Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "ཀ་ལི་དང་འདྲ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/11627  + (༡ སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བྱ་བའི་སྒྲུ༡ སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་ཐབས། སངས་རྒྱས་ཉིད་ཀྱིས་མཛད། བསྟན་འགྱུར་རྒྱུད་འགྲེལ་༼ མུ ༽༢༨ན་༣ན་བཞུགས། ༢ འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། ཡང་སངས་རྒྱས་ཉིད་ཀྱིས་མཛད། བསྟན་འགྱུར་རྒྱུད་འགྲེལ་༼ མུ ༽༡༣༡བ་༣བཞུགས། (གོང་གི་སྒྲུབ་ཐབས་གཉིས་པོ་སངས་རྒྱས་ཀྱིས་གསུང་ཡིན་ན། དེ་གཉིས་བསྟན་འགྱུར་གྲས་སུ་མ་བཞག་པ་ཅི་ཡིན་ནམ་སྙམ) ༣ སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། བསྟན་འགྱུར་རྒྱུད་འགྲེལ་༼ མུ ༽༢༦༧བ༣ན་བཞུགས། སྒྲ་བཤད་ནི། སྒྲོལ་མ་འདི་ལ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བརྗོད་པའི་རྒྱུ་མཚན་ནི། སེང་ལྡེང་གི་ནགས་དང་ཁ་དོག་འདྲ་བའི་ཆ་ནས་མིན་པར། སེང་ལྡེང་གི་ནགས་སུ་སེམས་ཅན་སྣ་ཚོགས་པའི་དོན་བྱེད་པའི་ཆ་ནས་ཡིན་ཏེ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་ཐབས། སངས་རྒྱས་ཉིད་ཀྱིས་མཛད། བསྟན་འགྱུར་རྒྱུད་འགྲེལ་༼ མུ ༽༢༨ན་༥ལས། སེང་ལྡེང་གི་ནགས་སུ་སྣ་ཚོགས་པའི་སེམས་ཅན་གྱི་དོན་བྱེད་པར་བསམས་ལ། ཞེས་གསུངས་པ་ལྟར་རོ། །དེ་ལ་བོད་འགྲེལ་ནི་ཤིན་ཏུ་མང་ངོ་། །ྟར་རོ། །དེ་ལ་བོད་འགྲེལ་ནི་ཤིན་ཏུ་མང་ངོ་། །)
  • Dictionaries/sgom sde tshig mdzod chenmo/11663  + (༡ སེམས་འཇོག་པ། ༢ རྒྱུན་དུ་འཇོག་པ། ༣ སླན་ཏེ་འཇོག་པ། ༤ ཉེ་བར་འཇོག་པ། ༥ དུལ་བར་བྱེད་པ། ༦ ཞི་བར་བྱེད་པ། ༧ རྣམ་པར་ཞི་བར་བྱེད་པ། ༨ རྩེ་གཅིག་ཏུ་འཇོག་པ། ༩ མཉམ་པར་འཇོག་པ་དང་དགུའོ། །)
  • Dictionaries/sgom sde tshig mdzod chenmo/12297  + (༡ སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ་སྒྲོལ་མ་རྒྱ༡ སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ་སྒྲོལ་མ་རྒྱ་མཚོའི་རྒྱུད་ནས་ཕྱུང་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། བསྟན་འགྱུར་རྒྱུད་༼ ཤ་པ ༽ཤོག་གྲངས་༡ནས་༦བར་བཞུགས་སོ། །༢ རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྤྱིའི་མངོན་པར་རྟོགས་པ་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། བསྟན་འགྱུར་རྒྱུད་༼ ཤ་པ ༽ཤོག་གྲངས་༦ན་ནས་༦བ་བར་བཞུགས་སོ། །༣ ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། ཁ་ཆེའི་པཎྜི་ཏ་སློབ་དཔོན་ཉི་མ་སྦས་པས་མཛད་པ། བསྟན་འགྱུར་རྒྱུད་༼ ཤ་པ ༽༦ནས་༡༠བར་བཞུགས་སོ། །འདིའི་ནང་སྒྲོལ་མ་ཉེར་གཅིག་སོ་སོའི་སྐུ་མདོག་ཕྱག་མཚན་སོགས་གསལ་བར་གསུངས་ཡོད། ༤ བཅོམ་ལྡན་འདས་མ་སྒྲོལ་མ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས། རྗེ་བཙུན་ལྷ་མོ་མཆོག་ཉིད་ཀྱི་སྐུས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ཁ་ཆེའི་པཎྜི་ཏ་སློབ་དཔོན་ཉི་མ་སྦས་པས་མཛད་པ། བསྟན་འགྱུར་རྒྱུད་༼ ཤ་པ ༽༢༦བ་ནས་༣༤ཡིག་ཕྲེང་༥བར་བཞུགས་སོ། །སློབ་དཔོན་ཉི་མ་སྦས་པས་མཛད་པའི་སྒྲོལ་མའི་བསྟོད་པ་ཉེར་གཅིག་པའི་སྒྲུབ་ཐབས་མི་འདྲ་གོང་འོག་གཉིས་ཀ་ཡང་ཕལ་ཆེར་འདྲ་བ་ལ། འོག་མས་རྒྱས་པར་བཤད་ཡོད་དོ། །༥ ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སཱུརྻ་གུཔྟའམ་ཉི་མ་སྦས་པས་མཛད་པ། བསྟན་འགྱུར་རྒྱུད་༼ ཤ་པ ༽༣༥ན་ནས་༣༨བ་བར་བཞུགས་སོ། །༦ རྒྱལ་མཆོག་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱིས་སྒྲོལ་ཊཱིཀ་རིན་ཆེན་ཕྲེང་བ་སྒྲོན་ལྗང་སྒྲུབ་ཐབས་དང་བཅས་པ་ཞིག ༧ རྒྱལ་མཆོག་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོའི་སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་རྣམ་བཤད། ༨ ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྒྲོལ་མའི་ཊཱི་ཀ། ༩ ཇོ་ནང་ཏཱ་ར་ནཱ་ཐའི་སྒྲོལ་མའི་ཊཱི་ཀ། (འདི་ཏཱ་ར་ནཱ་ཐའི་གསུང་འབུམ་པོད་༼ ན ༽པར་བཞུགས) ༡༠ དངུལ་ཆུ་དྷརྨ་བྷ་དྲའི་སྒྲོལ་མར་ཕྱག་འཚལ་ཉེར་གཅིག་གིས་བསྟོད་པའི་རྣམ་བཤད་ཡིད་འཕྲོག་ཨུཏྤལའི་ཆུན་པོ། ༡༡ སི་ཏུ་པདྨ་ཉིན་བྱེད་ཀྱིས་མཛད་པས་སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པའི་རྣམ་བཤད་གསལ་བའི་འོད་ཟེར་ཞེས་བྱ་བ།སྟོད་པའི་རྣམ་བཤད་གསལ་བའི་འོད་ཟེར་ཞེས་བྱ་བ།)
  • Dictionaries/sgom sde tshig mdzod chenmo/10293  + (༡ སྤྱི་བོ། ༢ མགྲིན་པ། ༣ སྙིང་ག ༤ ལྟེ་བ་བཅས་ཀྱི་རྩ་འཁོར་དང་བཞིའོ། །དེ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་བཅས་སོ། །)
  • Dictionaries/sgom sde tshig mdzod chenmo/10294  + (༡ སྤྱི་བོ། ༢ མགྲིན་པ། ༣ སྙིང་ག ༤ ལྟེ་བ། ༥ ༡ སྤྱི་བོ། ༢ མགྲིན་པ། ༣ སྙིང་ག ༤ ལྟེ་བ། ༥ གསང་གནས་བཅས་ཀྱི་རྩ་འཁོར་ལྔའོ། །དེ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། གསང་གནས་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་སོ་གཉིས་བཅས་སོ། །་སྐྱོང་གི་འཁོར་ལོ་རྩ་འདབ་སོ་གཉིས་བཅས་སོ། །)
  • Dictionaries/sgom sde tshig mdzod chenmo/10291  + (༡ སྤྱི་བོ། ༢ མགྲིན་པ། ༣ སྙིང་ག ༤ ལྟེ་བ། ༥ ༡ སྤྱི་བོ། ༢ མགྲིན་པ། ༣ སྙིང་ག ༤ ལྟེ་བ། ༥ གསང་གནས། ༦ ནོར་བུའི་དབུས་ཀྱི་རྩ་འཁོར་དང་དྲུག་གོ། དེ་ཡང་སྤྱི་བོར་སོ་གཉིས། མགྲིན་པར་བཅུ་དྲུག སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི། གསང་གནས་སུ་སོ་གཉིས། ནོར་བུའི་དབུས་སུ་རྩ་འདབ་བརྒྱད་བཅས་སོ། །རྩ་འཁོར་དྲུག་གི་རྣམ་གཞག་འདི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་བཤད་ཅེས། རྗེའི་གསུང་ཟིན་བྲིས་རྫོགས་རིམ་དཔྱིད་ཀྱི་ཐིག་ལེར་གསུངས་སོ། །ིས་རྫོགས་རིམ་དཔྱིད་ཀྱི་ཐིག་ལེར་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/11745  + (༡ ཧར་གདོང༌། ༢ བསམ་བློ། ༣ བྱ་བྲལ། ༤ ཏྲེ་ཧོར༡ ཧར་གདོང༌། ༢ བསམ་བློ། ༣ བྱ་བྲལ། ༤ ཏྲེ་ཧོར། ༥ བྲ་སྟི། ༦ ཚ་བ། ༧ ལྷོ་པ། ༨ སྒོམ་སྡེ། ༩ ལྭ་བ། ༡༠ ལྡན་མ། ༡༡ མངའ་རིས་གུ་གེ། ༡༢ མངའ་རིས་དཔེ་ཐུབ། ༡༣ མངའ་རིས་ཟངས་དཀར། ༡༤ མངའ་རིས་སྟག་མོ། མི་ཚན་ནི། བྲ་སྟིའི་མི་ཚན། ༡ གཙང་པ། ༢ རྒྱལ་བྱེད། ༣ ཨེ་པ། ༤ གཉལ་པ། ༥ དྭགས་པོ། ༦ རྩེད་ཐང༌། ༧ སྤོ་འབོར། ༨ གུང་རུ་དང་ཉེར་གཉིས་སོ། །ཀློང་རྡོལ་བླ་མའི་གླེགས་བམ་སྨད་ཆ་༣༨༤ན་གསལ་བ་ལྟར་རོ། །དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེའི་ཚིག་མཛོད་ཆེན་མོར། སྤོ་འབོར་དང་གུང་རུ་གཉིས་དོར་ནས། སྤོ་བོ་བསྣན་ཏེ་ཉེར་གཅིག་བྱས་འདུག་ཀྱང་དཔྱད།སྤོ་བོ་བསྣན་ཏེ་ཉེར་གཅིག་བྱས་འདུག་ཀྱང་དཔྱད།)
  • Dictionaries/sgom sde tshig mdzod chenmo/4888  + (༧གོང་ས་མཆོག་དང་། ༧རྒྱལ་ཚབ། སྲིད་སྐྱོང་། བཀ༧གོང་ས་མཆོག་དང་། ༧རྒྱལ་ཚབ། སྲིད་སྐྱོང་། བཀའ་ཤག་ཅི་རིགས་ནས་བཀའ་ཁྱབ་གནང་དགོས་རིགས་མགྲོན་གཉེར་ཆེན་མོ་དང་། སྣེ་མགྲོན། བཀའ་མགྲོན་ཁུངས་སོ་སོར་བརྒྱུད་དེ་ཡིག་ཐོག་དང་། ངག་ཐོག་ཇི་འོས་སྐབས་བསྟུན་བཀའ་ཁྱབ་བསྩལ་བ་དེ་ལ་མགྲོན་བརྒྱུད་བཀའ་སྒྱུར་བསྩལ་ཟེར། ཞེས་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་བརྩམས་པའི་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་ལས་གསུངས་པ་ལྟར་བཀོད།ུམ་པ་ཆེན་པོའི་མཛད་རྣམ་ལས་གསུངས་པ་ལྟར་བཀོད།)
  • Dictionaries/sgom sde tshig mdzod chenmo/4861  + (༧གོང་ས་སྐུ་འཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མ༧གོང་ས་སྐུ་འཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་བོད་གཞུང་བཀའ་ཤག་བསྐྱར་འཛུགས་བསྐྱངས་པ་དེ་སྐབས་བཀའ་ཤག་ལ་བསྩལ་བའི་ཐམ་ག་ཞལ་རིས་སུ་ཧོར་ཡིག་བདེ་སྐྱིད་ཅེས་འཁོད་པ་དེ་ཡིན། ཞེས་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་བརྩམས་པའི་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་ལས་གསུངས་པ་ལྟར་བཀོད།ུམ་པ་ཆེན་པོའི་མཛད་རྣམ་ལས་གསུངས་པ་ལྟར་བཀོད།)
