Property:definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 50 pages using this property.
D
ཀ་བ་ཞེས་པའི་མིང་མཐའ་བསྡུས་པ་སྟེ།  +
གཅིག་གཉིས་སོགས་གྲངས་ཀྱི་མཐའ་ལ་སྦྱར་ན། ཚང་མའམ་ཐམས་ཅད་ཅེས་པའི་དོན་སྟོན་པའི་ཆ་ཤས་ཤིག་ཡིན།  +
རྟགས་མཚུངས་འདྲེན་པའི་སྐབས། ག་ད་བ་ས་བཞི་སྟེ་རྗེས་འཇུག་ཕོ་ཡིག་གིས་དྲངས་པའི་མིང་གི་ཆ་ཤས་ཤིག་ཡིན།  +
བོད་ཡིག་གི་གསལ་བྱེད་དང་པོ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་མགྲིན་པ་དང༌། བྱེད་པ་ལྕེའི་རྩ་བ། སྒྲ་འབྱིན་ཚུལ་དམ་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་ཕོ་ཡིག་ཅིག།  +
བ་ལང་གི་རྒྱབ་ཀྱི་ཤ་འབུར་ཏེ་ནོག་གི་མིང་།  +
སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ། ༡ གོས་ལྷག་འཆང་བའི་སྤང་བ། ༢ བྲལ་བའི་སྤང་བ། ༣ ཟླ་འཇོག་གི་སྤང་བ། ༤ ཆོས་གོས་འཁྲུར་འཇུག་པའི་སྤང་བ། ༥ གོས་ལེན་པའི་སྤང་བ། ༦ སློང་པའི་སྤང་བ། ༧ སྟོད་གཡོགས་སྨད་གཡོགས་བཅས་པའི་སྤང་བ། ༨ རིན་ཐང་གི་སྤང་བ། ༩ སོ་སོར་སྤང་བ། ༡༠ བསྐུར་བའི་སྤང་བ། ༡༡ སྲིན་བལ་གྱི་སྟན་སྤང་བ། ༡༢ བལ་ནག་གི་སྟན་སྤང་བ། ༡༣ ཆ་གཉིས་བསྲེས་པའི་སྟན་སྤང་བ། ༡༤ ལོ་དྲུག་གི་སྤང་བ། ༡༥ མཐོ་གང་གི་སྤང་བ། ༡༦ ལམ་དུ་བལ་ཐོགས་པའི་སྤང་བ། ༡༧ བལ་འཁྲུར་འཇུག་པའི་སྤང་བ། ༡༨ གསེར་དངུལ་ལེན་པའི་སྤང་བ། ༡༩ མངོན་ཚན་ཅན་གྱི་སྤང་བ། ༢༠ ཉོ་ཚོང་བྱེད་པའི་སྤང་བ། ༢༡ ལྷུང་བཟེད་འཆང་བའི་སྤང་བ། ༢༢ ལྷུང་བཟེད་ལྷག་པོ་འཚོལ་བའི་སྤང་བ། ༢༣ བལ་འཐག་ཏུ་འཇུག་པའི་སྤང་བ། ༢༤ འཐག་པ་བསྐྱེད་པའི་སྤང་བ། ༢༥ བྱིན་འཕྲོག་གི་སྤང་བ། ༢༦ སྟོན་ཟླ་ཐ་ཆུང་ལ་ཐལ་བའི་སྤང་བ། ༢༧ དགོན་པ་བའི་སྤང་བ། ༢༨ དབྱར་གྱི་རས་ཆེན་དུས་མ་ཡིན་པར་འཚོལ་བ་དང་འཆང་བའི་སྤང་བ། ༢༩ བསྔོས་པ་གཞན་དུ་བསྒྱུར་བའི་སྤང་བ། ༣༠ གསོག་འཇོག་གི་སྤང་བ།  +
སྤང་ངོས་སུ་སྐྱེས་པའི་ཤ་མོ།  +
མདོ། འདུལ་བ། གང་ཟག་ཁྱད་པར་ཅན་མ་ཡིན་པའི་རྒྱུད་ཀྱི་རང་གིས་དྲན་ནུས་ཀྱི་སྤང་ལྟུང་དང་སྤང་ལྟུང་བྱུང་བའི་ཕྱིས་ནས་རྙེད་ཅིང་ད་ལྟ་སྤང་འོས་ཀྱི་གོས་རུང་བ་ཞིག་ལའོ། །དེའི་དབྱེ་བ་སོགས་གོ་དོན་རྒྱས་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། སྤང་ཤན་ལ་ཡང་རྡེག་བྱེད་དང་བརྡེག་བྱ་གཉིས་སུ་ཡོད་ཅིང་། དེ་གཉིས་ཀྱི་ངོ་བོ་ཡོད་དེ། གང་ཟག་ཁྱད་པར་ཅན་མ་ཡིན་པའི་རྒྱུད་ཀྱི་སྤང་ལྟུང་ཡིན་པ་གཞིར་བཅས་ལ། ངོ་བོ་ཤེས་ཤིང་དྲན་པར་ནུས་པ་དེ་དང་པོ་དང་། སྤང་ལྟུང་འབྱུང་བའི་ཕྱིས་ནས་རྙེད་པའི་ཡོ་བྱད་ཡིན་པ་གཞིར་བཅས་ལ། ད་ལྟ་སྤང་འོས་སུ་གནས་པ་གཉིས་པའི་ངོ་བོ་ཡིན་པའི་ཕྱིར། སྐབས་འདིའི་གང་ཟག་ཁྱད་པར་ཅན་དང་ཁྱད་པར་ཅན་མིན་པའི་ངོས་འཛིན་ཡོད་དེ། སྤང་ལྟུང་ཕྱིར་བཅོས་བྱེད་པའི་ཚེ་དངོས་པོ་མ་སྤངས་པར་དགེ་སློང་གཅིག་གི་དྲུང་དུ་བཤགས་པས་འདག་པའི་དགེ་སློང་དེ་དང་པོ་དང་། སྤང་ལྟུང་ཕྱིར་བཅོས་བྱེད་པའི་ཚེ་དངོས་པོ་སྤངས་དགོས་པའི་དགེ་སློང་དེ་གཉིས་པ་ཡིན་པའི་ཕྱིར། དང་པོ་དེར་ཐལ། སྤོ་མགུ་སྤྱད་མི་དགོས་པར་དགེ་འདུན་ལྷག་མ་གང་ཟག་གཅིག་གི་མདུན་དུ་བཤགས་པས་འདག་པའི་དགེ་སློང་དེ་ལྷག་མ་ཕྱིར་བཅོས་བྱེད་པའི་སྐབས་སུ་གང་ཟག་ཁྱད་པར་ཅན་དུ་གསུངས་པ་དང་འདྲ་བའི་ཕྱིར། དེ་ལྟར་ན