Search by property
Jump to navigation
Jump to search
This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.
List of results
- Dictionaries/Monlam Grand/80007 + (སློབ་དཔོན་ཨ་བྷི་ཛུ་ཀ་ཏས་མཛད་པའི་རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་གསང་བའི་སྦྱིན་སྲེག་གི་ཆོ་ག ཟུར་མཆན། འདི་དང་གོང་གི་ཆོས་ཚན་ ༠༤༧༦ པ་གཉིས་འགྱུར་བྱང་ཡོད་མེད་དང་། མཛད་བྱང་མི་འདྲ་བ་ལས། གཞུང་དངོས་ཡིག་འབྲུ་རེ་གཉིས་ཙམ་ལས་ཁྱད་པར་མེད། བསྟན་འགྱུར་རྒྱུད་འ་པར་བཞུགས།)
- Dictionaries/Monlam Grand/67096 + (སློབ་དཔོན་ཨརྱ་དེ་བ་སྟེ། བོད་སྐད་དུ་སློབ་དཔ … སློབ་དཔོན་ཨརྱ་དེ་བ་སྟེ། བོད་སྐད་དུ་སློབ་དཔོན་འཕགས་པ་ལྷ་ཟེར། འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་ཀྱི་སློབ་མ། ནང་པ་རྣམས་ཀྱིས་སློབ་དཔོན་ཀླུ་སྒྲུབ་དངོས་དང་ཁྱད་མེད་པའི་བརྩི་བཀུར་དང་དད་གུས་ཞུ་ཡུལ་དང་། ནང་པ་ཙམ་མ་ཟད་མུ་སྟེགས་པའི་གྲུབ་མཐའ་ལ་ཡང་ཧ་ཅང་མཁས་པ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་འགའ་ཞིག་ནང་བཤད་སྲོལ་ལ་སློབ་དཔོན་འདི་སིངྒལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས་ཞེས་གསལ་ཡང་། རྒྱ་གར་གྱི་ལོ་རྒྱུས་ཁུངས་མ་ལྟར་ན། སིངྒལ་གླིང་གི་རྒྱལ་པོ་པཉྩ་ཤྲི་གམ་ཞེས་པའི་སྲས་ཡིན་པར་བཤད་ཡོད་ཚུལ་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་གི་ནང་གསལ། མཁན་པོ་ཧེ་མ་དེ་ཝ་ལས་རབ་ཏུ་བྱུང་ཞིང་དགེ་སློང་གི་སྡོམ་པ་ཞུས། དེ་ནས་རྒྱ་གར་གྱི་སྐམ་ས་ཆེན་པོའི་ཐོག་ཡོད་པའི་ལྷ་ཁང་དང་མཆོད་རྟེན་རྣམས་མཇལ་བར་ཕེབས། སྐབས་དེར་སློབ་དཔོན་ཀླུ་སྒྲུབ་ལྷོ་ཕྱོགས་རྒྱུད་དུ་ཕེབས་པ་དང་སྟབས་ཁེལ་ནས་མཇལ་ཏེ། སློབ་དཔོན་གྱི་དྲུང་དུ་མདོ་སྔགས་ཀྱི་ཆོས་མཐར་ཕྱིན་པ་གསན། སློབ་དཔོན་ཀླུ་སྒྲུབ་སྐུ་འདས་ཁར་བསྟན་པའི་བདག་པོར་བསྐོས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སངས་རྒྱས་ཀྱི་ཆོས་དར་སྤེལ་གནང་སྟེ། ལྷ་ཁང་དང་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དེ་ཐམས་ཅད་དུ་ཆོས་ལུགས་སློབ་སྦྱོང་བྱེད་སའི་རྟེན་གཞིའམ་ཆོས་གཞི་བཙུགས། བྲམ་ཟེ་ཐུབ་དཀའ་ནག་པོ་ཞེས་པ་རྩོད་པ་ལ་འགྲན་ཟླ་མེད་པ་དེ་ཕམ་པར་མཛད་ནས་རང་ཉིད་ཀྱི་སློབ་མར་གྱུར་པའི་མཚན་ལ་སློབ་དཔོན་དཔའ་བོ་ཞེས་ཟེར་ཞིང་། ན་ལེནྡྲའི་དགོན་པར་ཡང་ཡུན་རིང་དུ་བཞུགས། སྐུ་ཚེའི་སྨད་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་རང་དུ་བཞུགས་ནས་དེར་སྐུ་འདས། སློབ་དཔོན་འདིས་བརྩམས་པའི་བསྟན་བཅོས་ལ། དབུ་མའི་ལྟ་བ་རྒྱས་པར་བཤད་པ་དབུ་མ་བཞི་བརྒྱ་པ། དེ་མདོར་བསྡུས་ནས་བཤད་པ་དབུ་མ་ལག་པའི་ཚད། དེ་ལ་རྩོད་པ་སྤོང་བ་འཁྲུལ་བ་བཟློག་པའི་གཏན་ཚིགས་གྲུབ་པ། མཚན་ཉིད་དང་སྔགས་ཀྱི་གྲུབ་མཐའི་རྣམ་གཞག་སྟོན་པ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས། གསང་སྔགས་ཀྱི་ལྟ་སྤྱོད་གཏན་ལ་འབེབས་པ་སྤྱོད་པ་བསྡུས་པའི་སྒྲོན་མ། དེ་རིགས་པས་སྒྲུབ་པ་སེམས་ཀྱི་སྒྲིབ་སྦྱོང་། སྨིན་བྱེད་དབང་གི་ཆོ་ག་ལ་རྡོ་རྗེ་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས། བསྐྱེད་རིམ་སྟོན་པ་རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་ལ་སོགས་པ་མཛད་པ་རྣམས་དུས་རབས་བཅུ་གཅིག་པའི་ནང་བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་སོགས་ཀྱིས་རིམ་བཞིན་བསྒྱུར་བ། བསྟན་འགྱུར་དུ་གསལ།ཀྱིས་རིམ་བཞིན་བསྒྱུར་བ། བསྟན་འགྱུར་དུ་གསལ།)
- Dictionaries/Monlam Grand/27501 + (སློབ་དཔོན་ཨརྱ་དེ་ཝའམ་འཕགས་པ་ལྷའི་དབུ་མ་བཞི … སློབ་དཔོན་ཨརྱ་དེ་ཝའམ་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ་ལེའུ་བཅུ་དྲུག་གི་ལེའུ་སོ་སོའི་དོན་སྟོན་ཚུལ་ནི། ༡ རྟག་འཛིན་བཟློག་པའི་ལེའུ། ༢ སྡུག་བསྔལ་བདེ་བར་འཛིན་པ་བཟློག་པའི་ལེའུ། ༣ མི་གཙང་བ་གཙང་བར་འཛིན་པ་བཟློག་ནས་འཁོར་བ་ལ་སྐྱོ་ཤས་བསྐྱེད་པའི་ལེའུ། ༤ བདག་མེད་ལ་བདག་ཏུ་འཛིན་པ་བཟློག་པའི་ལེའུ། ༥ ཐེག་ཆེན་སྨོན་འཇུག་སེམས་བསྐྱེད་སྤྱོད་པ་ཕྱིན་དྲུག་བསྟན་པའི་ལེའུ། ༦ ཀུན་འབྱུང་ལས་དང་ཉོན་མོངས་པ་སྐྱེ་བ་དང་གནས་པ་དང་འཕེལ་བའི་ཡུལ་དགག་པའི་ལེའུ། ༧ འདོད་པའི་འདོད་ཆགས་མངོན་འགྱུར་དགག་པའི་ལེའུ། ༨ སློབ་མ་རྒྱུད་སྨིན་པར་བྱས་ནས་ཡོངས་སུ་སྦྱོང་བའི་ལེའུ། ༩ རྟག་པའི་དངོས་པོ་དགག་པའི་བསྒོམ་པའི་ཏིང་ངེ་འཛིན་བསྟན་པའི་ལེའུ། ༡༠ བདག་འཛིན་དགག་པའི་བསྒོམ་པ་བསྟན་པའི་ལེའུ། ༡༡ དུས་དགག་པ་བསྒོམ་པ་བསྟན་པའི་ལེའུ། ༡༢ བལྟ་བྱ་དགག་པ་བསྒོམ་པ་བསྟན་པའི་ལེའུ། ༡༣ དབང་པོ་དང་དོན་དགག་པ་བསྒོམ་པ་བསྟན་པའི་ལེའུ། ༡༤ མཐར་འཛིན་དགག་པ་བསྒོམ་པ་བསྟན་པའི་ལེའུ། ༡༥ འདུས་བྱས་ལ་ཞེན་པ་དགག་པ་བསྒོམ་པ་བསྟན་པའི་ལེའུ། ༡༦ བླ་མ་དང་སློབ་མའི་མཚན་ཉིད་དང་བསྟན་བཅོས་རྩོམ་པའི་དགོས་པ་བསྟན་པའི་ལེའུ་བཅས་སོ། །ོས་རྩོམ་པའི་དགོས་པ་བསྟན་པའི་ལེའུ་བཅས་སོ། །)
- Dictionaries/Monlam Grand/103709 + (སློབ་མ་ལ་དངོས་སུ་དབང་བསྐུར་བའི་ཉེ་བའི་སྔོན་འགྲོ་སྟེ། གདོང་གཡོགས་དང་བཅས་ཏེ་དཀྱིལ་འཁོར་དུ་འཇུག་པ་ཕྱི་འཇུག་དང༌། ནང་འཇུག་དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་གཞུག་པའོ། །)
- Dictionaries/Monlam Grand/6262 + (ཧ་ཅང་གལ་ཆེན་ནམ་རྩ་ཆེན་དུ་བརྩི་བའི་དངོས་པོའི་མིང་སྟེ།)
- Dictionaries/Monlam Grand/6494 + (ཧ་ཅང་མཐུག་པོའམ་སད་དཀའ་བའི་གཉིད་ཀྱི་དོན་ཏེ།)
- Dictionaries/Monlam Grand/103914 + (ཧམ་པ་བྱས་ནས་དོན་དངོས་ཁས་མི་ལེན་པའི་དོན།)
- Dictionaries/Monlam Grand/62824 + (ཧུར་པོ་སྟེ། བརྩོན་པ་ཆེན་པོའམ་དོ་ཁུར་ཆེ་བའི་རྣམ་པ།)
- Dictionaries/Monlam Grand/67912 + (ཧུར་བརྩོན་ཆེན་པོའམ། འབད་པ་མང་པོའི་དོན་ཏེ།)
- Dictionaries/Monlam Grand/104244 + (ཧྲག་གེ་ཧྲུག་གེ་ཞེས་པའི་བསྡུས་ཚིག་སྟེ། དངོས་རྫས་གཅིག་ཧྲིལ་པོ་མ་ཡིན་པ། རྡོག་པོ་ཆུང་ཆུང་མང་པོའི་རྣམ་པ།)
- Dictionaries/Monlam Grand/74996 + (ཧྲིལ་པོའམ་ཡོངས་རྫོགས།)
- Dictionaries/Monlam Grand/4244 + (ཧྲིལ་པོའམ་རིལ་པོའི་དོན་ཏེ།)
- Dictionaries/Monlam Grand/13968 + (ཨ་ག་རུའི་སྤྱི་མིང་། ཨ་ག་རུ་ནི་ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན།)
- Dictionaries/Monlam Grand/96093 + (ཨ་གཟི་བསོད་ནམས་འབུམ་པས་རབ་བྱུང་བརྒྱད་པའི་མ … ཨ་གཟི་བསོད་ནམས་འབུམ་པས་རབ་བྱུང་བརྒྱད་པའི་མཇུག་འདིར་ཞབས་ཀྱིས་བཅགས་ཏེ་སྒྲུབ་པ་ལོ་མང་བཞུགས་པས་གོ་ཆེན་ཟེར་བའི་ས་དེར་སྒྲུབ་ཕུག་དང་། གང་ཟག་གི་མིང་གནས་ལ་ཐོག་སྟེ། ད་ལྟ་གོ་ཆེན་བསོད་ནམས་འབུམ་ཞེས་ཟེར་སྲོལ་ཡོད། དེའི་གནས་རྒྱབ་ཏུ་བསོད་ནམས་འབུམ་པའི་སློབ་མ་ལྔ་ཚོ་ཀུན་དགའ་འབུམ་གྱི་སྒྲུབ་ཕུག་དང་། རྡོ་ངོས་ལ་རྫུ་འཕྲུལ་གྱིས་ཕྱག་བྲིས་མ་ཎི་འབྲུ་དྲུག་མཇལ་རྒྱུ་ཡོད། ཀཿཐོག་པའི་སློབ་བརྒྱུད། མགོ་ཡོད་ཐོགས་བཟུང་བླ་མ་དང་། འབོར་རྔ་ཆིབས་བླ་མ་སོགས་བྱ་བྲལ་གྲུབ་ཐོབ་མང་པོའི་སྒྲུབ་གནས་ཡིན་པས་སྒོམ་ཕུག་ཞེས་མིང་དུ་གྲགས། ཕྱིས་རབ་བྱུང་བཅུ་གསུམ་པའི་ས་ཡོས་ལོར་སྒྲུབ་སྡེ་དངོས་སུ་བཙུགས་ནས་བཤད་པ་དང་སྒྲུབ་པའི་སྡེ་འདི་བཏབ། དགོན་པ་འདིར་གཙོ་ཆེར་ཀཿཐོག་པའི་བླ་མ་རིམ་བྱོན་སྤྱི་དང་། ཁྱད་པར་རྨོག་སྤྲུལ་སྐུ་ཕྲེང་རྣམས་ཀྱིས་དགོན་བདག་མཛད། ཕྱིས་རྨོག་རྩ་འཇིགས་བྲལ་ཕྱོགས་ཀྱི་གླང་པོ་དང་། སྲས་ཀུན་བཟང་གཉིས་ཀ་དགོན་འདིར་ཡུན་རིང་བཞུགས། སྔོན་དུས་བླ་སེར་ལྔ་བཅུ་ཁ་ལྷག་རེ་བཞུགས་པ་དེ་རྣམས་ཀྱིས་རྨོག་གྲུབ་བཀའ་བརྒྱད་དང་། མཁའ་འགྲོ་དགོངས་འདུས། ཀར་གླིང་ཞི་ཁྲོ་མ་ཎི་དུང་སྒྲུབ་སོགས་དང་། ཚེས་བཅུའི་དུས་མཆོད་དང་ལོ་མཇུག་དགུ་གཏོར་སོགས་དགོན་པ་གཞན་རྣམས་ཀྱི་སྲོལ་རྒྱུན་ལྟར་གནང་། དུས་འགྱུར་ཆེན་པོའི་རྗེས་རྨོག་སྤྲུལ་རིན་པོ་ཆེ་འཇིགས་བྲལ་ཕྱོགས་ལ་རྣམ་རྒྱལ་གྱི་བཀའ་དྲིན་དང་། མཁས་བཙུན་གྲུབ་པའི་རྣལ་འབྱོར་པ་བླ་མ་དཔལ་ལྡན་སོགས་ཀྱི་ཐུགས་བསྐྱེད་དང་ཆོས་དད་མང་ཚོགས་བཅས་ཀྱི་བཀའ་དྲིན་ལས། འདུ་ཁང་སྔར་མུས་ལྟར་གསར་བཞེངས་དང་། རྨོག་གྲུབ་འདྲ་ཞལ། མགོན་ཁང་ཇ་ཁང་། དུང་འཁོར་ཁང་བཅས་གྲུབ་པ་དང་། བླ་གྲྭ་ཇོ་སེར་བཞི་བཅུ་ཁ་ལྷག་གིས་རྨོག་གྲུབ་བཀའ་བརྒྱད་དང་། མཁའ་འགྲོ་དགོངས་འདུས་ཀྱི་སྒྲུབ་ཆེན། ཀར་གླིང་ཞི་ཁྲོ་དང་སྨྱུང་གནས། ཡུལ་དགོན་ཀུན་ནས་མ་ཎི་དུང་སྒྲུབ་བཅས་ཀྱི་སྒོ་ནས་སྔར་སྲོལ་ཉམས་གསོ་བྱེད་བཞིན་ཡོད།ཀྱི་སྒོ་ནས་སྔར་སྲོལ་ཉམས་གསོ་བྱེད་བཞིན་ཡོད།)