  • Dictionaries/sgom sde tshig mdzod chenmo/5762  + (༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་བོད་ལ་དབྱིན་ཇི་དང་རྒྱ་ནག་མན་ཇུའི་དྲག་པོའི་དམག་མིས་དཔུང་འཇུག་བྱས་ཏེ་དང་པོ་སོག་ཡུལ་དང༌། དེ་ནས་རྒྱ་ནག་པེ་ཅིང༌། དེ་ནས་རྒྱ་གར་བཅས་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། དེའི་རྐྱེན་བྱས་ཏེ་ྋགོང་ས་མཆོག་གི་དགོངས་པར་བོད་འདི་བཞིན་ད་བར་འཛམ་གླིང་གཞན་དང་འབྲེལ་བ་མ་བྱས་པར་གཅིག་པུར་བསྡད་པའི་སྐྱོན་དང༌། ཕྱི་རྒྱལ་གྱི་སྐད་ཡིག་སོགས་གལ་གནད་ཆེན་པོ་ཡིན་པ་མཁྱེན་ཏེ་དབྱིན་ཇིའི་གཞུང་གི་མཐུན་རྐྱེན་རོགས་རམ་འོག་གཞུང་ཞབས་ཀྱི་ཕྲུག་གུ་བཞི་ཨིང་ལེན་རག་སྦིའི་RUGBY, ENGLAND ཞེས་པའི་སློབ་གྲྭར་གཏོང་གནང་མཛད་འདུག དེ་ནི་བོད་མི་ཕྱི་རྒྱལ་དུ་སློབ་སྦྱོང་དུ་ཐོན་པ་དང་པོ་རེད། དང་པོ། སྨོན་གྲོང་མཁྱེན་རབ་ཀུན་བཟང་ནས་ས་གཏེར་འདོན་ལས་སློབ་སྦྱོང་བྱས་ཏེ། འོན་དང༌། དག་པོ། བྱང་ཁུལ་ནས་ས་གཏེར་མི་འདྲ་བ་འགའ་ཤས་ཡོད་པའི་སྙན་སེང་ཞུས་པར་བསམ་མེད་འགའ་ཤས་ནས་ས་གཏེར་འདོན་ལས་བྱས་ན་ཡུལ་གྱི་ས་བཅུད་ལ་གནོད་གཞི་ཡོང་ཚུལ་འགོག་རྐྱེན་ཞུས་རྐྱེན་འདོན་ལས་མ་ཐུབ་པར། སྐུ་སྒེར་གསུང་བསྒྱུར་དང༌། རྗེས་སུ་ལྷ་སའི་སྐོར་སྲུང་པའི་འགོ་བྱེད། དེ་ནས་ཞོལ་གཉེར་བཅས་བྱས་པ་རེད། སྐུ་ངོ་ཞྭ་སྒབ་པ་མཆོག་གིས་བོད་མི་བསམ་མེད་འགས་ས་གཏེར་སྔོག་འདོན་བྱས་ན་ས་བཅུད་ལ་གནོད་གཞི་ཡོང་ཚུལ་བཤད་དེ་འགོག་རྐྱེན་བྱས་ཚུལ་གོང་དུ་འཁོད་པ་ལྟར་གསུངས་འདུག་ཀྱང༌། ད་ལྟ་ཕྱི་ལོ་༢༠༠༧ལོའི་སྣོད་བཅུད་ཀྱི་གནས་བབས་ལ་བལྟས་ན་སྔོན་མ་བོད་མི་བསམ་མེད་ཚོས་བཤད་པ་དེ་བདེན་པ་ཡིན་པ་ར་འཕྲོད་གསལ་པོ་འདུག་སྙམ གཉིས་པ། སྒོག་མཁར་བ་བསོད་ནམས་མགོན་པོ་དྲག་པོའི་སློབ་སྦྱོང་བྱས་ཏེ་དམག་ཆེན་དང་པོའི་སྐབས་འཇར་མན་ཡུལ་དུའང་ཕྱིན་པ་དང༌། རྗེས་སུ་ལྷ་སར་འབྱོར་ཏེ་སྐུ་སྲུང་དམག་སྒར་ཁོངས་གཏོགས་འཇོག་གནང་མཛད་ཀྱང༌། ཡུན་རིང་མ་སོང་བར་ཚེ་མ་ཟིན་པ་རེད། གསུམ་པ། བྱང་ངོས་པ།རི་སྒང་པརིག་འཛིན་རྡོ་རྗེས་གློག་གི་ལས་ཀ་སློབ་སྦྱོང་བྱས་ཏེ་ལྷ་སའི་གྲོང་ཁྱེར་དང༌། ནོར་གླིང་སྤྱན་བསལ་ཕོ་བྲང་བཅས་པར་ཆུ་གློག་གསར་འཛུགས་དང༌། གྲ་བཞི་གློག་འཕྲུལ་ཁོངས་མེ་མདའ་དང༌། དངུལ་པར། ཤོག་དངུལ་པར་འདེབས་ཚང་མར་གློག་ཤུགས་དེས་ཕན་ཐོགས་ཆེན་པོ་བྱུང་བར་བརྟེན་ལྷ་གཉེར་ཐོག དམིགས་བསལ་རིམ་བཞིའི་གོ་གནས་སྩལ་ཏེ། ༧གོང་ས་ཆེན་པོའི་གལ་ཆེའི་གསུང་བསྒྱུར་དང༌། བོད་གཞུང་ཕྱི་རྒྱལ་ལས་ཁུངས་སོགས་སུའང་ཕྱག་ལས་གནང་བ་རེད། བཞི་པ། སྐྱིད་སྦུག་པ་དབང་འདུད་ནོར་བུས་ས་ཚད་ལེན་ཡག་དང་ཏར་འཕྲིན་གཏོང་ལེན་གྱི་ལས་ཀ་སློབ་སྦྱོང་བྱས་ཏེ་ལྷ་སའི་ཏར་འཕྲིན་གྱི་ལས་ཁུངས་ཡར་རྒྱས་བཏང་བ་དང༌། ཕྱི་ལོ་༡༩༢༢ ལོར་ལྷ་ས་ནས་རྒྱལ་རྩེ་བར་ལྕགས་སྐུད་འཕྲིན་གཏོང་གཙུགས་པ་རྒྱ་གར་གཞུང་གི་ལས་བྱེད་རོ་སེ་མེ་ཡར་Rose Meyer བྱ་བས་ཐོག་མར་འཛུགས་གཏོང་གི་རོགས་རམ་གནང་འདུག ལྷ་སའི་མི་དཔོན་གྲོང་ཁྱེར་སྤྱི་ཁྱབ་རྗེས་སུ་རིམ་བཞིའི་གོ་གནས་དང་བཅས་ཕྱི་རྒྱལ་ལས་ཁུངས་སུའང་ཕྱག་ལས་གནང་བ་རེད། ཁོང་ཚོ་བཞི་ཨིང་ལེན་དུ་སྐྱེལ་མི་རྩིས་པ་ལུང་ཤར་རྡོ་རྗེ་རྣམ་རྒྱལ་ཟེར་བ་མི་འཇོན་ཐང་ཅན་ཞིག་ཀྱང་འདུག ཞིབ་པ་སྐུ་ངོ་ཞྭ་སྒབ་པའི་རྒྱལ་རབས་ལ་གཟིགས། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཕྱི་ལོ་༢༠༠༧།༦།༡ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་གཉུག་མར་གནས་པ་དང་ཕྱོགས་འདུས་བཅས་ཀྱི་སློབ་ཕྲུག་སུམ་སྟོང་ལྔ་བརྒྱ་ལྷག་ཙམ་ལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་གནང་སྐབས། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་སློབ་ཕྲུག་ཕྱི་རྒྱལ་དུ་གཏོང་རྒྱུའི་སྲོལ་བཏོད་པ་དེ། མུ་འཐུད་མ་ཐུབ་པ་དེ་ནོར་འཁྲུལ་ཆེན་པོ་བྱུང་བ་རེད་ཅེས་ཐུགས་འགྱོད་དང་བཅས་ཏེ་གསུངས།བྱུང་བ་རེད་ཅེས་ཐུགས་འགྱོད་དང་བཅས་ཏེ་གསུངས།)
  • Dictionaries/sgom sde tshig mdzod chenmo/9579  + (༧རྒྱལ་མཆོག་ལྔ་པ་ཆེན་པོའི་གསུང་འབུམ་དཀར་ཆག་༧རྒྱལ་མཆོག་ལྔ་པ་ཆེན་པོའི་གསུང་འབུམ་དཀར་ཆག་ནི། ཕར་ཕྱིན་བློ་བཟང་དགོངས་རྒྱན་ལ་སུམ་བརྒྱ་གྱ་བདུན། དབུ་མ་ཐེག་ཆེན་འཇུག་པའི་གྲུ་རྫིངས་ལ་བརྒྱ་དང་ཞེ་གཅིག འདུལ་བ་རྣམ་རྒྱལ་གསེར་མདོག་ལ་བརྒྱ་དང་རེ་བཞི། མཛོད་འགྲེལ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ལ་བརྒྱ་དང་དོན་བདུན། ལམ་རིམ་འཇམ་དཔལ་ཞལ་ལུང་ལ་གོ་བརྒྱད། ལམ་གྱི་གཙོ་བོ་རྣམ་གསུམ་མཆན་འགྲེལ་ལ་བཞི། དམིགས་བརྩེ་མའི་ཊཱི་ཀ། སོ་ཐར་བསླབ་བྱ་རྣམ་གསལ་སྒྲོན་མེ། གནས་མཆོག་རྒྱལ་བསྟན་འཛད་མེད། སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ་ལ་ང་བརྒྱད། བོད་ཀྱི་རྒྱལ་རབས་དེབ་ཐེར་རྫོགས་ལྡན་གཞོན་ནུ་ལ་བརྒྱ་དང་བཅུ་གསུམ། ལྷ་ལྡན་ཇོ་བོའི་དཀར་ཆག་ཤེལ་དཀར་མེ་ལོང་ལ་ཉེར་གསུམ། འཁྲུངས་རབས་ཞིང་བཀོད་འབྲི་ཚུལ་རྟོགས་བརྗོད་ཁ་བྱང་དང་བཅས་པ་གསལ་བའི་མེ་ལོང་ལ་བཅུ་གསུམ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་ལ་བརྒྱད། རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་ལ་བརྒྱ་དང་བཅུ་གསུམ། ཡང་བརྒྱ་དང་དགུ་ཡོད་པའི་སྤར་གཉིས་ཡོད་འདུག རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ལ་དྲུག་ཅུ་དང་ང་གཉིས་ཡོད་པ་གཉིས། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་རྣམ་ཐར་ལ་བཅུ་དགུ། ཕ་ཝང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་ལ་ཞེ་བཞི། བྱང་བདག་རྣམ་ཐར་ལ་རེ་བཞི། ས་སྐྱ་པ་ཚར་ཆེན་རྣམ་ཐར་ལ་ང་ལྔ། ས་སྐྱ་པ་དབང་ཕྱུག་རབ་བརྟན་གྱི་རྣམ་ཐར་ལ་ལྔ། ས་སྐྱ་པ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་ཐར་ལ་བརྒྱ་དང་གཉིས། ཞ་ལུ་པ་བསོད་ནམས་མཆོག་གྲུབ་ཀྱི་རྣམ་ཐར་ལ་ང་ལྔ། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ལ་དྲུག་བཅུ་རེ་བཞི། ཁྲ་ཚང་པ་བློ་མཆོག་རྡོ་རྗེའི་རྣམ་ཐར་ལ་རེ་བཞི། རྒྱལ་བ་ལྔ་པ་རང་ཉིད་ཀྱི་རྣམ་ཐར་ལ་གླེགས་བམ་བཅུ་གཅིག་ཡོད་དེ། ཕྱི་ཡི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ལ་གླེགས་བམ་དྲུག ནང་གི་རྣམ་ཐར་གསན་ཡིག་གངྒཱའི་ཆུ་རྒྱུན་ལ་གླེབས་བམ་བཞི། གསང་བའི་རྣམ་ཐར་རྒྱ་ཅན་གླེགས་བམ་གཅིག་དང་བཅུ་གཅིག་ཞེས་མི་དབང་སངས་རྒྱས་རྒྱ་མཚོས་གསུངས། དུ་ཀཱུ་ལའི་གོས་བཟང་གླེགས་བམ་དྲུག་གི་ཕྱི་མ་གསུམ་སངས་རྒྱས་རྒྱ་མཚོས་བརྩམས་པ་ཡིན་ཞིང་པོ་ཏ་ལའི་ཞོལ་སྤར་ཁང་དུ་བཞུགས། དཀར་ཆག་ཆེ་བརྗོད་དང་སྙན་དར་ཞལ་ཡིག་སྐོར་ལ་གླེགས་བམ་གསུམ། ཞལ་གདམས་ཆབ་ཤོག་སྨོན་གཤིས་སྐོར་ལ་གླེགས་བམ་གཉིས། བླ་མའི་བསྟོད་ཚོགས་སྐོར་ལ་བརྒྱ་དང་བརྒྱད་ཅུ། ཡི་དམ་སྒྲུབ་སྐོར་ལ་བརྒྱ་ཐམ་པ། ཆོས་སྐྱོང་སྒྲུབ་སྐོར་ལ་ཉིས་བརྒྱ་སོ་གཉིས། སངས་རྒྱས་བྱང་སེམས་ཀྱི་བསྟོད་ཚོགས་ལ་ཉིས་བརྒྱ་ང་དྲུག བཅའ་ཡིག་དང་རྒྱ་ནག་ཤུན་རྩིས་གདན་དྲངས་པའི་ལམ་ཡིག་ལ་བརྒྱ་དང་ང་དྲུག བླ་མ་མཆོད་པ་ཟུང་འཇུག་སྒྲུབ་པའི་ཤིང་རྟ་ལ་བཅུ་བཞི། མི་འཁྲུགས་པ་ལྷ་དགུའི་ཆོ་ག་ལ་བཅུ། བདེ་མཆོག་དྲིལ་བུ་པའི་མངོན་རྟོགས་ལ་བཅོ་བརྒྱད། དྲིལ་བུ་པའི་དཀྱིལ་ཆོག་ལ་ཞེ་གསུམ། གཤེད་དམར་ལྷ་ལྔའི་མངོན་རྟོགས་ལ་བཅུ་བདུན། གཤེད་དམར་དཀྱིལ་ཆོག་མཐོ་རིས་དབང་གི་ཆུ་རྒྱུན་ལ་ཞེ་གསུམ། ཡང་མི་འཁྲུགས་པའི་ཆོ་ག་ལ་བཅུ་དགུ། ཛེ་ཏཱ་རིའི་ལུགས་ཀྱི་ལྷ་མོ་རྣམ་རྒྱལ་མའི་ཆོ་ག་འཆི་མེད་དཔལ་སྟེར་ལ་བདུན། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོ་ག་ཕུལ་བྱུང་དགོངས་རྒྱན་ལ་བཅུ་དྲུག གཟུངས་འབུལ་འཁྲུལ་སྤོང་ཉིན་བྱེད་ལ་ཉེར་ལྔ། ས་ཚྭ་འདེབས་ཆོག་རྒྱས་པ་ལ་གསུམ། བསྡུས་པ་ལ་གཉིས། གཏོར་མ་བརྒྱ་རྩ་ཆེ་བ་ལ་བཅུ། ཡང་གཏོར་མ་ཁྱེར་བདེ་ཀུན་ཕན་ལ་བཞི། ཀླུ་གཏོར་ལ་ལྔ། གཏོར་མ་སྣ་ཚོགས་ལ་ཉེར་དྲུག གསོ་སྦྱོང་གི་དཀར་ཆག་བཞི་དང་གཞི་བདག་གཏོར་མ་བཅས་ལ་གསུམ། འཇམ་དབྱངས་ལ་བསྟོད་པ་ལ་དྲུག འཇིགས་བྱེད་བསྟོད་པ་ལ་གསུམ། ལྷ་མོའི་བསྟོད་པ་ལ་ལྔ། བསྔོ་བཤད་ལ་བཅུ་གསུམ། བསངས་མཆོད་བཀྲ་ཤིས་འཁྱིལ་བ་ལ་དགུ། བསངས་མཆོད་དངོས་གྲུབ་ཆར་འབེབས་ལ་གསུམ། འགོ་བའི་ལྷ་ལྔའི་གསོལ་མཆོད་ལ་ལྔ། (གྲྭ་ཚང་རྙིང་པའི་ཞལ་འདོན་དུ་མཛད་རྒྱུ་སྐོར་ལ) འཇིགས་བྱེད་ཆོ་ག་རེག་ཟིག་བཀླག་ཆོག