Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "definition" with value "ནད།". Since there have been only a few results, also nearby values are displayed.

Showing below up to 27 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Monlam Grand/19233  + (ནད་རྩིས་སྐབས་སུ་བརྩི་བྱ་ནད་པ་རྣམས་ན་དུས་ཀྱནད་རྩིས་སྐབས་སུ་བརྩི་བྱ་ནད་པ་རྣམས་ན་དུས་ཀྱི་ཉི་མ་ནི་བྱི་བ་སོགས་ཉི་མ་བཅུ་གཉིས་ལས་གང་ཡིན་ལ་བརྟེན་ནས་ངོས་འཛིན་བྱེད་པའི་ནད་གདོན་ལ་ཟེར་བ་ཡིན། དེ་ཡང་ནད་པ་སུ་ཞིག་ན་དུས་ཀྱི་ཉི་མ་བྱི་བ་ཡིན་ན་ཚགས་ཚིགས་དང་སྐྲངས་འབུར་ན། གདོན་དུ་ལྷ་ཀླུ་མི་དགའ་ཞིང་ཐེའུ་བྲང་གནོད། ནད་པ་ཕོ་ཡིན་ན་ཡང་། མོ་ཡིན་ན་ལྕི། བཅོས་སུ་ལྷ་ཀླུ་མཆོད་ཅིང་ཐེའུ་རང་བཀར་དགོས། གླང་ཡིན་ན་སྙིང་རྩ་འདར་ལ་ལྡང་དུབ་བྱེད། ལྷུ་ཚིགས་ན་ཞིང་ལྕི། ཆུ་སེར་ཆེ། ཕྲུམ་སེར་ཁྱེར། ཐང་ཆད་ཅིང་ཀླད་པ་ན། གདོན་དུ་འཕུང་འདྲེ་དང་། བསེ་རགས། གྲེ་བོ། གྲེ་མོ་བཅས་གནོད། ནད་པ་ཕོ་ཡིན་ན་ཡང་། མོ་ཡིན་ན་ལྕི། བཅོས་སུ་འཕུང་སྲི་དང་བསེ་རགས་རང་གྲོལ་བྱ་དགོས། སྟག་ཡིན་ན་བྲང་རྒྱབ་དང་མཆན་ཁུང་གཟེར་ཞིང་ཁ་སྐམ་ལ་མཁལ་སྐེད་ན། གདོན་དུ་གྲེ་མོ་དང་། ཐེའུ་རང་། བྱང་ཕྱོགས་ཀྱི་ལྷ་ཀླུ་གཉན་པོ་གནོད། ནད་པ་ཕོ་ཡིན་ན་ལྕི། མོ་ཡིན་ན་ཡང་། བཅོས་སུ་ཀླུ་ཆོག་དང་། ལྷ་བསང་། གྲེ་བོ་གནོན་དགོས། ཡོས་ཡིན་ན་ཀླད་རྐེད་དང་ཁོང་པ་ན་ཞིང་ཀྱང་དམར། གདོན་དུ་རྒྱལ་པོ་དང་། ཐེའུ་རང་། འཕུང་སྲི། ཀླུ་སྲིན། གྲེ་མོ་བཅས་གནོད། ནད་པ་ཕོ་ཡིན་ན་ཡང་། མོ་ཡིན་ན་ལྕི། བཅོས་སུ་རྒྱལ་མདོས་དང་ཀླུ་སྲིན་དགུ་འདུམས་བྱ་དགོས། འབྲུག་ཡིན་ན་ནད་ཚབས་ཆེ་ཞིང་ཀླད་པ་ན། གློ་སྙིང་ནང་ཁྲོལ་དང་མཁལ་རྐེད་མི་བདེ། སེམས་མྱོས་ཤིང་འཁྲུ་བ་བག་རེ་འོང་། གདོན་དུ་ཐབ་གཞོབ་ཀྱིས་ཁྲོས་པའི་ལྷ་དང་གྲེ་མོ་གནོད། ནད་པ་ཕོ་ཡིན་ན་ལྕི། མོ་ཡིན་ན་