- Dictionaries/Monlam Grand/40597 + (ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་མན … ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་མན་ངག་གཏན་ལ་འབེབ་པའི་གཏན་ཚིགས་གསུམ་དུ་གསུངས་པའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལྟ་བུའི་ངང་དང་རང་བཞིན་གཉིས་སུ་མེད་པའི་དོན་འདིར་ཐེ་ཚོམ་ཆད་ནས་ཐབས་ཁྱད་པར་ཅན་གྱིས་རྟོགས་པའི་གདེངས་རྙེད་དེ་རང་བཞིན་ངང་དུ་ཕེབས་པས། དངོས་པོ་ཐ་དད་པ་ཐམས་ཅད་རང་བྱུང་ཡེ་ཤེས་བདག་ཉིད་ཆེན་པོའི་ངོ་བོར་གཅིག་ཏུ་མཐུན་པར་རང་སྣང་ཞིང་ལྷག་པའི་ཆོས་སྐུ་ཆེན་པོར་གསལ་བ་ལ་དབྱེར་མེད་མཚོན་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ཞེས་བྱ་སྟེ། ཕྱོགས་ཐ་དད་པའི་ཡུལ་དུས་ཀྱི་སྣང་བའི་རིས་དང་བྲལ་བའོ། །ཞེས་གསུངས།ུས་ཀྱི་སྣང་བའི་རིས་དང་བྲལ་བའོ། །ཞེས་གསུངས།)
- Dictionaries/Monlam Grand/709 + (ཨ་བསྟན་ཕུན་ཚོགས་སྐུ་ཕྲེང་དྲུག་པ་ཡིན། ཁོང་ར … ཨ་བསྟན་ཕུན་ཚོགས་སྐུ་ཕྲེང་དྲུག་པ་ཡིན། ཁོང་རབ་བྱུང་བཅུ་བཞི་པའི་ཆུ་ཡོས་ཕྱི་ལོ་ ༡༨༤༣ ལོར་གཏེར་ཆེན་སྒེ་རུ་ཆོས་རྒྱལ་རྡོ་རྗེའི་སྲས་སུ་འཁྲུངས་། སི་ཏུ་པདྨ་ཀུན་བཟང་དང་། དཔའ་བོ་གཙུག་ལག་ཆོས་རྒྱལ་སོགས་ཞལ་མཐུན་པས་ཕ་དམ་པ་སངས་རྒྱས་དངོས་བྱོན་རྗེ་བསྟན་འཛིན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད། རིགས་གསུམ་མགོན་པོའི་རྣམ་འཕྲུལ་སྐྱོ་བྲག་གསལ་བསྟན་དུང་གསུམ་དང་། གནས་མདོ་བདེ་ཆེན་སྙིང་པོ་སོགས་ལས་བཀའ་གཏེར་གསར་རྙིང་གི་སྨིན་གྲོལ་རྒྱབ་རྟེན་བཅས་ལ་གསན་བསམ་སྒོམ་གསུམ་དང་། ཁྱད་པར་ཡབ་ཆོས་ཛམ་དཀར་ལྷ་ལྔའི་སྒྲུབ་པ་ལོ་མང་མཛད་པས་ཞལ་གཟིགས་ཐོབ། མར་ཁུའི་ཆར་ལན་གསུམ་བབས་པ་སོགས་དངོས་གྲུབ་ཀྱི་མཚན་མ་བརྙེས་པའི་རྩོད་བྲལ་གྱི་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས། མཐར་དགུང་གྲངས་དོན་དགུ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ཕྱི་ལོ་ ༡༩༢༡ ལ་སྐུ་གཤེགས།ོ་ལྔ་པའི་ལྕགས་བྱ་ཕྱི་ལོ་ ༡༩༢༡ ལ་སྐུ་གཤེགས།)
- Dictionaries/Monlam Grand/102124 + (ཨ་རུ་རའི་མིང་གི་རྣམ་གྲངས་ཤིག་སྟེ། ལོ་མང་སྐ … ཨ་རུ་རའི་མིང་གི་རྣམ་གྲངས་ཤིག་སྟེ། ལོ་མང་སྐྱེས་པའི་སྡོང་རིང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག སྡོང་པོ་སྦོམ་ལ་རིང་ཞིང་འདྲོང་བའི་མདོག་ལྗང་སྐྱ་ངོས་འཇམ་པ་དང་ཡལ་ག་དང་ཡལ་ཕྲན་མང་ཞིང་གསར་སྐྱེས་ཡལ་ག་གོང་ལས་ལྗང་བ། སྤྱིའི་སྐྱེ་དབྱིབས་དང་མདོག་སྟར་སྡོང་འདྲ་ཡང་དེ་ལས་འདྲོང་ལ་ལོ་མང་ལྗང་སེར་སྒོར་ལ་ཆེ་ཞིང་ཅུང་ཟད་མཐུག་པའི་མདུན་ལྗང་ཞིང་རྒྱབ་སྐྱ་བ་སྒོང་དབྱིབས་སམ་སྦྱོར་པའི་ལོ་མའི་དབྱིབས་ཅན་གྱི་མཐའ་མཉམ་ཞིང་རྩེ་རྣོ་བའམ་སྒོར་བ་ངེས་པ་མེད་ཅིང་། ངར་བ་རིང་བ་རེས་མོས་སུ་སྐྱེ་བར་ཞིབ་ཕྲ་བལྟས་ཚེ་སྤུ་སེར་ཐར་ཐོར་ཡོད། ལོ་མར་རྩ་རིས་སྨད་ནས་གྱེས་པ་ཁ་སྤྲོད་དང་སྟོད་ཆར་རེས་མོས་གྱེས་པ་རྒྱབ་མདུན་གཉིས་ཀར་གསལ་པོ་ཡོད་པ། མེ་ཏོག་སེར་པོ་འདབ་མ་ལྔ་དང་ལྡན་པར་འོད་མདངས་ཅན་སྡོང་པོ་དང་ཡལ་གའི་ལོ་མའི་མཚམས་ནས་ཆུན་པོར་འཆར། འབྲས་བུ་སེར་པོ་མགོ་མཇུག་ཕྲ་ལ་ལྟོ་བ་སྦོམ་པ་སྐམ་ན་གཉེར་མ་ཡོད་པ་ཤ་རྒྱུ་ཅན་གྱི་ནང་དུ་ཚི་གུ་མཁྲེགས་པོ་ཡོད་པའོ། །ཨ་རུ་ར་ཞེས་བྱ་བའི་ཤིང་། སྡོང་པོ་ཆེ་ལ་ལོ་མ་མཐུག མེ་ཏོག་སེར་པོའི་འབྲས་བུ་ལ། རིགས་ནི་བརྒྱད་དམ་བདུན་ནམ་ལྔ། རོ་ནི་དྲུག་དང་ལྡན་པ་སྟེ། ནུས་པས་ནད་ཀུན་སེལ་བར་བྱེད།ག་དང་ལྡན་པ་སྟེ། ནུས་པས་ནད་ཀུན་སེལ་བར་བྱེད།)
- Dictionaries/Monlam Grand/105358 + (ཨ་ཤོ་གནྡྷ་དང་དོན་གཅིག་སྟེ། རྟ་ཡི་དྲི་མའམ་བ … ཨ་ཤོ་གནྡྷ་དང་དོན་གཅིག་སྟེ། རྟ་ཡི་དྲི་མའམ་བ་སྤྲུ་སྟེ་ལོ་མང་སྐྱེ་བའི་སྔོན་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཐལ་སྐྱ་མདོག་སྦོམ་ཞིང་རྒྱས་པར་རྩ་ཕྲན་གྱེས་ཤིང་། གཏུབ་ན་ལ་ཕུག་འདྲ་བའི་རྩ་རིས་ཡོད་པ་དང་། སྡོང་པོ་ལྗང་ལ་དམར་མདངས་ལྡན་པ་ཕྲ་ལ་རིང་བར་ཚིགས་པ་ཡོད་པ། ཕྲེད་དུ་ཉལ་ནས་སྐྱེ་བའི་སྟོད་སྨད་གང་ས་ནས་ཡལ་ག་གྱེས། ཡལ་སྡོང་གཉིས་ལ་སྤུ་དཀར་ཐུང་ཡོད། ལོ་མ་ལྗང་སྐྱ་ཅུང་ཆེ་བ་སྒོང་དབྱིབས་སམ་སྙིང་དབྱིབས་འདྲ་བ་རྩུབ་ཅིང་། འབྱར་བག་ཅན་གྱི་རྒྱབ་སྐྱ་བའི་མཐའ་མཉམ་པར་རྩ་རིས་དྲ་བ་ལྟར་གྱེས་ཤིང་ངར་བ་རིང་བ་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་དཀར་ལ་དམར་མདངས་མཆིས་པ་འདབ་མ་ལྔ་ལྡན་སྡོང་པོ་དང་ཡལ་གའི་རྩེར་གཉིས་རེ་ཁ་སྤྲོད་དུ་འཆར་བ་ཡིན། འབྲས་བུ་སྐམ་ཚིག་མཁྲེགས་པ་ཟུར་གསུམ་རེ་ཡོད། འབྲས་བུ་སྐམ་ཚིག་མཁྲེགས་པ་ཟུར་གསུམ་རེ་ཡོད།)
- Dictionaries/Monlam Grand/105674 + (ཨབྷཱབ་ནི་དངོས་པོ་མེད་པ།)
- Dictionaries/Monlam Grand/75156 + (ཨམ་ཕྲག་ནང་དུ་ཆེད་མངགས་བཅའ་དངོས་བཅུག་ཏུ་འཇུག་པ།)
- Dictionaries/Monlam Grand/106004 + (ཨཱ་ཙཱརྻ་ཀུ་ཀུ་རཱ་ཛ་ནི་སློབ་དཔོན་ཀུཀུརཱཛ་འམ … ཨཱ་ཙཱརྻ་ཀུ་ཀུ་རཱ་ཛ་ནི་སློབ་དཔོན་ཀུཀུརཱཛ་འམ་དགེ་སློང་ཀུ་ཀུ་རཱ་ཛར་གྲགས་པ་དེ་ཉིད་ལགས་ཤིང་། རྒྱལ་པོ་ཛཿདང་དུས་མཉམ་པར་བྱུང་བའི་ཡུལ་དབུས་ཀྱི་དགེ་སློང་རིག་པ་འཛིན་པ་ཞིག་སྟེ། རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་ལྷའི་རྔ་བོ་ཆེ་ལས། ཡུལ་གྱི་དབུས་སུ་ཡུལ་མལབ་ན་ཨཱ་ཙཱརྻ་ཀུ་ཀུ་རཱ་ཛ་ཉིན་ཞིང་ཁྱི་སྟོང་ཙམ་ལ་ཆོས་འཆད། མཚན་ཞིང་ཁྱི་དེ་དག་ལ་དམ་ཚིག་གི་ལོངས་སྤྱོད་མཛད་ཅིང་ཁྱིའི་སློབ་དཔོན་མཛད་པ་ཞིག་བཞུགས། ཞེས་དང་། སློབ་དཔོན་ཀུ་ཀུ་རཱ་ཛ་ཁྱིའི་རྒྱལ་པོ་ཞེས་པར་གྲགས་ཤིང་། ལོ་རྒྱུས་འགའ་ཞིག་ཏུ་ཀུཏརཱཛ་ཞེས་ཀྱང་འབྱུང་སྟེ། ཉིན་མོ་ཁྱིའི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲག་རེ་ལ་ཆོས་སྟོན་ཅིང་། མཚན་མོ་དེ་དག་དང་ལྷན་ཅིག་ཏུ་དུར་ཁྲོད་ཀྱི་གནས་རྣམས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ལ་གནས་ཤིང་། དེ་ལྟར་ལོ་བཅུ་གཉིས་སུ་སྤྱད་པས་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཡིན་ལ། ཡང་ཁ་ཅིག་གིས། སློབ་དཔོན་འདིས་སྤྱོད་པ་ལ་གནས་པའི་ཚེ། ཨུ་རྒྱན་དུ་བྱོན་ནས་སླར་ཡང་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་ནང་ནས་སངས་རྒྱས་མཉམ་སྦྱོར་ལ་སོགས་པའི་ནང་རྒྱུད་སྡེ་ལྔ་རྒྱ་ཆེར་བཤད་ཅིང་། མཐར་གྱིས་ཟླ་གསང་ཐིག་ལེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ནོ་ཞེས་ཀྱང་ཟེར། སློབ་དཔོན་འདིས་མཉམ་སྦྱོར་ལ་རྩལ་དུ་བཏོན་ཅིང་གསང་དོན་རྣམ་པར་དགོད་པ་དྲུག་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་པ་སོགས་བསྟན་བཅོས་དུ་མ་མཛད་དོ། །ཞེས་གསུངས།་པ་སོགས་བསྟན་བཅོས་དུ་མ་མཛད་དོ། །ཞེས་གསུངས།)
- Dictionaries/Monlam Grand/103675 + (ཨུ་རྒྱན་གྱི་རྒྱལ་པོ་ན་བ་ལ་ལྟས་མཁན་གྱིས་རྒྱ … ཨུ་རྒྱན་གྱི་རྒྱལ་པོ་ན་བ་ལ་ལྟས་མཁན་གྱིས་རྒྱ་མཚོའི་ཆུ་དགོས་ཟེར་བ་ལ། སུས་ནུས་དྲིལ་བསྒྲགས་པས། རྣལ་འབྱོར་མ་བི་ན་ས་བཛྲས། དེ་འདུལ་བའི་དུས་ཡིན་པར་དགོངས་ཏེ། ངས་ནུས་ཞེས་སྨྲས་ཏེ། རྒྱལ་པོའི་ཡང་ཐོག་ན་འདུག་བཞིན་བུམ་པ་ཆུས་བཀང་ནས་རྒྱལ་པོ་ལ་ཕུལ་བས། དེ་ནད་ལས་དྲག རྒྱལ་པོས་འདི་ནི་མཁའ་འགྲོ་མ་སྟེ། འདི་དང་འབྲེལ་ན་འཁོར་བ་ལས་ཐར་རོ་སྙམ་ནས། དེ་ལ་དགའ་མགུར་སྤྱད་པས་སྲས་ཞིག་སྦྲུམ་པ་དེ་ལཨིནྡྲ་བྷཱུ་ཏི་ཆུང་བ་ཟེར། འདིའི་ཨ་ཅེ་དགེ་སློང་མ་དཔལ་མོའམ་མཚན་གཞན་དཔལ་གྱི་བློ་གྲོས་མ་ཡིན། དེས་བསྐུལ་ནས་རབ་ཏུ་བྱུང་དུ་བཅུག རིིག་པའི་གནས་ལ་སྦྱངས། དེར་ཡང་ཐབས་ཀྱིས་ཡང་དག་པའི་གདམས་ངག་བཏབ་སྟེ་ལོ་བཅུ་གཉིས་ཀྱི་བར་དུ་མནལ་ལོག་པས་གྲུབ་པ་ཐོབ། དུར་ཁྲོད་དུ་སྒོམ་གྱིན་བཞུགས་པས། ཡུལ་དེའི་རྒྱལ་པོས་སློབ་དཔོན་གྱི་སྦྱིན་བདག་བྱེད་པ་དེ་ལ་བཙུན་མོ་ལྔ་བཅུ་རྩ་གཅིག་ཡོད་པས། ལྔ་བཅུ་ནི་ཕྱི་པ་ལ་མོས། ཆུང་ཤོས་ནི་སངས་རྒྱས་པ་ལ་མོས་པས་རྒྱལ་པོ་དེ་ལ་རྩི་བས། བཙུན་མོ་གཞན་རྣམས་ན་རེ། རྒྱལ་པོ་འདི་ལ་རྩི་བ་སངས་རྒྱས་པའི་རྣལ་འབྱོར་པ་འདི་ལ་ལན་པས། འདི་གསད་པར་བྱའོ་ཞེས་བགྲོས་ཏེ། མཚན་མོ་སློབ་དཔོན་དུར་ཁྲོད་དུ་སྒོམ་པའི་རྩར་སོང་བས། སློབ་དཔོན་གྱི་སྐུ་མི་སྣང་ཡང་སངས་རྒྱས་པའི་རྣལ་འབྱོར་པ་བྱ་བ་གཡོ་ཆེ་བ་ཡིན་པས་བེམ་པོར་བརྫུས་སོ་སྙམ། དེ་དུམ་བུར་བྱས་ཏེ་ཟོས་ནས་ལོག་པས་ཀུན་ལུག་ཏུ་གྱུར། ནང་པར་སློབ་དཔོན་གཅེར་བུར་རྒྱལ་པོའི་མདུན་སར་བྱོན། རྒྱལ་པོས་དྲིས་པས། ཇི་ལྟར་གྱུར་པ་བཤད་དོ། དེ་ནས་བཙུན་མོ་ལུག་ཏུ་གྱུར་པ་རྣམས་བཀུག་སྟེ། སློབ་དཔོན་གྱིས། དེ་དག་གི་མགོར་ཐལ་ལྕག་རེ་བསྣུན་པས། ལྭ་བའི་དུམ་བུ་རེ་སྐྱུགས་པས་ན་བཟའ་སྔར་བཞིན་འགྲིག་པས། དེའི་ཕྱིན་མཚན་ལྭ་བ་པ་ཞེས་ཐོགས་སོ། བཙུན་མོ་རྣམས་ཀྱིས་བཟོད་པར་གསོལ་བས་ལུས་སྔར་ལྟར་གྱུར། སྦྱིན་བདག་རྒྱལ་པོ་དེའང་དངོས་གྲུབ་བརྙེས་ཤིང་། དེའི་མཚན་ཡང་ཨིནྡྲ་བྷཱུ་ཏི་ཟེར། ཨུ་རྒྱན་གྱི་རྒྱལ་པོ་ལ་མཚན་དེ་ལྟར་ཐོགས་པ་དགུ་བྱུང་ཞེས་གྲགས། དེ་ལྕམ་སྲིང་གིས་ལྷན་ཅིག་སྐྱེས་གྲུབ་རྩ་འགྲེལ་སོགས་མཛད། སློབ་དཔོན་ཏཻ་ལོ་པས་ཨུ་རྒྱན་དུ་སློབ་དཔོན་ལྭ་བའི་ན་བཟའ་ཅན་དང་མཇལ་ཏེ། གྲུབ་པ་དང་སྙིང་པོའི་སྐོར་གྱི་གདམས་ངག་རྣམས་གསན་པས། དེ་ལས་འོད་གསལ་གྱི་བཀའ་བབ་པར་གྲགས་སོ། །པས། དེ་ལས་འོད་གསལ་གྱི་བཀའ་བབ་པར་གྲགས་སོ། །)
