དང༌། རྗེའི་བླ་མ་ལྔ་བཅུ་པའི་རྣམ་བཤད་ལས། ཕྱིར་ཞིང་སྟེ་སླར་ཡང་ཞེས་གསུངས། དམ་ཆོས་པདྨ་དཀར་པོའི་མདོ་ལས། དེས་ན་དེ་ཡིས་སྨན་དག་རྙེད་པ་ནི། །ཤིན་ཏུ་སྦྱར་ལེགས་མཁས་པས་བྱིན་ན་ཡང༌། །དེས་ཀྱང་དེ་དག་ནད་ནི་ཕྱིར་ཞིང་སྐྱེ། །ནམ་ཡང་དེ་ཡི་ནད་རྣམས་མཐར་མི་འབྱུང༌། །ཞེས་གསུངས་པ་ལྟར་རོ། །རྣམས་མཐར་མི་འབྱུང༌། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2939  + (1 སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི་བསྟན་བཅོས་ཤིག)
  • Dictionaries/sgom sde tshig mdzod chenmo/12931  + (1 སློབ་པ། ཡོན་ཏན་སྦྱང་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/5630  + (1 སློབ་པའི་མ་འོངས་པ། ཡོན་ཏན་བསླབ་དགོས་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/2596  + (1 སློབ་མ་སྤྱིའི་མིང་དུ་བཤད་ཀྱང་། རྒྱུན་དུ་བླ་མའི་ཉེ་འཁོར་དུ་བསྡད་ནས་སྲི་ཞུ་ཞབས་ཏོག་སྒྲུབ་མཁན་གྱི་སློབ་མའི་མིང་རེད།)
  • Dictionaries/sgom sde tshig mdzod chenmo/4763  + (1 ཧ་ཅང་ཆུང་བ། རགས་པ་དང་སྦོམ་པོ་མིན་པ། རྡུལ་ཕྲ་མོ་དང་། ལོ་ན་ཕྲ་མོ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/11315  + (1 ཧ་ཅང༌། ཞེ་དྲག མཆོག་ཏུ། རབ་ཏུ།)
  • Dictionaries/sgom sde tshig mdzod chenmo/13203  + (1 ཧ་བེ་ཧོ་བེ། མི་བརྟན་པ་དང་འགྱུར་ལྡོག་ཆེ་བ། བསམ་བློ་ནན་ཏན་མ་བཏང་བའི་བྱ་སྤྱོད་ཀྱི་མིང༌། དཔེ་ཆོས་རིན་ཆེན་སྤུངས་པ་ལས། ཧ་ཞུ་ཧུ་འཁྱགས་ཀྱིས་མི་ཡོང༌། ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/9035  + (1 ཧྲིལ་པོ། རིལ་པོ། གང་པོ། ཚང་མ། སྒང་ཚང༌། ཡོངས་རྫོགས་བཅས་ཀྱི་མིང་། ལུག་ཤ་རངས་པོ། ཚེ་རངས་པོ། ཉིན་རངས་པོ་ཆོས་གསུངས། མཚན་རངས་པོ་དབང་བསྐུར་ཞེས་པ་ལྟ་བུ། འདིའི་ཐད་བོད་རྒྱ་ཚིག་མཛོད་ཆེན་མོར། དམག་ཆས་རངས་པོ་ཞེས་པར་དམག་ཆས་རངས་སོ་ཞེས་ཡིག་ནོར་འདུག)
  • Dictionaries/sgom sde tshig mdzod chenmo/3735  + (1 ཨ་ཀ་རུ་ནག་པོའི་མིང་དུ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་གསུང་།)