ཡང་། བཅོས་སུ་བསང་གཏོང་བ་དང་། གྲེ་མནན་བཅས་བྱ་དགོས། སྦྲུལ་ཡིན་ན་ཀླད་བྲང་དང་རྩིབ་ལོགས་མིག་རུས་ན་ཞིང་མི་དད་ཆུང་། ཡང་ན་རྐང་ལག་ཚིགས་གཞི་ན་ཞིང་ཟས་གོས་མི་འདོད། ལྡང་དུབ་བྱེད་ཅིང་ན་ཡུན་རིང་། གདོན་དུ་ཤིང་སྐམ་དང་རྩྭ་ལ་གནས་པའི་ཀླུ་དང་། གཉན་འདྲེ། གྲེ་བོ་བཅས་གནོད། ནད་པ་ཕོ་ཡིན་ན་ཡང་། མོ་ཡིན་ན་ལྕི། བཅོས་སུ་ས་བདག་གདོན་གྲོལ་དང་ཀླུ་བཅོས་བྱ་དགོས། རྟ་ཡིན་ན་ཡར་ཟུར་མར་གཟེར་རྔམས་པས་བརྒྱལ་ཞིང་སྙིང་མི་དགའ། ཁོང་ཚ་ལ་ཕྱི་རུ་གྲང་། རྐང་ལག་ཀླད་པ་ན་ཞིང་མིག་ཀྱང་སྦྲིད། གདོན་དུ་མི་དགའ་བའི་ལྷ་དང་། ཐེའུ་རང་། གྲེ་བོ། གྲེ་མོ་བཅས་གནོད། ནད་པ་ཕོ་ཡིན་ན་ལྕི། མོ་ཡིན་ན་ཡང་། བཅོས་སུ་ལྷ་མཆོད་ཅིང་ཐེའུ་རང་བསྐྲད་དགོས། ལུག་ཡིན་ན་ཀླད་རྐེད་མཇིང་པ་ན་ཞིང་གཟེར་ཟུག་འབྱུང་། གདོན་དུ་ཐབ་བསླང་གྲེ་མོ་དང་། བསེ་རགས་གྲི་བཙན་བསྡོངས་པ་གནོད། ནད་པ་ཕོ་ཡིན་ན་ཡང་། མོ་ཡིན་ན་ལྕི། བཅོས་སུ་འགོང་བཀར་དང་མཚུན་གསོལ་བྱ་དགོས། ན་དུས་ཀྱི་ཉི་མ་ལྷག་མ་དག་ལ་ཡང་གང་ན་དང་ཅི་གནོད་བཅོས་གང་ཡིན་གསལ་ལོ། །ལ་ཡང་གང་ན་དང་ཅི་གནོད་བཅོས་གང་ཡིན་གསལ་ལོ། །)
  • Dictionaries/Monlam Grand/59187  + (ནད་རྩིས་སྐབས་སུ་ཚེས་ལ་འཆར་བར་གསུངས་པའི་ལྷ་ནད་རྩིས་སྐབས་སུ་ཚེས་ལ་འཆར་བར་གསུངས་པའི་ལྷ་མོ་འོད་འབར་མ་དང་། བརྟན་མ། རྣོ་དབལ་མ། མདངས་ལྡན་མ། ཆར་འབེབས་མ། གཡོ་མེད་མ། འོད་ལྗང་མ། སྐྱེད་བྱེད་མ་བཅས་བརྒྱད་ཡིན། དེ་རྣམས་སྤྱིར་ཟླ་བ་ཡོད་དོ་ཅོག་གི་ཚེས་གཅིག་ལ་འོད་འབར་མ་ནས་བརྩམས་ཏེ་ཚེས་རེར་རེ་རེ་ཤར་ནས་རེས་གཟའ་ལྟར་རེས་ཀྱིས་འཁོར་བས། སྔ་མ་དྲུག་ཟླ་བ་རེ་ལ་ལན་བཞི་རེ་དང་། ཕྱི་མ་གཉིས་ཟླ་བ་རེ་ལ་ལན་གསུམ་རེ་འཆར་བ་ཡིན། ཆེས་ཟབ་པའི་བྱེ་བྲག་གི་བརྩི་ལུགས་ལ་ཟླ་བ་སྟག་རྟ་ཁྱི་གསུམ་གྱི་ཚེས་གཅིག་ལ་འོད་འབར་མ་དང་། ཕག་ལུག་ཡོས་གསུམ་གྱི་ཚེས་གཅིག་ལ་འོད་འཆང་མ། བྱ་གླང་སྦྲུལ་གསུམ་གྱི་ཚེས་གཅིག་ལ་རྣོ་དབལ་མ། བྱི་འབྲུག་སྤྲེལ་གསུམ་གྱི་ཚེས་གཅིག་ལ་ཆར་འབེབས་མ་བཅས་བྱས་ཏེ་རེས་ལ་འཁོར་ནས་ཤར་བ་ཡིན།འབེབས་མ་བཅས་བྱས་ཏེ་རེས་ལ་འཁོར་ནས་ཤར་བ་ཡིན།)