- Dictionaries/Monlam Grand/8141 + (ཨོ་རྒྱན་པདྨས་ཟླ་གསུམ་བསྒྲུབས་ཅིང་རྗེ་འབངས་ … ཨོ་རྒྱན་པདྨས་ཟླ་གསུམ་བསྒྲུབས་ཅིང་རྗེ་འབངས་འཁོར་གྱིས་བྱིན་གྱིས་རླབས། ཏི་ཤྲི་རས་པ་དང་ཡོང་དགེ་མི་འགྱུར་རྡོ་རྗེ་སོགས་ཀྱིས་གནས་ཞལ་ཕྱེས། འབམ་རོམ་པའི་བླ་ཆེན་སྐྱོ་བྲག་ཆོས་རྗེ་སོགས་སྐྱེས་ཆེན་རིམ་བྱོན་རྣམས་ཀྱིས་གདན་ས་མཛད། རང་བྱུང་གི་སྐྱེ་དངོས་རྩི་ཤིང་གཏེར་རྫས་རི་དྭགས་བྱ་བྱིའུ་ཆུ་གནས་ཆུ་ཚན་ཆུ་བྱ་སྣ་ཚོགས་འཛོམས་པས་བཀོད་པ་ཕུན་སུམ་ཚོགས་པའི་ཞིང་ཞིགས་འཛོམས་པས་བཀོད་པ་ཕུན་སུམ་ཚོགས་པའི་ཞིང་ཞིག)
- Dictionaries/Monlam Grand/80204 + (ཨོ་རྒྱན་སངས་རྒྱས་གཉིས་པས་གནས་ཡུལ་ཐམས་ཅད་བྱ … ཨོ་རྒྱན་སངས་རྒྱས་གཉིས་པས་གནས་ཡུལ་ཐམས་ཅད་བྱིན་གྱིས་རླབས། ཟབ་མོ་གཏེར་གྱི་སྒོ་མང་དུ་སྦས། དེ་རྗེས་རྒྱལ་བ་ཀཿཐོག་པའི་སློབ་བརྒྱུད་དང་ཆོས་བརྒྱུད་རྣམས་ཀྱི་སྒྲུབ་གནས་ཐམས་ཅད་ཀྱི་མཆོག་ཏུ་བསྔགས། ད་ལྟ་ཡང་ཀཿཐོག་པའི་ཆོས་བརྒྱུད་འཛིན་པ་རྣམས་ནས་རི་ཁྲོད་འདིར་སྒྲུབ་པའི་ཉམས་བཞེས་མཛད་དེ་མཆོག་ཐུན་གྱི་དངོས་གྲུབ་ཐོབ་ནས་བསྟན་དང་འགྲོ་བའི་དོན་མཛད་བཞིན་པ་ལགས།།བ་ནས་བསྟན་དང་འགྲོ་བའི་དོན་མཛད་བཞིན་པ་ལགས།།)
- Dictionaries/Monlam Grand/71157 + (ཨོཾ་བཤད་ཟིན། བཛྲ་རྡོ་རྗེ། ས་ཏྭ་སེམས་དཔའ། འ … ཨོཾ་བཤད་ཟིན། བཛྲ་རྡོ་རྗེ། ས་ཏྭ་སེམས་དཔའ། འདིའི་མཐར་བོད་པའི་སི་བྱིན་པ་ཡིན་པས་བཛྲ་ས་ཏྭ་གར་ཡོད་རྣམས་ཐུགས་དམ་བསྐུལ་ཕྱིར་མཚན་ནས་བོད་པ་ཡིན་ནོ། །ས་མ་ཡ་དམ་ཚིག དེ་ལ་ལས་ཀྱི་རྣམ་དབྱེ་བྱིན་པས་ས་མ་ཡ་མུ་དང་། མ་ནུ་པཱ་ལ་རྗེས་སུ་སྐྱོངས་ཤིག སྔ་ཕྱིར་མཚམས་སྦྱར་བས་ས་མ་ཡ་མ་ནུ་པྰ་ལ་ཡ་སྟེ་ཤེས་རབ་སྟོང་པ་ཉིད་དང་། ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་ངེས་དོན་གྱི་རྡོ་རྗེ་སེམསདཔའ་བདག་ལ་དམ་ཚིག་རྗེས་སུ་སྐྱོངས་ཤིག་ཅེས་པའོ། །ཚུལ་ཇི་ལྟར་སྐྱོང་ན་བཛྲ་ས་ཏྭ་རྡོ་རྗེ་སེམས་དཔའ། ཏྭེ་ནོ་ཁྱོད་ཀྱིས་ཨུ་པ་ཏིཥྛ་ཉེ་བར་བཞུགས་པའམ་གནས་ཤིག་སྟེ་རྡོ་རྗེ་སེམས་དཔའ་ཉིད་ཉེར་བར་གནས་ཤིག་པའོ། །ཚུལ་ཇི་ལྟར་གནས་ན་ཌྭི་ཌྷོ་བརྟན་པར། གང་ལ་གནས་ན། མེ་བདག་ལ། བྷ་ཝ་རང་བཞིན་འོག་གི་ཀུ་རུ་ཞེས་པ་ཀུན་ལ་སྦྱར་དགོས་ཞེས་རྗེ་བཙུན་རིན་པོ་ཆེས་གསུངས་པས་ཀུ་རུ་མཛོད་ཅིག་སྟེ་བདག་ལ་བསྟན་པའི་རང་བཞིན་དུ་གནས་པར་མཛོད་ཅིག་པའོ། །དེ་བཞིན་དུ་སུ་ཏོ་ཥྱོ་ལེགས་པར་ཚིམ་པའམ་དགའ་བ། མེ་བྷ་ཝ་སྔར་བཞིན་ཏེ་བདག་ལ་ལེགས་པར་དགྱེས་པའི་རང་བཞིན་དུ་མཛོད་ཅིག ཨ་ནུ་རཀྟོ་རྗེས་སུ་ཆགས་པ་མེ་བྷ་ཝ་སྔར་བཞིན་ཏེ་བདག་ལ་ཐུགས་རྗེས་སུ་ཆགས་པའི་རང་བཞིན་དུ་མཛོད་ཅིག སུ་པོ་ཥྱོ་ལེགས་པར་རྒྱས་པ། མེ་བྷ་ཝ་སྔར་བཞིན་ཏེ་བདག་ལ་ལེགས་པར་རྒྱས་པའི་རང་བཞིན་དུ་མཛོད་ཅིག སརྦ་ཐམས་ཅད་སིངྡྷི་དངོས་གྲུབ། མེ་བདག་ལ། པྲ་ཡཙྪེ་སྩོལ་ཅིག་སྟེ་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག སརྦ་ཐམས་ཅད་ཀརྨ་ལས་རྣམས་ལ་སུ་ཙ་ཡང་ཞེས་པའི་ཚིག་ཕྲད་མེ་བདག་ཙིཏྟཾ་སེམས་ལ་ཤྲི་ཡཿ དགེ་བ་ཀུ་རུ་མཛོད་ཅིག་སྟེ་ལས་རྣམས་ཐམས་ཅད་ལ་ཡང་བདག་གི་སེམས་དགེ་བར་མཛོད་ཅིག་ཅེས་པའོ། །ཧཱུྃ་ཆོས་དབྱིངས་མི་འགྱུར་བའི་དབྱིངས་དང་ཧ་ཧ་ཧ་ཧ་ཡེ་ཤེས་གཞན་བཞི། ཧོཿ དབྱེར་མེད་པ་སྟེ་མདོར་ན་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངེས་དོན་གྱི་རྡོ་རྗེ་སེམས་དཔའ་དེ་བདག་གི་སྙིང་ལ་གནས་ནས་དགེ་བར་མཛོད་ཅིག་པའོ། །དོན་དེ་ལ་མཚན་ཅི་སྐད་བྱ་ན་བྷ་ག་ཝཱན་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། བཛྲ་རྡོ་རྗེ་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་མེད་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་སྟེ་འབོད་པའོ། །ཅིའི་ཕྱིར་འབོད་ན། མ་དགག་ཚིག མེ་བདག མུཉྩ་དོར་ཅིག་ཏེ་བདག་མ་དོར་ཅིག་ཅེས་བསྐུལ་བའོ། །མི་དོར་ཚུལ། བཛྲཱི་རྡོ་རྗེ་ཅན་བྷ་ཝ་རང་བཞིན་སྟེ་བདག་རྡོ་རྗེ་ཅན་གྱི་རང་བཞིན་ལས་མ་དོར་ཅིག་ཅེས་པའོ། །མ་ཧཱ་ཆེན་པོ་ས་མ་ཡ་དམ་ཚིག་ས་ཏྭ་སེམས་དཔའ་སྟེ་དམ་ཚིག་སེམས་དཔའ་ཆེན་པོ་ཞེས་སླར་ཡང་བོད་པའོ། །ཨཱཿ་ ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་བདག་ཉིད་གཞོམ་མེད་ཀྱི་ཡི་གེ་སྟེ་མ་ལུས་པའི་དོན་ཅན་ནམ་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་པས་ལྷ་དང་སྔགས་དང་སྒྲུབ་པ་པོ་རྣམས་རང་བཞིན་སྐྱེ་མེད་དུ་གཅིག་པའི་དོན་ནོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །)
- Dictionaries/Monlam Grand/10011 + (ཕྱི་རོལ་གྱི་དངོས་པོའམ་ཡུལ་གྱི་དངོས་པོ་ལ་ཟེར།)
- Dictionaries/Monlam Grand/78203 + ((འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་རྒྱལ་གྱི་ཞལ་ … (འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་རྒྱལ་གྱི་ཞལ་སློབ་ཡིན་པས། འདིའི་འཁྲུངས་ལོ་རབ་བྱུང་བརྒྱད་པའི་ཤིང་བྱ་ ༡༤༦༥ ལོར་ཡིན) སྤ་མོ་ཆོས་སྡིངས་སུ་སྨད་འབྲུག་གི་མཁན་པོ་ཡེ་ཤེས་དབང་ཕྱུག་གི་དྲུང་དུ་རབ་ཏུ་བྱུང་སྟེ། མཚན་ཡོན་ཏན་ཡེ་ཤེས་གསོལ། ཆེན་པོ་རྩེ་ཉག་པ་ལས་ཕར་ཕྱིན། རྔོག་བྱང་ཆུབ་དཔལ་གྲུབ་ལ་རྔོག་དཀྱིལ་སྐོར། དུས་ཞབས་ཤཱཀྱ་དབང་ཕྱུག་ལས་ཡོ་ག་དང་དུས་འཁོར། གསང་འདུས་སོགས་ཀྱི་དབང་བསྐྱེད་རྫོགས། རྒྱུད་ཀྱི་བཤད་པ་ཇི་སྙེད་གསན་ཅིང་སྦྱངས་པ་ཕུལ་ཕྱིན་མཛད། ཁྱད་པར་འབྲུག་ཆེན་ངག་དབང་ཆོས་རྒྱལ་དང༌། འཇམ་དབྱངས་ཆོས་གྲགས། མཐུ་ཆེན་རྒྱལ་མཚན་ལྷུན་གྲུབ་རྣམས་ཀྱི་མདུན་ནས། བདེ་མཆོག་མཻ་ཏྲི་ལུགས་ཀྱི་སྨིན་གྲོལ་གདམས་སྐོར་སོགས། མཐའ་ཡས་པ་གསན། ཆོས་འཁོར་ལྷུན་པོར། བསྙེན་པར་རྫོགས། དཔལ་ལྷ་རྩེར་འཆད་ཉན་གྱི་གདན་ས་བཟུང་ནས། ལོ་བཅུ་བདུན་ཙམ་རྒྱུད་ཀྱི་བཤད་པ་དང་ཕྱག་ལེན་ཞིབ་མོར་བསྙད་པས། གདུལ་བྱ་བགྲང་ཡས་པ་མཁས་པའི་གོ་སར་བཀྲི་བར་མཛད། དེ་ནས་འཆད་ཉན་བཞག་སྟེ། རྡོ་རྗེ་གླིང་གི་ནགས་ཁྲོད་དུ་ལོ་བཞི་བཅུ་ཞེ་གཅིག་ཙམ་སྒྲུབ་པ་མཛད་པས་རྡོ་རྗེ་གླིང་པར་གྲགས། གཞན་ཡང་མོག་པ་རི་ཁྲོད་སོགས་སུ། ཡི་དམ་དང་ཆོས་སྐྱོང་མང་པོའི་བསྙེན་སྒྲུབ་མཐར་ཕྱིན་མཛད། རྡོ་རྗེ་རྣམ་པར་འཇོམས་པས་མངོན་སུམ་དུ་རྗེས་སུ་བཟུང་སྟེ་དབང་བསྐུར། ཁྱོད་ནི་ལས་ཀྱི་རྡོ་རྗེ་གསུམ་པའོ་ཞེས་ལུང་བྱིན། མཆོག་གི་དངོས་གྲུབ་བརྙེས། པདྨ་སཾ་བྷ་ཝས་ཕྱག་ཐོད་ཀྱི་བདུད་རྩི་གནང་བ་བཞེས་པས་སྐུ་འཕར་གཡོ་དང་ཉིན་ཞག་ཕྲུགས་གཅིག་ཏུ་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་འབྱམས་ཤིང་བདུད་བཞིའི་གཡུལ་ལས་རྒྱལ་བའི་མཆོག་ཐོབ། ཁྱད་པར་དཔལ་ལྡན་འདོད་དབང་མས་དངོས་སུ་རྫོགས་པའི་རིམ་པ་སོགས་མན་ངག་བསྩལ། དྲེགས་པ་ཐམས་ཅད་བྲན་དུ་བཀོལ་ཞིང་། ཞལ་གཟིགས་མངོན་ཤེས་མཐའ་ཡས། རྫོགས་རིམ་མཐར་ཕྱིན་ཏེ། དཀར་དམར་གྱི་འཕོ་བ་དག་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པའི་རྟགས་སུ། སྔར་དབུ་སྐྲ་ཞལ་རྒྱན་སྤྱན་སྨིན་ཐམས་ཅད་ནག་པོར་གྱུར་པ། ཚེམས་སླར་སྐྱེས་པ། ཆབ་གུར་གུམ་གྱི་ཁུ་བ་ལྟར་འབྱུང་བས། སྦྲང་མ་སེར་པོ་ཐིབ་ཐིབ་འདུ་བ། གཤང་བ་སྟར་ཀའི་སྙིང་པོ་ཙམ་ལན་རེ་ལས་མི་འཛག་ཅིང༌། གཟིམས་ཁང་ཐམས་ཅད་དུ། མི་ཡི་སྤོས་ལས་འདས་པའི་དྲི་བཟང་པོས་ཁོར་ཡུག་ཏུ་ཁྱབ་པ་སོགས་གར་བཞུགས་ལ། ངོ་མཚར་བའི་གཏམ་ཅི་ཡང་མངའ་བས་མཚན་མཐུ་སྟོབས་ཞབས་ཞེས་བསྔགས། དགུང་ལོ་གོ་ལྔ་པ་ལ་ལྕང་ལོ་ཅན་དུ་དཔའ་བོ་དང་མཁའ་འགྲོ་ནམ་མཁའ་གང་བས་བསུས་ཏེ་གཤེགས་སོ། ཞལ་སློབ་ཀྱི་གཙོ་བོར། ཀུན་མཁྱེན་པུཎྜ་རཱི་ཀ་ལ་དུས་ཀྱི་འཁོར་ལོའི་དབང་རྒྱུད་སོགས་གསར་རྙིང་གི་དཀྱིལ་འཁོར་དུ་མས་དབང་བསྐུར་ཞིང༌། ཟབ་མོའི་གདམས་པ་དང༌། ཆོས་སྐྱོང་གི་བཀའ་བབ་གཏད་པར་མཛད། གཞན་བྱ་པཎྜི་ཏ། ཀུན་སྤངས་སྒྱུ་མའི་གར་མཁན། བྱ་ཞབས་དྲུང་སྐུ་མཆེད། མཐུ་ཆེན་དཔའ་བོ་སོགས་བསམ་ལས་འདས་པ་ཞིག་སྨིན་གྲོལ་དུ་མཛད་དོ། །གས་བསམ་ལས་འདས་པ་ཞིག་སྨིན་གྲོལ་དུ་མཛད་དོ། །)
- Dictionaries/Monlam Grand/4772 + (། ཆ་སྒམ་དང་ཅོག་ཙེ་སོགས་ཀྱི་ལོགས་ངོས་ཀྱི་དངོས་པོ་འཇུག་སྣོད།)