ཕྱག་དྲུག་མགོན་དཀར་བཅས་པའི་གཏོར་ཆོག་བསྐང་གསོ། ཆོས་རྒྱལ་ཕྱི་སྒྲུབ་ཀྱི་གཏོར་ཆོག་བསྐང་བསྟོད། ཕྱོགས་སྐྱོང་ལ་གཏོར་མ་འབུལ་ཚུལ། འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་རབ་དཀར་བདུད་རྩིའི་བུམ་བཟང་། རྒྱས་པ་དངོས་གྲུབ་ཉིན་མོ། དབང་གི་ཁམས་གསུམ་རྣམ་རྒྱལ། དྲུག་པོ་བསྐལ་པའི་མེ་དཔུང་། སྦྱིན་སྲེག་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག དྲུག་ཅུ་ལྕགས་མཁར་སྲིད་གསུམ་རྣམ་རྒྱལ། ལྷ་ས་ཇོ་བོ་རིན་པོ་ཆེ་དང་ར་མོ་ཆེའི་ཇོ་བོ་གཉིས་ལ་བརྟན་བཞུགས་འབུལ་ཚུལ་མི་འགྱུར་གཡུང་དྲུང་། ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་སྒྲོ་འདོགས་གཅོད་ཚུལ་སེམས་འཛིན་བཅས་ལ་དྲུག ལམ་ཟབ་རྣལ་འབྱོར་མཐོ་རིས་དབང་གི་ཆུ་བོ་ལ་ལྔ། ལམ་འབྲས་ཁྲིད་ཡིག་བྲིས་ཐང་གསལ་བྱེད། (རྒྱལ་བ་ལྔ་པ་ཆེན་པོའི་གསུང་འབུམ་ནང་མ་གསང་སྔགས་སྔ་འགྱུར་གྱི་ཆོས་སྐོར་ལ) བསམ་གཏན་གླིང་གི་ཨ་ཏི་ཡོ་གའི་ཆོས་དཀར་ཆག་རིན་ཆེན་དོ་ཤལ། འབྲུག་པ་པད་དཀར་བའི་ཚེ་བདག་གི་དྲིས་ལན་ནད་བརྒྱ་འཇོམས་པའི་སྨན་ཅིག རྒྱལ་བ་བསོད་ནམས་རྒྱ་མཚོར་པདྨ་འབྱུང་གནས་ཀྱི་ཞལ་གཟིགས་དག་པའི་སྣང་བར་བསྩལ་བའི་ཚེ་ཁྲིད་རྡོ་རྗེའི་སྲོག་ཤིང་ཆོག་སྒྲིག ལྷོ་བྲག་གཏེར་བྱོན་གྱི་ཚེ་དཔག་མེད་ནང་སྒྲུབ་ལྕགས་སྡོང་ལས་བྱང་། གཡུ་ཐོག་རྙིང་ཐིག་ལས་བྱང་དཔག་བསམ་ལྗོན་པ་ལ་བཅུ། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་གྲོལ་གི་ལས་བྱང་འཁྲུགས་བསྡེབས་སུ་བཀོད་པ་བཀླགས་པས་དོན་གྲུབ། འཁོར་བ་དབྱིངས་གྲོལ་གྱི་ལས་བྱང་འཁྲུགས་བསྡེབས་སུ་བཀོད་པ་བཀླགས་པས་དོན་གྲུབ། འཁོར་བ་དབྱིངས་གྲོལ་གྱི་ཁྲིད་ཡིག་རིག་འཛིན་ཞལ་ལུང་ལ་ལྔ་བཅུ་ང་གཅིག རྒྱལ་པོ་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་ལས་བྱང་ཉི་མའི་སྙིང་པོ་དང་། དེ་དང་འབྲེལ་བའི་ཚོགས་མཆོད། འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་། ཡང་དག་ཟླ་གམ་དགུ་པའི་མངོན་རྟོགས་ལས་བྱང་ལ་སོ་དྲུག ཡང་དག་ཟླ་གམ་དགུ་ཡི་དཀྱིལ་ཆོག་ཧཱུྃ་མཛད་ཞལ་ལུང་ལ་རེ་ལྔ། ཟླ་གམ་དགུ་པའི་འཕྲིན་ལས་རྒྱུད་དོན་སྣང་བྱེད། རྟ་མགྲིན་ཡང་གསང་ལོ་རྒྱུས་རིག་འཛིན་ཞལ་ལུང་ལ་བདུན། རྟ་མགྲིན་ཡང་གསང་གི་ལས་བྱང་རྡོ་རྗེའི་སྒྲ་དབྱངས་ལ་ཉེར་དགུ། ཡང་གསང་ལས་བྱང་སྙིང་པོ་བཅུད་བསྡུས་ལ་དྲུག ཡང་གསང་བསྙེན་ཡིག་རིན་ཆེན་འདོད་འཇོ་ལ་བཅུ་བཞི། ཡང་གསང་ཟོར་འཛིན་རྡོ་རྗེའི་ཕ་ལམ་ལ་ཉེར་གསུམ། ཡང་གསང་གི་བཅུ་ཆའི་སྦྱིན་སྲེག་ཡེ་ཤེས་སྣང་བ་རབ་འབར་ལ་བརྒྱད། ཡང་གསང་བསྙེན་སྒྲུབ་ལ་ཉེ་བར་ཁོ་བ་དངོས་གྲུབ་ལེན་ཆོག་ལ་བཟི། ཐུགས་སྒྲུབ་ལས་བྱང་དངོས་གྲུབ་གཏེར་མཛོད་ལ་བཅུ་གཅིག ཐུགས་སྒྲུབ་ལས་བྱང་འབྲིང་པོ་རིན་ཆེན་ཕྲེང་བ་ལ་བཅུ། ཟོར་གྱི་ལས་རིམ་གནམ་ལྕགས་ཐོག་མདའ་ལ་བཅོ་ལྔ། རིག་འཛིན་གདུང་སྒྲུབ་ལ་བཅོ་བརྒྱད། ལྕགས་སྡོང་དབང་ཆེན་ལ་དྲུག བླ་མ་ཀརྨ་གུ་རུའི་གྱེར་སྒོམ་གཟི་འོད་སྟོང་འབར་ལ་བདུན། ཀརྨ་གུ་རུའི་སྲོག་གཏད་བྱིན་རླབས་སྤྲིན་ཕུང་སྨན་མཆོད་བཅས་པ་ལ་ལྔ། དེ་ཡི་བསྙེན་ཡིག་སྤར་བཅང་མ་ལ་གཉིས། དེ་ཡི་བརྒྱུད་འདེབས་རྒྱས་བསྡུས་གཉིས་ལ་གསུམ། གཏེར་སྲུང་མཆོད་སྤྲིན་ལ་གཉིས། ཡང་བཟློག་ལས་བྱང་རྡོ་རྗེ་ཐོག་མདའ་ལ་བཅུ་དྲུག ཡང་བཟློག་སྲེག་དུས་ཀྱི་བྱིན་ཟ་ལ་བཅུ་གཉིས། གཏེར་ཁ་འོག་མའི་གསང་འདུས་དང་། ལེའུ་བརྒྱད་པ་བསྡེབས་པའི་ལས་བྱང་རྩ་གསུམ་རྒྱས་པའི་རོལ་གར། ལྷོ་བྲག་གཏེར་བྱོན་གྱི་བུམ་པ་ལྕགས་ཁང་སྤུ་གྲིའི་ལས་བྱང་། ཕུར་པ་ཆོག་བསྒྲིགས་དངོས་གྲུབ་རྒྱ་མཚོའི་རོལ་གར་ལ་བརྒྱད། བྱང་གཏེར་ཕུར་པ་ལུགས་གསུམ་ཀའི་སྦྱིན་སྲེག་མུན་སེལ་འོད་དཀར་ལ་བཅུ་ཐམ་པ། འཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་ལག་བཅང་ལ་བརྒྱད། ཚེ་བདག་ལས་བྱང་སྲིད་གསུམ་རྣམ་རྒྱལ་ལ་ཉེར་གཅིག ཚེ་བདག་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་གནམ་ལྕགས་འཁོར་ལོ། ཚེ་བདག་བམ་སྐོང་། རྩ་གསུམ་བཀང་བ། འཆི་བདག་ཟློག་བྱེད་གྱེར་གཞུང་ལ་དགུ། བཟློག་དཀྱིལ་མཁོ་བ་ཉུང་ངུ་རྣམ་གསལ་ལ་དྲུག རྟེན་མདོས་དང་བསྐང་མདོས་དན་བཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་འཕྲུལ་ལ་བཅུ་བདུན། ལྷ་མོ་ཡང་གྷ་བཟའི་མདོས་འཕྲིན་ཡིད་བཞིན་གཏེར་མཛོད་ལ་སོ་དགུ། སེང་ལྡེང་ནག་སྒྲོལ་ལ་བརྟེན་པའི་བཟློག་མདོས་མཐོང་བས་དོན་གྲུབ་ལ་བཅུ་བདུན། དམག་ཟོར་རེ་མ་ཏིའི་བསྐང་མདོས་རྡོ་རྗེ་སྒྲ་དབྱངས་ལ་བཅུ་གསུམ། བརྟན་མ་བཅུ་གཉིས་ཀྱི་མདོས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལ་ཉེར་བརྒྱད། ཐང་ལྷའི་བསྐང་མདོས་ལག་ལེན་དྲན་པའི་གསལ་འདེབས་ལ་དྲུག ཐང་ལྷའི་འཕྲིན་ལས་བརྒྱ་ཕྲག་ཉི་འོད་ལ་ཉེར་ལྔ། དྲང་སྲོང་ལོ་ག་ཏྲིའི་རིགས་གཏད་ཆོག་བསྒྲིགས་ལ་དྲུག ཐུགས་ཆོག་དང་དབང་དྲག་རོལ་བའི་དགའ་སྟོན་ལ་བཞི། མ་དང་མཁའ་འགྲོ་མཉེས་བྱེད་མི་མཆོད་ཆོ་ག་ལ་བརྒྱ། ཙཱ་རི་ཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི་ལ་བཅུ་གཅིག འཁོར་ལོ་འབར་བ་ནད་བདག་སྟོབས་འཇོམས། སྨན་གྲུབ་ཟིན་བྲིས། ལྕགས་འདྲ་དང་ལྕགས་སྡིག་གི་འཁོར་ལོ། འཆི་བདག་ཞལ་དབྱེའི་འཕྲིན་ལས་ལེ་ཚན། ལྕགས་རལ་གྱི་ལས་བྱང་། གཏོར་ནག་གི་ལས་མཐའ། དམར་ཆེན་གཏོར་བཟློག མཁའ་འགྲོ་བསུ་འགྲོ། བཏགས་སྒྲོལ། རྒྱལ་མདོས། ཐུགས་ཆོག ཀུན་བཟང་འཆམས་ཀྱི་བརྗེད་བྱང་། རྒྱལ་བ་ལྔ་པ་ཆེན་པོའི་གསུང་འབུམ་ཕྱི་མ་པོད་ཉི་ཤུ། ནང་མ་དྲུག རྣམ་ཐར་རྒྱ་ཅན་ཉེར་བཞི་རྩ་བ་དང་དེ་ཡི་བུ་དཔེ་སྡོམ་པ་པོད་གསུམ། གྲྭ་ཚང་རྙིང་པའི་འདོན་ཆོག་ཟུར་དུ་ཕྱུང་པ་པོད་གཅིག བསྡོམས་པོད་སུམ་ཅུ་ཐམ་པ་བཞུགས་སོ། །ོད་གཅིག བསྡོམས་པོད་སུམ་ཅུ་ཐམ་པ་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/7473  + (༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཏཱ་ལའི་བླ་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཞབས་བརྟན་གསོལ་འདེབས། ༸གོང་ས་མཆོག་དགུང་གྲངས་སོ་བདུནགྱི་དགུང་སྐེག་ཏུ་ཕེབས་ཉེར་བརྟེན་ྋཞབས་བརྟན་གསོལ་འདེབས་ཤིག་གསར་རྩོམ་དགོས་ཞེས། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་ནས་རྟེན་བཅས་བསྐུལ་མ་གནང་དོན་བཞིན། འཕགས་པའི་གནས་བརྟན་བཅུ་དྲུག་ལ་གསོལ་འདེབས་དང་འབྲེལ་བའི་ྋཞབས་བརྟན་སྨོན་ཚིག་དྲང་སྲོང་བདེན་པའི་དབྱངས་སྙན་ཞེས་བྱ་བ། སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་ལྗགས་རྩོམ་མཛད། སྐབས་དེར་ཕྱི་ལོ་༡༩༦༩ལོརརྒྱལ་དབང་ཀརྨ་པ་རིན་པོ་ཆེ། ཞྭ་དམར་སྤྲུལ་སྐུ། ཀ་ཐོག་སི་ཏུ། དྲུང་པ་རྒྱལ་ཚབ། ཀོང་སྤྲུལ་རིན་པོ་ཆེ་བཅས་ཆེད་བཅར་ཞུས་འདུག ཁྲི་བྱང་རིན་པོ་ཆེའི་རང་རྣམ་ན་གསལ།ཞུས་འདུག ཁྲི་བྱང་རིན་པོ་ཆེའི་རང་རྣམ་ན་གསལ།)
  • Dictionaries/sgom sde tshig mdzod chenmo/6097  + (༸གོང་ས་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་སྨན་པའི་༸གོང་ས་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་སྨན་པའི་མིང་དུ་གྲགས་ཆེ་ཡང༌། སྤྱིར་བཏང་འདི་རྒྱལ་པོའི་སྨན་པའི་མིང་ཡིན་ཏེ། བླ་ནི་རྒྱལ་པོའི་མིང་ཡིན་ལ་དེའི་སྨན་པ་ཡིན་པས་བླ་སྨན་པ་ཞེས་གྲགས་ཏེ། བླ་ནི་རྒྱལ་པོའི་མིང་གི་རྣམས་གྲངས་སུ་དེབ་ཐེར་དཀར་པོར་གསལ་ཞིང༌། ཐ་སྙད་འདི་རྒྱལ་པོའི་སྨན་པར་ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་གསལ་ལོ། །་ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་གསལ་ལོ། །)
  • Dictionaries/sgom sde tshig mdzod chenmo/9470  + (༸གོང་ས་མཆོག་༡༩༥༩ལོའི་སྤྱི་ཟླ་༤བཞི་པའི་ནང་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་འབྱོར་བྱུང་ནས། རྒྱ་གར་གྱི་ས་གནས་གང་ས་ནས་བོད་ཕྲུག་༥༠ཞིག་བསྡུ་རུབ་ཀྱིས། ༡༩༦༠ ལོའི་སྤྱི་ཟླ་༣ཚེས་༣ཉིན་ “མ་སུ་རི” ལ་བོད་ཀྱི་སློབ་གྲྭ་ཐོག་མ་དེ་གསར་འཛུགས་གནང་།)