  • Dictionaries/sgom sde tshig mdzod chenmo/13401  + (1 ཨོ་རྒྱན་ནི་ལེགས་སྦྱར་གྱི་ “ཨོ་ཌི་ཡ་ན” ཟུ1 ཨོ་རྒྱན་ནི་ལེགས་སྦྱར་གྱི་ “ཨོ་ཌི་ཡ་ན” ཟུར་ཆག་པ་སྟེ་འཕུར་འགྲོ་ཞེས་པའོ། །དེ་ཡང་ཨོ་ཌི་ཡ་ན་བསྡུས་ནས་ཨོ་ཡན་ཟེར་བ་བྱུང་། དེ་ཟུར་ཆག་ནས་ཨོ་རྒྱན་བྱུང་བར། རྗེ་ཤེས་རབ་རྒྱ་མཚོའི་ལམ་རིམ་ཟིན་བྲིས་སུ་འབྱུང་བ་ལྟར་རོ། །ཡང་ན། ཨོ་ཌི་བྱ་བའི་རིགས་རྒྱུད་ཀྱི་མི་རིགས་ཡིན་པས་ཨོ་ཌི་ཡ་ན་བྱ་བ་གྲགས་ཟེར་བའང་ཡོད། དེ་ནི་པ་ཀིསྠན་གྱི་ (Pakistan) ལུང་པ་ “པིས་ཤ་ཝར” (Peshawar) ནས། མ་ལ་གཱན་ཐ་ (Malakand) རུ་འགྲོ། དེ་ནས་རྐང་འགྲོས་ཀྱིས་སྭཏ་ཞེས་པའམ། ས་པད་ (Swat) བྱ་བའི་ལུང་པར་སླེབས་ཤིང་དེ་ནི་ཨོ་རྒྱན་གྱི་གནས་ལྟེ་བ་དེ་ཡིན། དེ་ནི་རྒྱ་གར་གྱི་ཀསྨིར་ (Kashmir) ཞེས་པའི་ལུང་པའི་ནུབ་ངོས་སུ་ཡོད་ཅིང་རྒྱལ་པོ་ཨིནྡྲ་བྷུ་ཏི་བྱོན་པའི་ཡུལ་དང་། སློབ་དཔོན་པདྨ་འབྱུང་གནས་གང་དུ་འཁྲུངས་པའི་ཡུལ་ཡང་ཡིན། ཨོ་ཌི་ཡ་ན་ལ་ཚིག་འགྲེལ་བྱེད་ཚུལ་གཉིས་ཏེ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། ཨོ་ཌི་བྱ་བའི་རིགས་རྒྱུད་ཀྱི་མི་ཡིན་པས་ཨོ་ཌི་ཡ་ན་བྱ་བ་གྲགས་ཟེར་བ་དེ་བདེན་ནམ་སྙམ། རང་རེས་འཕུར་འགྲོ་བྱ་བའི་དོན་དུ་བཤད། ཅེས་གསུངས། དེའི་མཇུག་ཏུ། མདོར་ན་ཨོ་རྒྱན་གྱི་ཡུལ་གྱི་ལྗོངས་བཀོད་ཙམ་ཞིག་གཟིགས་པར་འདོད་ན་ནི། མ་ལ་གཱན་གྱི་ལུང་པ་དེའི་ནང་དུ་ཡར་ལ་གཞུང་ཆུ་བརྒྱུད་ནས་ཕེབས་པར་ཞུ། གལ་ཏེ་བླ་མ་གོང་མ་རྣམས་ཀྱིས་གཟིགས་པའི་ཡུལ་དེའི་ངོ་མཚར་ཐམས་ཅད་མཐོང་བར་འདོད་ན་ནི། དེར་མ་སོང་བའི་སྔོན་དུ་བྲག་ཕུག་ཅིག་ཏུ་བཞུགས་ལ། སྦྱོར་བ་ཡན་ལག་དྲུག་གི་ཏིང་ངེ་འཛིན་ཡུན་རིང་དུ་བསྒོམ་པར་ཞུ། དེ་འདྲ་གང་ཡང་མ་བྱས་པར། གྲུབ་ཆེན་ལྭ་བ་པས་གཟིགས་པ་རྣམས་རང་གི་མ་མཐོང་བའི་རྒྱུ་མཚན་གྱིས། གནས་འདི་རྣམས་བརྫུན་མ་ཡིན་ནོ་ཞེས་ཅིས་ཀྱང་མི་གསུང་བར་ཞུ། ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྔོན་དང་ད་ལྟར་གྱི་ལོ་རྒྱུས་སོགས་དང་ཞིབ་བསྡུར་གྱིས་ཡིད་ཆེས་ཕེར་ངེས་ཀྱི་ཁུངས་སྐྱེལ་ར་སྤྲོད་དཔྱིས་ཕྱིན་པ་མཛད་འདུག་ཅིང་། མ་ཟད་ཁོང་རང་གནས་དེ་དག་ཏུ་དངོས་སུ་ཕེབས་མྱོང་ཡོད་པས་ཡིད་ཆེས་པར་རིགས་སོ། །ཁོང་ནི་རྒྱ་གར་གྱི་ནང་པའི་གནས་ཆེན་འདི་ལ་ཕེབས་མ་མྱོང་བྱ་བ་མེད་ཅིང་། རྒྱ་གར་ཙམ་མ་ཟད་ཤྲཱི་ལངྐ་ཚུན་ཆད་ལ་ཕེབས་ནས་དེའི་ལོ་རྒྱུས་ཞིབ་འཁོད་ཀྱི་དེབ་ཐེར་ཡང་མཛད་ཡོད། རྒྱ་གར་དང་པ་ཀིསྠན་གྱི་ས་བཀྲ་ལ་བལྟས་ན་གོང་གི་ས་གནས་དེ་དག་ཚེགས་མེད་དུ་ངོས་འཛིན་བྱེད་ཐུབ་བོ། །་དེ་དག་ཚེགས་མེད་དུ་ངོས་འཛིན་བྱེད་ཐུབ་བོ། །)