- Dictionaries/Monlam Grand/27482 + (༡ ཀུན་གཞིའི་རྣམ་ཤེས་མི་འདོད་པ། རང་རིག་འགོག … ༡ ཀུན་གཞིའི་རྣམ་ཤེས་མི་འདོད་པ། རང་རིག་འགོག་ལུགས་ཐུན་མོང་བ་ཡིན་པ། ༢ སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀ་ལ་རྩོད་གཞི་ཆོས་ཅན་མཐུན་སྣང་དུ་གྲུབ་པའི་སྟེང་བསྒྲུབ་བྱ་སྒྲུབ་མི་དགོས་པས། རྣམ་འགྲེལ་སོགས་ལས་བཤད་པའི་རང་རྒྱུད་ཀྱི་རྟགས་ཀྱི་རྟགས་སྦྱོར་མི་འདོད་ཅིང། ཐལ་འགྱུར་བ་རང་ལུགས་ལ་གཞན་གྲགས་ཀྱི་གཏན་ཚིགས་རང་གྲགས་ཀྱི་གཏན་ཚིགས་ཟེར་བ་དོན་གཅིག་པས། གཞན་གྱི་ཁས་བླང་ལ་འཁྲིས་ནས་བསྒྲུབ་བྱ་སྒྲུབ་པའི་སྦྱོར་ངག་གམ་ཐལ་འགྱུར་ཏེ་རེ་རེས་ཀྱང་དེ་ཁོ་ན་ཉིད་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་རྗེས་དཔག་བསྐྱེད་ནུས་སུ་བཞེད་པ། ༣ དོན་དམ་དཔྱོད་པའི་རིགས་ངོར་མི་དམིགས་ཤིང་ཐ་སྙད་དཔྱོད་པའི་བློ་ངོར་ཇི་བྱས་ཀྱང་འགོག་མི་ནུས་པས་བློས་ཕར་བཏགས་ཙམ་གྱི་ཕྱི་དོན་ཡོད་པར་འདོད་པ། ༤ ཐེག་པ་གསུམ་པོ་ཐམས་ཅད་ཀྱི་རང་གི་ཚོགས་ལམ་འབྲིང་ཐོབ་ནས་ཐལ་འགྱུར་བའི་ལུགས་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ལྟ་བརྒྱུད་ལ་སྐྱེས་ཤིང་། རང་རང་གི་འཕགས་ལམ་ཐོབ་ནས་གང་ཟག་དང་ཆོས་གཉིས་རང་བཞིན་མེད་པ་སྟེ། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་མངོན་དུ་ཅིག་ཅར་བྱས་པ་ཞིག་འདོད་པ། བློ་ལ་སྦྱར་ན་མངོན་དུ་བྱས་པ་ནི་མངོན་སུམ་རྟོགས་པ་ལ་ཟེར། ༥ རང་རྒྱུད་པ་མན་གྱི་མི་འདོད་ཀྱང་ཐལ་འགྱུར་བས་དུག་གསུམ་ཆར་གྱི་ངོ་བོ་བདེན་འཛིན་ཡིན་པའི་ཉོན་མོངས་ཕྲ་མོ་དང་གྲུབ་མཐའ་འོག་མས་ཤེས་སྒྲིབ་ཏུ་འདོད་པའི་བདེན་འཛིན་གང་ཡིན་ཉོན་སྒྲིབ་ཏུ་འདོད་པ། ༦ ཞིག་པ་རྒྱུས་སྐྱེས་པས་ཞིག་པ་དངོས་པོར་འདོད་པ། ༧ མདོ་སྡེ་པ་སེམས་ཙམ་དབུ་མ་རང་རྒྱུད་པ་རྣམས་ཀྱིས་འདས་མ་འོངས་གཉིས་འདུས་མ་བྱས་དང་མེད་དགག་ཏུ་འདོད། ད་ལྟ་བ་སྒྲུབ་པ་དང་དངོས་པོར་འདོད། བྱེ་བྲག་སྨྲ་བ་དང་། ཐལ་འགྱུར་བས་ཞིག་པ་དངོས་པོར་འདོད་པའི་རྒྱུ་མཚན་གྱིས་འདས་མ་འོངས་གཉིས་འདུས་བྱས་དང་མ་ཡིན་དགག་དང་། ད་ལྟ་བ་སྒྲུབ་པ་དང་དངོས་པོ་འདོད་པ། ༨ མཐའ་ཡི་སོགས་ཁོངས་ནས་ཐོན་པ་ནི་བདག་མེད་གཉིས་སྟོང་ཚུལ་གྱི་སྒོ་ནས་རང་རྒྱུད་པ་མན་གྱིས་འཇོག་ཀྱང་ཐལ་འགྱུར་བས་སྟོང་གཞི་ཆོས་ཅན་གྱི་སྒོ་ནས་འཇོག་པས་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་པ། ༩ མངོན་པ་གོང་འོག་གཉིས་ནས་བཤད་པའི་ཉོན་མོངས་རྣམས་ཉོན་མོངས་རགས་པ་ཡིན་པས་རེ་ཞིག་སྤངས་པའི་ལམ་མ་ཞུགས་དང་ལམ་ཞུགས་ཚོགས་ལམ་པ་གང་རུང་ཡོད་ཀྱང་། ཚོགས་ལམ་འབྲིང་ཡན་གྱི་ལམ་བགྲོད་མི་ནུས་པས་མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་དགྲ་བཅོམ་མ་ཡིན་པར་འདོད་པ། ༡༠ ཐལ་འགྱུར་བས་མི་རྟག་པའི་བློ་ལ་གྲུབ་མཐའ་འོག་མའི་འདོད་པ་ལྟར་མ་གཏོགས་ཕྲ་རགས་གཉིས་མི་འབྱེད་ཀྱང་མི་རྟག་སོགས་བཅུ་དྲུག་གི་བཅོ་ལྔ་ལ་ཕྲ་རགས་གཉིས་ཕྱེ་བའི་རགས་པའི་མི་རྟགས་པ་སོགས་བཅུ་དྲུག་རྟོགས་པའི་རྣལ་འབྱོར་མངོན་སུམ། ལམ་མ་ཞུགས་དང་། ལམ་ཞུགས་ཚོགས་ལམ་གྱི་འབྲིང་མན་ཆད་ལ་ཡང་ཡོད་པར་འདོད་པ། ༡༡ སངས་རྒྱས་ཕལ་པོ་ཆེ་ཡི་མདོ་ཚན་མདོ་སྡེ་ས་བཅུ་པའི་རྗེས་སུ་འབྲངས་ཏེ། དམན་ལམ་སྔོན་དུ་མ་སོང་བས་ས་བརྒྱད་པ་ནས་ཉོན་སྒྲིབ་སྤངས་པ་དང་། ཤེས་སྒྲིབ་ཉོན་སྒྲིབ་ཀྱིས་བཞག་པའི་བག་ཆགས་ལྡན་མིན་འདུ་བྱེད་ཀུན་བཏགས་དང་ལྷན་སྐྱེས་གཉིས་མེད་པར་སྒྲིབ་ལུང་མ་བསྟན་དུ་འདོད་པ། ༡༢ མངོན་སུམ་ལ་རྟོག་པ་དང་བྲལ་མི་དགོས་ཏེ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཀུན་རྫོབ་ཀྱི་ཆོས་དངོས་ཡུལ་དུ་བྱེད་པའི་ཡིད་ཤེས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མངོན་སུམ་ཚད་མ་ཡིན། སྔོ་འཛིན་མིག་ཤེས་ཀྱིས་དྲངས་པའི་སྔོན་པོ་དོན་མཐུན་ངེས་པའི་ངེས་ཤེས་མངོན་སུམ་ཚད་མ་ཡིན། འདི་གཉིས་ནི་རྟོག་པ་ཡིན་པའི་མངོན་སུམ་ཚད་མ་ཡིན། སོ་སྐྱེའི་རྒྱུད་ཀྱི་རྟོག་མེད་མངོན་སུམ་ཚད་མ་ནི། གཞན་སེམས་ཤེས་པའི་མངོན་ཤེས་དང་མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་པའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་ལྟ་བུར་འདོད་པ། ༡༣ རྗེས་དཔག་ཚད་མས་དྲངས་པའི་རྟོག་པ་དཔྱད་ཤེས་དང་། མངོན་སུམ་ཚད་མས་དྲངས་པའི་མངོན་སུམ་དཔྱད་ཤེས་གཉིས་ཀ་ཚད་མར་འདོད་པ། ༡༤ ཕྱི་རོལ་པ་ནས་བཟུང་རང་རྒྱུད་པ་མན་ཆད་ཀྱི་སྣང་བས་ཆད་ལྟའམ་མེད་མཐའ་སེལ། སྟོང་པས་རྟག་མཐའ་འམ་ཡོད་མཐའ་སེལ་ཟེར་བ་ཡིན་ཀྱང་། ཐལ་འགྱུར་བའི་སྐབས་སུ་སྔ་མ་དེ་གོ་ས་བརྗེས་ནས། སྣང་བས་རྟག་མཐའ་འམ་ཡོད་མཐའ་སེལ། སྟོང་པས་ཆད་ལྟ་འམ་མེད་མཐའ་སེལ་བར་འདོད་པ། ༡༥ འགོག་བདེན་གང་ཡིན་ཐམས་ཅད་དང་། འདུས་བྱས་འདུས་མ་བྱས་ཐམས་ཅད་ཀྱི་དབྱིངས་སམ་ཆོས་ཉིད་གང་ཡིན་དོན་དམ་བདེན་པར་འདོད་པ། ༡༦ ཉན་རང་དགྲ་བཅོམ་གང་ཡིན་ཐམས་ཅད་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ་ལྷག་མ་མེད་པ་དང་དེ་ཡི་རྒྱུད་ཀྱི་མྱང་འདས་ནི་ལྷག་མེད་མྱང་འདས་དང་། མཉམ་བཞག་ལས་ལྡང་ཚེ་ལྷག་བཅས་པ་དང་། དེ་ཡི་རྒྱུད་ཀྱི་མྱང་འདས་ལྷག་བཅས་མྱང་འདས་ཡིན་པ། ཤཱ་རིའི་བུ་ལ་རྗེས་སུ་ཟློས་པའི་མདོ་ཡི་རྗེས་སུ་འབྲང་ནས་ཐལ་འགྱུར་བས་འདོད་པའོ། ། ༡༧ ཁ་ནང་ལྟའི་ཤེས་པ་དང་། ཁ་ཕྱི་ལྟའི་ཤེས་པ་གཉིས་པ་གཉིས་མི་འདོད་དེ། རང་མྱོང་རང་རིག་མི་འདོད་པས། གཞན་མྱོང་གཞན་རིག་གི་ཤེས་པ་མི་འདོད་པ། བློ་རིག་ཤེས་གསུམ་མངོན་འགྱུར་དུ་སྐྱེ་བ་དང་། དེས་ཡུལ་མངོན་སུམ་དུ་རྟོགས་ཀྱང་གང་ཡིན་མངོན་ལྐོག་གཉིས་ཀྱི་ནང་ནས་ལྐོག་གྱུར་དུ་འདོད། ༡༨ རྟོག་པས་ཕར་བཏགས་ཙམ་མ་ཡིན་པས་ཡོད་པ་གཅིག་བྱུང་ཕྱིན་ཆད་དེ་རང་ངོས་ནས་གྲུབ་པའི་དོན་དང་། རང་བཞིན་གྱིས་གྲུབ་པའི་དོན་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་ཡིན་པས། སྟོང་ཉིད་གཏན་ལ་འབེབས་བྱེད་ཀྱི་དགག་བྱ་ཕྲ་མོར་འདོད་པའོ། ། ༡༩ བྱས་བསགས་ཀྱི་ལས་ཞིག་ནས་བསྐལ་པ་དུ་མ་སོང་བས་ཀྱང་འབྲས་བུ་འབྱིན་པ། ༢༠ ཐལ་འགྱུར་བའི་ལུགས་ཀྱི་བདེན་པ་གཉིས་ནི། མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མ་དེ་ཁྱོད་ལ་མཐར་ཐུག་དཔྱོད་པའི་རིག་ཤེས་སུ་སོང་བའི་རྙེད་དོན། དོན་དམ་པའི་མཚན་ཉིད། མཚན་གཞི་ནི་གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ། སྟོང་ཉིད་བཅོ་བརྒྱད་རྣམས་སོ། །ཐ་སྙད་དཔྱོད་བྱེད་ཚད་མའི་རྙེད་དོན་གང་ཞིག དེ་ཁྱོད་ལ་ཚད་མར་སོང་བ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། དོན་དམ་བདེན་པ་མ་ཡིན་པའི་རྟག་པ་དང་དངོས་པོ་ཐམས་ཅད་ཡིན་ནོ། །ཡང་ན། ལྕང་སྐྱ་རོལ་པའི་རྡོ་རྗེས། ཤེས་བྱ་རྫུན་པ་བསླུ་བའི་དོན་འཇལ་བའི་ཐ་སྙད་པའི་ཚད་པའི་རྙེད་དོན་གང་ཞིག ཚད་མ་དེ་ཁྱོད་ལ་ཐ་སྙད་དཔྱོད་བྱེད་དུ་སོང་བ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མའི་རྙེད་དོན་གང་ཞིག དོན་དམ་བདེན་པའི་མཚན་ཉིད། དོན་དམ་བདེན་པའི་ཚད་གཞི་ནི། ངོ་བོ་ཉིད་སྐུ། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ། མྱང་འདས་བྲལ་བའི་འབྲས་བུ། ཐར་པ། ཞི་བ། འགོག་བདེན་ཕྲ་མོ། ཉིད། ཆོས་དབྱིངས། ཕྱག་རྒྱ་ཆེན་པོ། ཆོས་རྣམས་ཀྱི་གནས་ལུགས། དོན་དམ་པའི་གནས་ལུགས། རང་བཞིན། ངོ་བོ་ཉིད་སྐུ། དེ་བཞིན་ཉིད། དེ་ཁོ་ན་ཉིད་རྣམས་སོ། །བུམ་པའི་གཤིས་ལུགས། བུམ་པའི་གནས་ལུགས། བུམ་པའི་རང་བཞིན། བུམ་པའི་ཆོས་ཉིད་རྣམས་དོན་གཅིག ཡང་ན་སྟོང་ཉིད་ཉི་ཤུ། བཅོ་བརྒྱད། བཅུ་དྲུག་དང་བཞིའོ། །དེ་ཐམས་ཅད་ཆོས་ཀྱི་བདག་མེད་དང་། གང་ཟག་གི་བདག་མེད་གཉིས་སུ་ངེས་སོ། །གཞི་བདེན་པ་གཉིས་ལ་ཀུན་རྫོབ་ཀྱི་བདེན་པ། ཐ་སྙད་བདེན་པ། ཐབས་ཀྱི་བདེན་པ། ཚུ་རོལ་གྱི་བདེན་པ་རྣམས་དོན་གཅིག དོན་དམ་བདེན་པ། མཆོག་གི་བདེན་པ། ཐབས་བྱུང་གི་བདེན་པ། ཡང་དག་པའི་བདེན་པ་རྣམས་དོན་གཅིག་ཅེས། བླ་མ་ལྕང་སྐྱས་གསུངས་སོ། །མས་དོན་གཅིག་ཅེས། བླ་མ་ལྕང་སྐྱས་གསུངས་སོ། །)