  • Dictionaries/Monlam Grand/77363  + (ནད་རླུང་མཁྲིས་བད་ཀན་འབྱུང་བའི་རྣམ་པ་གསུམ་སྟེ། འདོད་ཆགས་ལས་རླུང་གི་ནད་དང༌། ཞེ་སྡང་ལས་མཁྲིས་པའི་ནད། གཏི་མུག་ལས་བད་ཀན་གྱི་ནད་འབྱུང་བ་བཅས་སོ། །)
  • Dictionaries/Monlam Grand/102080  + (ནད་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་ས་སྟེ། མི་ནད་པའམ་རྨས་པ་རྣམས་ལ་སྨན་པ་དང་སྨན་གཡོག་གིས་ནད་བཅོས་བྱེད་ཡུལ།)
  • Dictionaries/Monlam Grand/7295  + (ནད་ལ་ལྟ་སྐབས་སུ་གདགས་སྨན་པ་དང༌། སྲིབ་ནད་པ་ཡིན།)
  • Dictionaries/Monlam Grand/7305  + (ནད་ལས་གྲོལ་བའམ་སངས་དྲག་བྱུང་བའི་དོན་ཏེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། གདངས་ནི་ནད་ལས་གྲོལ་བའི་མིང་སྟེ་བསྙུན་གདངས་ཟེར་བ་ལྟ་བུ།)
  • Dictionaries/Monlam Grand/13659  + (ནད་ལྐོག་གྱུར་དུ་གསོག་པ་མངོན་གྱུར་དུ་ལྡང་བར་བྱེད་པའི་དོན་ཏེ། སྐྱེ་ཞིང་མཆེད་པའི་ནད་དེ་ཉིད་རང་གནས་སུ་གསོག་ཅིང་གཞན་གནས་སུ་ལྡང་བར་བྱེད་པས་ན་གསོག་ལྡང་ཞེས་བརྗོད་པའོ། །)
  • Dictionaries/Monlam Grand/48038  + (ནད་སེལ་ལམ་ནད་མིང༌།)
  • Dictionaries/Monlam Grand/104374  + (ནད་སེལ།)
  • Dictionaries/Monlam Grand/104375  + (ནད་སེལ།)
  • Dictionaries/Monlam Grand/104978  + (ནད་སེལ།)
  • Dictionaries/Monlam Grand/63142  + (ནད་སོགས་ཀྱི་དབང་གིས་ཤར་བའི་དོན་དངོས་དང་མི་མཐུན་པའི་ཉམས་སྣང་གི་མིང་སྟེ།)
  • Dictionaries/Monlam Grand/95710  + (ནད་སོགས་ཀྱི་རྐྱེན་པས་ལུས་པོའི་ཤ་ལྤགས་སྐྲངས་ཤིང་སྦོས་པ།)
  • Dictionaries/Monlam Grand/3734  + (ནད་སོགས་ཀྱི་རྐྱེན་བྱས་ནས་ཟས་ལ་དང་ག་ཆད་པའི་དོན།)