  • Dictionaries/sgom sde tshig mdzod chenmo/10093  + (1 ཿ ཀླད་ཀོར་གཉིས་བརྩེགས་ཅན་དེ་ལ་རྣམ་བཅད་ཟེར། བཀླག་ཚུལ་གཉིས་ཏེ། ཕལ་ཆེར་ས་རུ་བཀླག་སྟེ། དཔེར་ན་ན་མཿ ཞེས་པ་ལ། ན་མས་ལྟ་བུ་དང༌། ས་མ་ཡིན་པ་ལ་དྲག་པོར་ལྡུམས་ལྡུམས་བཅད་ནས་འདོན་དགོས་པར། དཔེར་ན་ཨཿདང༌། ཕཊཿལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/10817  + (1 “བླང” གི་སྐུལ་ཚིག དེབ་དེ་ལོངས་ཤིག)
  • Dictionaries/sgom sde tshig mdzod chenmo/11431  + (1 “འཆད” པ་དང༌། (འཆད། བཤད། བཤད། ཤོད) དྲང་པོར་ཤོད་ཅིག་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/7907  + (1 ( ེ ) བོད་ཡིག་གི་དབྱངས་གསུམ་པ་ཨེ་ཡིག་མཚོན་བྱེད། དབྱིབས་འགྲེང་བ་ལྟར་ཀེ་རེར་ལངས་ནས་ཡོད་པས་འགྲེང་བུའམ་འགྲེང་པོ་ཟེར། འགྲེང་པོ་ཞེས་བྲིས་པའང་ཡོད།)
  • Dictionaries/sgom sde tshig mdzod chenmo/12214  + (1 (ད་ལྟ་བ) སྐད་རིགས་ཕན་ཚུན་བརྗེ་བ། སྒྱུར་ལ1 (ད་ལྟ་བ) སྐད་རིགས་ཕན་ཚུན་བརྗེ་བ། སྒྱུར་ལ། དོན་སྒྱུར། ཐད་སྒྱུར། (འདི་ལ་སྒྲ་སྒྱུར་ཡང་ཟེར) ལོག་སྒྱུར། དཔེར་ན་ཚུལ་ཁྲིམས་ནི་ལེགས་སྦྱར་གྱི་ཤཱི་ལ་ཞེས་པའི་དོན་སྒྱུར་དང་། བསིལ་ཐོབ་ནི་དེའི་སྒྲ་སྒྱུར་རམ་ཐད་སྒྱུར། ལོག་སྒྱུར་ནི། ཚིག་འགའ་ཞིག་ལྟག་འོག་ལྡོག་སྟེ་བསྒྱུར་བ་ལ་ཟེར། དཔེར་ན་གང་ཡིན་ཞེས་པའི་ཚིག་འདི་སཾ་སྐྲྀ་ཏའི་སྒྲ་ལ་ཆོ་གའི་ཚིག་གི་དང་པོ་ན་ཡོད་ཀྱང་། སྒྲ་ལོག་སྒྱུར་དུ་ (མ་ཕྱི་ལ་ལོག་འགྱུར་ཞེས་བྲིས་འདུག) བསྒྱུར་བས་བོད་དཔེ་ལ་ཆོ་གའི་ཚིག་གི་ཐ་མར་སོང་བའི་ལྟ་བུའོ། །ཞེས་མཚོ་ཊཱིཀ་ལས་གསུངས་པ་ལྟར་རོ། །ྟ་བུའོ། །ཞེས་མཚོ་ཊཱིཀ་ལས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/180  + (1 (དགེ་ལུགས) (མདོ་ལུགས) མདོ་ལུགས་ཀྱི་ཀུན་ཏ1 (དགེ་ལུགས) (མདོ་ལུགས) མདོ་ལུགས་ཀྱི་ཀུན་ཏུ་བཟང་པོའི་མཆོད་པ་འབུལ་ཚུལ་ནི། པདྨ་འདབ་སྟོང་དང་ལྡན་པའི་ལྟེ་བར་རང་ཉིད་ཀུན་ཏུ་བཟང་པོ། འདབ་མ་སྟོང་ལ་ཀུན་ཏུ་བཟང་པོ་སྟོང་། དེ་ཐམས་ཅད་ལག་པ་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་རེ་རེ། དེ་དག་ལས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སངས་རྒྱས་ཀྱི་ཞིང་རབ་འབྱམས་འགེངས་པར་བསམས་ནས་འབུལ་བ་ལ་བྱེད་དོ། །ལས་དང་པོ་བ་ལ་འདི་ཕན་ཡོན་ཤིན་ཏུ་ཆེའོ། །ཞེས་རྗེ་གུང་པ་གསུང་།་ཕན་ཡོན་ཤིན་ཏུ་ཆེའོ། །ཞེས་རྗེ་གུང་པ་གསུང་།)
  • Dictionaries/sgom sde tshig mdzod chenmo/9632  + (1 (དགེ་ལུགས) མངོན་བྱང་དང་པོ་བཞི་རྒྱུ་རྡོ་རྗེ་འཛིན་པར་འཇོག འགྲེལ་བཤད་ཞིབ་པར་མངོན་བྱང་ལྔ་ལ་གཟིགས།)