Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "definition" with value "སྤང་ངོས་སུ་སྐྱེས་པའི་ཤ་མོ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Monlam Grand/68775  + (ཧར་གདོང་དགེ་བཤེས་བློ་བཟང་བསམ་གཏན་མཆོག་ནི། ཧར་གདོང་དགེ་བཤེས་བློ་བཟང་བསམ་གཏན་མཆོག་ནི། རབ་བྱུང་༡༦ ལྕགས་རྟ་ལོ་ ༡༩༢༩ ཟླ་༧ཚེས་༦ཉིན། ལྷ་སའི་ལྷོ་རྒྱུད་ཡུལ་ཁང་སྐྱིད་ཞེས་པའི་གྲོང་ཆུང་དེར་ཡབ་སྔགས་འཆང་དཀོན་མཆོག་དར་རྒྱས་དང་། ཡུམ་བདེ་སྐྱིད་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་ནས་བཅུ་གསུམ་བར་ལུག་རྫི་མཛད། དགུང་ལོ་བཅུ་བཞི་ནས་འོན་དཔལ་ལྡན་མངའ་རིས་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་མང་པོ་ལ་སློབ་གཉེར་མཛད། དགུང་ལོ་ཉེར་ལྔ་ནས་འཇང་དགུན་ཆོས་ལ་ཕེབས་ནས་རྣམ་འགྲེལ་ལ་སྦྱངས། ཕྱི་ལོ ༡༩༥༩ ལོར་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ཏེ་སྦག་སར་སྒོ་མང་གྲྭ་ཚང་དུ་ཞུགས། བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་པའི་འབྲས་རྟགས་སུ་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད་སྐབས་གནས་རིམ་ཨང་དང་པོའི་མཚན་རྟགས་ཐོབ། ཕྱི་ལོ་༡༩༨༣ ནས་ལོ་གཉིས་རིང་སྒོ་མང་དགེ་བསྐོས་མཛད། དེ་ནས་ལོ་ལྔའི་རིང་འཇིགས་བྱེད་བསྙེན་ཆེན་སྔོན་འགྲོ་དང་བཅས་པ་མཛད། གོང་ས་༸་མཆོག་གཙོས་སྐྱེས་ཆེན་དམ་པ་བཞི་བཅུ་ཙམ་ལས་དབང་ལུང་མན་ངག་མང་པོ་ཐོབ། ཕྱི་ལོ་༢༠༠༣ ལོའི་ཟླ་༥ ཚེས་༡༣ ནས་མཁན་པོའི་མཛད་འཁུར་བཞེས། དགེ་བཤེས་ལྷ་རམས་དང་བཀའ་བཅུ་པ་སོགས་སློབ་མ་མང་པོ་བསྐྱངས་ཤིང་ད་ལྟ་ཡང་ཞལ་བཞུགས་བཞིན་པའོ། །པོ་བསྐྱངས་ཤིང་ད་ལྟ་ཡང་ཞལ་བཞུགས་བཞིན་པའོ། །)
  • Dictionaries/Monlam Grand/90469  + (ཧོར་ཟླ་བཅུ་པ་སྟེ། ས་ག་ལ་སྐྱེས་པའི་སྨིན་དྲུག་ཤར་བའི་ཟླ་བ་ཡིན་པས་ནའོ། །)