  • Dictionaries/sgom sde tshig mdzod chenmo/13176  + (༸གོང་ས་མཆོག་༡༩༥༩ལོའི་སྤྱི་ཟླ་༤བཞི་པའི་ནང་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་འབྱོར་བྱུང་ནས། རྒྱ་གར་གྱི་ས་གནས་གང་ས་ནས་བོད་ཕྲུག་༥༠ཞིག་བསྡུ་རུབ་ཀྱིས། ༡༩༦༠ ལོའི་སྤྱི་ཟླ་༣ཚེས་༣ཉིན་ “མ་སུ་རི” ལ་བོད་ཀྱི་སློབ་གྲྭ་ཐོག་མ་དེ་གསར་འཛུགས་གནང་།)
  • Dictionaries/sgom sde tshig mdzod chenmo/4055  + (༸གོང་ས་ལྔ་པ་ཆེན་པོས་གདན་ས་སེར་འབྲས་དགའ་གསུ༸གོང་ས་ལྔ་པ་ཆེན་པོས་གདན་ས་སེར་འབྲས་དགའ་གསུམ་སོགས་དགོན་ཁག་ནས་དགེ་འདུན་པ་ལྔ་བཅུ་སྐོར་ཞིག་གཞུང་ཞབས་སྐྱ་བོ་རྣམས་དང་ཟུང་འབྲེལ་གྱི་ཐོག་ནས་གཞུང་གི་ལས་ཁུངས་ཁག་དང་། རྫོང་གཞིས་ཁག་བཅས་པར་གཞུང་དོན་ལས་ཁུར་མཉམ་ལེན་ཞུ་བའི་ལམ་སྲོལ་གསར་གཏོད་བསྐྱངས། དུས་དེ་ནས་བཟུང་ལྷ་སར་གནས་འཁོད་གཞུང་ཞབས་སེར་མོ་བ་རྣམས་ཉིན་རེ་འཆར་ཅན་ཞོགས་པ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་ཉེ་དྲུང་ངམ། ཉེ་འབྲེལ་ཚོམས་ཆེན་གྱི་མདོ་སྦུག་ཏུ་ཚོགས་ཚུགས་ཐོག རྩེ་གསོལ་ཐབ་ནས་ཚོགས་ཞུགས་ཡོངས་ལ་གསོལ་ཇ་བཏེགས། ཚོགས་ཡུན་ཆུ་ཚོད་གཅིག་ཙམ་གྱི་རིང་དེར་༧གོང་ས་མཆོག་གི་མཇལ་ཁ་བསྩལ་དགོས་རིགས་དང་། བཀའ་འབྲེལ་གཞུང་གི་ལས་དོན་དང་། གཞུང་ཞབས་ཀྱི་ལས་ཁུར་བསྐོ་གཞག་སོགས་མགྲོན་བརྒྱུད་བཀའ་སྒྱུར་བསྩལ། དྲུང་ཇ་གྲོལ་རྗེས་རང་རང་གི་ལས་ཁུངས་སོ་སོར་ཉིན་རེའི་ལས་ཁུར་ཞུ་བར་བསྐྱོད་དགོས་པ་བཅས་སོ། །ཞེས་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་བརྩམས་པའི་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་ལས་གསུངས་པ་ལྟར་བཀོད།ུམ་པ་ཆེན་པོའི་མཛད་རྣམ་ལས་གསུངས་པ་ལྟར་བཀོད།)
  • Dictionaries/sgom sde tshig mdzod chenmo/8852  + (༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ (1838-1855) དགུང་གྲངས་བཅོ་བརྒྱད་ལ་ཕེབས་ཚེ་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ཟླ་བ་དྲུག་ཙམ་གྱི་རྗེས་གློ་བུར་སྙུན་ནད་ཀྱིས་ཤིང་མོ་ཡོས་ཀྱི་ལོ་ (1855 -12-25) མྱ་ངན་ལས་འདས་ཞེས་བོད་ཀྱི་ལོ་རྒྱུས་ཚད་ལྡན་རྣམས་སུ་འབྱུང་ནའང་། (དཀོན་མཆོག་གིས་བོད་སྐད་བཀྱོན་པ) (God Spoke Tibetan) ཞེས་པའི་ལོ་རྒྱུས་ཀྱི་དེབ་རྩོམ་པ་པོ་ Allen Maberly “ཨེ་ལན། མ་བྷར་ལི” ཞེས་པ་Australian “ཨོསི་ཊི་ལི་ཡའི” མི་རིགས་ཡིན་པ་དེས་བརྩམས་པའི་ཧ་ཅང་ཀློག་སྤྲོ་བའི་སྒྲུང་དེབ་ལྟ་བུའི་བདེན་རྫུན་འདྲེས་མའི་དེབ་དེའི་ནང་། Minister of Finance, Tempu Gergan བོད་གཞུང་གི་དཔལ་འབྱོར་བཀའ་བློན་བསྟན་བུ་དགེ་རྒན་ (མིང་གི་དག་ཆ་ལ་དཔྱད) ཞེས་བྱ་བར་༸རྒྱལ་དབང་མཁས་གྲུབ་རྒྱ་མཚོ་སྐུ་བཀྲོངས་པའི་མ་ཉེས་ཁག་གཡོག་ཕོག་སྟེ། གསང་བྲོས་ཀྱིས་ལ་དྭགས་ཀྱི་ཉེ་འདབས་ཀྱི་བོད་ཀྱི་ས་མཚམས་ཤིག་ཏུ་ཡིབ་སྡོད་ཀྱིས་གཞིས་ཆགས། དེ་དུས་ཡེ་ཤུའི་ཆོས་སྤེལ་མཁན་འགའ་ཞིག་དང་འཕྲད་དེ། ཡེ་ཤུའི་གསུང་རབ་བྷཡེ་བྷལ་བོད་སྐད་དུ་བསྒྱུར་འགོ་བརྩམས་ཏེ་ལོ་དགུ་བཅུའི་རྗེས་སུ་གཞི་ནས་བོད་སྐད་དུ་བསྒྱུར་ཐུབ་པའི་ལོ་རྒྱུས་འཁོད། སྐབས་དེ་དུས་བསྟན་བུ་དགེ་རྒན་གྱི་བུ་ Yoseb Gergan “ཡོ་སེབ་དགེ་རྒན” སོགས་མཐའ་མཚམས་ཀྱི་བོད་མི་འགའ་ཤས་ཤིག་ཡེ་ཤུའི་ཆོས་ལུགས་སུ་བསྒྱུར་ཐུབ་པ་བྱུང་། ཡོ་སེབ་དགེ་རྒན་ནི་ཡེ་ཤུའི་གསུང་རབ་བོད་སྐད་དུ་སྒྱུར་མཁན་གྱི་མི་སྣ་གཙོ་བོ་དེ་ཡིན་པར་བཤད་ཅིང་། འོན་ཀྱང་བསྟན་བུ་དགེ་རྒན་ཁོ་རང་ཆོས་ལུགས་བློས་བཏང་མ་ཐུབ་པར་ནང་པ་རང་བྱས་ཏེ་ཚེའི་འདུ་བྱེད་རྫོགས་པར་བཤད་དོ། །རང་བྱས་ཏེ་ཚེའི་འདུ་བྱེད་རྫོགས་པར་བཤད་དོ། །)
  • Dictionaries/sgom sde tshig mdzod chenmo/9731  + (༼ ཀ་པར ༽ རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་དད་པའ༼ ཀ་པར ༽ རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས་ལ་ཤོག་གྲངས་བདུན་ཅུ་དོན་གཉིས། རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་འདུས་ལ་བཅུ་གཉིས། གསང་བའི་རྣམ་ཐར་རིན་ཆེན་སྙེ་མ་ལ་བཅོ་བརྒྱད། གསང་བའི་རྣམ་ཐར་གསོལ་འདེབས་ལ་ལྔ། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་མཇལ་ཚུལ་ལ་ལྔ། ཚེམས་ཀྱི་ལོ་རྒྱུས་བཅས། མཁས་གྲུབ་རྗེ་ལ་ཆིག་བརྒྱུད་དུ་གནང་བའི་བླ་མའི་རྣལ་འབྱོར་ལ་བཞི། རྗེ་བ་སོ་བ་ལ་ཆིག་བརྒྱུད་དུ་གནང་བའི་བླ་མའི་རྣལ་འབྱོར་ལ་གསུམ། གསན་ཡིག་དུམ་བུ་ལ་སོ་གཅིག ལྷོ་བྲག་གྲུབ་ཆེན་དང་ཞུས་ལན་སྨན་མཆོག་བདུད་རྩིའི་འཕྲེང་བ་ལ་བཅུ་གསུམ། བཤེས་གཉེན་བསྟེན་ཚུལ་བླ་མ་ལྔ་བཅུ་པའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང་ལ་ཉེར་དགུ། གསང་སྔགས་ཀྱི་ཚུལ་ཁྲིམས་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལ་བདུན་ཅུ་དོན་ལྔ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྲུང་ཚུལ་བྱང་སའི་ཚུལ་ཁྲིམས་ཀྱི་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ་ལ་བརྒྱ་དང་དགུ། འདུལ་བའི་བསླབ་བྱ་ཆེན་མོ་རྗེ་ཡི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་ཟིན་བྲིས་མཛད་པ་གནམ་རྩེ་ལྡིང་མར་གྲགས་པ་ལ་བརྒྱད་ཅུ་གྱ་བཞི། དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡིང་མ་ལ་བརྒྱད། ཁྱོན་གྲངས་བཞི་བརྒྱ་དང་དྲུག་ཅུ་རེ་བརྒྱད་བཞུགས་སོ། །འདི་ཡི་པོད་ཐམས་ཅད་ཀྱི་ལུང་ཡོད་པར་བཤད། ༼ ཁ་པ ༽ འདུལ་བ་མདོ་རྩ་བའི་ཟིན་བྲིས་རྗེ་ཉིད་ཀྱིས་མཛད་པ་ལ་བརྒྱ་དང་དྲུག གསུང་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་དྲིལ་བ་ལ་སུམ་བརྒྱ་ཉེར་དགུ། རྡོ་རྗེ་རྩེ་མོའི་ཟིན་བྲིས་ལ་བཅུ་དགུ། འདི་ཡི་ལུང་མེད་པར་བཤད། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་འཕོ་བ་བཀའ་བསྒོ་བཅས་ལ་ལྔ། འདི་ཡི་ལུང་མེད། སྒྲ་མི་སྙན་པའི་ཚེ་སྒྲུབ་ལ་ལྔ། སྡོམ་པ་གོང་མ་གཉིས་ཀྱི་ཕྱིས་བཅོས་རྗེ་ཡི་ཕྱག་ལེན་བཞིན་བཀོད་པ་ལ་བདུན། འདི་ཡི་ལུང་མེད། གཏོར་མ་བརྒྱ་རྩའི་རིམ་པ་རྗེ་ཡི་ཕྱག་ལེན་བཞིན་བཀོད་པ་ལ་བཅུ། འདི་ཡི་ལུང་མེད། ཁྱོན་བརྒྱ་དང་གྱ་གཅིག ༼ ག་པ ༽ སྔགས་རིམ་ཆེན་མོ་ལ་ལྔ་བརྒྱ་དང་བཅུ་གཉིས། ༼ ང་པར ༽སྒྲོན་གསལ་མཆན་བུ་འགྲེལ་པ་བཞི་སྦྲགས་སུ་གྲགས་པ་ལ་ལྔ་བརྒྱ་དང་ཉི་ཤུ་རྩ་གཅིག ༼ ཅ་པར ༽སྒྲོན་གསལ་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན་ལ་སུམ་ཅུ་སོ་གཉིས། སྒྲོན་གསལ་གྱི་དཀའ་གནད་གསལ་བར་བྱེད་པ་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ལ་བརྒྱ་དང་ཞེ་གསུམ། འདུས་པའི་བཤད་རྒྱུད་ལྷ་མོ་བཞི་ཞུས་ཀྱི་རྒྱ་ཆེར་བཤད་པ་སྲོག་རྩོལ་གྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ལ་ལྔ་བཅུ། འདུས་པའི་བཤད་རྒྱུད་ཀུན་ལས་བཏུས་པའི་ཊཱི་ཀ་ལ་དྲུག་ཅུ་རེ་དགུ། འདུས་པའི་དཀྱིལ་ཆོག་དབང་དོན་དེ་ཉིད་རབ་གསལ་ལ་བདུན་ཅུ་དོན་དྲུག རྗེའི་གསུང་བཞིན་འདུས་པའི་བསྐྱེད་རིམ་འབའ་སེར་དཀའ་བཅུའི་ཟིན་བྲིས་ལ་བཞི་བཅུ་ཐམ་པ། འདི་ཡི་ལུང་མེད། གསང་འདུས་དཀའ་གནད་ཟིན་བྲིས་ལ་ཉེར་ལྔ། ཁྱོན་བཞི་བརྒྱ་དང་སུམ་ཅུ་སོ་ལྔ། <ཆ་པར> འདུས་པའི་བསྐྱེད་རིམ་རྣམ་གཞག་རིམ་པའི་རྣམ་བཤད་གནད་དོན་གསལ་བ་ལ་དགུ་བཅུ་ཐམ་པ། བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས་ལ་དྲུག རྡོ་རྗེ་བཟླས་པའི་ཟིན་བྲིས་ལ་གོ་བརྒྱད། དགོངས་པ་བླ་ན་མེད་པའི་ཟིན་བྲིས་ལ་སུམ་ཅུ་སོ་གཅིག མན་ངག་མཐར་ཐུག་བདག་བྱིན་རླབས་ལ་བཅུ་གཅིག མན་ངག་མཐར་ཐུག་མངོན་པར་བྱང་ཆུབ་པའི་རིམ་པའི་རྣམ་བཤད་ལ་བཅོ་ལྔ། རིམ་ལྔ་བསྡུས་པའི་ཟིན་བྲིས་ལ་ཉེར་དྲུག གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བཞི་རིམ་ལ་བཅོ་ལྔ། འདུས་པའི་དཀའ་གནད་ཟིན་བྲིས་ལ་གཉིས། རྒྱལ་བའི་བྱིན་གྱིས་མཛད་པའི་གསང་འདུས་ལེའུ་དང་པོའི་ཟིན་བྲིས་ལ་བརྒྱད། ཁྲོ་བོ་བཅུའི་ཟིན་བྲིས་ལ་བཞི། ལྷག་པ་ཡི་ནི་ལྷ་གཅིག་གིས་བཤད་པ་ལ་གཉིས། འདུལ་བ་འཛིན་པའི་གསང་འདུས་དཀྱིལ་ཆོག་ངག་འདོན་རིམ་པའི་ལྷན་ཐབས་ལ་བཅོ་བརྒྱད། ཁྱོན་སུམ་བརྒྱ་དང་སུམ་ཅུ་སོ་གཅིག