- Dictionaries/Monlam Grand/88900 + (༡ ཀོང་པོ་ཆབ་ནག་རི་བོ་དགའ་ལྡན་ནི། རྗེ་བཙུན་ … ༡ ཀོང་པོ་ཆབ་ནག་རི་བོ་དགའ་ལྡན་ནི། རྗེ་བཙུན་ཙོང་ཁ་པའི་དངོས་སློབ་ཀོང་པོ་ཇོ་སྟན་བསྟན་པ་དར་རྒྱས་ཀྱིས་བཏབ། ཨང་དང་གྲྭ་གྲངས་སུམ་བརྒྱ་དང་བདུན་ཅུ་སྐོར། ༢ བཀྲ་ཤིས་རབ་བརྟན་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཞོ་སློབ་རིན་ཆེན་རྣམ་རྒྱལ་གྱིས་བཏབ། ཨང་དང་གྲྭ་གྲངས་ཉིས་བརྒྱ་དང་བདུན་ཅུ་སྐོར། ༣ དེ་མོ་ལ་ཁའི་ཆོས་སྡེ་ནི། འཕགས་པ་ལྷས་བཏབ། ཨང་དང་གྲྭ་གྲངས་ཉིས་བརྒྱ་དང་བཞི་བཅུ་སྐོར། ༤ སྐྱེམ་བྲག་པོ་ཆེ་ནི། མགོན་པོ་རྒྱལ་གྱིས་བཏབ། ཨང་དང་བཙུན་མ་སུམ་ཅུ་སོ་གཅིག་སྐོར། ༥ སང་དོ་བོ་འགོ་ནི། དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དབྱངས་བསྟན་པ་དར་རྒྱས་ཀྱིས་བཏབ། ཨང་དང་གྲྭ་གྲངས་དྲུག་ཅུ་སྐོར། ༦ ཤུ་དག་སྟག་རྩེ་དགོན་ནི། དགའ་ལྡན་བྱང་རྩེ་དང་རྒྱུད་སྟོད་དུ་སློབ་གཉེར་བྱས་པའི་བརྩོན་འགྲུས་བཟང་པོས་བཏབ། ཨང་དང་གྲྭ་གྲངས་ལྔ་བཅུ་སྐོར། ༧ ལྷ་ཆུ་དགོན་ནི། ཉང་ཏིང་འཛིན་བཟང་པོས་བཏབ། ཨང་གཉིས་གྲྭ་པ་སུམ་ཅུ་སྐོར། ༨ བྲག་གསུམ་འབྲི་བང་དགོན་ནི། ཐོག་མར་རྙིང་ལུགས། དཔལ་ལྡན་འོད་ཟེར་བས་དགེ་ལུགས་སུ་བསྒྱུར། ཨང་དང་གཉིས་གྲྭ་བཙུན་སུམ་ཅུ་སོ་གཅིག་སྐོར། ༩ མཆོད་ཁང་རྩེ་ནི། འཕགས་པ་ལྷ་གཉིས་པའི་ཡབ་རྣལ་འབྱོར་པ་སངས་རྒྱས་བཀྲ་ཤིས་ཀྱིས་བཏབ། ཨང་དང་གྲྭ་པ་བརྒྱ་དང་བཅོ་ལྔ་སྐོར། ༡༠ ཨོལ་ལྟག་དགོན་ནི། སངས་རྒྱས་དཔལ་གྱིས་བཏབ། ཨང་གཉིས་བཙུན་མ་སུམ་ཅུ་སོ་གཅིག་སྐོར། ༡༡ ཐེལ་ལྟག་ནི། བྱང་སེམས་ཆོས་ཉིད་རང་གྲོལ་དུ་གྲགས་པས་བཏབ། ཨང་གཉིས་བཙུན་མ་བཞི་བཅུ་ཞེ་གཉིས་སྐོར། ༡༢ ཐང་ཁྲ་དགོན་ནི། འཕགས་པ་ལྷས་བཏབ། ཨང་གཉིས་བཙུན་མ་སུམ་ཅུ་སོ་ལྔ་སྐོར། ༡༣ རྨེ་ཕུ་དགོན་ནི། སེམས་དཔའ་ཆེན་པོས་བཏབ། ཨང་དང་གྲྭ་པ་དྲུག་ཅུ་རེ་བརྒྱད་སྐོར། ༡༤ གྲོག་ཁང་སྟེང༌ནི། སྤང་མཁར་བ་ཞལ་བས་བཏབ། ཨང་དང་གྲྭ་པ་དྲུག་ཅུ་རེ་གསུམ་སྐོར་བཅས་སོ། །ཨང་དང་གྲྭ་པ་དྲུག་ཅུ་རེ་གསུམ་སྐོར་བཅས་སོ། །)
- Dictionaries/Monlam Grand/63479 + (༡ ཁྲི་རལ་པ་ཅན་གྱི་དུས་སུ་རྒྱ་དཀར་ནག་གི་སྐད … ༡ ཁྲི་རལ་པ་ཅན་གྱི་དུས་སུ་རྒྱ་དཀར་ནག་གི་སྐད་ཡིག་གཉིས་ཀར་མཁས་ཤིང་ཏུན་ཧོང་གི་ས་ཆར་ཡུན་རིང་བཞུགས་ཏེ་རྒྱ་ནག་གི་ཡི་གེ་ལས་ཆོས་དཔེ་འགའ་ཞིག་བོད་སྐད་དུ་བསྒྱུར་གནང་མཛད་མཁན་འགོས་ཆོས་གྲུབ། ༢ ཇོ་བོ་ཨ་ཏི་ཤིའི་དངོས་སློབ་གསང་སྔགས་ཀྱི་གཞུང་མང་པོ་བོད་སྐད་དུ་བསྒྱུར་གནང་མཛད་མཁན་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས། ༣ རྗེ་ཙོང་ཁ་པ་དང་དུས་མཉམ་ཞིང་ཆོས་ལུགས་རིས་མེད་སྤྱི་དང་ལྷག་པར་རིག་གནས་ལྔ་ལ་མཁས་པའི་ཕུལ་དུ་ཕྱིན་པས་འགོས་ལོ་གཞོན་ནུ་དཔལ། ༤ རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་དུས་ཐོག་མཉམ་ཤིང་མདོ་སྔགས་ཀྱི་རིག་གནས་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན་པ་འགོས་ལོ་ཆེན་ཆོས་སྐྱོང་བཟང་པོའོ། །ུ་ཕྱིན་པ་འགོས་ལོ་ཆེན་ཆོས་སྐྱོང་བཟང་པོའོ། །)
- Dictionaries/Monlam Grand/88777 + (༡ གཙང་གི་རི་བོ་ཆེར་ནི་གུ་མ་དངོས་སུ་བྱོན་ཏེ … ༡ གཙང་གི་རི་བོ་ཆེར་ནི་གུ་མ་དངོས་སུ་བྱོན་ཏེ། ཆོས་དྲུག ཕྱག་ཆེན། ལམ་ཁྱེར། འཆི་མེད། བླ་མ་མགོན་པོ་དབྱེར་མེད་རྣམས་ཀྱི་ཁྲིད། ༢ མདོག་སྨད་སྲིན་རྫོང་ཤུག་སྡོང་གི་རྩ་བར་དེ་དག་སོ་སོའི་དབང་། ༣ མཁའ་སྤྱོད་ཀྱི་གདམས་པ་ཡི་གེ་མེད་པའི་བརྡ་ཐབས་སུ་བྱུང་བ་བཅས་བཀའ་བབས་སྔ་ཕྱི་བར་གསུམ་མོ། །སུ་བྱུང་བ་བཅས་བཀའ་བབས་སྔ་ཕྱི་བར་གསུམ་མོ། །)
- Dictionaries/Monlam Grand/68097 + (༡ གཟུགས་ཀྱི་ཕུང་པོ། ༢ ཚོར་བའི་ཕུང་པོ། ༣ འད … ༡ གཟུགས་ཀྱི་ཕུང་པོ། ༢ ཚོར་བའི་ཕུང་པོ། ༣ འདུ་ཤེས་ཀྱི་ཕུང་པོ། ༤ འདུ་བྱེད་ཀྱི་ཕུང་པོ། ༥ རྣམ་ཤེས་ཀྱི་ཕུང་པོ་སྟེ་ཕུང་པོ་ལྔ། ༦ མིག་གི་དབང་པོ། ༧ རྣ་བའི་དབང་པོ། ༨ སྣའི་དབང་པོ། ༩ ལྕེའི་དབང་པོ། ༡༠ ལུས་ཀྱི་དབང་པོ་སྟེ་གཟུགས་ཅན་གྱི་དབང་པོ་ལྔ། ༡༡ ཡིད་ཀྱི་དབང་པོ་བཅས་ནང་གི་སྐྱེ་མཆེད་དྲུག ༡༢ གཟུགས་ཀྱི་སྐྱེ་མཆེད། ༡༣ སྒྲའི་སྐྱེ་མཆེད། ༡༤ དྲིའི་སྐྱེ་མཆེད། ༡༥ རོའི་སྐྱེ་མཆེད། ༡༦ རེག་བྱའི་སྐྱེ་མཆེད། ༡༧ ཆོས་ཀྱི་སྐྱེ་མཆེད་བཅས་ཕྱིའི་སྐྱེ་མཆེད་དྲུག་བཅས་ལ་སྐྱེ་མཆེད་བཅུ་གཉིས་སུ་འཇོག་པ་ཡིན། ༡༨ མིག་གི་རྣམ་པར་ཤེས་པ། ༡༩ རྣ་བའི་རྣམ་པར་ཤེས་པ། ༢༠ སྣའི་རྣམ་པར་ཤེས་པ། ༢༡ ལྕེའི་རྣམ་པར་ཤེས་པ། ༢༢ ལུས་ཀྱི་རྣམ་པར་ཤེས་པ། ༢༣ ཡིད་ཀྱི་རྣམ་པར་ཤེས་པ་སྟེ་རྣམ་ཤེས་ཚོགས་དྲུག ༢༤ མིག་གི་འདུས་ཏེ་རེག་པ། ༢༥ རྣ་བའི་འདུས་ཏེ་རེག་པ། ༢༦ སྣའི་འདུས་ཏེ་རེག་པ། ༢༧ ལྕེའི་འདུས་ཏེ་རེག་པ། ༢༨ ལུས་ཀྱི་འདུས་ཏེ་རེག་པ། ༢༩ ཡིད་ཀྱི་འདུས་ཏེ་རེག་པ་སྟེ་རེག་པ་དྲུག ༣༠ མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ། ༣༡ རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ། ༣༢ སྣའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ། ༣༣ ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ། ༣༤ ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ། ༣༥ ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་སྟེ་ཚོར་བ་དྲུག ༣༦ སའི་ཁམས། ༣༧ ཆུའི་ཁམས། ༣༨ མེའི་ཁམས། ༣༩ རླུང་གི་ཁམས། ༤༠ ནམ་མཁའི་ཁམས། ༤༡ རྣམ་པར་ཤེས་པའི་ཁམས་ཏེ་ཁམས་དྲུག ༤༢ མ་རིག་པ། ༤༣ འདུ་བྱེད། ༤༤ རྣམ་པར་ཤེས་པ། ༤༥ མིང་གཟུགས། ༤༦ སྐྱེ་མཆེད་དྲུག། ༤༧ རེག་པ། ༤༨ ཚོར་བ། ༤༩ སྲེད་པ། ༥༠ ལེན་པ། ༥༡ སྲིད་པ། ༥༢ སྐྱེ་བ། ༥༣ རྒ་ཤི་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་བཅས་གོང་གསལ་ཁྱོན་བསྡོམས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་འགྲེས་གསལ་ཁྱོན་བསྡོམས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་འགྲེས་རྐང་ལྔ་བཅུ་ང་གསུམ། ༥༤ སྦྱིན་པའི་ཕར་ཕྱིན། ༥༥ ཚུལ་ཁྲིམས་ཀྱི་ཕར་ཕྱིན། ༥༦ བཟོད་པའི་ཕར་ཕྱིན། ༥༧ བརྩོན་འགྲུས་ཀྱི་ཕར་ཕྱིན། ༥༨ བསམ་གཏན་གྱི་ཕར་ཕྱིན། ༥༩ ཤེས་རབ་ཀྱི་ཕར་ཕྱིན། ༦༠ ཕྱི་སྟོང་པ་ཉིད། ༦༡ ནང་སྟོང་པ་ཉིད། ༦༢ ཕྱི་ནང་སྟོང་པ་ཉིད། ༦༣ སྟོང་པ་ཉིད་སྟོང་པ་ཉིད། ༦༤ ཆེན་པོ་སྟོང་པ་ཉིད། ༦༥ དོན་དམ་པ་སྟོང་པ་ཉིད། ༦༦ འདུས་བྱས་སྟོང་པ་ཉིད། ༦༧ འདུས་མ་བྱས་སྟོང་པ་ཉིད། ༦༨ མཐའ་ཡས་འདས་པ་སྟོང་པ་ཉིད། ༦༩ ཐོག་མ་དང་མཐའ་མ་མེད་པའི་སྟོང་པ་ཉིད། ༧༠ དོར་བ་མེད་པ་སྟོང་པ་ཉིད། ༧༡ རང་བཞིན་སྟོང་པ་ཉིད། ༧༢ ཆོས་ཐམས་ཅད་སྟོང་པ་ཉིད། ༧༣ རང་གི་མཚན་ཉིད་སྟོང་པ་ཉིད། ༧༤ མི་དམིགས་པ་སྟོང་པ་ཉིད། ༧༥ དངོས་པོ་མེད་པ་སྟོང་པ་ཉིད། ༧༦ ངོ་བོ་ཉིད་སྟོང་པ་ཉིད། ༧༧ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་སྟོང་ཉིད་བཅོ་བརྒྱད། ༧༨ བྱང་ཕྱོགས་སོ་བདུན། ༧༩ དྲན་པ་ཉེར་བཞག་བཞི། ༨༠ ཡང་དག་སྤོང་བ་བཞི། ༨༡ རྫུ་འཕྲུལ་གྱི་རྐང་པ་བཞི། ༨༢ དབང་པོ་ལྔ། ༨༣ སྟོབས་ལྔ། ༨༤ བྱང་ཆུབ་ཀྱི་ཡན་ལག་བརྒྱད། ༨༥ འཕགས་ལམ་ཡན་ལག་བརྒྱད། ༨༦ འཕགས་པའི་བདེན་པ་བཞི། ༨༧ བསམ་གཏན་བཞི། ༨༨ ཚད་མེད་པ་བཞི། ༨༩ གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི། ༩༠ རྣམ་པར་ཐར་པ་བརྒྱད། ༩༡ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ། ༩༢ རྣམ་ཐར་སྒོ་གསུམ། ༩༣ མངོན་པར་ཤེས་པ་དྲུག། ༩༤ ཏིང་ངེ་འཛིན་བཞི། ༩༥ གཟུངས་ཀྱི་སྒོ་བཞི། ༩༦ སྟོབས་བཅུ། ༩༧ མི་འཇིགས་པ་བཞི། ༩༨ སོ་སོ་ཡང་དག་པའི་རིག་པ་བཞི། ༩༩ སངས་རྒྱས་འཕགས་པའི་རྒྱུད་ཀྱི་བྱམས་པ་ཆེན་པོ། ༡༠༠ སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ། ༡༠༡ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ༡༠༢ རྒྱུན་དུ་ཞུགས་པ། ༡༠༣ ཕྱིར་འོང༌། ༡༠༤ ཕྱིར་མི་འོང༌། ༡༠༥ དགྲ་བཅོམ་པ། ༡༠༦ གཞི་ཤེས། ༡༠༧ ལམ་ཤེས། རྣམ་མཁྱེན་བཅས་རྣམ་བྱང་ཕྱོགས་ཀྱི་འགྲེས་རྐང་ལྔ་བཅུ་ང་ལྔ་བཅས་གོང་གསལ་ཁྱོན་བསྡོམས་འགྲེས་རྐང་བརྒྱ་དང་བརྒྱད་དོ། །་ཁྱོན་བསྡོམས་འགྲེས་རྐང་བརྒྱ་དང་བརྒྱད་དོ། །)
- Dictionaries/Monlam Grand/77779 + (༡ གྲུབ་པའི་དབང་ཕྱུག་ཆེན་པོ་རྒྱུད་ཆེན་ཀུན་ད … ༡ གྲུབ་པའི་དབང་ཕྱུག་ཆེན་པོ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ། ༢ མཁས་གྲུབ་དམ་པ་རྒྱ་མ་བ་སློབ་དཔོན་ལྷ་དབང་རིན་ཆེན། ༣ མཁས་གྲུབ་དམ་པ་རྒྱ་མ་བ་ཆོས་ལྡན་བློ་གྲོས། ༤ མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ། ༥ མཚུངས་མེད་ཤར་པ་དཀོན་མཆོག་བསྟན་དར། ༦ མཚུངས་མེད་དགའ་ཁྲི་ངག་དབང་ཆོས་གྲགས། ༧ གྲུབ་དབང་དགེ་ལེགས་དཔལ་བཟང་པོ། ༨ མཚུངས་མེད་བསྟན་པའི་ཉི་མ་བཟང་པོ། ༩ མཚུངས་མེད་དགའ་ཁྲི་ཚེ་བརྟན་རྒྱ་མཚོ། ༡༠ མཁས་གྲུབ་ཤཱཀྱ་རིན་ཆེན། ༡༡ མཚུངས་མེད་དགའ་ཁྲི་དཔལ་འབྱོར་རྒྱ་མཚོ། ༡༢ མཚུངས་མེད་སྒོམ་སྡེ་ཤར་ཆེན་ནམ་མཁའ་རྒྱལ་མཚན། ༡༣ གྲུབ་དབང་བྱང་ཆུབ་འོད་ཟེར། ༡༤ གྲུབ་དབང་འཇམ་དབྱངས་བློ་གྲོས། ༡༥ རྗེ་བཙུན་བསོད་ནམས་དོན་གྲུབ། ༡༦ མཚུངས་མེད་དགའ་ཁྲི་གྲགས་པ་རྒྱ་མཚོ། ༡༧ མཚུངས་མེད་དགའ་ཁྲི་དཀོན་མཆོག་ཆོས་འཕེལ། ༡༨ སྨྲ་བའི་ཉི་མ་སངས་རྒྱས་བཀྲ་ཤིས། ༡༩ མཚུངས་མེད་དགའ་ཁྲི་དགེ་འདུན་རིན་ཆེན། ༢༠ རྗེ་བཙུན་བློ་བཟང་ཐོགས་མེད། ༢༡ རྗེ་བཙུན་ངག་དབང་ཆོས་འཕེལ། ༢༢ མཚུངས་མེད་དགའ་ཁྲི་དཀོན་མཆོག་ཆོས་བཟང་། ༢༣ ཤར་ཆེན་རྗེ་བཙུན་བྱམས་པ་རྣམ་རྒྱལ། ༢༤ མཚུངས་མེད་དགའ་ཁྲི་བློ་བཟང་རྒྱལ་མཚན། ༢༥ ཤར་ཆེན་རྗེ་བཙུན་བློ་བཟང་དཔལ་འབར། ༢༦ དགའ་ཁྲི་རྗེ་བཙུན་བྱམས་པ་བཀྲ་ཤིས། ༢༧ རྗེ་བཙུན་དགེ་འདུན་གྲགས་པ། ༢༨ རྗེ་བཙུན་བློ་བཟང་དགེ་ལེགས། ༢༩ དཔལ་ལྡན་བླ་མ་བློ་བཟང་རབ་རྒྱས། ༣༠ དགའ་ཁྲི་དཔལ་ལྡན་བླ་མ་བློ་བཟང་ཆོས་འཕེལ། ༣༡ གྲུབ་དབང་བློ་བཟང་ཆོས་འཕེལ། ༣༢ དགའ་ཁྲི་མཁས་གྲུབ་བློ་བཟང་དར་རྒྱས། ༣༣ མཁས་གྲུབ་བྱམས་པ་རྣམ་རྒྱལ། ༣༤ དགའ་ཁྲི་མཁས་གྲུབ་དཔལ་ལྡན་གྲགས་པ། ༣༥ མཁས་གྲུབ་རིན་ཆེན་ཕུན་ཚོགས། ༣༦ མཚུངས་མེད་དགའ་ཁྲི་རྟ་དབོན་རྒྱལ་མཚན་སེང་གེ། ༣༧ མཚུངས་མེད་དགའ་ཁྲི་ནམ་མཁའ་བཟང་པོ། ༣༨ ཤར་ཆེན་རྗེ་བཙུན་ངག་དབང་ལྷུན་གྲུབ། ༣༩ མཚུངས་མེད་དགའ་ཁྲི་བསམ་གཏན་ཕུན་ཚོགས། ༤༠ མཚུངས་མེད་དགའ་ཁྲི་ངག་དབང་ཆོས་གྲགས། ༤༡ མཚུངས་མེད་དགའ་ཁྲི་སྲིང་སྐྱོང་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས། ༤༢ གྲུབ་དབང་བློ་བཟང་བསྟན་འཕེལ། ༤༣ གྲུབ་དབང་བློ་བཟང་སྦྱིན་པ། ༤༤ རྗེ་བཙུན་བྱམས་པ་བརྩོན་འགྲུས། ༤༥ མཚུངས་མེད་དགའ་ཁྲི་བློ་བཟང་མཁས་མཆོག། ༤༦ ཤར་ཆེན་རྗེ་བཙུན་ངག་དབང་བཀྲ་ཤིས། ༤༧ མཚུངས་མེད་དགའ་ཁྲི་དགེ་འདུན་ཚུལ་ཁྲིམས། ༤༨ རྗེ་བཙུན་བློ་བཟང་ལུང་རིགས། ༤༩ རྗེ་བཙུན་བློ་བཟང་དོན་གྲུབ། ༥༠ མཚུངས་མེད་དགའ་ཁྲི་ཁྲི་བྱང་རིན་པོ་ཆེ་སྐུ་ཕྲེང་དང་པོ་བྱང་ཆུབ་ཆོས་འཕེལ། ༥༡ གྲུབ་དབང་བློ་བཟང་དགེ་ལེགས་རྒྱལ་མཚན། ༥༢ གྲུབ་དབང་དམ་པ་ངག་དབང་བསྟན་འཛིན། ༥༣ མཚུངས་མེད་བྱམས་པ་ཆོས་འཛིན། ༥༤ མཚུངས་མེད་དགའ་ཁྲི་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་མཁས་གྲུབ་འཇམ་དཔལ་ཚུལ་ཁྲིམས། ༥༥ མཚུངས་མེད་ངག་དབང་བློ་བཟང་། ༥༦ རྗེ་བཙུན་བྱམས་པ་དཔལ་ལྡན། ༥༧ རྗེ་བཙུན་ཡེ་ཤེས་ནོར་བུ། ༥༨ རྗེ་བཙུན་བློ་བཟང་བསྟན་པ། ༥༩ མཚུངས་མེད་དགེ་འདུན་དར་རྒྱས། ༦༠ མཚུངས་མེད་བློ་བཟང་ཆོས་འཕེལ། ༦༡ མཚུངས་མེད་ཤར་ཤར་ཆོས་གྲགས་པ་བསྟན་དར། ༦༢ འགྲོ་འདྲེན་དམ་པ་ངག་དབང་ཉི་མ། ༦༣ མཚུངས་མེད་དགའ་ཁྲི་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། ༦༤ འགྲོ་འདྲེན་དམ་པ་ངག་དབང་འཕྲིན་ལས། ༦༥ རྣམ་འདྲེན་དམ་པ་བསྟན་པ་རབ་རྒྱས། ༦༦ རྣམ་འདྲེན་དམ་པ་འཇམ་དབྱངས་འཕྲིན་ལས། ༦༧ རྣམ་འདྲེན་དམ་པ་ཚུལ་ཁྲིམས་དར་རྒྱས། ༦༨ ཐར་ལམ་གསལ་མཛད་འཇམ་དབྱངས་དཔལ་ལྡན། ༦༩ ཐར་ལམ་གསལ་མཛད་བྱམས་པ་སྦྱིན་པ། ༧༠ ཐར་ལམ་གསལ་མཛད་བློ་བཟང་ཆོས་ལྡན། ༧༡ མཚུངས་མེད་དགའ་ཁྲི་ཕུ་ཁང་བློ་བཟང་སྦྱིན་པ། ༧༢ མཚུངས་མེད་ཤར་ཆོས་ངག་དབང་ཚུལ་ཁྲིམས། ༧༣ མཚུངས་མེད་དགའ་ཁྲི་ངག་དབང་ནོར་བུ། ༧༤ མཚུངས་མེད་བློ་བཟང་ཆོས་གྲགས། ༧༥ མཚུངས་མེད་ཤར་ཆོས་བློ་བཟང་དར་རྒྱས། ༧༦ མཚུངས་མེད་བྱམས་པ་བསྟན་འཛིན། ༧༧ གྲུབ་དབང་དམ་པ་གྲགས་པ་བསྟན་འཛིན། ༧༨ མཚུངས་མེད་དགའ་ཁྲི་བྱང་ཆུབ་ནམ་མཁའ། ༧༩ གྲུབ་དབང་དམ་པ་བསྟན་འཛིན་ནོར་བུ། ༨༠ བྱིན་རླབས་གཏེེར་ཆེན་ངག་དབང་རབ་བརྟན། ༨༡ བྱིན་རླབས་གཏེར་ཆེན་བློ་བཟང་བསྟན་པ། ༨༢ བྱིན་རླབས་གཏེར་ཆེན་སྐལ་བཟང་བློ་གྲོས། ༨༣ འགྲོ་འདྲེན་དམ་པ་བསྟན་པ་སྐལ་བཟང་། ༨༤ མཚུངས་མེད་དགའ་ཁྲི་ཁྲི་བྱང་སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་དཔལ་ལྡན། ༨༥ འགྲོ་འདྲེན་དམ་པ་ཡོངས་འཛིན་ཤར་ཆོས་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས། ༨༦ མཚུངས་མེད་དགའ་ཁྲི་ཚེ་སྨོན་གླིང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། ༨༧ བསྟན་པའི་སྒྲོན་མེ་བྱམས་པ་སྨོན་ལམ། ༨༨ བསྟན་པའི་སྒྲོན་མེ་བློ་བཟང་བསྟན་འཛིན། ༨༩ མཚུངས་མེད་བླ་མ་འཇིགས་མེད་ཐུབ་བསྟན། ༩༠ མཚུངས་མེད་ཚུལ་ཁྲིམས་ཆོས་འཕེལ། ༩༡ མཚུངས་མེད་དགའ་ཁྲི་བླ་མ་བློ་བཟང་ཐུབ་བསྟན་སྙན་གྲགས་རྒྱ་མཚོ། ༩༢ བཀའ་དྲིན་མཚུངས་མེད་འཕྲིན་ལས་རྒྱལ་མཚན། ༩༣ བཀའ་དྲིན་མཉམ་མེད་བྱང་ཆུབ་དར་རྒྱས། ༩༤ བཀའ་དྲིན་མཉམ་མེད་བྱམས་པ་བསྟན་འཛིན། ༩༥ སྨྲ་བའི་ཉི་མ་འཇམ་དབྱངས་ཟླ་བ། ༩༦ མཚུངས་མེད་དགའ་ཁྲི་བློ་བཟང་རྒྱལ་མཚན། ༩༧ མཚུངས་མེད་དགའ་ཁྲི་ཡེ་ཤེས་དབང་ལྡན། ༩༨ སྨྲ་བའི་གཙུག་རྒྱན་མགོན་པོ་ཚེ་རིང། ༩༩ སྨྲ་བའི་གཙུག་རྒྱན་ངག་དབང་མཁྱེན་རབ། ༡༠༠ མཚུངས་མེད་དགའ་ཁྲི་ཡེ་ཤེས་རྒྱལ་མཚན། ༡༠༡ བཀའ་དྲིན་མཉམ་མེད་བློ་བཟང་རབ་འབྱམས། ༡༠༢ བཀའ་དྲིན་མཉམ་མེད་ངག་དབང་བཟོད་པ། ༡༠༣ མཚུངས་མེད་དགའ་ཁྲི་༸རྒྱལ་བའི་ཡོངས་འཛིན་སྐུ་བགྲེས་༸སྐྱབས་རྗེ་གླིང་རྡོ་རྗེ་འཆང་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས། ༡༠༤ སྨྲ་བའི་ཁྱུ་མཆོག་ངག་དབང་ཕན་བདེ། ༡༠༥ སྨྲ་བའི་ཁྱུ་མཆོག་མཁྱེན་རབ་ཐུབ་བསྟན་ནམ་སྐལ་བཟང་འབྲུག་གྲགས། ༡༠༦ སྨྲ་བའི་ཁྱུ་མཆོག་བློ་བཟང་ཆོས་འབྱོར། ༡༠༧ མཚུངས་མེད་བློ་བཟང་ཡོན་ཏན། ༡༠༨ མཚུངས་མེད་བློ་བཟང་ཚེ་བརྟན། ༡༠༩ མཚུངས་མེད་དཀོན་མཆོག་ཆོས་འཕེལ་ལམ་བློ་བཟང་དཔལ་ལྡན། ༡༡༠ མཚུངས་མེད་སྤང་དགོན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན། ༡༡༡ མཚུངས་མེད་དགའ་ཁྲི་ཡེ་ཤེས་དོན་གྲུབ། ༡༡༢ མཚུངས་མེད་བློ་བཟང་བསྟན་པ། ༡༡༣ མཚུངས་མེད་ཤར་ཆོས་ཏཱ་ར་རིན་པོ་ཆེ་དཀོན་མཆོག་ལྷུན་གྲུབ་རྒྱལ་མཚན། ༡༡༤ མཚུངས་མེད་ཤར་ཆོས་བློ་བཟང་ཉི་མ། ༡༡༥ མཚུངས་མེད་དགའ་ཁྲི་ལུང་རིགས་རྣམ་རྒྱལ། ༡༡༦ མཚུངས་མེད་འདུལ་འཛིན་དཀོན་མཆོག་དབང་འདུས། ༡༡༧ མཚུངས་མེད་གུང་འབར་ཆེ་ཚང་སྤྲུལ་སྐུ་ཐུབ་བསྟན་དངོས་གྲུབ། ༡༡༨ མཚུངས་མེད་ཤར་ཆོས་བློ་བཟང་བསྟན་འཛིན། ༡༡༩ མཚུངས་མེད་བསྟན་འཛིན་ཤེས་རབ། ༡༢༠ མཚུངས་མེད་བློ་བཟང་རྡོ་རྗེའམ་འཇམ་དཔལ་མཁས་བཙུན། ༡༢༡ མཚུངས་མེད་ངག་དབང་འབྱོར་ལྡན། ༡༢༢ མཚུངས་མེད་བྲག་གཡབ་རྟོགས་ལྡན་སྤྲུལ་སྐུ་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན། ༡༢༣ མཚུངས་མེད་བསོད་ནམས་དཔལ་བཟང་། ༡༢༤ མཚུངས་མེད་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་།་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་།)
- Dictionaries/Monlam Grand/70563 + (༡ གླིང་ཆུང་སྐམ་ཆུང་ཀོ་ཆུ་གསུམ་ཤར་ཕྱོགས་ཉི་ … ༡ གླིང་ཆུང་སྐམ་ཆུང་ཀོ་ཆུ་གསུམ་ཤར་ཕྱོགས་ཉི་ཟླ་གཟའ་སྐར་ཟུར་གནོན་པའི་ཆེད་དུ་བཞེངས། ༢ བུམ་ཐང་ཀློང་རྩེ་གཉིས་མེ་ལྷ་དྲང་སྲོང་བསྒྲུབ་པའི་ཆེད་དུ་བཞེངས། ༣ དགེ་རེ་དགྱེར་ཆུ་ཧོར་ཆུ་གསུམ་གནོད་སྦྱིན་མོ་བསྟེན་པའི་ཆེད་དུ་བཞེངས། ༤ དེ་ཤང་ལྷ་ཁང་དང་ཧབ་ཤང་ལྷ་ཁང་ནི་བལ་བོད་ཀྱི་མཚམས་སུ་བཞེངས། ༥ གངས་བར་གྱི་ལྷ་ཁང་ནི་མཚོ་མ་ཕམ་ལུད་ནས་བོད་ལ་རྐྱེན་བྱུང་དོགས་པའི་ཆེད་དུ་བཞེངས། ༦ སྤྲ་དུན་རྩེའི་ལྷ་ཁང་ནི་གངས་ཏེ་རྩེ་མཐོང་ནས་རི་ཐམས་ཅད་ལ་དངོས་གཞི་མེད་དོགས་པའི་ཆེད་དུ་གངས་མི་མཐོང་བ་ལ་བཞེངས། ༧ ནུབ་རིའི་ལྷ་ཁང་ནི་སླད་ཀྱི་བྱམས་པ་འབྱོར་པའི་ཆེད་དུ་བཞེངས། ༨ ཁྱུང་ལུང་དངུལ་དཀར་གྱི་ལྷ་ཁང་ནི་གནམ་ས་གཉིས་ཟུར་གནོན་པའི་ཆེད་དུ་བཞེངས། ༩ མང་ཡུལ་གྱི་སེའི་ལྷ་ཁང་ནི་དབང་ཕྱུག་སྒྲུབ་པའི་དོན་དུ་བཞེངས། ༡༠ ལི་ཡུལ་གླང་དམར་པོའི་ལྷ་ཁང་ནི་ཤཱཀ་ཐུབ་པ་འདས་པའི་ཆེད་དུ་བཞེངས་པའོ། །ང་ནི་ཤཱཀ་ཐུབ་པ་འདས་པའི་ཆེད་དུ་བཞེངས་པའོ། །)
- Dictionaries/Monlam Grand/26803 + (༡ ཆོས་དཔེ། ༢ དངོས་དཔེ། ༣ བཟློག་པའི་དཔེ། ༤ … ༡ ཆོས་དཔེ། ༢ དངོས་དཔེ། ༣ བཟློག་པའི་དཔེ། ༤ ཕན་ཚུན་གྱི་དཔེ། ༥ ངེས་པའི་དཔེ། ༦ ངེས་པ་མེད་པའི་དཔེ། ༧ བསྡུས་པའི་དཔེ། ༨ ཕུལ་བྱུང་གི་དཔེ། ༩ རབ་བཏགས་ཀྱི་དཔེ། ༡༠ རྨད་དུ་བྱུང་བའི་དཔེ། ༡༡ རྨོངས་པའི་དཔེ། ༡༢ ཐེ་ཚོམ་ཀྱི་དཔེ། ༡༣ གཏན་འབེབས་ཀྱི་དཔེ། ༡༤ སྦྱར་བའི་དཔེ། ༡༥ མཉམ་ཉིད་ཀྱི་དཔེ། ༡༦ སྨད་པའི་དཔེ། ༡༧ བསྔགས་པའི་དཔེ། ༡༨ བརྗོད་པའི་དཔེ། ༡༩ འགའ་བའི་དཔེ། ༢༠ དགག་པའི་དཔེ། ༢༡ ངོ་བསྟོད་ཀྱི་དཔེ། ༢༢ དེ་ཉིད་བརྗོད་པའི་དཔེ། ༢༣ ཐུན་མོང་མ་ཡིན་པའི་དཔེ། ༢༤ བྱུང་མིན་གྱི་དཔེ། ༢༥ སྲིད་མིན་གྱི་དཔེ། ༢༦ མང་བའི་དཔེ། ༢༧ རྣམ་འགྱུར་གྱི་དཔེ། ༢༨ ཕྲེང་བའི་དཔེ། ༢༩ མཚུངས་སྦྱོར་གྱི་དཔེ། ༣༠ ཟླ་བོ་དངོས་པོའི་དཔེ། ༣༡ མཚུངས་སྦྱོར་གྱི་དཔེ། ༣༢ རྒྱུའི་དཔེ་བཅས་སོ། །ུངས་སྦྱོར་གྱི་དཔེ། ༣༢ རྒྱུའི་དཔེ་བཅས་སོ། །)
- Dictionaries/Monlam Grand/7108 + (༡ ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཉིད་བསམ་བཞིན་ … ༡ ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཉིད་བསམ་བཞིན་སྲིད་པ་བཟུང་བ་ཉང་རལ་ཉི་མ་འོད་ཟེར་ནི། ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཇོད་ས་སེར་གྱི་དགོན་ཞེས་པར་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་གི་ལོར་སྐུ་བལྟམས། ༢ གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཉིད་མངའ་བདག་ཉང་རིན་པོ་ཆེ་ནས་འབྲས་བུའི་མཐར་སོན་ཏེ་པདྨ་ཅན་དུ་སངས་རྒྱས་པའི་གསུང་གི་རྣམ་འཕྲུལ་དུ་བསྟན་པ། ༣ གཏེར་སྟོན་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནི། རི་བོ་བཀྲ་བཟང་གི་ཤར་མདུན་བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ་བརྒྱུད་སྣ་མོ་གཟིམས་ཁང་སློབ་དཔོན་བདུད་འདུལ་གྱི་སྲས་སུ་མེ་མོ་གླང་ལོར་སྐུ་བལྟམས་པའོ། །་གྱི་སྲས་སུ་མེ་མོ་གླང་ལོར་སྐུ་བལྟམས་པའོ། །)