  • Dictionaries/Monlam Grand/104196  + (ཧོར་རམ་སོག་པོའི་ཕོ་སྐྱེས།)
  • Dictionaries/Monlam Grand/69439  + (ཧོར་རྒྱལ་པོ་ཨོ་གོ་ཏའི་སྲས་གཉིས་ཀྱི་ཆུང་བ་ཡཧོར་རྒྱལ་པོ་ཨོ་གོ་ཏའི་སྲས་གཉིས་ཀྱི་ཆུང་བ་ཡིན། རབ་བྱུང་གསུམ་པའི་མེ་སྟག་ཕྱི་ལོ་༡༢༠༦ལོར་སྐྱེས། རང་ལོ་ཉེར་དགུའི་ཐོག་རབ་བྱུང་བཞི་པའི་ཤིང་རྟ་ཕྱི་ལོ་༡༢༣༤ལོ་ནས་ལོ་བཅོ་བརྒྱད་རིང་སྲིད་དབང་བཟུང་། རབ་བྱུང་བཞི་པའི་ཤིང་འབྲུག་ཕྱི་ལོ་༡༢༤༤ལོར་ས་པཎ་ཧོར་ཡུལ་དུ་གདན་དྲངས། ལྕགས་ཕག་ཕྱི་ལོ་༡༢༥༠་ལོར་འདས།་དུ་གདན་དྲངས། ལྕགས་ཕག་ཕྱི་ལོ་༡༢༥༠་ལོར་འདས།)
  • Dictionaries/Monlam Grand/29849  + (ཨ་ག་རུ་སྟེ། དཔྱིད་ཀྱི་འགོ་ཚུགས་པ་དང་སྐྱེས་བས་སོ། །)
  • Dictionaries/Monlam Grand/105386  + (ཨ་དིའི་བུ་སྟེ་ཉི་མིའི་མིང་ཡིན་ལ། ཨ་དི་ཏྱ་ཞེས་པ་མི་སྦྱིན་སྐྱེས་ཏེ། དེའི་བུ་ཡིན་པས་མའི་མིང་གིས་བཏགས་པའོ། །)
  • Dictionaries/Monlam Grand/99882  + (ཨ་བྱག་སྟེ། སྤང་དུ་སྐྱེས་ཤིང་མེ་ཏོག་དམར་སེར་གུར་གུམ་དང་འདྲ་བས་ནའོ། །)
  • Dictionaries/Monlam Grand/54310  + (ཨ་མ་གཅིག་གིས་དུས་གཅིག་ལ་གཉིས་མཉམ་དུ་སྐྱེས་པའི་ཕྲུ་གུ །)
  • Dictionaries/Monlam Grand/105093  + (ཨ་མཆོག་རྒྱ་བོ་བློ་བཟང་ཡེ་ཤེས་ཀྱི་ཚ་བོ་ཡིན་ཨ་མཆོག་རྒྱ་བོ་བློ་བཟང་ཡེ་ཤེས་ཀྱི་ཚ་བོ་ཡིན་ལ། མཚན་བསོད་ནམས་ཆོས་འཕེལ་ཟེར། སྐྱེས་ནས་ཅང་མ་འགོར་བར་ཕ་མ་གཉིས་ཀ་གྲོངས། དེ་ནས་རབ་འབྱམས་པ་གྲོང་ཆོག་ལ་ཕེབས་ནས་བསོད་ནམས་ཆོས་འཕེལ་གསོས། རབ་འབྱམས་པ་དབུས་སུ་ཕེབས་སྐབས་སྐྱུར་མ་ཕོད་པར་ལྷན་དུ་ཁྲིད། ཁུ་བོ་རྒྱ་བོས་ཁྲི་ཆེན་ནམ་མཁའ་དཔལ་བཟང་གི་དྲུང་དུ་བཅོལ་དམ་གྱི་ཞུ་ཡིག་ཕུལ་བས། གཉིས་ཀ་དགའ་ལྡན་ཤར་རྩེ་སོག་པ་ཁམས་ཚན་དུ་ཞུགས། ཁྲི་ནམ་བཟང་བས་དགེ་རྒན་སོགས་བཀོད་སྒྲིག་མཛད། རྗེས་སུ་རབ་འབྱམས་པ་ཕྱིར་མདོ་སྨད་དུ་ལོག