་དགེ་སློང་གིས་གོས་བྱིན་བརླབས་ལ་བརྩོན་པར་བྱེད་དགོས་ཏེ། འདིར་དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་འབྱུང་བ་ཉིད་དོ། །ཞེས་གསུངས་པའི་དགོངས་པས་བྱིན་གྱིས་མ་བརླབས་པའི་ཆོས་གོས་གཅིག་ཡོད་ན། ཕྱིས་རྙེད་ཀྱི་བཅས་པ་རིགས་མཐུན་པའི་ཡོ་བྱད་ཀྱི་དངོས་པོ་རྣམས་ལ་སྤང་ཤན་འབྱུང་བའི་ཕྱིར། མཐའ་གཅིག་ཏུ་བཅས་པ་རིགས་མཐུན་ཙམ་ལ་ཤན་འབྱུང་བས་ཁྱབ་པ་མ་ཡིན་ཏེ། མར་དང་བུ་རམ་གཉིས་ཞག་བདུན་པའི་སྨན་སོགས་སུ་བྱིན་གྱིས་བརླབ་ཏུ་རུང་བའི་བཅས་པ་རིགས་མཐུན་གང་ཞིག ། མར་ཞག་བདུན་པར་བྱིན་གྱིས་བརླབས་པས་ཕྱིས་རྙེད་བུ་རམ་བྱིན་གྱིས་བརླབས་པ་ལ་ཤན་མི་འབྱུང་བའི་ཕྱིར། འདིར་ཞག་བདུན་པ་ལ་ནི་རིགས་མཐུན་པ་ལའོ། །ཞེས་གསུངས་པའི་དགོངས་པ་ཡིན་པས་སོ། །སྤང་ལྟུང་བྱུང་བའི་ཚེ་ཕྱིར་བཅོས་བྱེད་པ་ལ་ཡང་བརྩོན་པར་བྱ་དགོས་ཏེ། དེ་མ་བཤགས་པར་ཡོད་ན་ཕྱིས་རྙེད་ཀྱི་ཡོ་བྱད་རིགས་མཐུན་པ་དང་། མི་མཐུན་པ་ཐམས་ཅད་སྤང་དགོས་པས་ཚེགས་ཤིག་ཏུ་ཆེ་བ་ནི་འདིར་ལྟུང་བ་དེ་ཡོད་ན་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ། །ཞེས་གསུངས་པའི་དགོངས་པ་ཡིན་པས་སོ། །ཞེས་གསུངས།  +
ལྗང་སྐྱ་ལས་དཀར་ཤས་ཅུང་ཟད་ཆུང་བ།  +
བོད་རྗེ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་པཎ་ཌི་ཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐི་ཤེས་བོད་དུ་བསྣམས་ནས་ཕེབས་པའི་སངས་རྒྱས་ཀྱི་ཆོས་ཚན་ཞིག་སྟེ། འདི་ལ་ཤོག་ལྡེབས་དཔེ་རིང་ལྔ་ལྷག་ཙམ་དང་ཤོག་ངོས་བཅུ་ལྷག་ཙམ་ཞིག་ཡོད། འདི་ལ་མདོ་སྡེ་གཞན་དག་ལྟར་འགོར་རྒྱ་སྐད་སྨོས་པ་དང་། མཇུག་ཏུ་འགྱུར་བྱང་སོགས་མི་སྣང་། འོན་ཀྱང་འདི་ཐུ་མི་སཾ་བྷོ་ཊའི་འགྱུར་ཡིན་པར་བཀའ་འགྱུར་དཀར་ཆག་ཏུ་གསལ་ལོ། །འདིའི་བརྗོད་བྱ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དེ་ཡིན། དེ་ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བ་དང་། དམ་པའི་ཆོས་ལ་ཕྱག་འཚལ་བ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་བ། སྡིག་པ་བཤགས་པ། བསྔོ་བ་དང་སྨོན་ལམ་བཅས་ནི་འདིའི་བརྗོད་བྱའོ། །འདི་སྡེ་དགེ་སྤར་མའི་མདོ་སྡེ་༼ ཡ་པ ༽ཤོག་ལྡེབས་དང་པོ་ནས་དྲུག་པའི་བར་བཞུགས་ཤིང་། གཟུངས་བསྡུས་ཀྱི་ནང་དུའང་བཞུགས་སོ། །འདི་ལ་དཔང་སྐོང་ཕྱག་བརྒྱ་པ་ཞེས་བྲིས་པའང་སྣང་།  +
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྙུང་རིལ་འདྲ་ལ་ཕྱི་པགས་རྫ་མདོག་ནང་སྐྱ་ཞིང་དྲི་ཞིམ་པ་སྨད་ཆར་ཨ་ར་འདྲ་བའི་རྩ་ཕྲན་སེར་ནག་མང་ལ་རྩ་བའི་སྟོད་ཆ་དང་གཞི་རྩར་ཁ་དོག་རྫ་མདོག་གི་ཚི་སྣའམ་པགས་པ་མཉེན་ཞིང་སྤ་ལྟ་བུའི་གསོག་འཁྱིལ་ཡོད། ལོ་མ་སྔོ་ལྗང་རྒྱབ་སྐྱ་འཇམ་ལ་དབྱིབས་ནར་མོ་སྟོད་ཞེང་ཆེ་ལ་སྨད་ཕྲ་བ་མཐའ་མཉམ་ལ་གཞུང་རྒྱུག་རྩ་རིས་གསུམ་ཡོད་ཅིང་ངར་པ་ཧ་ལམ་མེད་པ་གཞི་རྩ་ནས་ཁ་ཤས་སྐྱེས་ཡོད། སྡོང་པོ་སྨུག་པོ་ཕྲ་ལ་ཐུང་བ་གསུམ་བཞི་ཙམ་སྐྱེ་ཞིང༌། ཡལ་ག་མེད་ཅིང་སྡོང་པོའི་ལོ་མ་ཐུང་ཞིང་རྩེ་རྣོ་བ་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་དམར་སྐྱ་ཆུང་ལ་དྲིལ་དབྱིབས་ཟུར་ཡོད་པ་མང་པོ་མཉམ་དུ་སྡོང་པོའི་རྩེར་འཆར་བ་སྟེ། བོད་ཀྱི་རི་མཐོའི་སྲིབ་ཀྱི་སྤང་ལ་སྐྱེ་བ། རྩ་ལོ་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པར་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་ཚད་རྙིང་ལུས་ལ་ཞེན་པ་དང༌། དུག་ཚད་རྒྱས་པ། མཆེར་བའི་ནད། ཁོང་སྲིན། ཤ་སྐྲངས་སོགས་ལ་ཕན་པ་ཡིན།  +