  • Dictionaries/Monlam Grand/67554  + (ནད་སོགས་ཀྱིས་ཐེབས་པའི་དོན།)
  • Dictionaries/Monlam Grand/3701  + (ནད་སོགས་ཀྱིས་མ་གོས་པར་ལུས་ཁམས་གསལ་ཐང་དང་བདེ་པོ་ཡིན་པའི་དོན་ཏེ།)
  • Dictionaries/Monlam Grand/21316  + (ནད་སོགས་ཀྱིས་མ་ཟིན་པར་ལུས་སེམས་ཧ་ཅང་བདེ་ཐང་ཡིན་པའི་དོན་ཏེ།)
  • Dictionaries/Monlam Grand/95708  + (ནད་སོགས་ཀྱིས་རྐྱེན་པས་ཤ་ལྤགས་སྦོས་པའི་དོན་གྱི་སྐྲངས་ཀྱི་བྱ་མིང།)
  • Dictionaries/Monlam Grand/9128  + (ནད་སོགས་ཕྱིར་སྐྲོད་པའམ་འདོན་པའི་དོན་ལ་འཇུག་པའི་འཇིལ་བའི་མ་འོངས་པའི་བྱ་བའི་མིང་།)
  • Dictionaries/Monlam Grand/40379  + (ནད་སོགས་བཅོས་ཐབས་ཀྱི་དོན་ཏེ།)
  • Dictionaries/Monlam Grand/22798  + (ནད་སོགས་འགོས་པའམ་དེ་ཡིས་ཟིན་ཞིང་ཕོག་པའི་དོན་ཏེ།)
  • Dictionaries/Monlam Grand/22792  + (ནད་སོགས་འགོས་པའམ་ཕོག་པའི་དོན་ཅན་གྱི་ཐེབས་པ་དང་དོན་གཅིག)
  • Dictionaries/Monlam Grand/21715  + (ནད་སོགས་རྐྱེན་ངན་གྱི་རིགས་གང་ཞིག་ལ་ཡང་དང་བསྐྱར་དུ་འཕྲད་པ་ལ་བརྟེན་ནས་ལས་དེས་གནོད་སྐྱེལ་མི་ནུས་པའམ་མི་ཐུབ་པའི་དོན་ཏེ།)
  • Dictionaries/Monlam Grand/31302  + (ནད་སོས་པའམ་དྲག་སྐྱེད་བྱུང་བའི་དོན་ཏེ།)
  • Dictionaries/Monlam Grand/33096  + (ནད་སྐྱེད་པའི་རྒྱུ་གསུམ། ལྷན་ཅིག་བསྐྱེད་པའི་རྐྱེན་བཞི། འཇུག་སྒོ་རྣམ་པ་དྲུག གནས་རྣམ་པ་གསུམ། རྒྱུ་ལམ་བཅོ་ལྔ། ལྡང་དུས་དགུ། འབྲས་བུ་དགུ། ལྡོག་རྒྱུ་བཅུ་གཉིས། མདོ་དོན་རྣམ་པ་གཉིས་བཅས་སོ། །)
  • Dictionaries/Monlam Grand/33202  + (ནད་སྐྱེད་བྱེད་ཀྱི་ཕྱི་ནང་གི་དངོས་པོའི་མིང་ལ་ཟེར་ཏེ།)
  • Dictionaries/Monlam Grand/25420  + (ནད་སྟེང་དུ་དབུག་ནས་ཉེས་སྐྱོན་ཕྱིར་བསལ་བར་བྱེད་པའི་དངུལ་གྱི་ཐུར་མ།)