གཅུང་བསོད་ནམས་ཆོས་འཕེལ་གྱི་སློབ་གཉེར་མཐར་ཕྱིན་ཏེ། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་གསར་དུ་ལྷ་ལྡན་སྨོན་ལམ་ཆེན་པོའི་ཚོགས་སུ་ཕེབས་པའི་ལོར། བསོད་ནམས་ཆོས་འཕེལ་འདི་བ་དང་། ཁྲི་རྒྱལ་རོང་བ། བསོད་གྲགས་གོང་མ་གསུམ་ལྷ་རམས་པ་མཛད་པས་ཨང་དང་པོ་བྱུང་། རྒྱུད་སྟོད་དུ་སྔགས་ལ་སྦྱངས། རང་ཡུལ་དུ་བྱོན། རེ་ཞིག་བླ་དཔོན་ཟུང་འབྲེལ་མཛད་ཀྱང་། ཕྱིས་ཚེ་དང་སྒྲུབ་པ་སྙོམས་པ་མཛད། སྒོམ་བརྟན་ཅིང་མངོན་སྤྱོད་ཀྱི་རྟགས་ཐོན། མངོན་ཤེས་ཐོགས་པ་མེད་ཟེར། མྱ་ངན་ལས་འདའ་བར་བརྩམ་པའི་ཚེ་སྔགས་པ་ཚེ་རིང་ཟེར་བ་ཞིག་གིས་བརྟན་བཞུགས་ཕུལ་བས་སྐུ་ཚེ་བྱིན་གྱིས་བརླབས་ཏེ་བཞུགས། འདི་དུས་འདས་ན་འདས་རྟགས་འཛམ་གླིང་ན་གྲགས་པ་བཞག་ཆོག་པ་ཡོད་དེ་མ་བྱུང་གསུངས།ིང་ན་གྲགས་པ་བཞག་ཆོག་པ་ཡོད་དེ་མ་བྱུང་གསུངས།)
  • Dictionaries/Monlam Grand/95483  + (ཨ་མའི་མངལ་ནས་ཟླ་གྲངས་མ་ཚང་བར་ཕྲུ་གུ་སྐྱེས་ནས་ཤི་བ།)
  • Dictionaries/Monlam Grand/6014  + (ཨ་རུ་ར་སྟེ། བོད་གངས་ཅན་དུ་སྐྱེས་པའི་རིགས་ལ་ཟེར།)
  • Dictionaries/Monlam Grand/102124  + (ཨ་རུ་རའི་མིང་གི་རྣམ་གྲངས་ཤིག་སྟེ། ལོ་མང་སྐཨ་རུ་རའི་མིང་གི་རྣམ་གྲངས་ཤིག་སྟེ། ལོ་མང་སྐྱེས་པའི་སྡོང་རིང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག སྡོང་པོ་སྦོམ་ལ་རིང་ཞིང་འདྲོང་བའི་མདོག་ལྗང་སྐྱ་ངོས་འཇམ་པ་དང་ཡལ་ག་དང་ཡལ་ཕྲན་མང་ཞིང་གསར་སྐྱེས་ཡལ་ག་གོང་ལས་ལྗང་བ། སྤྱིའི་སྐྱེ་དབྱིབས་དང་མདོག་སྟར་སྡོང་འདྲ་ཡང་དེ་ལས་འདྲོང་ལ་ལོ་མང་ལྗང་སེར་སྒོར་ལ་ཆེ་ཞིང་ཅུང་ཟད་མཐུག་པའི་མདུན་ལྗང་ཞིང་རྒྱབ་སྐྱ་བ་