- Dictionaries/Monlam Grand/83806 + (༡ ཐབས་ཀྱི་རང་བཞིན་ནམ་མཚན་ཉིད་བཞི་བཅུ། ༢ ཤེས་རབ་སོ་གསུམ། ༣ སྣང་བ་ཐོབ་པའི་བདུན། ༤ སྔགས་ལམ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་སྟེ་ཚོགས་འཁོར་གཅིག་ཏུ་འདུས་པར་གྲགས་པའི་ལམ་བཅས་སོ། །)
- Dictionaries/Monlam Grand/61611 + (༡ ཐབས་ལམ་བདེ་དྲོད་རང་འབར་ནི། འདི་ལ་སྔོན་འག … ༡ ཐབས་ལམ་བདེ་དྲོད་རང་འབར་ནི། འདི་ལ་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ཡོད། སྤྱིར་གཏུམ་མོ་ནི་རང་ཉིད་ལྷ་སྐུར་གསལ་བའི་ལུས་ནང་ལ་སེམས་གཏད་པས་ནང་ཤ་ཁྲག་རུས་གསུམ་སོགས་གང་ཡང་མེད་པ་སྟོང་སང་ངེ་བ་དེ་ལྟེ་བའི་རྩ་འཁོར་ལ་གནད་དུ་སྣུན་པས་བདེ་དྲོད་ཡེ་ཤེས་རྒྱུད་ལ་འདྲེན་པར་བྱེད་པའི་ཤེས་རབ་ཡེ་ཤེས་ཨ་ཐུང་མེ་ཡི་རྣམ་པ་ཅན་ཞིག་སྟེ། ངོ་བོ་ཐིག་ལེ། རྣམ་པ་མེ། ཁ་དོག་དམར་བ། རིག་བྱ་ཚ་བ་སྟེ་མཚན་ཉིད་བཞི་དང་ལྡན་པའི་སྤང་བྱ་སྤོང་བ་དང་གཉེན་པོ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེད་པའི་ཐབས་ལམ་ཁྱད་པར་བ་ཞིག་ལ་ཟེར། ། ༢ སྒྱུ་ལུས་ཆགས་སྡང་རང་གྲོལ། སྒྱུ་ལུས་ཆགས་སྡང་རང་གྲོལ་ནི་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་སོགས་ཀྱི་དག་དང་མ་དག་པའི་ཆོས་སྒྱུ་མར་སྦྱངས་ནས་ཆགས་སྡང་རང་སར་གྲོལ་བར་བྱེད་པའི་མན་ངག་སྤང་བྱ་སྤོང་བར་བྱེད་པ་དང་གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཐབས་ལམ་ཁྱད་པར་ཅན་ཞིག་ལ་ཟེར། དེ་ལ་དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ། ཐ་མ་གནས་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པ་ཞིག་དགོས། ༣ རྨི་ལམ་ཉིན་འཁྲུལ་རང་དག། དུས་གནད་གཉིད་ཀྱི་དུས་སུ། ཡུལ་གནད་མགྲིན་པའི་རྩ་འཁོར་ལ་དམིགས་ནས་ཉིན་འཁྲུལ་རྨི་ལམ་སྤྲུལ་སྦྱངས་སྒྱུར་གསུམ་སོགས་ལ་བརྟེན་ནས་རྨི་ལམ་གྱི་སྣང་བ་བདེན་མེད་སྒྱུ་མར་སྦྱངས་ནས་འོད་གསལ་ཟུང་འཇུག་ཏུ་འཕོ་བའི་གདམས་ངག་ཞིག་ལ་ཟེར། ༤ འོད་གསལ་གཏི་མུག་རང་སངས། འོད་གསལ་གཏི་མུག་རང་སངས་ནི་དུས་གནད་གཉིད་དང་ཉིན་པར་གཉིས་ཀར། ཡུལ་གནད་སྙིང་ཀ་ཆོས་ཀྱི་འཁོར་ལོའི་རྩ་འཁོར་ལ་དམིགས་ནས་ཉིན་པར་སྣང་བ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་སྣང་ལ་རང་བཞིན་མེད་པ་གསལ་སྟོང་ཟུང་འཇུག་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་འཇོག་ཅིང་མཚན་མོར་གཉིད་མཐུག་བདེ་སྟོང་དང་གསལ་སྟོང་འདྲེས་མའི་ངང་ལ་མཉམ་པར་འཇོག་པའི་གདམས་ངག་ཁྱད་པར་ཅན་ཞིག་ལ་ཟེར། ༥ འཕོ་བ་མ་སྒོམ་སངས་རྒྱས་ནི། རབ་འོད་གསལ་ལ་འཕོ་བ། འབྲིང་སྒྱུ་ལུས་ལ་འཕོ་བ། ཐ་མ་ལྷ་སྐུ་ལ་འཕོ་བ་སྟེ་དུས་ཡུན་རིང་པོར་སྒོམ་མི་དགོས་པའི་འཕོ་བའི་ཐབས་ལམ་ཁྱད་པར་ཅན་ལ་བརྟེན་ནས་མྱུར་བར་ཡེ་ཤེས་འཆར་ཐུབ་པའི་ལམ་ཁྱད་པར་ཅན་ཞིག་ལ་ཟེར། ༦ བར་དོ་རྒྱལ་བ་ལོངས་སྐུ། བར་དོ་རྒྱལ་བ་ལོངས་སྐུ་ནི་འཆི་བ་ཆོས་སྐུ་ལམ་ཁྱེར། བར་དོ་ལོངས་སྐུ་ལམ་ཁྱེར། སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་ཏེ་ལམ་ཁྱེར་གསུམ་ལ་བརྟེན་ནས། རབ་འཆི་བ་འོད་གསལ་ངོས་ཟིན་པ། འབྲིང་བར་དོ་སྒྱུ་ལུས་ལྷ་སྐུ་རུ་རྩལ་སྦྱངས་བ། ཐ་མ་མངལ་གྱི་སྒོ་འགག་ཅིང་འོད་གསལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་འགྱུར་བར་བྱེད་པའི་མན་ངག་ཁྱད་པར་ཅན་ཞིག་ཡིན།འགྱུར་བར་བྱེད་པའི་མན་ངག་ཁྱད་པར་ཅན་ཞིག་ཡིན།)
- Dictionaries/Monlam Grand/4436 + (༡ ཐོག་མར་རང་ལུས་ལ་བགེགས་ཀྱིས་མི་ཚུགས་པའི་ཕ … ༡ ཐོག་མར་རང་ལུས་ལ་བགེགས་ཀྱིས་མི་ཚུགས་པའི་ཕྱིར་ལྷའི་ང་རྒྱལ་གྱིས་བྱིན་གྱིས་བརླབས་པའི་ཆས་གོས་བགོ་ཞིང་ཕྱག་མཚན་བཟུང་། ༢ ལྷ་སྲིན་གྱི་ཟེར་མི་ལྡང་བའི་ཕྱིར་གསེར་སྐྱེམས་བསྔོ། ༣ གསང་སྒྲོགས་ཀྱི་ཉེས་པ་སྤང་བའི་ཕྱིར་སྣོད་བཅུད་དཀྱིལ་འཁོར་དུ་གསལ་བས་ལུས་འགྱུར་ཐུན་མོང་དུ་གཅེས་པའི་ཡན་ལག་བཅུ། ཕྱག་རྒྱ་ལ་མཁས་པ་གསུམ། ལུས་རྒྱན་དཔེ་གསུམ་དང་མཐུན་པའི་ཡོན་ཏན་དང་ལྡན་པས་དཀྱིལ་འཁོར་གྱི་ས་གཞིར་འགྲོ། ༤ རིགས་དང་མཐུན་པའི་རང་གནས་སུ་འདུག ༥ སློབ་དཔོན་འཁོར་ལོའི་མགོན་པོར་བསྐྱེད་ལ་གཞན་སྲས་ཀྱི་བྱ་བས་དཀྱིལ་འཁོར་རྫོགས་པར་སྤྲོས་ལ་བསྐུར་བརླབ་དྲང་བསྟིམ་མཆོད་བསྟོད་བྱ། ༦ ཕྱོགས་ཀྱི་སློབ་མ་རྣམས་རིགས་བཞིའི་ཡུམ་དུ་བྱིན་བརླབ། ༧ ཕྱོགས་བཞིའི་ཡུམ་གྱིས་མཆོད་བསྟོད་སྔོན་དུ་འགྲོ་བས་དཀྱིལ་འཁོར་བཤད་པར་གསོལ་བ་གདབ། ༨ སློབ་དཔོན་གྱིས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། ༩ ཞེ་སྡང་རྡོ་རྗེའི་གར་གྱིས་བཀའ་བསྒོ་ཞིང་བགེགས་བསྐྲད། ༡༠ དཀྱིལ་འཁོར་ལྷའི་སྟངས་སྟབས་ཀྱིས་ས་བཟུང་བ་ལ། འཆམས་བསྐོར་གསུར་དང་ཆོས་དབྱིངས་བསྐྱེད། །དབང་སྡུད་མཁའ་འགྲོ་དཔའ་བསྐྱེད་དང་། །ཉམས་པའི་བླ་འགུགས་དམ་ཅན་འབོད། །ནམ་མཁའ་བར་སྣང་ས་གཞི་གསུམ། །འཁོར་ལོ་རྟགས་བརྒྱད་པདྨོར་བརླབ། །རྡོ་རྗེ་ཕྱེད་རྐྱང་སྔགས་གསུམ་གྱིས། །ས་བཙལ་འདུལ་ཞིང་རློབ་པའོ། །ཞེས་པ་ལྟར་སྔོན་འགྲོའི་སྟངས་སྟབས་བཅུ་གཉིས་ཀྱིས་སྤྱིར་རློབ། མཁའ་རླུང་རཀྟ་ཞིང་ཆེན་དང་། །ཀེང་རུས་མེ་དཀྱིལ་གཞལ་ཡས་ཁང་། །ཞེས་རྟེན་བསྐྱེད་པ་བདུན། །གཙོ་བོ་དང་ནི་རིགས་བཞི་དང་། །རིགས་ལྔའི་ཡུམ་དང་གོ་རཱི་བརྒྱད། །སིཾ་ཧ་མ་བརྒྱད་སྒོ་མ་བཞི། །དབང་ཕྱུག་མ་དང་ཕྲ་མེན་གྱི། །བམ་ལེན་དཔལ་ཆེན་སྟོབས་འཆམས་སོ། །ཞེས་པའི་ནང་ཚན་གཙོ་བོ་དཔལ་ཆེན་པོའི་འགྱིང་འཆམས་ནང་གསེས་དགུ་དང་བཅས་པས་བརྟེན་པ་བསྐྱེད་པ་སྟེ་དངོས་གཞི་སོ་སོའི་སྟབས་སྟབས་ཀྱིས་བྱེ་བྲག་ཏུ་བྱིན་བརླབ། ༡༡ ཕྱོགས་བཅུའི་བགེགས་ལ་ཕུར་བུས་གདབ། ༡༢ རྟག་ཆད་ཀྱི་མཐའ་བསལ། ༡༣ བསྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་བརྒྱན་པའོ། །ྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་བརྒྱན་པའོ། །)
- Dictionaries/Monlam Grand/95465 + (༡ ཐོག་མར་སན་ཧོང་ཨུ་རྡི་བྱུང་བའི་ནང་གསེས་ཧོ … ༡ ཐོག་མར་སན་ཧོང་ཨུ་རྡི་བྱུང་བའི་ནང་གསེས་ཧོང་གསུམ་གྱི་དང་པོ་ཧྥུ་ཁི་ཞེས་པས་རྒྱལ་པོ་བྱས་སྐབས་སྤར་ཁ་ཞེས་པའི་ཡི་གེ་བརྒྱད་དང་ཕྱག་རྒྱ་བརྒྱད་གཏན་ལ་ཕབ་ནས་བྱ་བ་བཟང་ངན་བརྟག་པ་དང༌། དབྱིབས་དང༌། དམིགས་བསལ། དངོས་བསྟན། ཟུང་འཇུག འཁྲུལ་ཤེས། སྒྲ་སྦྱོར་བཅས་དོན་དྲུག་ལ་བརྟེན་ནས་རྒྱ་ཡིག་ཐོག་མར་བཟོས་པ་དེ་ནི་སྐྱེས་མཆོག་དང་པོ། ༢ སྐྱེས་མཆོག་གཉིས་པ་ནི་ཤིས་ཀྲའུ་སྟེ་ཀྲའུ་རྒྱལ་རབས་ནུབ་མའི་རྒྱལ་པོ་དང་པོ་ཀྲའུ་ཝེན་ཝང་གིས་སྔར་གྱི་སྤར་ཁ་བརྒྱད་པོ་རེ་རེ་ལ་བརྒྱད་བརྒྱད་དུ་ཕྱེ་བའི་དྲུག་ཅུ་རྩ་བཞིའི་རྣམ་གཞག་ལ་བརྟེན་ནས་རྩིས་གསར་གཏོད་བྱས་ཤིང༌། སྲིད་དོན་དང་འབངས་ལ་ཕན་པའི་བྱ་གཞག་མང་པོ་བསྒྲུབས་ཡོད་པ་དེ་ཡིན། ༣ སྐྱེས་མཆོག་གསུམ་པ་ནི། ཀྲའུ་ཝེན་ཝང་གི་བུ་བཞི་པ་ཀྲའུ་ཀུང་གིས་རང་གི་ཕའི་བཞེད་སྲོལ་རྒྱས་བཤད་བྱས་པའི་གཞུང་བརྩམས་ཡོད་པ་དེ་ཡིན། ༤ སྐྱེས་མཆོག་བཞི་པ་ནི་ཁུང་ཙི་ཞེས་ཡོངས་སུ་གྲགས་པ། ཆབ་སྲིད་སྐྱོང་སྟངས་ཀྱི་ལུགས་ཀྱི་བསྟན་བཅོས་རྩོམ་པ་པོ་དེ་ཡིན།ས་ཀྱི་ལུགས་ཀྱི་བསྟན་བཅོས་རྩོམ་པ་པོ་དེ་ཡིན།)
- Dictionaries/Monlam Grand/68856 + (༡ ཐོག་མར་སྨིན་ལམ་དབང་། ༢ གྲོལ་ལམ་ལ་རིམ་གྱི … ༡ ཐོག་མར་སྨིན་ལམ་དབང་། ༢ གྲོལ་ལམ་ལ་རིམ་གྱིས་པའི་བསྐྱེད་རིམ། ༣ གཏུམ་མོ་ལམ་གྱི་དངོས་གཞི། ༤ ཅིག་ཅར་བས་འོད་གསལ། ༥ རང་རིག་ལྷག་པར་གནས་པ་གྲོང་འཇུག། ༦ འཕོ་བ། ༧ རྨི་ལམ། ༨ བར་དོ་རྣམས་ཆ་ལག་སྟེ། ༩ དེ་རྣམས་བསྒོམ་པས་གནས་སྐབས་ཀྱི་འབྲས་བུ་རྟགས་ལྔ། ཡོན་ཏན་བརྒྱད། གྲུབ་ཆེན་བརྒྱད། འཕྲིན་ལས་རྣམ་བཞི་སོགས་ཐུན་མོང་གི་དངོས་གྲུབ། ༡༠ རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས་འགྲུབ་པ་མཐར་ཐུག་གི་འབྲས་བུ་ཞེས་གསུངས་སོ། །འགྲུབ་པ་མཐར་ཐུག་གི་འབྲས་བུ་ཞེས་གསུངས་སོ། །)
- Dictionaries/Monlam Grand/80484 + (༡ ཐོས་བསམ་རྣམ་དག་ཕྱོགས་མེད་དགོངས་པ་རྟོགས། … ༡ ཐོས་བསམ་རྣམ་དག་ཕྱོགས་མེད་དགོངས་པ་རྟོགས། །༢ ལྟ་བ་རྣམ་དག་ཟུང་འཇུག་དོན་ལ་མཁས། །༣ སྒོམ་པ་རྣམ་དག་གཉིས་འཛིན་རང་སར་སངས། །༤ སྤྱོད་པ་རྣམ་དག་རང་རྒྱུད་དྲི་མ་མེད། །༥ ཉམས་རྟགས་རྣམ་དག་འགག་མེད་རྩལ་དུ་འབྱོངས། །༦ དངོས་གྲུབ་རྣམ་དག་ཆོས་ཉིད་ཀློང་དུ་གྱུར། ། དེ་ལྟར་ལྡན་ན་ཐེག་ཆེན་དོན་ལ་མཁས། །ཞེས་སོ། །དེ་ལྟར་ལྡན་ན་ཐེག་ཆེན་དོན་ལ་མཁས། །ཞེས་སོ། །)