སྤོང་གི་འདས་པ།  +
རིག་པ་གཅེར་བུ་རང་ངོ་ཟིན་པར་བྱ། །སེམས་ཀྱི་གནས་ལུགས་གཏན་ལ་དབབ་པར་བྱ། །ཤེས་པ་སྙམ་བྱེད་འདུན་མ་བྲལ་བར་བྱ། །དངོས་འཛིན་གཟའ་གཏད་ཆེད་དུ་གཟུང་མི་བྱ། །བརྩོན་འགྲུས་འདོད་བློ་རང་སར་ཆོད་པར་བྱ། །བྱེད་མཁན་ངོ་བོ་ཟད་སར་སྐྱོལ་བར་བྱ། །  +
འདུ་འཛི་གཡེང་བའི་ཡུལ་སྤངས་དབེན་པར་སྡོད། །སྡེ་ཚན་ཕྱོགས་རིས་སྤངས་ལ་འདྲིས་མེད་སྡོད། །འཇིག་རྟེན་སོ་ནམ་འབྲེལ་སྤངས་བདེ་བར་སྡོད། །མང་པོའི་ཚོགས་སྤངས་གཅིག་ཏུ་དབེན་པར་སྡོད། ། དོན་དང་བྱ་བ་མང་སྤངས་དབེན་པར་སྡོད། །མི་དགེ་ལུང་མ་བསྟན་སྤངས་དགེ་བར་སྡོད། །  +
རྒྱུའི་རྒྱན་གྱི་ནང་གསེས་བཅུ་པ་སྟེ། རྒྱུ་གང་ཞིག་ལ་ཡིད་བྱུང་ནས་གཏན་དུ་སྤངས་པས། འབྲས་བུ་དངོས་པོ་གཞན་ཐོབ་པར་སྟོན་པ་ཞིག་ཡིན།  +
ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བའི་མཛོད་གནས་བཞི་པ་ལས་བྱུང་བ་སྟེ། གཟུགས་ནི་དབུ་བ་རྔོས་པ་འདྲ། ཚོར་བ་ཆུའི་ཆུ་བུར་བཞིན། འདུ་ཤེས་སྨིག་རྒྱུ་ལྟ་བུ། འདུ་བྱེད་ཆུ་ཤིང་ལྟ་བུ། རྣམ་ཤེས་སྒྱུ་མ་ལྟ་བུ།  +
བཅོལ་བའི་དོན་ལ་འཇུག་སྟེ། བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག་ལས། སྤངས་པ་ཞེས་པ་བཅོལ་བའི་མིང༌ཞེས་གསུངས།  +
སྐྱོན་སོགས་དོར་བའི་དོན་གྱི་བྱ་མིང་།  +
ཐོབ་ཀྱི་དོན་ལ་འཇུག་པ་ནི། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། གཞོན་ནུའི་སྤངས་པ་སྦྱིན་པ་ནི་སྲས་ཀྱི་ཐོབ་གནང་བ་ཞེས་གསུངས།  +
མདོ། ཚད་མ། རང་བཞིན་མིན་ཕྱིར་ཐབས་ཡོད་ཕྱིར། །རྒྱུ་སྤོང་ཕྱིར་ན་རྣམ་གྲོལ་འཐད། །དྲི་མ་ཕྱིན་ཅི་ལོག་གིས་སྒྲོ་བཏགས་པ་གློ་བུར་བ་ཡིན་པས་རང་བཞིན་མ་ཡིན་ཏེ། སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་རྒྱུ་བདག་འཛིན་ཡིན་ལ་དེ་དང་འགལ་བ་བདག་མེད་ཡོད་པའི་ཕྱིར་དང་། རྒྱུ་སྤངས་པ་ཉིད་ཀྱིས་སླར་མི་ལྡོག་སྟེ་བུད་ཤིང་ཟད་པའི་མེ་བཞིན་དུ་འབྲས་བུ་སྐྱེད་མི་ནུས་པའི་ཕྱིར་རོ། །དེ་དག་རྣམ་འགྲེལ་ལས། སེམས་འདི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །  +
མི་འཇིགས་པ་བཞིའི་ཡ་གྱལ་ཞིག་སྟེ། འདོད་ཆགས་ལ་སོགས་པ་ཟག་པ་ཐམས་ཅད་ཟད་པ་ཡིན་པའི་ཕྱིར། དེ་ལྟར་ཞལ་གྱིས་བཞེས་པ་རྣམས་ལ་རྒོལ་བའི་གནས་མེད་པ།  +
སངས་རྒྱས་ཐམས་ཅད་ལ་མཉམ་པའི་མ་འདྲེས་པའི་ཡོན་ཏན་འབྲས་བུ་ཕུན་སུམ་ཚོགས་པ་བཞིའི་ཡ་གྱལ་སྤངས་པ་ཕུན་སུམ་ཚོགས་པ་རྣམས་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་། བག་ཆགས་དང་བཅས་ཏེ་སྤངས་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་སྟེ་བཞིའོ། །  +
ཆོས་མངོན་པའི་མཛོད་ཀྱི་བཤད་པ་མཛོད་གནས་བདུན་པ་ལས་བྱུང་བ་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ། གཏན་དུ་སྤངས་པ། ཉོན་མོངས་པ་བག་ཆགས་དང་བཅས་ཏེ་སྤངས་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །  +
འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ཉོན་མོངས་པའི་སྒྲིབ་པ་སྤངས་པ། ཤེས་བྱའི་སྒྲིབ་པ་སྤངས་པ། ཤིན་ཏུ་སྤངས་པ། བག་ཆགས་དང་བཅས་པ་སྤངས་པ། སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །  +
མདོ། འདུལ་བ། བོན། དེ་ཡང་སྟོན་པ་འཆི་མེད་གཙུག་ཕུད་རབ་ཏུ་བྱུང་བའི་དུས་སུ་སྤང་བྱའི་རིགས་ཏེ། གྲངས་ནི། ཡུལ། གནས། ཁྱིམ། སྲས། འཁོར། ཉེ་དྲུང་། ནོར་དང་བདུན་རོ་བཞིན་བོར་ནས་རབ་ཏུ་བྱུང་བ་སྟེ། འདུལ་བ་ཡོངས་རྫོགས་ལས། འཆི་མེད་གཙུག་ཕུད་འགྲོ་ལ་དགོངས། །ཅེས་པ། རྡོ་རྗེའི་སྐུ་ལ་གཡུང་དྲུང་ཐུགས། །འཆི་བ་མེད་པ་སྐྱེས་ནས་བརྩན། །བོན་ཉིད་དབྱིངས་ལ་བླ་མེད་གཙུག ། བདེ་གཤེགས་ཀུན་ལ་ཡང་དག་ཕུད། །འགྲོ་བའི་དོན་ལ་མི་ལུས་བྱོན། །སངས་རྒྱས་དགོངས་པས་འགྲོ་ལ་བརྩེ། །སྤངས་པ་བདུན་བོར་རབ་ཏུ་བྱུང་། །ཞེས་གསུངས་སོ། །  +
མདོ། མངོན་པ། སོ་སོར་བརྟགས་འགོག་སོ་སོ་བ་རྣམས་བཏང་ནས་ཐམས་ཅད་སྡོམ་པའི་སོས་སོར་བརྟགས་འགོག་གི་ཐོབ་པ་ཟག་མེད་གཅིག་རྙེད་པ་སྟེ། དཔེར་ན་འབྲས་བུ་དང་པོའི་ཚེ་སྔར་གྱི་བརྟགས་འགོག་སོ་སོ་བ་རྣམས་བཏང་ནས་བསྡོམས་པའི་བརྟགས་འགོག་གི་ཐོབ་པ་ཟག་མེད་གཅིག་རྙེད་པ་ལྟ་བུ་སྟེ། མཛོད་རང་འགྲེལ་ལས། སྤངས་པ་བསྡོམས་པ་ནི་ཐམས་ཅད་ཀྱི་ཐོབ་པ་ཅིག་རྙེད་པའི་ཕྱིར་རོ། །ཞེས་དང་། མཆིམས་མཛོད་མཆན་བུ་ལས། (དེ་ཡང་ཟད་པ་སྡོམ་པ་ནི་སྤངས་པ་སོ་སོ་བ་རྣམས་བཏང་ནས་ཐམས་ཅད་སྡོམ་པའི་བྲལ་ཐོབ་ཟག་མེད་གཅིག་རྙེད་པ་སྟེ། འབྲས་བུ་དང་པོ་ལ་མཐོང་སྤང་གི་ཟད་པ་སྡོམ་པ་གཅིག་རྙེད་པ་དང༌། གཉིས་པ་ལ་མཐོང་སྤང་དང་འདོད་པའི་སྒོམ་སྤང་དྲུག་ཟད་པ་སྡོམ་པ་ལ་སོགས་པའོ། །) ཞེས་གསུངས། དོན་གཅིག་མིང་གི་རྣམ་གྲངས་ལ། སྤངས་པ་བསྡོམས་པ་དང། ཟད་པ་སྡོམ་པའོ། །  +
འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། བཟའ་བར་མངོན་པ་ནི། བཟའ་བ་རྣམ་པ་ལྔ་དང་། བཅའ་བ་རྣམ་པ་ལྔ་སླར་སྤང་བར་བྱེད་པའོ། །བཟང་བ་སྦྱིན་པར་མངོན་པ་ནི། སྐྱེས་པ་དང་། བུད་མེད་དང་། མ་ནིང་དུ་མངོན་པའོ། །བཟའ་བ་བྱིན་ལེན་བྱེད་པར་མངོན་པ་ནི། བཟའ་བ་ལྔ་དང་། བཅའ་བ་ལྔ་འབྲིམ་པར་གྱུར་པའོ། །བཟའ་བ་སྤོང་བར་མངོན་པ་ནི། བཟའ་བ་ལྔ་དང་། བཅའ་བ་ལྔ་མི་འདོད་ཅེས་སྤོང་བའོ། །སྟན་ལས་ལངས་པར་མངོན་པ་ནི། གང་སྟན་ལས་ལངས་པ་དང་ལྡན་པའོ། །  +
མདོ། འདུལ་བ། དགེ་སློང་གིས་ཟས་སྤངས་པ་རྫོགས་པས་དུས་སུ་རུང་བའི་བཟའ་བའམ་བཅའ་བ་ལྷག་མ་བྱས་པ་ཟོས་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་དུས་རུང་གི་ཟས་སྤངས་པ་ལྷག་པོར་མ་བྱས་པར་ཟོས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་ཟས་སྤངས་ནས་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ལ་འདོད་པ་ཆེ་བའི་ཚུལ་གྱིས་གཞན་མ་དད་པ་སྐྱེ་བའོ། །ཞེས་གསུངས།  +
འཛིན་གྱི་མ་འོངས་པ།  +
སྔགས་ལུགས་ཀྱིས་ཉོན་སྒྲིབ་ཟད་པར་སྤངས་ཏེ་དག་པའི་རྒྱུ་ལུས་དངོས་ཐོབ་པ་སྟེ་སློབ་པའི་ཟུང་འཇུག་ཕལ་པའོ། །  +
མཛོད་གནས་ལྔ་པ་ལས་བྱུང་བ་ཕྲ་རྒྱས་གོ་བརྒྱད་ཀྱི་སྤངས་པ་ཡོངས་ཏེ། འདོད་པའི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས། ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས། སོ་སོར་བཞག་པའི་ཡོངས་ཤེས། ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས། འགོག་པ་མཐོང་སྤང་སྤངས་པའི་ཡོངས་ཤེས། ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས། འདོད་པའི་སས་བསྡུས་ཏེ་སྒོམ་སྤང་ཉོན་མོངས་སྤངས་པའི་ཡོངས་ཤེས། གཟུགས་ཀྱི་སས་བསྡུས་ཀྱི་སྒོམ་སྤང་ཉོན་མོངས་སྤངས་པའི་ཡོངས་ཤེས། གཟུགས་མེད་ཀྱི་སས་བསྡུས་ཀྱི་སྒོམ་སྤང་ཉོན་མོངས་སྤངས་པའི་ཡོངས་ཤེས་སོ། །  +