སྒོང་དབྱིབས་སམ་སྦྱོར་པའི་ལོ་མའི་དབྱིབས་ཅན་གྱི་མཐའ་མཉམ་ཞིང་རྩེ་རྣོ་བའམ་སྒོར་བ་ངེས་པ་མེད་ཅིང་། ངར་བ་རིང་བ་རེས་མོས་སུ་སྐྱེ་བར་ཞིབ་ཕྲ་བལྟས་ཚེ་སྤུ་སེར་ཐར་ཐོར་ཡོད། ལོ་མར་རྩ་རིས་སྨད་ནས་གྱེས་པ་ཁ་སྤྲོད་དང་སྟོད་ཆར་རེས་མོས་གྱེས་པ་རྒྱབ་མདུན་གཉིས་ཀར་གསལ་པོ་ཡོད་པ། མེ་ཏོག་སེར་པོ་འདབ་མ་ལྔ་དང་ལྡན་པར་འོད་མདངས་ཅན་སྡོང་པོ་དང་ཡལ་གའི་ལོ་མའི་མཚམས་ནས་ཆུན་པོར་འཆར། འབྲས་བུ་སེར་པོ་མགོ་མཇུག་ཕྲ་ལ་ལྟོ་བ་སྦོམ་པ་སྐམ་ན་གཉེར་མ་ཡོད་པ་ཤ་རྒྱུ་ཅན་གྱི་ནང་དུ་ཚི་གུ་མཁྲེགས་པོ་ཡོད་པའོ། །ཨ་རུ་ར་ཞེས་བྱ་བའི་ཤིང་། སྡོང་པོ་ཆེ་ལ་ལོ་མ་མཐུག མེ་ཏོག་སེར་པོའི་འབྲས་བུ་ལ། རིགས་ནི་བརྒྱད་དམ་བདུན་ནམ་ལྔ། རོ་ནི་དྲུག་དང་ལྡན་པ་སྟེ། ནུས་པས་ནད་ཀུན་སེལ་བར་བྱེད།ག་དང་ལྡན་པ་སྟེ། ནུས་པས་ནད་ཀུན་སེལ་བར་བྱེད།)
  • Dictionaries/Monlam Grand/44734  + (ཨ་རྒེ་སྐུ་ཕྲེང་ལྔ་པ་བསྟན་པའི་སྒྲོན་མེའམ། རཨ་རྒེ་སྐུ་ཕྲེང་ལྔ་པ་བསྟན་པའི་སྒྲོན་མེའམ། རབ་གསལ་རྒྱ་མཚོ་ནི། སྦྱངས་པ་སྐྱབས་མགོན་གྱི་ཐུགས་སྲས་སུ་གྱུར་ཏེ་ཟབ་ཆོས་ཀྱི་བདུད་རྩིས་ཐུགས་རྒྱུད་ལེགས་ཕྱུག་མཛད་ནས་ཉམས་ལེན་གྱིས་མངོན་རྟོགས་མཆོག་བརྙེས་ཤིང་། གདུལ་བྱ་འདུལ་བའི་མཛད་བཟང་གི་སྤྱོད་སྒོ་ཡང་ཆེས་ཁྱད་པར་བ་ཞིག་སྟེ་གང་གི་ཐུགས་དགོངས་སྣང་བ་དབང་བསྒྱུར་གྱི་རྟོགས་པ་ཟབ་མོའི་ཀློང་དུ་གཤིས་ལྷུག་པར་འབྱོར་ཚབས་ཆེ་བས། ཡ་མཚན་གྱི་གྲུབ་རྟགས་ཀྱིས་རྡོ་ལ་ཕྱག་གྲིས་མར་བཅད་པ་ལྟར་བྱས་འཕྲལ་ཕྱག་མཛུབ་ཀྱིས་ཧྲཱིཿ་ཡིག་གསེར་གྱི་རང་བཞིན་སེར་ལམ་མེར་ལེགས་འབྲི་མཛད་ཅིང་། སྐུའི་ཞབས་མཐིལ་དུ་དུང་དཀར་གྱི་ཤ་མཚན་དང་སྐུ་ལ་དུག་གི་མེ་མདའ་དབལ་ཚ་བ་དུ་མས་བསྣུན་ཀྱང་འཇིག་བྲལ་རྡོ་རྗེ་ལྟ་བུའི་ངང་ཚུལ་གྱིས་མཚོན་གྱི་གནོད་པ་མེད་པ་དང་། འཚེ་བྱེད་ཀྱི་མི་སྟོབས་ཅན་དུ་མས་གཡོ་འགུལ་ཙམ་ཡང་མི་ནུས་ཤིང་། འབྱུང་བ་ཆུ་ལ་བསྐུར་ཀྱང་མ་ཁྱེར་བ་སོགས་མཐུ་ནུས་ཟླ་བྲལ་གྱི་ལོ་རྒྱུས་བསྙོན་མེད་ཆེས་མངའ་བའི་སྤྲུལ་པའི་སྐུ་ཞིག་གོ །འདིའི་ཡང་སྤྲུལ་སྐུ་སྐྱེས་ཆུང་བ་གཉིས་མཚོ་སྔོན་ཕྱོགས་སུ་འཁྲུངས་ཡོད་ཅིང་། དེ་དག་ལ་དུས་ཕྱིས་སུ་ཚེས་བཅུ་སྨད་ཅེས་པའི་མིང་ཆགས་སོ། །་ཕྱིས་སུ་ཚེས་བཅུ་སྨད་ཅེས་པའི་མིང་ཆགས་སོ། །)
  • Dictionaries/Monlam Grand/6002  + (ཨབྷི་ཥ་སྟེ། གངས་འདབས་སུ་སྐྱེས་ཤིང་རྩ་བ་རྡོག་གཅིག་མས་དུག་ནད་སེལ་བའི་དཔེར་གངས་ཀྱི་སྒོམ་ཆེན་གྱི་གཟུགས་སུ་བཀོད་པའོ། །)
  • Dictionaries/Monlam Grand/10256  + (ཨབྷི་ཥ་སྟེ། གཡའ་སྤང་དུ་སྐྱེས་ཤིང་གྲོ་མ་ལྟར་རྩ་རྡོག་ཐོགས་པས་སོ། །)
  • Dictionaries/Monlam Grand/19195  + (ཨརྒེ་སྐུ་ཕྲེང་དང་པོ་ཉི་མ་འོད་ཟེར་མཆོག་གིས།ཨརྒེ་སྐུ་ཕྲེང་དང་པོ་ཉི་མ་འོད་ཟེར་མཆོག་གིས། དྲུང་རཏྣ་ཤྲི་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་བཀའ་དྲིན་གསུམ་ལྡན་གྱི་བླ་མར་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཟབ་བཀའ་དུ་མ་ལ་ཐོས་བསམ་གྱིས་གསན་སྦྱང་ཉམས་ལེན་བཅས་ཀྱིས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པར་གྱུར་ཅིང་། ཚུལ་དེ་ལུགས་ལྟར་གྱིས་གདུལ་བྱ་རྗེས་སུ་བཟུང་སྟེ་གཞན་ལ་ཕན་པའང་རྒྱ་ཆེར་མཛད་བཞིན་བཞུགས་ཤིང་། ཁྱད་པར་ནང་རླུང་སེམས་ལ་དབང་ཐོབ་ནས་ཕྱི་ཡུལ་སྣང་ཅི་དགར་བསྒྱུར་ནུས་པའི་མཐུ་དང་ལྡན་ཏེ་ཁོང་གི་ཆོས་ཀྱི་མཆེད་ཚེས་བཅུ་རཏྣ་ཀཱིརྟིས་མཆོད་རྟེན་བཀྲ་ཤིས་སྒོ་མང་བཞེངས་སྐབས་ལེགས་པར་གྲུབ་པ་ལ་ཉེ་བའི་དུས་ཤིག་གི་ཚེ་དེའི་ཉིན་གྱི་ཉི་མ་དགོང་མོར་ནུབ་ལ་ཆས་ཚེ་ཨརྒེ་ཁོང་གིས་ཕྱག་གྲི་ཉི་གྲིབ་མཚམས་སུ་འཛེར་ནས་ཉི་མ་རང་སར་སྡོད་དུ་བཅུག