འདི་ཡི་པོད་ཐམས་ཅད་ཀྱི་ལུང་རྒྱུན་ཡོད། <ཇ་པར> གསང་འདུས་རྫོགས་རིམ་རིམ་ལྔ་གསལ་སྒྲོན་ལ་སུམ་བརྒྱ་དང་ཞེ་བཞི། འདུས་པའི་བདག་བསྐྱེད་ཆོ་ག་རྣལ་འབྱོར་དག་རིམ་ལ་སུམ་ཅུ་སོ་གཉིས། བསམ་གཏན་ཕྱི་མ་སོགས་གྲུབ་ཆེན་བརྒྱད་ཀྱི་བཞུགས་ཚུལ་བཅས་ལ་གསུམ། གསང་འདུས་བསྐྱེད་རིམ་རྗེ་ཡི་གསུང་བཞིན་ཟིན་བྲིས་བློ་གསལ་བུང་བའི་རེ་སྐོང་ལ་ཉེར་དགུ། འདི་ཡི་ལུང་མེད། བཞི་བརྒྱ་ལྔ་བཅུའི་སྐོར་གྱི་ཟིན་བྲིས་ལ་དྲུག འདི་ཡི་ལུང་མེད། རྡོ་རྗེ་འཕྲེང་བ་ནས་གསུངས་པའི་དྲང་ངེས་ཀྱི་སྔགས་བཏུ་ཞིང་བྱིན་གྱིས་བརླབས་པའི་ཆོ་ག་ནམ་མཁའ་དཔལ་བའི་ཟིན་བྲིས་ལ་བཅུ་གསུམ། འདི་ཡི་ལུང་མེད། ཁྱོན་བཞི་བརྒྱ་དང་ཉེར་དྲུག <ཉ་པར> རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་ཚུལ་ལ་ཉེར་དགུ། ཞལ་ཤེས་གནད་ཀྱི་ཐིམ་ཡིག་ལ་ཉེར་ལྔ། འདི་ཡི་ལུང་མེད། གསང་འདུས་རྡོར་སེམས་མཉེས་པར་བྱེད་པའི་ངག་འདོན་གྱི་རིམ་པ་ལ་བཅུ་གཉིས། འདི་ཡི་ལུང་མེད། གསང་འདུས་འཇམ་རྡོར་སྒྲུབ་ཐབས་འཇམ་དབྱངས་དགོངས་གསལ་ལ་ཉེར་གཉིས། ཆོ་ག་ཉི་ཤུའི་ཁུངས་འགོད་པ་ལ་བརྒྱད། རྗེ་ཡི་ཞལ་གདམས་རིམ་གཉིས་སྒོམ་ཚུལ་སྠ་བི་ར་པ་བྷུ་བྷ་དྲའི་ཟིན་བྲིས་ལ་བཅོ་ལྔ། འདི་ཡི་ལུང་མེད། དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ལ་དྲུག་ཅུ་རེ་དྲུག གསང་འདུས་ཀྱི་སྒོ་ནས་རབ་གནས་བྱ་ཚུལ་ལ་སུམ་ཅུ་སོ་དགུ། འདི་ཡི་ལུང་མེད། དཔལ་འཁོར་བདེ་མཆོག་གི་རྩ་རྒྱུད་རྒྱ་ཆེར་བཤད་པ་སྦས་དོན་ཀུན་གསལ་ལ་ཉིས་བརྒྱ་དང་གཅིག ཁྱོན་བཞི་བརྒྱ་དང་ལྔ་བཅུ་ང་བདུན། <ཏ་པར> ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་ལ་དྲུག་ཅུ་རེ་གཉིས། ནཱ་རོ་ཆོས་དྲུག་གི་དམིགས་སྐོར་བསྡུས་པ་རྗེ་ཡི་གསུང་བཞིན་སེམས་དཔའ་ཀུན་བཟང་གིས་བཀོད་པ་ལ་ཉེར་གཉིས། འདི་ཡི་ལུང་མེད། བདེ་མཆོག་ལཱུ་ཧི་པ་མངོན་རྟོགས་ངག་འདོན་ངག་འདོན་གྱི་རིམ་པ་ཡོངས་གྲགས་ལྟར་མ་ཡིན་པ་ལ་བཅོ་ལྔ། དཔལ་འཁོར་ལོ་སྡོམ་པའི་མངོན་རྟོགས་རྒྱ་ཆེར་བཤད་པ་འདོད་འཇོ་ལ་བརྒྱ་དང་དགུ་བཅུ་གོ་ལྔ། དཔལ་བདེ་མཆོག་གི་མངོན་པར་རྟོགས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཟུར་དུ་ཕྱུང་བ་ལ་བདུན། འདི་ཡི་ལུང་མེད། མཁའ་འགྲོ་རྒྱ་མཚོའི་སྐོར་གྱི་ཟིན་བྲིས་ལ་བཅུ་གཅིག གྲུབ་ཆེན་ལཱུ་ཧི་པའི་ལུགས་ཀྱི་བདེ་མཆོག་སྒྲུབ་ཐབས་བདེ་ཆེན་གསལ་བ་ལ་སུམ་ཅུ་སོ་བརྒྱད། དྲིལ་བུའི་ལུས་དཀྱིལ་གྱི་སྒྲུབ་ཐབས་ལྷན་ཐབས་ལ་བཅུ་གཉིས། ཁྱོན་སུམ་བརྒྱ་དང་དྲུག་ཅུ་རེ་བརྒྱད། <ཐ་པར> གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་མངོན་རྟོགས་དགོངས་པ་རབ་གསལ་ལ་ཉེར་བདུན། དྲིལ་བུ་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་དབང་ཆོག་རིན་ཆེན་བང་མཛོད་ལ་ཉེར་བདུན། བདེ་མཆོག་དྲིལ་བུ་པའི་རིམ་ལྔའི་རྣམ་བཤད་སྦས་དོན་ལྟ་བའི་མིག་འབྱེད་ལ་སུམ་ཅུ་སོ་བརྒྱད། དྲིལ་བུ་ལུགས་ཀྱི་རྫོགས་རིམ་རིམ་ལྔའི་ཁྲིད་རྗེ་ཡི་ཞལ་ཤེས་བཞིན་སེམས་དཔའ་ཀུན་བཟང་གིས་བཀོད་པ་ལ་བཅུ་གསུམ། མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་ལ་གསུམ། རྡོ་རྗེ་མཁའ་འགྲོའི་ཟིན་བྲིས་ལ་གསུམ། རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པའི་ཟིན་བྲིས། ཚེས་བཅུའི་མཆོད་པའི་ཆོ་ག་དཱ་རི་ཀ་པས་མཛད་པའི་ཟིན་བྲིས་ལ་གསུམ། མན་ངག་སྙེ་མའི་ཟིན་བྲིས་ལ་ཉེར་གསུམ། ངན་སོང་སྦྱོང་རྒྱུད་མཆན་དང་བཅས་པ་ལ་དགུ་བཅུ་གོ་གསུམ། འདི་ཡི་ལུང་མེད། ཀུན་རིག་ཆོ་གའི་ཟིན་བྲིས་ལ་བཞི། འདི་ཡི་ལུང་མེད། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཟ་མ་ཏོག་བཀོད་པ་ལ་བཅུ་དགུ། རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་ལ་བཅོ་བརྒྱད། གཤིན་རྗེ་དགྲ་ནག་སྒྲུབ་ཐབས་རིན་ཆེན་འབར་བ་ལ་བཅོ་བརྒྱད། བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་རིན་ཆེན་འཕྲེང་བ་ལ་ལྔ་བཅུ་ང་གཉིས། ཁྱོན་སུམ་བརྒྱ་དང་བཞི་བཅུའོ། ། <ད་པར> ཞེ་དགུ་མའི་ཟིན་བྲིས་ལ་ལྔ། འདི་ལ་ལུང་མེད། འཇམ་དཔལ་ཞི་དྲག་གི་སྲུང་བ་ལ་གསུམ། འཇིགས་བྱེད་ཕྱག་མཚན་སོགས་ཀྱི་བཤད་པའི་ཟིན་བྲིས་ལ་བཅུ། འདི་ལ་ལུང་མེད། འཇིགས་བྱེད་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལ་སུམ་ཅུ་སོ་གཅིག དུས་ཀྱི་འཁོར་ལོའི་ནང་ལེའུ་རྣམ་གཞག་མཁས་གྲུབ་རྗེས་ཟིན་བྲིས་མཛད་པ་འཕྲོ་ཅན་ལ་དྲུག་ཅུ་རེ་བདུན། ཨ་ཙ་ལ་གྷརྦྷས་དོན་ཚན་བདུན་དུ་བྱེད་པ་ལ་གསུམ། ཀྱཻ་རྡོ་རྗེའི་རྒྱུད་བརྟག་པ་གཉིས་པའི་ཟིན་བྲིས་ལ་བརྒྱད་ཅུ་གྱ་དྲུག སྦྱོར་དྲུག་རྡོ་རྗེའི་ཚིགས་བཅད། དེའི་བཤད་པ། དུས་འཁོར་གྱི་ཟིན་བྲིས། དུས་འཁོར་མངོན་རྟོགས། དབང་གི་ཟིན་བྲིས། སྦྱོར་དྲུག་ཉེར་མཁོའི་ཟིན་བྲིས། འཆི་ཞག་དང་ཚེ་ལྷག་ཇི་ཡོད་དཔྱད་པ་རྣམས་ལ་ཉི་ཤུ་རྩ་བཞི། སྦྱོར་དྲུག་རྫོགས་རིམ་གྱི་གནད་བསྡུས་པ་རྗེ་ཡི་གསུང་བཞིན་རྒྱལ་སྟེང་པས་མཛད་པ་ལ་ཉེར་བཞི། འདིའི་ལུང་མེད། མཁས་པ་གཞོན་ནུ་བློ་ལྡན་གྱི་གཟུགས་ཀྱི་ཆུང་མཐའ་དུས་ཀྱི་ཐུང་མཐའ་ལས་བརྩམས་པའི་དྲིས་ལན་ལ་གསུམ། འདིའི་ལུང་མེད། དཔལ་མཆོག་གི་ཟིན་བྲིས་ལ་ཉི་ཤུ། ཀྱཻ་རྡོར་གྱི་ཟིན་བྲིས་དང་ཡང་རྒྱུད་དེའི་ཟིན་བྲིས་ལ་བདུན། རྗེ་བཙུན་བདག་མེད་མའི་དཀྱིལ་འཁོར་སྒྲུབ་ཐབས་ཟིན་བྲིས་ལ་ལྔ། སངས་རྒྱས་ཐོད་པའི་འཇིགས་མེད་གཞུང་འགྲེལ་ཟིན་བྲིས་ལ་དགུ། རྒྱུད་བརྟག་པ་བརྒྱད་པའི་རབ་བྱེད་གསུམ་པ་ལ་བཞི། དེ་ཡི་འགྲེལ་པ་འཕོ་ཁྲིད་གསེར་གྱི་སྒོ་འབྱེད་ལ་སུམ་ཅུ། ཕྱག་རྡོར་འཁོར་ཆེན་མངོན་རྟོགས་རྗེ་ཡི་གསུང་བཞིན་བཀོད་པ་ལ་བཅུ་གཅིག སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འབེབ་ལ་བཞི། སྤྲིན་བྲལ་མན་ངག་དང༌། རྟ་མགྲིན་ཤྭ་ན་བཞིའི་སྐོར་ལ་བཞི། འདིའི་ལུང་མེད། རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་ལ་གཉིས། དབྱངས་ཅན་མ་དང་སྨེ་བརྩེགས་སྒྲུབ་ཐབས་ལ་གསུམ། སངས་རྒྱས་སོ་ལྔའི་སྐུ་མདོག་ཕྱག་མཚན་ལ་བརྟེན་པ་གནས་བརྟན་བཟང་སྐྱོང་གིས་བཀོད་པ་ལྷའི་སྐུའི་ཕྱག་ཚད་གཟུགས་བརྙན་བལྟ་བའི་མེ་ལོང་ལ་ཉེར་དགུ། འདིའི་ལུང་མེད། རྣལ་འབྱོར་རྒྱུད་དེ་ཉིད་བསྡུས་པའི་ཟིན་བྲིས་ལ་གསུམ། རྡོར་དབྱིངས་ཀྱི་ཆོ་གའི་ཟིན་བྲིས་ལ་བཞི། འཁོར་ལོ་བསྒྱུར་རྒྱལ་གྱི་བསྙེན་པའི་རིམ་པ་ལ་བཅུ་བཞི། འདིའི་ལུང་མེད། ཁྱོན་བཞི་བརྒྱ་དང་དགུ། <ན་པར> རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་རྗེ་ཙོང་ཁ་པ་ཆེན་པོས་ཕྱག་བྲིས་སུ་མཛད་པ་ལ་བརྒྱད། མཁས་གྲུབ་པས་གསང་འདུས་སྒྲུབ་ཐབས་ཆོ་ག་ལྷན་ཐབས་ལ་བཅུ་བདུན། གསང་འདུས་མངོན་རྟོགས་དང་བསམ་གཏན་སྒྲུབ་མཆོད་ངག་འདོན་ལྷན་ཐབས་ལ་བཅུ་གཉིས། འདིའི་ལུང་མེད། དཀྱིལ་འཁོར་གྱི་གར་འཕྲེང་བའི་དགོངས་པ་ལྟར་རྗེ་ཡི་ཞལ་སྔ་ནས་གསུངས་པ་བཞིན་འདུལ་འཛིན་དཀའ་བཞི་པ་གྲགས་པ་རྒྱལ་མཚན་གྱིས་བཀོད་པ་ལ་བརྒྱད། འདིའི་ལུང་མེད། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་དཀའ་གནད་རྣམ་པར་འབྱེད་པའི་བརྗེད་བྱང་གི་ཡི་གེ་མཁས་གྲུབ་ཆོས་རྗེས་གསུང་བཞིན་བཀོད་པ་ལ་བརྒྱ་དང་བཅུ། བདེ་མཆོག་གི་ཕྱི་རོལ་མཆོད་པ་ལག་མཆོད་དང༌། དཔྱིད་ཀྱི་རྒྱལ་མོའི་གླུ་དང་བཅས་པ་ལ་བཅོ་ལྔ། འཇིགས་བྱེད་དག་སྦྱོར་ལ་བཞི། རྗེ་ཡི་གསུང་བཞིན་སྒྲུབ་ཐབས་ཀུན་བཟང་གི་ཚིག་དོན་ཅུང་ཟད་བཤད་པ་རྒྱལ་ཚབ་རིན་པོ་ཆེས་བརྗེད་བྱང་དུ་བཀོད་པ་ལ་སོ་བདུན། འདིའི་ལུང་མེད། ཀུན་རིག་ཆོ་ག་ངན་སོང་ཡོངས་སུ་སྦྱོང་བ་རྒྱུད་དོན་གསལ་བ་ལ་དྲུག་ཅུ་རེ་དགུ། བྱ་སྤྱོད་སྤྱི་ཡི་ཆོ་ག་རྣམ་པར་གཞག་པ་རིགས་གསུམ་སྦྱོར་ཚུལ་ལ་རྗེ་ཡི་གསུང་བཞིན་འདུལ་འཛིན་པས་བཀོད་པ་ལ་སུམ་ཅུ་ཐམ་པ། འཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་ལ་གསུམ། ཁྱོན་ཉིས་བརྒྱ་དང་བཞི། <པ་པར> བྱང་ཆུབ་ལམ་རིམ་ཆེན་མོ། <ཕ་པར> ལམ་རིམ་ཆུང་བར་ཉིས་བརྒྱ་དང་བཅུ་དགུ། ཞི་ལྷག་གཉིས་ཀྱི་དཀའ་གནད་ལ་ལྔ། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོ་ལ་བརྒྱ་དང་བཅུ་དགུ། རྗེ་བཙུན་འཇམ་དབྱངས་ཀྱིས་རྗེ་ལ་ལྟ་བའི་གནད་འགག་མདོར་བསྡུས་ནས་གནང་བའི་གདམས་པ་རྗེ་རེད་མདའ་བ་ལ་ཤོག་དྲིལ་དུ་ཕུལ་བ་ལ་དྲུག རྗེ་ཙོང་ཁ་པ་ཆེན་པོས་བསླབ་བཏུས་རྒྱས་པར་གསུངས་དུས་བསྡུས་དོན་འཇམ་དབྱངས་ཆོས་རྗེས་ཟིན་བྲིས་སུ་མཛད་པ་ལ་ཉི་ཤུ། འདིའི་ལུང་མེད། རྒྱལ་ཚབ་པས་རྗེ་ཡི་དྲུང་དུ་སྤྱོད་འཇུག་ཤེར་ལེའི་ཟིན་བྲིས་ལ་ལྔ་བཅུ་ཐམ་པ། ཚད་མའི་བརྗེད་བྱང་ཆེན་མོ་ལ་བཞི་བཅུ་ཞེ་བདུན། ཁྱོན་བཞི་བརྒྱ་དང་གྱ་གཅིག <བ་པར> དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་རིགས་པའི་རྒྱ་མཚོ་ལ་ཉིས་བརྒྱ་དང་གྱ་གསུམ། དཀའ་གནད་བརྒྱད་ཀྱི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ་ལ་བཅོ་བརྒྱད། འདིའི་ལུང་མེད། རིགས་པ་དྲུག་ཅུ་པའི་ཟིན་བྲིས་རྗེ་ཡི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ་ལ་བཅུ་གསུམ། ཚད་མ་མངོན་སུམ་ལེའུའི་བརྗེད་བྱང་ཆེན་མོ་རྒྱལ་ཚབ་ཆོས་རྗེས་བཀོད་པ་ལ་ལྔ་བཅུ་ང་ལྔ། འདིའི་ལུང་མེད། དབུ་མའི་ལྟ་ཁྲིད་ལ་ཉེར་དྲུག འདིའི་ལུང་མེད། སྙན་ངག་སྒྲ་རྒྱན་ལ་གསུམ། འདི་ལ་ལུང་མེད། རྗེ་ཉིད་ཀྱིས་ཕྱག་བྲིས་སུ་མཛད་པའི་དབུ་མ་རྒྱན་གྱི་བརྗེད་བྱང་ལ་བཅུ་བདུན། ཁྱོན་བཞི་བརྒྱ་དང་བཞི་བཅུ་ཞེ་ལྔ། <མ་པར> དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ལ་ཉིས་བརྒྱ་དང་གྱ་བརྒྱད། འདི་ལ་འཇུག་པའི་ཊཱིཀ་ཆེན་ཡང་ཟེར རྗེ་ཡི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པའི་དབུ་མ་རྒྱན་གྱི་བརྗེད་བྱང་ལ་བཅུ་གཉིས། ཚད་མ་མངོན་སུམ་ལེའུའི་ཊཱི་ཀ་རྗེ་ཡི་གསུང་བཞིན་བཀོད་པ་ལ་བརྒྱ་དང་གཉིས། སྤྱོད་འཇུག་ཤེས་རབ་ལེའུའི་ཟིན་བྲིས་ལ་སུམ་ཅུ་སོ་བདུན། ཁྱོན་བཞི་བརྒྱ་དང་སུམ་ཅུ་སོ་དགུ། <ཙ་པར> ཕར་ཕྱིན་ལེགས་བཤད་གསེར་གྱི་འཕྲེང་བ་སྐབས་གསུམ་པ་ཡན་ལ་བཞི་བརྒྱ་དང་ཉེར་གཅིག <ཚ་པར> ཕར་ཕྱིན་ལེགས་བཤད་གསེར་འཕྲེང་སྨད་ཆ་སྐབས་བཞི་པ་མན་ལ་ཉིས་བརྒྱ་དང་གྱ་བརྒྱད། དགེ་འདུན་ཉི་ཤུ་བློ་གསལ་བགྲོད་པའི་ཐེམ་སྐས་ལ་བཞི་བཅུ་ཞེ་བདུན། ཡིད་དང་ཀུན་གཞིའི་དཀའ་འགྲེལ་རྒྱ་ཆེར་བཤད་པ་ལེགས་བཤད་རྒྱ་མཚོ་ལ་དྲུག་ཅུ་ཐམ་པ། འདུལ་བ་གཞི་ནས་བྱུང་བའི་བསླབ་བྱའི་ཟིན་བྲིས་ལ་བཅུ་ཐམ་པ། སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལ་ཉེར་ལྔ། འདིའི་ལུང་མེད། བསམ་གཟུགས་བྲིས་ལ་བཅུ་གཅིག ཐལ་འགྱུར་བའི་ལུགས་ཀྱི་དབུ་མའི་ལྟ་ཁྲིད་མཁས་གྲུབ་ཆོས་རྗེས་རྗེ་ཡི་གསུང་བཞིན་ཟིན་བྲིས་སུ་མཛད་པ་ལ་བརྒྱད། དབུ་མའི་ལྟ་ཁྲིད་བསྡུས་པ་ལ་བདུན། དགེ་འདུན་ཉི་ཤུའི་ཟིན་བྲིས་ལ་བརྒྱད། ཁྱོན་བཞི་བརྒྱ་དང་དྲུག་ཅུ་རེ་གསུམ། རྗེ་ཡི་གསུང་འབུམ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་སྤར་མ་གླེགས་བམ་བཅོ་བརྒྱད་རྫོགས་སོ། །བཀྲ་ཤིས་ལྷུན་པོའི་སྤར་མའི་རྗེ་ཙོང་ཁ་པའི་གསུང་འབུམ་བཀའ་རྒྱ་མ་ནི། རྗེ་ཙོང་ཁ་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བའི་གཏམ། གསང་འདུས་ཡིག་ཆུང་ཉེར་གཅིག བདེ་མཆོག་ལཱུ་ཧི་པའི་རྫོགས་རིམ་རྣམ་བཤད་དངོས་སྒྲུབ་སྙེ་མ། བདེ་མཆོག་ལཱུ་ཧི་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོ། བདེ་མཆོག་རྫོགས་རིམ་དཔྱིད་ཐིག་གི་ཟིན་བྲིས། ཡང་བདེ་མཆོག་ཟིན་བྲིས། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པ། འཇམ་དཔལ་གསང་ལྡན་གྱི་དཔྱད་པ་ཡོངས་སུ་རྫོགས་པའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ། བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་ཚུལ་ཤིན་ཏུ་ཟབ་པ། འཇིགས་བྱེད་སེར་པོ་ལ་བརྟེན་པའི་མན་ངག་ཤིན་ཏུ་ཟབ་པ། ཡི་གེ་བཞི་པའི་སྲུང་བའི་མན་ངག རྩ་གསུམ་དང་གཤིན་རྗེ་སྦྱོར་ཚུལ། དུས་འཁོར་སྦྱོར་བ་ཡན་ལག་གི་ཟབ་ཁྲིད་དམིགས་རིམ་ལག་རྗེས། གསང་འདུས་མན་ངག་ཡིག་ཆུང་སྐོར། དུས་འཁོར་འཕོ་བ་ཡན་ལག་དྲུག་གི་ཟིན་བྲིས་པུཎྜི་ཤྲིས་མཛད་པ། བདེ་མཆོག་རྫོགས་རིམ་དཔྱིད་ཐིག དུས་འཁོར་སྒྲུབ་ལེའི་ཕྱག་རྒྱ་བཞི་ཞིབ་ཏུ་གསུངས་པ་རྒྱལ་ཚབ་རྗེས་ཟིན་བྲིས་སུ་མཛད་པ་རྣམས་སོ། །བཀྲ་ཤིས་ལྷུན་པོའི་སྤར་མར་གསུང་འབུམ་བཀའ་རྒྱ་མ་གཅིག་ལོགས་སུ་བཞག་ཀྱང༌། འབྲས་སྤུངས་སྤར་མར་རྒྱལ་དབང་ལྔ་པའི་སྐུ་དུས་སུ་བཀའ་རྒྱས་བསྡམས་པ་མ་མཛད་པར་བཀའ་རྒྱའི་ངེས་པ་མེད་པར་སོང་བའོ། །ཞེས་ ཀློང་རྡོལ་བླ་མ་སོགས་གསུང་ངོ༌། །ྱལ་དབང་ལྔ་པའི་སྐུ་དུས་སུ་བཀའ་རྒྱས་བསྡམས་པ་མ་མཛད་པར་བཀའ་རྒྱའི་ངེས་པ་མེད་པར་སོང་བའོ། །ཞེས་ ཀློང་རྡོལ་བླ་མ་སོགས་གསུང་ངོ༌། །)
  • Dictionaries/sgom sde tshig mdzod chenmo/10886  + (༼ ཀ་པར ༽་རྒྱལ་བ་བློ་བཟང་བསྐལ་བཟང་རྒྱ་མཚོའི༼ ཀ་པར ༽་རྒྱལ་བ་བློ་བཟང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དང༌། གསང་བའི་རྣམ་ཐར་ཤོག་བུ་ལྔ་བརྒྱ་དང་བཅུ་གཉིས། ༼ ཁ་པར ༽གྲུབ་མཐའ་ཆེན་མོ་ལེ་ཚན་གསུམ་ལ་བཞི་བརྒྱ་སོ་དྲུག ༼ ག་པར ༽དག་ཡིག་མིང་གི་གྲངས་ལེ་ཚན་བཅུ་གཉིས་ལ་ཉིས་བརྒྱ་བཅུ་གསུམ། སུམ་རྟགས་ཊཱི་ཀ་ལ་བཅུ་གཅིག་ལམ་སྒྲོན་ས་བཅད། བར་དོ་འཕྲང་སྒྲོལ་ས་བཅད། བར་དོ་འཕྲང་སྒྲོལ། རྟེན་འབྲེལ་བསྟོད་པའི་ཊཱི་ཀ། བཟང་སྤྱོད་ཊཱི་ཀ། ལྟ་ཁྲིད་བསྡུས་པ་རྒྱས་པ། གསོལ་འདེབས། བསླབ་བྱ་ལེ་ཚན་གཉིས། རང་ལ་གྲོས་འདེབས་རྣམས་སོ། །༼ ང་པར ༽ཁྲི་ཆེན་ངག་དབང་མཆོག་ལྡན་ཀྱི་རྣམ་ཐར་ལ་གོ་གཉིས། །བདེ་མཆོག་བསྟོད་པ། འཇིགས་བྱེད་བསྟོད་པ། འཇམ་དབྱངས་བསྟོད་པ། ཐུབ་དབང་མཛད་བཅུའི་བསྟོད་པ། སྒྲོལ་དཀར། དབྱངས་ཅན། ཞལ་བཞི་རྣམས་ཀྱི་བསྟོད་པ། རྒྱལ་བའི་བསྟན་པ་ལ་འཇུག་ཚུལ། བློ་སྦྱོང་ཆོས་སྒོ། སེམས་བསྐྱེད་ཚུལ། ལམ་རིམ་དགུང་ལོ་བཅུ་གཅིག་པར་གནང་བ། ཆོས་གླུ་རིང་མོ་སོགས་མགུར་མ་ལེ་ཚན་བཅུ། རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་གོང་མ་ལྷ་སྐྱོང་རྒྱལ་པོ་སོགས་ཀྱི་ཞབས་བརྟན་ལེ་ཚན་ཉེར་ལྔ། འཕགས་པ་ལྷ། མདོ་མཁར་བ། གུང་པཎྜི་ཏ་སོགས་ལ་ཆབ་ཤོག་ལེ་ཚན་བརྒྱད། རྟེན་བཞེངས་ཕན་ཡོན། བཀའ་འགྱུར་སྨོན་ཚིག་སྙན་དར་འདོད་གསོལ་སོགས་ལེ་ཚན་བཅུ་གསུམ། གྲུབ་མཐའི་དོགས་སེལ། རི་བོ་རྩེ་ལྔའི་གནས་བསྟོད། ལམ་སྒྲོན་ས་བཅད། གདུགས་དཀར་འཁོར་ལོ་རྒྱལ་མཚན་ལ་འཇོག་ཚུལ། དྲང་སྲོང་མངོན་དགའི་གཏམ་སོགས། ཁྱོན་སྒྲིལ་སུམ་བརྒྱ་སུམ་ཅུ་སོ་ལྔ། ༼ ཅ་པ་ལ ༽འཇིགས་བྱེད་བདེ་མཆོག་འཇམ་དབྱངས་ཙོང་ཁ་པ་སོགས་ཀྱི་བླ་མའི་རྣལ་འབྱོར་ལེ་ཚན་བདུན། གྲུབ་རྒྱལ་སྒྲོལ་དཀར་བདེ་མཆོག་དཀར་པོ་རྣམས་ཀྱི་ཚེ་སྒྲུབ་ལེ་ཚན་བདུན། འཇམ་དབྱངས་སེར་དཀར་ནག་པོ་ཁྱུང་ཁྲ་ཛམ་ནག་བདེ་མཆོག་ལྷན་སྐྱེས་རྡོར་སེམས་ཡུམ་བཅས་སོགས་སྒྲུབ་ཐབས་ལེ་ཚན་བདུན། གསང་འདུས་བསྙེན་ཡིག རྫོགས་རིམ་སྤྱི་འགྲོའི་རྩ་རླུང་ཐིག་ལེའི་རྣམ་གཞག་དུས་འཁོར་རྩ་རླུང་ཐིག་ལེའི་རྣམ་གཞག་རྒྱལ་བ་རྒྱ་མཚོའི་ཚོགས་མཆོད། བདེ་མཆོག་ལྷ་ལྔའི་སྨོན་ཤིས་ཟབ་མཆོད། ཆོས་སྐྱོང་སྤྱི། རྣམ་སྲས། སྐུ་ལྔ། ཕོ་ལྷ་དུང་སྐྱོང༌། རྨ་ཆེན། རྩེ་ལྔ་རྣམས་ཀྱི་གཏོར་འབུལ། རི་བོ་རྩེ་ལྔ། རི་བོ་དྭངས་བསིལ་སོགས་ཀྱི་བསངས་མཆོད་ལེ་ཚན་དུ་མ། ཀླུ་གཏོར། གཟའ་ཡུམ་ཆོ་ག་བདེ་མཆོག་ལུས་དཀྱིལ་བུམ་ཆོག་དབང་ཆོག་ཚེམ་བུ་དམར་ཁྲིད། དྲིལ་བུ་ལུས་དཀྱིལ་བསྐྱེད་རིམ། དེ་ཡི་རྫོགས་རིམ་དོད་ཐུབ་ནཱ་རོ་གཏུམ་མོ་སྒོམ་ཚུལ། དྲིལ་བུ་ལུས་དཀྱིལ་སྦྱིན་སྲེག་དེ་ཡི་ལྷོ་སྒོ་ཆོ་ག་བདེ་མཆོག་ཡབ་དང་ཡུམ་གྱི་ཕྲེང་སྔགས་ངེས་དོན་བོད་སྐད་དུ་འགྲེལ་བ་ལེ་ཚན་གཉིས། ཕྱག་རྡོར་འཁོར་ཆེན་བདག་བསྐྱེད་དང་མདུན་བསྐྱེད་རྡོ་རྗེའི་ལྷུན་པོ། དེ་ཡི་སྦྱིན་སྲེག་འདོད་འཇོ། དྲག་པོ་གསུམ་འདུལ་ལས་ཚོགས། མི་འཁྲུགས་པའི་སྒྲུབ་ཐབས་མངོན་དགའི་ཐེམ་སྐས། ཁྱོན་བསྒྲིལ་སུམ་བརྒྱ་དྲུག་ཅུའོ། །ཐེམ་སྐས། ཁྱོན་བསྒྲིལ་སུམ་བརྒྱ་དྲུག་ཅུའོ། །)