མདོ། འདུལ་བ། དགེ་སློང་གིས་དགེ་འདུན་གྱིས་གནས་ནས་དབྱུང་བའི་དགེ་སློང་དང་མཐུན་འཇུག་བྱས་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་འདུན་གྱི་གནས་ནས་དབྱུང་བའི་དགེ་སློང་དང་། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་ཏུ་བྱས་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་གནས་ནས་ཕྱུང་བ་ལ་ཉེ་དགས་མཐུན་འཇུག་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ཞེས་གསུངས།  +
སྤྱོད་པ་གཞན་ན་གནས་པའི་གཞིའི་ནང་གསེས་ཤིག་སྟེ། གནས་དབྱུང་བདུན་དང་དགེ་ཚུལ་བསྙིལ་བའོ། །  +
མདོ། འདུལ་བ གླེང་གཞི་ནི་མཉན་ཡོད་དུ་རྒན་ཞུགས་སློབ་མས་སྤངས་པ་ལ་ཟས་བསྟབས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་ཉེས་པ་ལ་འཇུག་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཟས་སྤངས་པའི་དགེ་སློང་གཞན་ལ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་ངག་གི་རིག་བྱེད་ཀྱིས་བསྟབས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསྟབས་པའི་ཡུལ་དང་། གང་སྟོབས་པའི་དངོས་པོ་དང་། གང་གི་ཚེ་བསྟབས་པའི་དུས་སོ། །དང་པོ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ཟས་སྤངས་པ་ཡིན་པ་སྟེ། སྤངས་པ་ལ་སྟོབས་པ་ཞེས་གསུངས་པས་སོ། །གཉིས་པ་ནི། སྔར་སྤངས་ཟའི་སྐབས་ཀྱི་དངོས་པོ་ཆོས་ལྔ་ལྡན་ལས། སྒྲེགས་པའི་ཟས་མ་ཡིན་ཞེས་པ་མ་གཏོགས་པ་བཞིའོ། །སྟེ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་ཡིན་པ་དང་རུང་བ་དང་ཚད་དང་ལྡན་པ་དང་། རང་ངམ་རང་དང་ཆོ་ག་གཅིག་པས་ལྷག་པོར་བྱས་པ་དང་མ་འབྲེལ་བ་དང་བཞིའོ། །གསུམ་པ་ནི་སྔར་སྤངས་ཟའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་སྤངས་པ་ལ་སྟོབས་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྟོབས་པར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ༢. ངོ་བོ་ནི། དགེ་སློང་གཞན་གྱིས་སྤངས་པའི་ཟས་ལྷག་བོར་གྱི་ཆོ་ག་མ་བྱས་པར་དགེ་སློང་གིས་དགེ་སློང་དེ་ལ་སྟོབ་པར་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །  +
མདོ། འདུལ་བ། དགེ་སློང་གིས་ཟས་སྤངས་པའི་དགེ་སློང་ལ་བཟའ་བ་བཅའ་བ་དག་ངག་གི་རིག་བྱེད་ཀྱིས་སྟབས་ཏེ་གོ་བ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། ཟས་སྤངས་པའི་དགེ་སློང་ལ་དུས་རུང་གི་བཟའ་བཅའ་སྟོབས་པ་དེས་གོ་ན་སྟོབས་པ་པོ་ལ་ལྟུང་བ་འབྱུང་བ་ཡིན་པའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་རྒན་ཞུགས་སློབ་མས་སྤངས་པ་ལ་ཟས་བསྟབས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་ཉེས་པ་ལ་འཇུག་པའི་རྒྱུར་འགྱུར་བའོ། །ཞེས་གསུངས།  +