་ནས་ལས་ཀའི་མཇུག་མ་ཟིན་གྱི་བར་ནུབ་ཁའི་ཉི་མ་ཕྱིར་ཡོལ་བར་བྱས་ཤིང་། དེ་ནས་མཆོད་རྟེན་གྱི་ལས་མཇུག་གྲུབ་པ་ན་ཕྱག་གྲི་ཉི་གྲིབ་མཚམས་ནས་ཕྱུང་ཚེ་མཚན་མོའི་ཕྱེད་ཙམ་སོང་ཞིང་ཕྱག་གྲི་ཕྱུང་ཤུལ་གྲུབ་ཆུ་བཏོན་པ་ད་ལྟའི་བར་ཡོད་པ་སོགས་ཆེས་ངོ་མཚར་བའི་གྲུབ་རྟགས་ལ་ཐོགས་པ་མི་མངའ་བས་དེ་ལུགས་ལྟར་གྱི་ཁོང་གི་མཚན་ལའང་ཉི་མ་འོད་ཟེར་ཞེས་གྲགས་སྐད།་ཁོང་གི་མཚན་ལའང་ཉི་མ་འོད་ཟེར་ཞེས་གྲགས་སྐད།)
  • Dictionaries/Monlam Grand/13791  + (ཨརྱ་དེ་ཝའི་སྤྲུལ་པ་གྷ་རུང་བ་ལྷའི་རྒྱལ་མཚན་ཨརྱ་དེ་ཝའི་སྤྲུལ་པ་གྷ་རུང་བ་ལྷའི་རྒྱལ་མཚན་ཕྱི་ལོ་ ༡༣༡༩ ས་མོ་ལུག་གི་ལོར་ཡུལ་སྡེ་ཐང་དུ་སྐུ་འཁྲུངས། ཆུང་ངུ་ནས་སྐྱེས་ཆེན་མང་པོ་བསྟེན་ནས་ཕར་ཚད་མངོན་འདུལ་སོགས་གཞུང་ལུགས་ལ་མཁས་པར་སྦྱངས་ནས་དགུང་ལོ་ཉི་ཤུ་སྐོར་ནས་དོན་ཀུན་ཁོང་དུ་ཆུད། དེ་ནས་གུང་ཐང་དུ་མཁས་པ་མང་པོ་དང་རྩོད་པ་མཛད་པས་ཕ་རོལ་སྨྲ་བ་ཟིལ་གྱིས་མནན། གཞན་ཡང་མཁས་གྲུབ་མང་པོ་ལ་ཆོས་གསན་མཐར་ཀུན་མཁྱེན་ཆེན་པོའི་སྙན་གྲགས་གསན་པས་དེར་གུས་པས་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མང་པོ་ཞུས་པས་དག་སྣང་དཔག་མེད་འཕེལ། ཆོས་གྲགས་དཔལ། ལོ་ཙཱ་བ་བློ་གྲོས་དཔལ། ས་བཟང༌མ་ཏི་པཎ་ཆེན། ཆོས་རྗེ་ཕྱོགས་རྒྱལ་བ། ཉ་དབོན་པ་རྣམས་ལའང་ཆོས་མང་དུ་གསན། གྷ་རུང་ཆོས་སྡེར་སློབ་དཔོན་ཆོས་གྲགས་ཀྱིས་གདན་ས་གཏད་དེར་ལོ་མང་འཆད་ཉན་མཛད། དེ་ནས་མཁན་བྱང་ཆུབ་བཟང་པོས་གནས་ཆེན་ནམ་མཁའ་མཛོད་ཀྱི་དགོན་ཕུལ་ནས་དེར་བཞུགས་ཏེ་རྟེན་གསུམ་བཞེངས། རྒྱུད་འགྲེལ་སོགས་ཆོས་མང་དུ་གསུངས། དགུང་ལོ་གྱ་གཅིག་ཕྱི་ལོ་ ༡༣༣༧ མེ་སྦྲུལ་ལོའི་དྲུག་པའི་ཚེས་བརྒྱད་དུ་རྟགས་དང་བཅས་གཤེགས་སོ། །ག་པའི་ཚེས་བརྒྱད་དུ་རྟགས་དང་བཅས་གཤེགས་སོ། །)