  • Dictionaries/sgom sde tshig mdzod chenmo/6289  + (༼ ཀ་པར ༽ཚད་མ་རྣམ་འགྲེལ་གྱི་ཊཱི་ཀ་རིགས་པའི་༼ ཀ་པར ༽ཚད་མ་རྣམ་འགྲེལ་གྱི་ཊཱི་ཀ་རིགས་པའི་རྒྱ་མཚོ། ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ། ཚད་འབྲས་ཀྱི་རྣམ་བཤད་ཆེན་མོ། ༼ ཁ་པར ༽ ཕར་ཕྱིན་རྟོག་གེའི་སྣང་བ། དབུ་མ་སྟོང་ཐུན་ཆེན་མོ་སྐལ་བཟང་མིག་འབྱེད། འདུས་པའི་བསྐྱེད་རིམ་ཟུར་བཤད། ཀྱཻ་རྡོར་ལ་ལུས་དཀྱིལ་མེད་པ་ལས་འཕྲོས་པའི་རྩོད་ལན་གནམ་ལྕགས་འཁོར་ལོ་ངོས་ལེན། རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས། གསང་བའི་རྣམ་ཐར་རིན་ཆེན་སྙེ་མ། མཁས་གྲུབ་པ་རང་གི་རྣམ་ཐར་གཟིགས་པ་ལྔ་ལྡན། (མཁས་གྲུབ་རྗེའི་སློབ་མ་གསང་མདའ་བ་ཆོས་ལྡན་རབ་འབྱོར་གྱིས་མཛད) ༼ ག་པར ༽ སྡོམ་གསུམ་རྣམ་བཞག་ཐུབ་བསྟན་བྱི་དོར། རྒྱུད་སྡེ་སྤྱི་ཡི་རྣམ་བཞག གསང་འདུས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། གསང་འདུས་ཀྱི་ཞི་རྒྱས་སྦྱིན་སྲེག གསང་འདུས་འཇམ་རྡོར་རམ་ཡེ་ཤེས་ཞབས་ལུགས་སུ་གྲགས་པའི་སྒྲུབ་ཐབས་རྗེ་ཙོང་ཁ་པའི་མཛད་པ་འཇམ་དབྱངས་དགོངས་གསལ་གྱི་ལྷན་ཐབས། གསང་འདུས་འཕགས་ལུགས་ཀྱི་ཆོ་གའི་ལྷན་ཐབས། གསང་འདུས་རྫོགས་རིམ་གྱི་དྲིས་ལན། བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་དཀྱིལ་ཆོག་བདེ་ཆེན་ཆོས་སྐྱོང་གིས་ཁ་བསྐང་བ། ཡང་འཇིགས་བྱེད་ཀྱི་བསྐྱེད་རིམ་གསུམ་པའི་འགྲེལ་པ་རྒྱ་ཆེར་བཤད་པ་ཁམས་གསུམ་རྣམ་རྒྱལ། འཇིགས་བྱེད་ཀྱི་སྲུང་འཁོར་བསྡུས་པ་དང་སྦྱིན་སྲེག་བསྡུས་པ་དང་། འཇིགས་བྱེད་ཀྱི་ཕྱོགས་སྐྱོང་གི་དབྱེ་བ། སྤྱན་འདྲེན་འཇམ་དཔལ་རང་བཞིན་མའི་འགྲེལ་པ། དམ་ཅན་ཆོས་རྒྱལ་གྱི་ལས་གསུམ་རྣམ་བཞག དེ་ཡི་གཏོར་ཆོག་བཅས་སོ། །༼ ང་པར ༽ ཀྱཻ་རྡོ་རྗེ་རྒྱུད་བརྟག་པ་གཉིས་པའི་འགྲེལ་པ་མཁའ་འགྲོའི་གསང་མཛོད། ཀྱཻ་རྡོ་རྗེའི་སྒྲུབ་ཐབས་དང་དཀྱིལ་ཆོག་སྦྲགས་པ་བདེ་ཆེན་འཇུག་ངོགས། དེ་ཡི་མཆོད་ཕྲེང་། སྨོན་ཤིས་དང་བཅས་པ། ལྟ་ཁྲིད་མུན་སེལ་སྒྲོན་མེ། (དོགས་གཅོད། འདི་སྤར་མ་འགའ་ཞིག་ལ་གསལ་ལ་འགའ་ཞིག་ན་མི་གསལ་ལོ། །འོན་ཀྱང་སྐུ་འབུམ་སྤར་མའི་གསུང་འབུམ་༼ ང་པར ༽སྣང་བ་ལྟར་འདིར་བཅུག་གོ། རྗེ་གུང་ཐང་པས་མཛད་པའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པར། མཁས་གྲུབ་རྗེའི་ལྟ་ཁྲིད་ཆེན་མོ་ཞེས་འབྱུང་བ་དེ། འདི་ཉིད་ཞུ་བ་ཡིན་ནོ) ༼ ཅ་པར ༽དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་ཊཱི་ཀ་དེ་ཉིད་སྣང་བ་མཇུག་ཁམས་ནག་ཤོད་སྦུད་མདའ་དགོན་ཕྱག་འདེགས་པ་པོ་མངའ་རིས་ཞང་ཞུང་པ་ཆོས་དབང་གྲགས་པས་ཁ་བསྐང་བ་ཚར་གཅིག ཡང་རྗེ་བློ་གྲོས་ཆོས་སྐྱོང་གིས་ཁ་བསྐང་བ་ཚར་གཅིག་དང་གཉིས་ཡོད། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་རྫོགས་སྒྲུབ་ཐབས་པད་དཀར་ཞལ་ལུང་། མཆོད་པའི་ཆོ་ག་ཀུན་བཟང་མཆོད་སྤྲིན། དཀྱིལ་ཆོག་དགོངས་པ་རབ་གསལ། ཐིག་རྩ་དང་བཅས། ༼ ཆ་པར ༽ དུས་འཁོར་ལུགས་མདོ་སྔགས་བསྟན་རྩིས། རྣལ་འབྱོར་རྒྱུད་འཇམ་དཔལ་གསང་ལྡན་གྱི་སྒྲུབ་དཀྱིལ། གསུང་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་དྲིལ་བ་མཇུག་ཏུ་རྣལ་འབྱོར་རོལ་པའི་དགའ་སྟོན་ཞེས་པ་རྡོ་དྲིལ་སོགས་ཀྱི་ཆ་ཚད་བཤད་པ། གསུང་ཐོར་བུ་སྤར་ལ་མེད་པར་སྔགས་རིམ་ལྷན་ཐབས་རྒྱུད་སྡེ་བཞིའི་རྣམ་བཞག་སྟོན་པ་རྣམས་སོ། །དཔལ་མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བེའུ་བུམ་གསར་བསྒྲིགས་གནང་ཞིང་མན་ངག་ཐུན་མོང་མ་ཡིན་པ་ཤོག་དྲིལ་བཅུ་གསུམ། མགོན་པོ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་ཆེ་ཆུང་གཉིས། དེ་ཡི་གཏོར་ཆོག་བསྟོད་བསྐུལ་དང་བཅས་པའོ། །དེར་མ་ཆུད་པ་ཤོག་གྲོལ་རིམ་གཉིས་གསོ་ཐབས། གནོད་སྦྱིན་ཥེ་ཏྲལ་པཱ་ལ་སྦྲགས་སྒྲུབ། ཕྱག་དྲུག་པའི་བརྒྱུད་འདེབས་རྣམས་སོ། །དཔལ་མགོན་ཞལ་བཞི་པའི་གཏོར་འབུལ་ཐུགས་བསྐང་བའི་རིམ་པ་དང་། དེ་ཡི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ་ལ་མཆན་བུ་དང་བཅས་པ་རྣམས་སོ། །ུབ་ཀྱིས་མཛད་པ་ལ་མཆན་བུ་དང་བཅས་པ་རྣམས་སོ། །)
  • Dictionaries/sgom sde tshig mdzod chenmo/4871  + (ཀ་ཆེན་བཞི་ཡང་ཟེར། ལྷོ་བྲག་མར་པ་ཆོས་ཀྱི་བློཀ་ཆེན་བཞི་ཡང་ཟེར། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ་མཆོག་གྱུར་བཞི་སྟེ། རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་ངེ་། མེས་སྟོན་ཚོན་པོ། མི་ལ་རས་པ་དང་བཞིའོ། །དེ་ཡང་། བླ་མ་རྔོག་པ་ལ་དགྱེས་རྡོར་གྱི་བཀའ་ཕབ། དོལ་གྱི་མཚུར་སྟོན་དབང་ངེ་ལ་འཕོ་བའི་བཀའ་ཕབ། གཙང་རོང་གི་མེས་སྟོན་ཚོན་པོ་ལ་འོད་གསལ་གྱི་བཀའ་ཕབ། མི་ལ་རས་པ་ལ་གཏུམ་མོའི་བཀའ་ཕབ་པ་བཅས་སོ། །རྗེ་མི་ལའི་རྣམ་མགུར་ལ་གཞི་བྱས། (མཚུར་སྟོན་དབང་ངེ་། རྗེ་མར་པའི་འཕོ་བའི་བཀའ་བབས་ཙམ་དུ་མ་ཟད་ཀྱི། རྗེ་མར་པའི་འདུས་པའི་གདམས་ངག་གི་བཀའ་བབས་ཡིན་པའང་། རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ། གཞན་ཡང་། མཚུར་སྟོན་དབང་གི་རྡོ་རྗེ་ལས་བརྒྱུད་པའི་གསང་བ་འདུས་པའི་དབང་དང་རྒྱུད་ཀྱི་བཤད་པ་བུ་སྟོན་ཐམས་ཅད་མཁྱེན་པ་དང་། རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་བྱོན་པ་ཡིན་ནོ། །ཞེས་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་གསུང་། མཚུར་ཞེས་པ་ནི་རིགས་ཤིག་གི་མིང་སྟེ། དེབ་སྔོན་ལས། དོལ་གྱི་མདའ་ན་འཆེས་དང་མཚུར་ཞེས་བྱ་བའི་རིགས་གཉིས་ཡོད་པ་ལས་མཚུར་གྱི་རིགས། ཞེས་འབྱུང་ངོ་། །དེབ་སྔོན་དུ་འཚུར་ཞེས་བྲིས་སྣང་ངོ)ུང་ངོ་། །དེབ་སྔོན་དུ་འཚུར་ཞེས་བྲིས་སྣང་ངོ))
  • Dictionaries/sgom sde tshig mdzod chenmo/23  + (ཀ་ཏོ་ར་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/6584  + (ཀ་དམ་པ་ཞེས་པའི་བྱ་ཞིག་གི་མིང༌། རྣམ་འབྱེད་འགྲེལ་པ་ལས། རབ་ཏུ་འབྱིན་པའི་བྱ་ཏི་ཏི་ར་ཡིན་ཞེས་བཤད་ལ། བཻ་སྔོན་ཕྱི་རྒྱུད་འགྲེལ་པར། ཆུ་བྱ་དཀར་ཆུང་ཕུག་རོན་ཙམ་མཆུ་དང་རྐང་པ་དམར་བ་ཅན་དུ་བཤད་དོ། །ཞེས་བསྟན་དར་ལྷ་རམས་པ་གསུང༌།)
  • Dictionaries/sgom sde tshig mdzod chenmo/52  + (ཀ་ཕྲེང་། གསལ་བྱེད། སྒྲ་བཤད་ནི། ཀ་ནི་གསལ་བྱེད་ཀྱི་ཡི་གེའི་སྡེ་ཚན་རྣམས་ཡིན་ལ། ལི་ཞེས་པ་ནི། མཱ་ལི་ནཱི་སྟེ་ཕྲེང་བའི་སྐད་དོད་དོ། །དེས་ཨ་ལི་ལའང་རིགས་འགྲེའོ། །)
  • Dictionaries/sgom sde tshig mdzod chenmo/275  + (ཀ་ཡེ་ཞེས་པའི་འབྲི་ཚུལ་གཞན།)
  • Dictionaries/sgom sde tshig mdzod chenmo/61  + (ཀང་ངེ་ཀོང་ངེའི་བསྡུས་ཚིག་སྟེ། ཀྱང་ཀྱོང་དང་དོན་གཅིག)
  • Dictionaries/sgom sde tshig mdzod chenmo/11857  + (ཀད་དེ་བ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/69  + (ཀམ་པོ་གནས་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/68  + (ཀམ་པོ་གནས་ཞེས་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུཀམ་པོ་གནས་ཞེས་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ཡུན་རིང་བཞུགས་ཏེ་རྟོགས་པ་བརྙེས་ཤིང་། རྗེས་སུ་ཆོས་བརྒྱུད་ལའང་ཀམ་ཚང་བཀའ་བརྒྱུད་ཅེས་མཚན་ཐོགས། གནས་དེ་ནི་དཔལ་འཁོར་ལོ་བདེ་མཆོག་གི་གནས་ཆེན་ཞིག་ཡིན་པ་དང་། དེའི་ཕུར་ཀམ་པོ་གནས་ཞེས་ཐ་སྙད་གདགས་གཞིའི་རྩ་བ་ཕ་བོང་ཆེན་པོ་རང་བྱོན་ཅན་ཞིག་ཡོད་ཅིང་། ཀམ་པོ་གནས་དེར་འཁོར་ལོ་བདེ་མཆོག་གི་གཙོ་བོའི་གནས་རི་གངས་རི་ཆེ་བ་ཞིག་དང་། འཁོར་གྱི་ལྷ་རྣམས་ཀྱི་གངས་རི་ཆུང་ངུ་མང་པོ་ཕྲེང་བར་བསྒྲིགས་པ། གནས་ནང་དེར་སླེབས་ཙམ་ཉིད་ནས་རིག་པ་དྭངས་ཤིང་བག་ཕེབས་པ་ཞིག་འདུག ཅེས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རང་རྣམ་ན་གསལ།ྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རང་རྣམ་ན་གསལ།)
  • Dictionaries/sgom sde tshig mdzod chenmo/11247  + (ཀར་ཀོར་མི་བྱེད་པ་དང༌། ཐགས་ཐོགས་མེད་པ་དང༌། ཐད་ཀར་ཞེས་པའི་དོན། ཤར་བསྐྱོད་དང་དོན་གཅིག ཤར་རྒྱག་རྒྱུགས་ཞེས་པ་ལྟ་བུ་དང༌། དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༡༤༡ལས། ཁྲི་རིན་པོ་ཆེ་ལྷ་ས་ནས་གསང་ཕུར་ཤར་རྒྱག་ཕེབས་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/73  + (ཀར་བྲིས་ཀྱི་ལྷ་ཞི་བ་རྣམས་ཞལ་དང་། སྤྱན་ཆུང་བས་ཞི་ཉམས་ཆེ་ཞིང་། གཞུང་བྲིས་ཀྱི་ལྷ་ཞི་བ་རྣམས་ཞལ་དང་། སྤྱན་ཆེ་བས་ཁྲོ་ཉམས་ཅུང་ཟད་ཡོད་ཚུལ་བརྗོད་སྲོལ་ཡོད་པར་བཤད། རྒྱས་པར་ཞྭ་སྒབ་པའི་རྒྱལ་རབས་ལ་བལྟ་བར་བྱའོ། །)
  • Dictionaries/sgom sde tshig mdzod chenmo/81  + (ཀར་བྲིས་དང་དོན་འདྲ། ཀར་བྲིས་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/7655  + (ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེས་མཛད་པའི་གསང་སྔགས་ཀྱི་བསྟན་བཅོས་ཤིག)
