Property:definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
ཧ་ཅང་རྣོ་བའི་གྲིའི་རིགས།  +
མདོ། མངོན་པ་མཛོད་ནས་བཤད་པའི་ཚ་དམྱལ་བརྒྱད་ཀྱི་ཉེ་འཁོར་དམྱལ་བ་བཞིའི་ནང་གསེས་ཤིག་སྟེ། རོ་མྱགས་ཀྱི་འདམ་ལས་ཐར་པ་ན་སྤུ་གྲིའི་སོས་གཏམས་པའི་ལམ་པོ་ཆེ་གང་དུ་འགྲོ་བ་ན་པགས་པ་དང་ཤ་ཁྲག་ཞིག་པར་འགྱུར་བ་སོགས་པ་ལོ་མ་རལ་གྲི་ལྟ་བུའི་ནགས་ཁྲོད་དུ་རལ་གྲི་རྣོན་པོ་རྣམས་ལྷུང་བས་ཡན་ལག་དང་ཉིང་ལག་གཅོད་པ་དང་། ཁྱི་སྲེ་བོ་རྣམས་ཀྱིས་ཀྱང་ཟ་བར་བྱེད་པ་དང་། ལྕགས་ཀྱི་ཤལ་མ་ལི་ནགས་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་གང་དུ་སེམས་ཅན་དེ་དག་འཛེག་པ་ན་ནི་ཚེར་མ་དེ་རྣམས་ཁ་ཐུར་དུ་ལྟ་བར་འགྱུར་ཞིང་ལུས་འབིགས་པར་བྱེད་ལ། འབབ་པ་ན་ནི་ཁ་གྱེན་དུ་ལྟ་བར་འགྱུར་ཞིང་ ཁྭ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་མིག་ཕྱུང་ཏེ་ཟ་བ་རྣམས་མཚོན་ཆ་མངོན་པར་འབབ་པ་འདྲ་བའི་ཕྱིར་གཅིག་ཏུ་བྱའོ། །ཞེས་འགྲེལ་པ་ལས་གསུངས། དབྱེ་ན་ཚ་དམྱལ་བརྒྱད་ཀྱི་ཉེ་འཁོར་ཡོད་པས་བརྒྱད་དོ། །  +
འདུལ་བ་ཕྲན་ཚེགས་ཀྱི་གཞིའི་སྡེ་ཚན། འདུལ་བ་ཐ་པར་བཞུགས།  +
ཕྱི་རོལ་གྱི་དངོས་པོའམ་ཡུལ་གྱི་དངོས་པོ་ལ་ཟེར།  +
རྙིང་མ། བླ་མ་དྲག་པོའི་ཐུགས་སྒྲུབ་ལས། སྤུ་གྲི་སྲོག་གཅོད་ཀྱི་ལས་ཚོགས། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་བུད་མེད་བློ་དམན་སྟོབས་ཆུང་ཡང༔ གུ་རུའི་གསུང་ལ་མི་བརྗེད་གཟུངས་ཀྱིས་བཅངས༔ སྐྱོ་ངལ་མེད་པར་ཤོག་སེར་དཔག་མེད་བྲིས༔ སྙིགས་མའི་འགྲོ་ལ་ཁོ་མོ་དྲིན་ཆེ་སེམས༔ མཐའ་དབུས་ཀུན་ཏུ་གཏེར་ཁ་དཔག་མེད་སྦས༔ ལས་ཅན་རྣམས་ལ་དོན་སྤྱོད་སྨོན་ལམ་བཏབ༔ ཁྱད་པར་དྲག་སྒྲུབ་ཀུན་གྱི་ཡང་སྙིང་འདི༔ ལྷོ་གཏེར་འབྲས་བུ་མཁར་ཆུའི་བྲག་ལ་སྦས༔ ཕྱི་མའི་དུས་ན་སྐལ་ལྡན་སྙིང་སྟོབས་ཅན༔ ཐུགས་ཀྱི་སྲས་ཕྲད་འགྲོ་དོན་དཔག་མེད་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་མཁར་ཆུ་ནས་གདན་དྲངས། འདིའི་བརྗོད་དོན་ནི། རྒྱལ་བསེན་འགོང་པོ་དམ་སྲི་ཕོ་མོ་ལ་སོགས་པའི་སྦྱོར་བ་ངན་པའི་གནོད་བྱེད་ཐམས་ཅད་འདུལ་བའི་མན་ངག་བསྟན་ནོ། །  +