མདོ། ཚད་མ། འབད་ལ་ལྟོས་ཕྱིར་མི་བརྟན་ཕྱིར། །སླར་འབྱུང་བསྐྱེད་ཕྱིར་དཔེར་མི་རུང། །མཆོངས་པ་ནི་ལུས་ཀྱི་སྟོབས་ཡིན་པས་ཚད་ཅན་ཡིན་ཏེ། བད་ཀན་ལ་སོགས་པ་ལྕི་བའི་ཆོས་དག་ནི་རང་ལ་གཉུག་མར་གནས་པའི་སྟོབས་ཉིད་དུ་མཐར་ཐུག་ནས་གནས་སོ། །དེས་ན་མཆོངས་པ་ལས་མཆོངས་པ་གཞན་མི་སྐྱེ་བའི་ཕྱིར་མཐར་ཐུག་པ་མེད་པའི་མཆོངས་པ་མི་སྲིད་དོ། །བརྩེ་བ་དང་ཤེས་རབ་ལ་སོགས་པ་ནི་སེམས་ཀྱི་ཆོས་ཡིན་པས་ཚད་མེད་པར་བསྐྱེད་ནུས་ཏེ། བརྩེ་སོགས་སྔ་མ་ལས་ཕྱི་མ་ཁྱད་པར་དུ་འཕེལ་བའི་ཕྱིར་ཤིང་དང་མེའམ་དངུལ་ཆུ་དང་གསེར་རམ་ས་བོན་ལས་ས་བོན་དཔག་ཏུ་མེད་པ་འཕེལ་བ་བཞིན་ནོ། །རྣམ་འགྲེལ་ལས། དེ་ནི་དང་པོ་ཕྱིས་བཞིན་དུ། །མཆོངས་མིན་ལུས་མི་མཐུན་པའི་ཕྱིར། །རྩོལ་བས་རིམ་གྱིས་མི་མཐུན་པ། །བསལ་ན་རང་སྟོབས་ཉིད་དུ་གནས། །ཡང་ཆུ་བསྲོས་ཀྱང་མེར་མི་འགྱུར་པའང་དཔེ་མ་ཡིན་ཏེ། འབར་བའི་སྔོན་དུ་རྟེན་མི་བརྟན་པར་སྐམ་པའི་ཕྱིར་དང་། མེ་འབར་བའི་རང་བཞིན་མ་ཡིན་པའི་ཕྱིར་ཏེ། ནས་ལ་འབད་ཀྱང་སཱ་ལུའི་མྱུ་གུ་མི་འབྱུང་བ་བཞིན་ནོ། །ཡང་གསེར་གྱི་སྲ་བ་ལྡོག་པ་ཡང་དཔེ་མ་ཡིན། སྤྱིར་ནད་གསོ་བ་ལྟར་གཉེན་པོའི་རིགས་གཉིས་ཏེ་སླར་ལྡོག་པ་དང་མི་ལྡོག་པའོ། །བད་ཀན་ལས་སེའུ་འབྲུའི་སྦྱོར་བ་དང་། ཞེ་སྡང་ལ་བྱམས་པ་ལ་སོགས་པ་དང་། གསེར་ལ་མེ་ལ་སོགས་པ་སླར་ལྡོག་པའི་གཉེན་པོ་ཡིན་ལ། བད་ཀན་ལ་འཁྲུ་སྐྱུག་དང་། ཉོན་མོངས་པའི་གཉེན་པོར་སྟོང་ཉིད་དང་། ཤིང་མེས་བསྲེག་པ་ལ་སོགས་པ་ནི་སླར་མི་ལྡོག་པ་ཡིན་ཏེ། རྣམ་འགྲེལ་ལས། སླར་མི་འབྱུང་བ་འགའ་ཞིག་ནི། །ལ་ལར་འགྱུར་བ་སྐྱེད་པར་བྱེད། །འགའ་ཞིག་ལྡོག་པ་ཡིན་ཕྱིར་དཔེར། །ཤིང་དང་གསེར་ལ་མེ་བཞིན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །  +
མདོ། མངོན་པ། སྤངས་པའི་ཁམས་ཞེས་བྱ་བ་ནི་འདོད་ཆགས་ལས་གཞན་པའི་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་དག་ཡང་དག་པར་ཟད་ཅིང་སྤངས་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །  +
ཡེ་ཤེས་ཡོངས་སུ་ཤེས་པའི་ཡུལ་སྤང་བྱ་དང་བྲལ་བ་སོ་སོར་བརྟགས་འགོག་སྟེ། དེ་ལ་ཡོངས་སུ་ཤེས་པ་གཞག་པ་ནི་ཡུལ་ལ་ཡུན་གྱིས་བཏགས་པའམ། འབྲས་བུ་སྤངས་པ་ལ་རྒྱུ་ཡེ་ཤེས་ཀྱིས་བཏགས་པའི་ཕྱིར་དང་། མདོ་ལས་ཀྱང་། ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལ་འདུན་པའི་འདོད་ཆགས་སྤངས་པ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་པ་སྟེ་འདི་ནི་ཡོངས་སུ་ཤེས་པ་ཞེས་བྱའོ་གསུངས་པའི་ཕྱིར་རོ། །གཞན་ཡང་སྤང་བྱ་དག་གི་བྲལ་བའི་ཐོབ་པ་ནི་ཡང་དང་ཡང་ཁྱད་པར་འགྲོ་ཚུལ་ནི་འདི་ལྟ་སྟེ། གལ་ཏེ་དབང་པོ་རྟུལ་པོ་ཡིན་ན་རང་རང་གི་གཉེན་པོ་སྐྱེས་པ་དང་། རྒྱུན་ཞུགས་ལ་སོགས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་ཐོབ་པ་དང་། དབང་པོ་རྟུལ་པོ་ལས་དབང་པོ་རྣོན་པོར་རྣམ་པར་འཕེལ་བའི་དུས་དང་དྲུག་པོ་རྣམས་སུ་ཁྱད་པར་འགྲོའོ། །དབང་པོ་རྣོན་པོ་ཡིན་ན་དབང་པོ་འཕོ་བ་མེད་པས་དུས་ལྔར་ཁྱད་པར་དུ་འགྲོའོ། །དེ་ལ་གཉེན་པོ་སྐྱེས་པ་ནི་བྲལ་ཐོབ་དང་ལྷན་ཅིག་སྐྱེས་པས་རྣམ་གྲོལ་གྱི་ལམ་ཡིན་ཏེ། བར་ཆད་མེད་པའི་ལམ་གྱི་ཚེ་བྲལ་བའི་ཐོབ་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཙམ་ལས་ད་ལྟར་དུ་མ་སྐྱེས་པའི་ཕྱིར་རོ། །བྲལ་བ་དེས་ནི་གནས་སྐབས་དེ་དག་ཏུ་ཡོངས་ཤེས་པའི་མིང་འཐོབ་བོ། །སྤངས་པའི་ཡོངས་ཤེས་ཀྱང་གཅིག་མིན་ཏེ། ཡོངས་སུ་ཤེས་པ་དགུའོ། །དེ་ལ་རེ་ཞིག་འདོད་པ་ཁམས་ན། དང་པོའི་རྣམ་གཉིས་ཏེ་སྡུག་ཀུན་མཐོང་བས་སྤང་བར་བྱ་བར་ཟད་པ་ལ་ནི་ཡོངས་སུ་ཤེས་པ་གཅིག་ཡིན་ནོ། །གཉིས་ཟད་པ་ནི་འདོད་པ་ན་འགོག་པ་མཐོང་བས་ཟད་པ་དང་། ལམ་མཐོང་བས་ཟད་པའི་སྤངས་པ་ཡོངས་སུ་ཤེས་པ་ནི་དེ་སོ་སོ་བས་གཉིས་ཏེ། དེ་ལྟར་འདོད་པ་ན་གསུམ་ཡིན་པ་དེ་བཞིན་གོང་མའི་དེ་གསུམ་ཡང་འདྲ་བ་ཉིད་པས་དྲུག