Khenchen Pema Dorje: Difference between revisions

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
No edit summary
Line 60: Line 60:


===Alternate Names & Spellings===
===Alternate Names & Spellings===
*Khenpo Padma Vajra ([[mkhan po pad ma badzra]])
*Khenpo Padma Vajra
*padma dam chos
*Pema Damcho (padma dam chos)
*Dzogchen Khenrab Pema Vajra (rdzogs chen mkhan rabs pad ma ba dz ra)
*Dzogchen Khenrab Pema Vajra (rdzogs chen mkhan rabs pad ma ba dz ra)
*Pema Damcho Ozer (padma dam chos 'od zer)
*Pema Damcho Ozer (padma dam chos 'od zer)
*Orgyen Chechok (o rgyan che mchog)
*Orgyen Chemchok (o rgyan che mchog)


===Internal Links===
===Internal Links===

Revision as of 17:56, 10 November 2008

མཁན་ཆེན་པདྨ་རྡོ་རྗེ།
mkhan chen pad ma rdo rje
མཁན་པོ་པདྨ་བཛྲ།
mkhan po padma badzra

Khenchen Padma Vajra, Pema Dorje

Short Biography

Dzogchen Khensur Padma Vajra, Pema Dorje (nineteenth century) was known as a great master in both the sutra and tantra traditions. His teachers included Gyalse Shenphen Thaye, the fourth Dzogchen Rinpoche, Khenchen Sengtruk Pema Tashi, and Paltrul Rinpoche. He received the Longchen Nyingthig transmissions from Jigme Gyalwe Nyuku (1765-1843), the fourth Dzogchen Rinpoche, Do Khyentse Yeshe Dorje, and Gyalse Shenpen Thaye. He is the author of the Nyingme Gal-len Rigpe Kyareng and An Instruction on the Recitation of Avalokiteshvara of Longchen Nyingthig.


དཔར་སྤྲུལ་སློབ་མ་རྫོགས་ཆེན་མཁན་ཆེན་པདྨ་རྡོ་རྗེ་ནི། སྐུ་ཆུང་དུས་ནས་བསྟན་པའི་གསོར་ཞུགས་ཤིང༌། སྐྱེ་ཐོབ་ཀྱི་མཁྱེན་རབ་

དཔག་ཏུ་མེད་པར་མངའ། རྫོགས་ཆེན་དང་རྫ་རྒྱུད་གོང་འོག་ཏུ་བཤེས་གཉེན་མང་པོའི་ཞབས་ལ་གཏུགས། འཇིགས་མེད་རྒྱལ་བའི་མྱུ་གུ།

རྡོ་གྲུབ་ཀུན་བཟང་གཞན་ཕན། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་རིན་པོ་ཆེ་རྣམས་ཐུན་མིན་གྱི་རིག་བདག་ཏུ་མཛད་དེ་མདོ་སྔགས་

གཞུང་ལུགས་ཀྱི་གནས་ལ་གསན་སྦྱངས་མཛད་པས་མཁས་གྲུབ་ཀྱི་གོ་སལ་བྱོན། གྲུབ་དབང་རྫོགས་ཆེན་པའི་མཁན་རབས་རིམ་བྱོན་གྱི་གསེར

་ཁྲིར་ཕེབས། སྔ་འགྱུར་ཕྱོགས་ལ་ལོག་རྟོག་བསལ་བའི་བརྒལ་ལན་སྐྱ་རེངས་དང་པོ་སོགས་གསུང་རྩོམ་ཆེ་ཕྲ་མང་པོ་མཛད། བདེ་གཤེགས་ཟུར

་པོ་ཆེའི་རྣམ་རོལ་དུ་གྲགས། དཔལ་གསང་བ་སྙིང་པོ་དང་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལུགས་རྣམས་སྙིང་པོར་བཟུང་ནས་བཤད་སྤེལ་གནང་

བས་བསྟན་རྩར་སྨན་ངེས་ཀྱི་སློབ་ཚོགས་མཐའ་ཡས་པ་བྱོན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་སྐྱེས་མཆོག་མང་པོས་སྔ་འགྱུར་བཀའ་

མ་རིན་པོ་ཆེ་དང་མདོ་ཚོགས་ཆེན་འདུས་པའི་དབང་ལུང་ཁྲིད་སོགས་ཟབ་ཆོས་མང་པོ་གསན་བསམ་གྱི་རྒྱུན་འདི་ལས་བཞེས། མཁྱེན་བརྩེ་རིན་པོ་

ཆེའི་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་གཏེར་ལུང་ལས་ཆོས་ཀྱི་བདག་པོར་ལུང་གིས་ཟིན་མན་ངག་སྙིང་ཐིག་ཆེན་མོའི་དབང་ཁྲིད་ལུང་རྒྱུན་ཐམས་ཅད་དུ་

རྗེ་འདི་མ་བཞུགས་པ་མེད་པ་གསན་ཡིག་རྣམས་ན་གསལ་བ་བཞིན་སྔ་འགྱུར་རང་རྐང་འཛིན་པའི་སྐྱེས་བུ་དམ་པ་ཕྲིན་ལས་ནམ་མཁའ་དང་མཉམ་

པར་བྱོན། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་དང་ལྷན་རྒྱས་སུ། མདོ་ཁམས་ཤར་ཤང་སྒོ་གངས་རྭ་ན་བཞུགས་པའི་སྐྱེས་བུ་ཆེན་པོ་སྒྲུབ་ཆེན་ཆོས་

དབྱིངས་རང་གྲོལ་ཞེས་པའི་འཇའ་ལུས་པ་ཉག་བླ་མ་པདྨ་བདུད་འདུལ་གྱི་བླ་མ་གནང་མཁན་དེ་དང་མཇལ་ཏེ་ཀཿཐོགས་སྔ་རབས་པའི་ཁྲིད་རྒྱུན་

གསན་པར་གནང་བ་སོགས་སྔ་འགྱུར་རང་རྐང་གི་སྲོལ་འཛིན་ཆེན་པོར་བཞུགས། སློབ་ཚོགས་ནི་མི་འགྱུར་ནམ་མཁའི་རྡོ་རྗེ་དང་དཔལ་སྤྲུལ་རིན་

པོ་ཆེ་སོགས་པལ་ཆེར་ཐུན་མོང་དུ་བཞུགས་སོ།། །།

Khenchen Padma Vajra, Pema Dorje

Literary Works

Main Teachers

Main Students

Main Lineages

Alternate Names & Spellings

  • Khenpo Padma Vajra
  • Pema Damcho (padma dam chos)
  • Dzogchen Khenrab Pema Vajra (rdzogs chen mkhan rabs pad ma ba dz ra)
  • Pema Damcho Ozer (padma dam chos 'od zer)
  • Orgyen Chemchok (o rgyan che mchog)

Internal Links

External Links