- Dictionaries/Monlam Grand/95983 + (༡ དགོན་པ་དང་དབེན་པ་ལ་གནས་པ། ༢ ཆོས་ཟབ་མོ་ལ་བཟོད་པའི་སྟོབས་བསྐྱེད་པ། ༣ རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དག་ལ་ལྷག་པར་ཆགས་པ་མེད་པ། ༤ སྡུག་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་ཞིང་ཐ་ན་ལུས་དང་སྲོག་ཀྱང་ཡོངས་སུ་གཏོང་བའོ། །)
- Dictionaries/Monlam Grand/85876 + (༡ དངོས་པོ་རྗེས་དཔག་གི་བྱེད་པ་འཇུག་པའི་ཡུལ་ལྐོག་གྱུར། ༢ ཡིད་ཆེས་རྗེས་དཔག་གི་བྱེད་པ་འཇུག་པའི་ཡུལ་ཤིན་ཏུ་ལྐོག་གྱུར། ༣ གྲགས་པའི་རྗེས་དཔག་གི་བྱེད་པ་འཇུག་པའི་ཡུལ་ཅུང་ཟད་ལྐོག་གྱུར་རོ། །)
- Dictionaries/Monlam Grand/78375 + (༡ དངོས་སྟོབས་རྗེས་དཔག། ༢ ཡིད་ཆེས་རྗེས་དཔག། ༣ གྲགས་པའི་རྗེས་དཔག་གོ །)
- Dictionaries/Monlam Grand/82806 + (༡ དེ་ལ་རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ … ༡ དེ་ལ་རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པ། ༢ དེ་ལས་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པ། ༣ འཁྲུལ་དུས་གཞི་དེས་ཁྱབ་ཚུལ་བསྟན་པ། ༤ གནས་གང་ལ་བརྟེན་པ་བསྟན་པ། ༥ དེའི་སྣང་བ་ཆེན་པོ་ལམ་གང་ལས་འབྱུང་བ་བསྟན་པ། ༦ སྒོ་གང་ལས་འཆར་བ་བསྟན་པ། ༧ ཡུལ་གང་ལ་སྣང་བ་བསྟན་པ། ༨ དེ་ཉམས་སུ་ཇི་ལྟར་བླང་བ་བསྟན་པ། ༩ རྟགས་ཚད་ངེས་པས་གཏན་ལ་དབབ་པ་བསྟན་པ། ༡༠ ཉམས་ལེན་མ་རྫོགས་ན་བར་དོར་ཡེ་ཤེས་སྒྲོན་མ་བསྟན་པ། ༡༡ དེ་ཐམས་ཅད་ཀྱི་མཐར་ཐུག་གྲོལ་ས་ཆེན་པོ་གང་ཡིན་པ་བསྟན་པ་བཅས་ཀྱིས་རྡོ་རྗེའི་གནས་མདོར་བསྟན་པ་སྟེ་ཚུལ་འདི་ནི་བསྟན་བཅོས་འདིའི་ལུས་རྣམ་པར་གཞག་པའོ། །ི་ནི་བསྟན་བཅོས་འདིའི་ལུས་རྣམ་པར་གཞག་པའོ། །)
- Dictionaries/Monlam Grand/68837 + (༡ དྲུང་གྲགས་པ་རིན་ཆེན། ༢ མཁས་མཆོག་སྒ་ལེབ། … ༡ དྲུང་གྲགས་པ་རིན་ཆེན། ༢ མཁས་མཆོག་སྒ་ལེབ། ༣ སྟག་ལེབ་བྱང་རྒྱལ་བ། ༤ གུང་རུ་ཚུལ་བཟང་། ༥ ཆེན་པོ་དཔལ་ལྡན་ཤེས་རབ། ༦ སློབ་ཆུང་ཀུན་རྒྱལ་བ། ༧ མཁན་ཆེན་ངག་དབང་དཔལ་ལྡན་པ། ༨ སློབ་དཔོན་དཔལ་ལྡན་བློ་གྲོས། ༩ སློབ་དཔོན་ཤེས་རབ་བློ་གྲོས། ༡༠བྱང་བ་རབ་འབྱམས་པ་ཡེ་ཤེས་གྲགས་པ། ༡༡ དཀའ་བཅུ་བ་དཔལ་ལྡན་འོད་ཟེར། ༡༢ དཀོན་ཅོག་བཟང་པོ། ༡༣ སློབ་ཆུང་བ་རིན་ཆེན་བྱང་ཆུབ། ༡༤ ཆུ་བཟང་དཀའ་བཅུ་ངག་དབང་འབྱུང་གནས། ༡༥ རྒྱལ་བྱེད་ཚལ་པ་བློ་བཟང་ཨེ་ཝྃ། ༡༦ ཅོ་ནེ་ཕྱོགས་ལས་རྣམ་རྒྱལ། ༡༧ གུང་རུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། ༡༨ ཆུ་བཟང་བྱམས་པ་ལྷུན་གྲུབ། ༡༩ ཧར་གདོང་བརྩོན་འགྲུས་རྒྱ་མཚོ། ༢༠ གཞུ་ཁང་བ་དགེ་ལེགས་ལྷུན་འགྲུབ། ༢༡ ཆུ་བཟང་ཆོས་གྲགས་རྣམ་རྒྱལ། ༢༢ བདག་ཉིད་ཆེན་པོ་གཉན་གྲོང་པ། ༢༣ གུང་རུ་སངས་རྒྱས་བཀྲ་ཤིས། ༢༤ སྟོད་ལུང་རྒྱ་ཡག་པ་དགེ་ལེགས་དཔལ་འབྱོར། ༢༥ བསམ་སྒང་བ་བློ་བཟང་ངག་དབང་། ༢༦རྒ་རུ་པ་ངག་དབང་དཔལ་འབྱོར། ༢༧ ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་བོ་འཕྲིན་ལས་ལྷུན་གྲུབ། ༢༨ ཁྲི་ཆེན་ངག་དབང་བློ་གྲོས་རྒྱ་མཚོ། ༢༩ ཨོ་རོལ་དོན་གྲུབ་རྒྱ་མཚོ། ༣༠ ནག་ཚང་དོན་གྲུབ་རྒྱ་མཚོ། ༣༡ ཏྭ་དབོན་ཀུན་དགའ་འོད་ཟེར། ༣༢ རྗེ་འཇམ་བཞད་ངག་དབང་བརྩོན་འགྲུས། ༣༣ ཧར་གདོང་བློ་བཟང་ཤེས་རབ། ༣༤ ཅུན་གར་བློ་བཟང་ཕུན་ཚོགས། ༤༥ ཧར་གདོང་ལ་མོ་ངག་དབང་ནམ་མཁའ། ༤༦ ཧར་གདོང་བློ་བཟང་དམ་ཆོས། ༤༧ ཅུན་གར་བ་བློ་ཆོས་གྲགས། ༣༨ སོག་པོ་མཁན་ཆེན་སངས་རྒྱས་རྡོ་རྗེ། ༣༩ ཀླུ་འབུམ་པ་ཡོངས་འཛིན་དགེ་འདུན་བདེ་ཆེན། ༤༠ དབུས་པ་བསྟན་པ་ཡར་འཕེལ། ༤༡ བྲ་ཉེ་མཁན་ཆེན་ངག་དབང་དགེ་ལེགས། ༤༢ ཧོར་མཁན་ཆེན་སྐལ་བཟང་དངོས་གྲུབ། ༤༣ བསམ་མཁན་ཆེན་བློ་བཟང་ཆོས་དར། ༤༤ ཧར་ཆེན་ལྷ་བཙུན་མཐུ་སྟོབས་ཉི་མ། ༤༥ ཧར་གདོང་བསྟན་པ་ཐར་བ། ༤༦ བསམ་དཔའ་རིས་ངག་དབང་དར་རྒྱས། ༤༧ དཔོན་སློབ་ངག་དབང་མཁས་མཆོག ༤༨ ཀླུ་འབུམ་ལ་མོ་མཁན་ཆེན་ངག་དབང་ཚུལ་ཁྲིམས། ༤༩ ཟུང་ཆུ་བློ་བཟང་དགེ་ལེགས། ༥༠ བྲ་སྟི་བློ་བཟང་འཇམ་དཔལ། ༥༡ མཁན་པོ་བློ་བཟང་བདེ་ཆེན། ༥༢ དཔོན་སློབ་བློ་གྲོས་བསྟན་པ། ༥༣ དཔོན་སློབ་བསྟན་པ་ཆོས་བཟང་། ༥༤ དཔོན་སློབ་བསྟན་པ་བཟོད་པ། ༥༥ དཔོན་སློབ་རྣམ་རྒྱལ་ཡེ་ཤེས། ༥༦ དཔོན་སློབ་བློ་བཟང་སྦྱིན་པ། ༥༧ ཧར་གདོང་བློ་བཟང་རྣམ་རྒྱལ། ༥༨ དཔོན་སློབ་དགེ་འདུན་སྦྱིན་པ། ༥༩ ཟུང་ཆུ་བློ་བཟང་མཆོག་གྲུབ། ༦༠ གུང་རུ་མཁན་ཆེན་བསྟན་པ་ཆོས་འཕེལ། ༦༡ ཐུ་མེད་སྦྱིན་པ་རྒྱ་མཚོ། ༦༢ ཟམ་གདོང་སྒང་བ་བློ་བཟང་བསྟན་འཛིན། ༦༣ བར་ཐོག་ཚང་ངག་དབང་བློ་བཟང་འཇིགས་མེད་རྒྱ་མཚོ། ༦༤ འཇུར་བྱེད་མཁན་ཆེན་འོད་ཟེར་རྡོ་རྗེ། ༦༥ ལྷ་དབང་གླིང་བ་བསམ་བློ་དགེ་འདུན་བློ་བཟང་། ༦༦ དབྱར་གནས་མཁན་པོ་བསམ་བློ་ཆོས་འཕེལ་རྒྱལ་པོ། ༦༧ ཧར་གདོང་བསྟན་པ་ཆོས་གྲགས། ༦༨ ཧར་གདོང་ཆོས་འཕེལ་འཇམ་དབྱངས། ༦༩ ཁལ་ཁ་སྐལ་བཟང་ལེགས་ལྡན། ༧༠ མཚོ་ཁ་བ་དགེ་བཤེས་ངག་དབང་བློ་བཟང་། ༧༡ གུང་རུ་དགེ་བཤེས་བསྟན་པ་བསྟན་འཛིན། ༧༢ ཁལ་ཁ་དགེ་བཤེས་ངག་དབང་ཉི་མ། ༧༣ གཞུང་པ་དགེ་བཤེས་སྐལ་བཟང་ཐབས་མཁས། ༧༤ གཞུང་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ། ༧༥ ཧར་གདོང་དགེ་བཤེས་བསྟན་པ་རྒྱལ་མཚན། ༧༦ གཞུང་པ་དགེ་བཤེས་བློ་བཟང་བསྟན་པ། ༧༧ ཟུང་ཆུ་དགེ་བཤེས་ཚུལ་ཁྲིམས་ཕུན་ཚོགས། ༧༨ ཧར་གདོང་དགེ་བཤེས་བློ་བཟང་བསམ་གཏན། ༧༩ གཞུང་པ་དགེ་བཤེས་ཡོན་ཏན་དམ་ཆོས།བསམ་གཏན། ༧༩ གཞུང་པ་དགེ་བཤེས་ཡོན་ཏན་དམ་ཆོས།)
- Dictionaries/Monlam Grand/98327 + (༡ ནང་སྟོང་པ་ཉིད། ༢ ཕྱི་སྟོང་པ་ཉིད། ༣ ཕྱི་ན … ༡ ནང་སྟོང་པ་ཉིད། ༢ ཕྱི་སྟོང་པ་ཉིད། ༣ ཕྱི་ནང་སྟོང་པ་ཉིད། ༤ སྟོང་པ་ཉིད་སྟོང་པ་ཉིད། ༥ ཆེན་པོ་སྟོང་པ་ཉིད། ༦ དོན་དམ་པ་སྟོང་པ་ཉིད། ༧ འདུས་བྱས་སྟོང་པ་ཉིད། ༨ འདུས་མ་བྱས་སྟོང་པ་ཉིད། ༩ མཐའ་ལས་འདས་པ་སྟོང་པ་ཉིད། ༡༠ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། ༡༡ དོར་བ་མེད་པ་སྟོང་པ་ཉིད། ༡༢ རང་བཞིན་སྟོང་པ་ཉིད། ༡༣ ཆོས་ཐམས་ཅད་སྟོང་པ་ཉིད། ༡༤ རང་གི་མཚན་ཉིད་སྟོང་པ་ཉིད། ༡༥ མི་དམིགས་པ་སྟོང་པ་ཉིད། ༡༦ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཅས་བཅུ་དྲུག་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཅས་བཅུ་དྲུག)
- Dictionaries/Monlam Grand/37530 + (༡ ཕ་རྒན་དྲིན་ཅན་བླ་མ་བཀའ་དྲིན་ཅན། །བརྗེད་ད … ༡ ཕ་རྒན་དྲིན་ཅན་བླ་མ་བཀའ་དྲིན་ཅན། །བརྗེད་དུ་ཕོངས་པས་བསྙེན་བཀུར་གསོལ་བ་ཐོབ། ། ༢ མ་རྒན་དྲིན་ཅན་འགྲོ་དྲུག་སེམས་ཅན་རྣམས། །སྡུག་ཏུ་ཕོངས་པས་བདེ་ཆེན་ལམ་སྣ་དྲོངས། ། ༣ རང་ཉིད་དལ་འབྱོར་རྙེད་དཀའི་སྒོ་གསུམ་འདི། །དལ་དུ་ཕོངས་པས་གཞན་དོན་དགེ་ལ་བཀོལ། ། ༤ གྲོགས་མཆོག་རྣམས་དང་དངོས་གྲུབ་ཡི་དམ་ལྷ། །འབྲས་བུ་ཕོངས་པས་རྟག་ཏུ་གུས་པས་འགྲོགས། ། ༥ བུ་མཆོག་རང་བྱུང་ཁྱེའུ་ཆུང་མཛེས་པ་འདི། །འཁྲུལ་དུ་ཕོངས་པས་ཆོས་ཉིད་བཙན་ས་ཟུང༌། ། ༦ ཕ་ནོར་སེམས་ཉིད་ནོར་བུ་རིན་ཆེན་འདི། །ཤོར་དུ་ཕོངས་པས་མ་ཡེངས་གཅེས་སྤྲས་གྱིས། །གཏན་སྲིད་འཛིན་ན་གདམས་པ་དེ་དྲུག་གཅེས། །ཞེས་གསུངས།ིད་འཛིན་ན་གདམས་པ་དེ་དྲུག་གཅེས། །ཞེས་གསུངས།)
- Dictionaries/Monlam Grand/86685 + (༡ ཕམ་ལྷག་སོགས་ལ་འཇུག་འདོད་ཀྱི་ཀུན་སློང་ནི་ … ༡ ཕམ་ལྷག་སོགས་ལ་འཇུག་འདོད་ཀྱི་ཀུན་སློང་ནི་སྦྱོར་བ་སྦྱོར་བའི་ལྟུང་བ། ༢ ལུས་ངག་གང་རུང་དུ་ཐོན་པ་ཕམ་པ་དངོས་གཞི་ལ་མ་རེག་པར་དུ་སྦྱོར་བའི་ལྟུང་བ་དང་སྦྱོར་བའི་སྦོམ་པོ་གཉིས་ཀ་ཡིན། ༣ ཕམ་ལྷག་བསྐྱེད་པ་ལ་ཡན་ལག་གཅིག་མ་ཚང་ན་ན་སྨད་སྦོམ་པོ་ཡིན། ༤ ལྟུང་བྱེད་སོར་བཤགས་ཀྱི་ཡན་ལག་གཅིག་མ་ཚང་ན་ན་སྨད་ཉེས་བྱས་ཡིན། ༥ ཉེས་བྱས་ཀྱི་ཡན་ལག་མ་ཚང་ན་ན་སྨད་ཕྲ་མོ་དེ་རྣམས་སེལ་བ་ཡང་ཡིན་ནོ། །སེལ་བ་ལ་དབྱེ་ན། བསམ་པའི་སེལ་བ། ཀུན་སློང་གི་སེལ་བ། སྦྱོར་བའི་སེལ་བ། མཐར་ཐུག་གི་སེལ་བ་དང་བཞིའོ། །རབ་བྱུང་སྡེ་ལྔའི་སེལ་བ། དགེ་སློང་གི་སེལ་བའོ། །༦ ལྟུང་བ་དངོས་གཞི་མེད་པའི་ལྟུང་མེད། ལྟུང་བའི་རྣམ་བཞག་མེད་པས་ལྟུང་མེད། དེར་གཏོགས་ཀྱི་ལྟུང་བ་མེད་པས་ལྟུང་བ་མེད། ལྟུང་བ་གཏན་མི་བསྐྱེད་པའི་ལྟུང་མེད་སྤང་བྱ་དགག་བྱ་ཉེས་དམིགས་མེད་པའི་ལྟུང་མེད། གནང་བ་བག་ཡངས་དང་འབྲེལ་བའི་ལྟུང་མེད། བར་ཆད་ཀྱི་རྐྱེན་དང་ལྡན་པའི་ལྟུང་མེད་དོ། །ལྟུང་བ་ཆེ་ཆུང་ནི་བཅས་པ་ཆེ་ཆུང་གི་རྗེས་སུ་འབྲང་། སྡིག་པ་ཆེ་ཆུང་ནི་ཡུལ་དང་བསམ་པའི་རྗེས་སུ་འབྲང་བས། སྡིག་པ་ཡིན་ལ་ལྟུང་བ་མ་ཡིན་པ་སྡོམ་པ་དང་མི་ལྡན་པས་སྲོག་བཅད་པ་ལྟ་བུའོ། །ལྟུང་བ་ཡིན་ལ་སྡིག་པ་མ་ཡིན་པ་དགེ་སློང་གིས་ཤིང་སོགས་སྐྱེས་པ་གཅོད་པ་ལྟ་བུའོ། །ློང་གིས་ཤིང་སོགས་སྐྱེས་པ་གཅོད་པ་ལྟ་བུའོ། །)