ཉེ་འཁོར་བའི་དམྱལ་བ་དྲུག་གི་ཡ་གྱལ་ཏེ་སྤུ་གྲིས་གཏམས་པའི་ཐང་།  +
སྔགས། ཨ་ནུ་ཡོ་ག རྙིང་མ། སེམས་ཀྱི་ཐ་སྙད་གྲགས་པ་བརྒྱ་དང་བརྒྱད་ཅུའི་ནང་གསེས་ཤིག་སྟེ། གང་བསམ་པ་ལས་ཡུལ་གཞན་དུ་མི་འཇུག་པར་བཞར་བར་སེམས་པའི་བློའི་རྣམ་པ་ཅན་ཞིག་ཡིན།  +
སྤང་སྤོས་ཏེ། སྡོང་བུའི་སྟོད་དུ་བ་སྤུ་ཐུང་བ་གྲལ་གཉིས་ཆ་མཉམ་པར་སྐྱེས་ཤིང་། སྨད་ཀྱི་མཐའ་ཁར་བ་སྤུས་ཁྱབ་པས་ནའོ། །  +
སྤུ་རིང་ཙམ་ཡོད་པའི་སྣམ་བུའི་རིགས་ཤིག་སྟེ། སྣམ་བུ་སྤུ་ཆེན་ཟེར།  +
བ་སྤུའི་ཉག་མའམ་སྤུའི་རྐང་སྟེ།  +
དྲལ་བ།  +
རྒྱུ་ཆ་སྤུ་ལས་བཟོས་པའི་ཐག་པ།  +
དགུན་དུས་ཀྱི་གྱོན་རྒྱུའི་མལ་གཟན་སྤུ་རིང་གི་ཐུལ་པ།  +
ར་ལུག་སོགས་ལ་འབོད་ཚུལ།  +
སྤུ་མདོག་དཀར་པོའི་རིགས་ཀྱི་བལ་དང་། རྩིད་པ། ཁུལ་ལུ་སོགས་ཀྱི་དོན།  +
ཕྱག་རྒྱ་མའམ་སྔགས་ཀྱི་རྣལ་འབྱོར་པས་བསྟེན་མའི་རིག་མ། འདི་ལ་གཞུང་ཁུངས་ལྡན་ནང་གཟུངས་མ་ཞེས་བྲིས་ཡོད།  +
བ་སྤུའི་ཁྲོད་དམ་སྐྲ་དང་སྤུའི་དབུས།  +
ཕྱི་ལོའི་སྔོན་གྱི་དུས་རབས་གཉིས་པར་ཡབ་རྒྱལ་པོ་གྲི་གུམ་བཙན་པོ་དང་། ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལོ་ངམ་རྟ་རྫིས་ཡབ་རྒྱལ་པོ་བཀྲོངས་རྗེས་སྤོ་བོའི་ཡུལ་དུ་བྲོས། ཡུལ་དེའི་རྗེ་བོ་མཛད་ནས་བཞུགས། བློན་པོ་རུ་ལས་སྐྱེས་ཀྱིས་ཡར་ལུང་དུ་གདན་དྲངས། རྒྱལ་སར་ཡང་བཀོད། སྐུ་གཤེན་ནི་གཅོའུ་གཉའ་བཞེད་ཀྱིས་མཛད། བློན་པོ་ནི་རུ་ལས་སྐྱེས་ཀྱིས་མཛད། གསས་མཁར་ཁྲི་སྐོར་དང་། འཕྱིངས་པ་སྟག་རྩེ་བཞེངས། བཙུན་མོ་འོམ་ཐང་སྨན་མཚོ་ཁབ་ཏུ་བཞེས། རིགས་སྲས་ཨེ་ཤོ་ལེགས་འཁྲུངས། བང་སོ་ཡབ་ཀྱི་འགྲམ་དུ་བརྩིགས། ཞང་ཞུང་ནས་བོན་ལ་མཁས་པའི་གཤེན་པོ་དུ་མ་སྤྱན་དྲངས། བོན་གྱི་དཔེ་ཆ་ཡང་མང་དུ་བསྒྱུར། བོན་གྱི་བསྟན་པ་རྒྱས་པར་མཛད། བོད་ཀྱི་རྒྱལ་རབས་དགུ་པ་དང་། སྟོད་ཀྱི་སྟེངས་གཉིས་ཀྱི་ཡ་གྱལ་ཡིན། མཚན་གཞན། བྱ་ཁྲི་བཙན་པོ།  +
འབྲི་གཡག་སོགས་གནག་ཕྱུགས་ལ་འབོད་ཚུལ།  +
སྤུའི་ཁ་མདོག་ནག་པོའི་རྣམ་པ།  +