ཡོངས་སུ་ཤེས་པ་གཞན་གསུམ་སྟེ་དགུའོ། །  +
སྤངས་པའི་འབྲས་བུ་ཡོངས་ཤེས་ཀྱང་རྣམས་ཏེ། །དེ་ལ་རེ་ཞིག་འདོད་པ་ཁམས་ན། དང་པོའི་རྣམ་གཉིས་ཏེ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བར་ཟད་པ་ལ་ནི་ཡོངས་སུ་ཤེས་པ་གཅིག་ཡིན་ནོ། །གཉིས་ཟད་པ་ནི་འདོད་པ་ན་འགོག་པ་མཐོང་བས་ཟད་པ་དང་། ལམ་མཐོང་བས་ཟད་པའི་སྤངས་པ་ཡོངས་སུ་ཤེས་པ་ནི་དེ་སོ་སོ་བས་གཉིས་ཏེ། དེ་ལྟར་འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་རྣམས་སྤངས་པ་ཡོངས་སུ་ཤེས་པ་གསུམ་ཡིན་པ་དེ་བཞིན་གོང་མ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བའི་རྣམ་པ་ཡོངས་སུ་ཤེས་པ་གསུམ་ཡིན་ཏེ། སྡུག་བསྔལ་དང་། ཀུན་འབྱུང་མཐོང་བས་སྤང་བ་རྣམས་སྤངས་པ་ནི་གཅིག་ཡིན་ནོ། །འགོག་པ་མཐོང་བས་སྤང་བར་བྱ་རྣམས་སྤངས་པ་གཉིས་ཡིན་ནོ། །ལམ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ནི་གསུམ་ཡིན་ནོ། །དེ་ལྟར་ན་ཁམས་གསུམ་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དྲུག་ཡིན་ནོ། །ཡོངས་སུ་ཤེས་པ་གཞན་གསུམ་ནི། ཐ་མའི་ཆ་དང་མཐུན་པ་སྤངས་པ་ཡང་། ཡོངས་སུ་ཤེས་པ་གཅིག་ཡིན་ནོ། །གཟུགས་ཀྱི་ཟག་པ་སྤངས་པ་ཡང་གཅིག་ཡིན་ཏེ། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པའོ། །ཟག་པ་ཐམས་ཅད་སྤངས་པ་ཡང་གཅིག་ཡིན་ཏེ། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པའོ། །ཅིའི་ཕྱིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་རྣམས་སྤངས་པའི་ཡོངས་སུ་ཤེས་པ་ནི་ཐ་དད་པར་བསྟན་ལ་མཐོང་བས་སྤང་བར་བྱ་བ་རྣམས་ནི་མ་ཡིན་ཞེ་ན། བསྒོམ་པས་སྤོང་བར་བྱ་བ་རྣམས་ཀྱི་གཉེན་པོ་མི་འདྲ་བའི་ཕྱིར་རོ། །དེ་ལྟར་ན་ཡོངས་སུ་ཤེས་པ་ནི་དེ་དགུ་ཡིན་ནོ། །ཞེས་མཛོད་རང་འགྲེལ་ལས་སོ། །  +
སྔགས་ཆོག་བུམ་སྒྲུབ་སོགས་ལ་དགོས་པའི་ཡོ་བྱད་ཅིག་སྟེ། ཚོན་སྣ་ལྔ་ལྡན་གྱི་ཐིག་སྐུད་རྡོ་རྗེར་དཀྲིས་པ་ཞིག  +
འདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།  +
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།  +
མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་གནས་ནས་ཕྱུང་བ་ལ་ཉེ་དགས་མཐུན་འཇུག་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ངོ་ཏི་ནི་དགེ་འདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་ལ་བཅས་ལྡན་དགེ་སློང་གཞན་དག་གིས་ཆོས་དང་ཟང་ཟིང་ལོངས་སྤྱོད་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གཉིས་ཏེ། གང་གི་རྗེས་སུ་ཕྱོགས་པའི་ཡུལ་དང་། །གང་དུ་ཉལ་བའི་གནས་སོ། །དང་པོ་ནི། དགེ་སློང་ཆོས་བརྒྱད་ལྡན་ཏེ། དགེ་སློང་ཆོས་དྲུག་ལྡན་ལས་ལྟ་བ་མཐུན་པ་མ་གཏོགས་པ་ལྔའི་སྟེང་དུ། སྤངས་པ་དང་འབྲེལ་བ་དང་། ནད་པ་མ་ཡིན་པ་དང་། གདུལ་བྱ་ལ་ལྟོས་པ་མ་ཡིན་པ་སྟེ། སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པ་ཞེས་པ་དང་། ནད་པ་དང་ཞེས་པ་དང་། ལྟ་བ་དང་དབྲལ་དགོས་པའི་དོན་གྱིས་ནི་མ་གཏོགས་ཞེས་གསུངས་པས་སོ། །འདིར་ལྟ་བ་མཐུན་པ་ནི་ཡན་ལག་ཏུ་མི་དགོས་ཏེ། སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་ན་ལྟ་བ་མི་མཐུན་པ་ཉིད་ལས་ལྟུང་བྱེད་འདི་རྣམ་པར་བཞག་པའི་ཕྱིར་རོ། །གཉིས་པ་གང་དུ་ཉལ་བའི་གནས་ནི། གནས་ཆོས་གསུམ་ལྡན་ཏེ། སྔར་ནུབ་ལྷག་གི་སྐབས་སུ་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། ཀུན་སློང་ནི་རང་དགར་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པར་འདོད་པའམ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པའམ་གནས་གཅིག་ཏུ་ལྷན་ཅིག་ཉལ་བར་བྱེད་པའོ། །མཐར་ཐུག་ནི་ཆོས་དང་ཟང་ཟིང་ལོངས་སྤྱོད་བྱས་པའམ། ལྷན་ཅིག་ཉལ་བར་མཚན་མོའི་མཐའི་སྐད་ཅིག་མའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མདོ་ལས། སྨྲ་བ་དང་། ཞེས་དང་། འདིར་ཤེས་གཙོའོ། །དེ་སྐད་སྨྲ་བས་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལའོ། །ལུང་འབོག་པ་དང་། ཞེས་པ་ནས། གནས་སུ་ལྷན་ཅིག་ཉལ་ནའོ། །མཐར་རོ། །མཚན་མོའི་འོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གང་དགེ་འདུན་གྱི་གནས་ནས་ཕྱུང་བའི་དགེ་སློང་དང་སྤྱོད་ལམ་མཐུན་པར་བྱེད་ཅིང་མཚན་གང་གཅིག་ལྷན་ཅིག་ཏུ་ཉལ་བའི་བཅས་པའི་ཁ་ན་མ་ཐོ་བའོ། །གནས་ནས་ཕྱུང་བ་དེ་ན་བའི་སྐབས་དང་སྡིག་ལྟ་དང་བྲལ་བའི་ཆེད་དུ་ལུང་འབོག་པ་ལ་སོགས་དང་། སྤྱོད་ལམ་མཐུན་པར་བྱེད་པ་ལ་ལྟུང་བ་མེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །  +
རྡོ་རྗེ་ས་གསུམ་དུ་རྒྱུ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ལས་བྱུང་བ་སྟེ། འགྱོད་པ། ཞུམ་པའི་སེམས་སོ། །  +
རྡོ་རྗེ་ས་གསུམ་དུ་རྒྱུ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ལས་བྱུང་བ་སྟེ། བསླབ་པ་ལ་མི་འབྱོར་བ། སྒྲུབ་པ་མི་བྱེད་པའོ། །  +
མདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བ་སྟེ། གཟུང་བའི་རྫས། འཛིན་པའི་རྫས་སོ། །  +
མ་ལུས་པར་སྤངས་པ། ངེས་པར་སྤངས་པ། བྱང་བར་གྱུར་པ། ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། རྣམ་པར་ཞི་བ། ནུབ་པའོ། །  +
དྲི་མ་བྲལ་ཞིང་ཡོན་ཏན་ཁོང་དུ་ཆུད་པ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་བ་དང༌། ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་མངོན་དུ་བརྙེས་པ་ནི་བདེ་བར་གཤེགས་པའི་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའོ། །  +
སྤང་བྱའི་དྲི་མ་དང་བྲལ་བ་དང་། རྟོགས་བྱའི་ཡོན་ཏན་ཁོང་དུ་ཆུད་པ་སྟེ། དཔེར་ན་སངས་རྒྱས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་དང་། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་རྟོགས་པ་ལྟ་བུའོ། །  +
སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གཉིས་ཏེ། ཉོན་ཤེས་ཀྱི་སྒྲིབ་པ་མཐའ་དག་སྤངས་ཤིང༌། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་རྟོགས་པའོ། །  +