  • Dictionaries/sgom sde tshig mdzod chenmo/10876  + (ཀརྨ་པ་ཌག་ཅེས་དང་། ལས་ཀྱི་བྲང་ཞེས་ཀྱང་འབྱུང་བ་སིང་གའི་གླིང་སྟེ་སྲིན་མོས་བཟུང་བ་དེད་དཔོན་སེང་གེས་བཏུལ་ནས་བཟུང་བའི་ཡུལ་ལོ། །)
  • Dictionaries/sgom sde tshig mdzod chenmo/79  + (ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་བླ་མ་ཞིགཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་བླ་མ་ཞིག ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་དེ་ལས་ཆོས་མངོན་པ་མཛོད་ཀྱང་གསན་ཏེ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་མཛོད་འགྲེལ་ལས། སྙིགས་མའི་དུས་ཀྱི་ངུར་སྨྲིག་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། བླའི་ཉི་མ་པ་བདག་ཉིད་ཆེན་པོ་ཀརྨ་འཕྲིན་ལས་པའི་ཞལ་སྔ་ནས་བདག་ལའོ། །ཞེས་གསུངས། རྣམ་ཐར་རྒྱས་པ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་རྣམ་ཐར་ལ་གཟིགས།མི་བསྐྱོད་རྡོ་རྗེས་མཛད་པའི་རྣམ་ཐར་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/72  + (ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་རི་མོའི་ཐཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་རི་མོའི་ཐིག་རྩ་ཉི་མ་ཆེན་པོ་ཞེས་པ་མཛད་པ་དང་། ལྷག་པར་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་རི་མོ་ལ་ཤིན་ཏུ་མཁས་ཤིང་ཕྱག་བདེ་བས། རྗེ་དེ་ཉིད་ཀྱི་ཕྱག་བཟོའི་རྒྱུན་ལ་ཀརྨ་སྒར་བྲིས་སམ། ཀར་བྲིས་ཞེས་བརྗོད་པ་ཡིན་འདུག རྒྱས་པར་གཟིགས་འདོད་ན་ཞྭ་སྒབ་པའི་རྒྱལ་རབས་དེབ་དང་པོ་ (༡༡༠) ལ་གཟིགས།སྒབ་པའི་རྒྱལ་རབས་དེབ་དང་པོ་ (༡༡༠) ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/7067  + (ཀཱ་ར་ཝིའ་རའི་མེ་ཏོག་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/3612  + (ཀཱ་ལ་རཱུ་པ་ཡང་ཟེར། སྐྱོ་ལུགས་པ་དག་རྒྱུད་དུཀཱ་ལ་རཱུ་པ་ཡང་ཟེར། སྐྱོ་ལུགས་པ་དག་རྒྱུད་དུ་བཞེད་པའི་ལོ་རྒྱུས་ཀྱི་རྟོགས་པ་ཞེས་བྱ་བ་ལས། བཅོམ་ལྡན་འདས་འཇམ་དཔལ་ཤིན་ཏུ་ཁྲོས་པའི་འཇིགས་བྱེད་ཆེན་པོའི་སྐུར་སྤྲུལ་ཏེ། འཛམ་བུ་གླིང་གི་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ན། གཤིན་རྗེའི་གྲོང་ཁྱེར་ཆེན་པོ་ཡོད་པར་བྱོན་ནས། ལྕགས་མཁར་སྒོ་མེད་བཅུ་དྲུག་ཞབས་དྲུག་གིས་མནན་ཅིང༌། གཤིན་རྗེ་འཁོར་བཅས་སྐྲག་པར་མཛད་པས། རང་རང་གི་སྲོག་གི་སྙིང་པོ་ཕུལ་ཞིང༌། དམ་ལ་བཞག་ནས་བཀའ་བསྒོས་ཏེ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་འཕྲིན་ལས་ཐམས་ཅད་ཚུལ་བཞིན་དུ་བསྒྲུབ་པའི་སྲུང་མར་གསུངས་ལ། གཙུག་ཏོར་རྣམ་རྒྱལ་གྱི་རྟོགས་པ་ལ་སོགས་པ་དུ་མ་ལས་ཀྱང༌། སྟོན་པ་ཤཱཀྱ་ཐུབ་པ་རང་ཉིད་ཀྱི་སྤྱན་སྔར་ཡང་བསྟན་པ་བསྲུང་བར་ཁས་བླངས་པར་གསུངས། གཞན་ཡང་འཇམ་དཔལ་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་གྱི་རྒྱུད་ཐམས་ཅད་ལས། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་སྒོ་ནས། མ་རུངས་པ་ཚར་གཅོད་པའི་འཕྲིན་ལས་བསྒྲུབ་པ་ཕལ་ཆེ་བ་ལ། འཇམ་དཔལ་གཤིན་རྗེ་གཤེད་པོ་རང་ཉིད་ཀྱིས། བཀའ་བསྒོས་པའི་ལས་ཀྱི་མགོན་པོར་ཡང་དུ་ཡང་དུ་བསྔགས་པར་གསུངས། དགེ་ལྡན་པའི་བསྟན་སྲུང་གི་གཙོ་བོ་མགོན་པོ། ཆོས་རྒྱལ། དཔལ་ལྡན་ལྷ་མོ། རྣམ་སྲས་དང་བཞི་ཡོད་པའི་ཡ་གྱལ་ལོ། །ཆོས་རྒྱལ་ཕྱི་སྒྲུབ་དང་ཆོས་རྒྱལ་ནང་སྒྲུབ་ཀྱི་ཐད་དུ་གཟིགས།ྒྲུབ་དང་ཆོས་རྒྱལ་ནང་སྒྲུབ་ཀྱི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/114  + (ཀུ་མུད་ལྡན་དང་ས་མོས་ཚལ། །ཟླ་བས་བཞད་ཚལ་ཀུ་མུད་ཚོགས། །ཡིད་མོས་ཚལ་དང་ཀུ་མུད་ཅན། །ཀུ་མུ་ད་ཡི་ནགས་ཚལ་ལོ། །ཞེས་མངོན་བརྗོད་མཁས་པའི་རྣ་རྒྱན་ལས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2584  + (ཀུ་ལུ། ཀུ་ལུ་ཏ། ཉུང་ཏི་རྣམས་དོན་གཅིག ཀུ་ལུ་ཏ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10372  + (ཀུ་ཤ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དེ། དེ་ཡང་ཀུ་ཤ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དེ། དེ་ཡང་“ཀུ” ནི་ངན་པ་དང་། ཤ་ཞི་བའམ་སེལ་བའི་དོན་ཏོ། །ཞེས་མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༼ མདོ་སྡེ་སེ་པ ༽༣༠༨ན༦ལས་གསུངས། འདི་ལ་ངན་སེལ་དང་། རྩྭ་མཆོག་ཅེས་ཀྱང་བསྒྱུར་བར་སྣང་། བུམ་པའི་ཁ་རྒྱན་བྱེད་པའི་རྩྭ་གྲ་མ་ཅན་ཞིག འདི་སྔོན་རྩྭ་འཚོང་བཀྲ་ཤིས་ཀྱིས་བཅོམ་ལྡན་འདས་ཀྱིས་ལོ་དྲུག་དཀའ་སྤྱད་མཛད་ཚེ་ཕུལ་ཏེ་གདན་དུ་བཏིང་བར་མཛད། འདིས་གྲིབ་སེལ་ཞེས་ཟེར་ཏེ། རྒྱ་གར་དུ་གྲིབ་བྱུང་ན་ཀུ་ཤའི་ཚལ་དུ་ཉལ་བའི་ལུགས་སྲོལ་ཡོད་དོ། །་ན་ཀུ་ཤའི་ཚལ་དུ་ཉལ་བའི་ལུགས་སྲོལ་ཡོད་དོ། །)
  • Dictionaries/sgom sde tshig mdzod chenmo/128  + (ཀུ་སུ་ལུའི་མཆོད་སྦྱིན་དང་འདྲ། ཀུ་སུ་ལུའི་མཆོད་སྦྱིན་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10166  + (ཀུན་ཏ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ཀུན་ཏ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བྱུང་བའི་ཡས་བབས་དང༌། དེ་ནས་སྤྱི་གཙུག་ཏུ་ལོག་པའི་མས་བརྟན་གྱི་དགའ་བ་བཞི་སྐྱེ་ཚུལ་དང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྟོང་པ་གཉིས་དབྱེར་མི་ཕྱེད་པར་སྦྱོར་བའི་སྒོ་ནས་དོན་དམ་པའི་དེ་ཁོ་ན་ཉིད་ལ་རབ་ཏུ་འཇུག་པའི་རྟོགས་པ་གོང་ནས་གོང་དུ་བགྲོད་པའི་རིམ་པ་གཙོ་བོར་སྟོན་ཞིང༌། བདེ་བ་ཆེན་པོའི་ཡེ་ཤེས་བཞོན་པའི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་མི་སྟོན་པ་ནི་རྣལ་འབྱོར་མའི་རྒྱུད་ཅེས་བྱའོ། །སྒྲ་བཤད་ནི། ལྷན་སྐྱེས་ཀྱི་ཤེར་ཕྱིན་ཆོས་སྐུ་སྒྲུབ་པའི་ཐབས་དེ་ནི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་ཆོས་ཀྱི་སྐུའི་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་ཡིན་པས་མ་ཞེས་ཀྱང་བྱའོ། །རྗེའི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ལ་གཞི་བྱས་ཏེ་བཀོད།གཅོད་རིན་པོ་ཆེའི་མྱུ་གུ་ལ་གཞི་བྱས་ཏེ་བཀོད།)
  • Dictionaries/sgom sde tshig mdzod chenmo/12183  + (ཀུན་ནས་གྲྭ་ཟུར་མ་ཉམས་པར་སྒོར་རེ་འཆར་བ་ལ་བཤད།)
  • Dictionaries/sgom sde tshig mdzod chenmo/11402  + (ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་ལ་ཟེར། རྗེའི་བདེ་སྨོན་ལས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་གསལ་བ་ཐོབ་པར་གྱུར་ཅིག། ཅེས་གསུངས་པ་ལྟར་རོ། །ཤེས་རབ་གསལ་བ་དང་ཤེས་རབ་ཆེ་བ་གཉིས་ཀ་འཆད་པ་ལ་མཁས་པའི་ཡན་ལག་ཡིན།་རབ་ཆེ་བ་གཉིས་ཀ་འཆད་པ་ལ་མཁས་པའི་ཡན་ལག་ཡིན།)
  • Dictionaries/sgom sde tshig mdzod chenmo/184  + (ཀུན་བཏགས་ཀྱི་འབྲི་ཚུལ་གཞན།)
  • Dictionaries/sgom sde tshig mdzod chenmo/182  + (ཀུན་བརྗོད་པའི་ཆོ་འཕྲུལ་ནི་སེམས་ཅན་རྣམས་ཀྱིཀུན་བརྗོད་པའི་ཆོ་འཕྲུལ་ནི་སེམས་ཅན་རྣམས་ཀྱི་ཁམས་དང་རང་བཞིན་དང་བག་ལ་ཉལ་རྣམས་ལ་བཏགས་ནས་དེ་དག་ལ་དེ་བཞིན་དུ་བརྗོད་པའོ། །ཞེས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༤༥ བ༥ལས་གསུངས་པ་ལྟར་རོ། །དེ་ལ་ཐུགས་བརྗོད་པའི་ཆོ་འཕྲུལ་ཡང་ཟེར།་རོ། །དེ་ལ་ཐུགས་བརྗོད་པའི་ཆོ་འཕྲུལ་ཡང་ཟེར།)
  • Dictionaries/sgom sde tshig mdzod chenmo/185  + (ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་ནི། ཇོ་ནང་པའི་གྲུབ་མཐའི་བརྒྱུད་འཛིན་གྱི་གཙོ་བོ་ཡིན་པར། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་མཁས་པ་མང་པོ་གསུང་ངོ་། ། (1 29 2-1 361))
  • Dictionaries/sgom sde tshig mdzod chenmo/5886  + (ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་བྱམས་པའི་སྨོན་ལམ་གྱི་འགྲེལ་པ། ཇོ་ནང་ཏཱ་ར་ནཱ་ཐའི་བྱམས་སྨོན་གྱི་འགྲེལ་པ་ (འདི་གསུང་འབུམ་༼ ཙ ༽པའི་ནང་བཞུགས་སོ) སོགས་སོ། །ཅོ་ནེ་བླ་མ་གྲགས་པ་བཤད་སྒྲུབ་ཀྱི་འགྲེལ་པ།)
  • Dictionaries/sgom sde tshig mdzod chenmo/189  + (ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ། བུ་སྟོན་རིན་ཆེན་གྲུབ།)