  • Dictionaries/Monlam Grand/105813  + (ཨལ་ཐན་ཧན་ཏེ་སོག་པོ་ཐུ་མེད་ཀྱི་མགོ་དཔོན་ཞིགཨལ་ཐན་ཧན་ཏེ་སོག་པོ་ཐུ་མེད་ཀྱི་མགོ་དཔོན་ཞིག་ཡིན་ཞིང་། རབ་བྱུང་དགུ་པའི་མེ་ཡོས་ཕྱི་ལོ་༡༥༠༧ལོར་སྐྱེས། ས་ལུག་ཕྱི་ལོ་༡༥༥༩ལོར་ཁོས་དམག་དཔུང་ཁྲིད་དེ་ཨ་མདོའི་ས་ཁུལ་བཟུང་། རབ་བྱུང་བཅུ་པའི་ལྕགས་ལུག་ཕྱི་ལོ་༡༥༧༡ལོར་ཏཱ་མིང་རྒྱལ་པོས་ཁོ་ལ་ “ཧྲུན་ཡེ་ཝང”ཞེས་པའི་གོ་གོ་གནས་གནང་། མེ་བྱི་ཕྱི་ལོ་༡༥༧༦ལོར་རྒྱལ་བ་བསོད་ནམས་རྒྱ་མཚོ་མདོ་སྨད་དུ་གདན་དྲངས། ཏཱ་ལའི་བླ་མ་ཞེས་མཚན་གྱིས་གཟེངས་སུ་བསྟོད། སོག་ཡུལ་དུ་བསྟན་པ་དར་བ་ལ་སྨན་པར་གྱུར། རབ་བྱུང་བཅུ་པའི་ལྕགས་སྤྲུལ་ཕྱི་ལོ་༡༥༨༡ལོར་འདས།ྱུང་བཅུ་པའི་ལྕགས་སྤྲུལ་ཕྱི་ལོ་༡༥༨༡ལོར་འདས།)
  • Dictionaries/Monlam Grand/71040  + (ཨཱ་ལི་སོགས་དོན་མི་སྟོན་པའི་སྒྲ་སྤྱི་ནི་ཡི་ཨཱ་ལི་སོགས་དོན་མི་སྟོན་པའི་སྒྲ་སྤྱི་ནི་ཡི་གེའོ། །ཚོགས་ནི་དུ་མའོ། །མིང་ཚིག་སོགས་གསུམ་པོ་ཡང་རྣ་བས་ཐོས་པའི་སྒྲ་མ་ཡིན་གྱི་ཉན་ཤེས་ཀྱི་རྗེས་སུ་སྐྱེས་པའི་ཡིད་ལ་སྣང་བ་སྒྲ་ལས་རྫས་གཞན་ལྡན་མིན་འདུ་བྱེད་དོ། །སྒྲ་མ་ཡིན་ཏེ། དེའི་དུས་སུ་སྒྲ་འགགས་པའི་ཕྱིར། ཉན་ཤེས་དང་ཡིད་ཀྱང་མ་ཡིན་ཏེ། ཤེས་པ་མ་ཡིན་པའི་ཕྱིར། དེས་ན་གཟུགས་སེམས་གཉིས་ཀ་མ་ཡིན་པའི་འདུས་བྱས་དོན་གཞན་ནོ། །མདོ་སྡེ་པ་ནི་ཉན་ཤེས་ཀྱིས་ཐོས་པའི་སྒྲ་ཡིན་པས་གཟུགས་ཕུང་གིས་བསྡུས་པར་འདོད་དོ། །དེ་རྣམས་འདོད་པ་དང་གཟུགས་ཁོ་ནར་གཏོགས་ཏེ། སྒྲ་སྤྱི་ཡིན་པའི་ཕྱིར། རྒྱུད་ཀྱིས་བསྡུས་པས་སེམས་ཅན་དུ་སྟོན་པ་དང་། བྱུང་བ་གསུམ་ལས་སྐལ་མཉམ་གྱི་རྒྱུ་ལས་བྱུང་བས་རྒྱུ་མཐུན་དང། འདོད་རྒུར་འབྱུང་བས་རྣམ་སྨིན་མ་ཡིན་ཞིང་། གཟུགས་ཅན་མ་ཡིན་པས་རྒྱས་བྱུང་མ་ཡིན་ནོ། །དགེ་རྩ་ཆད་པ་དང་ཉོན་མོངས་སྤངས་པ་ལ་ཡང་ལྡན་པས་དགེ་མི་དགེ་ལུང་མ་བསྟན་པ་མ་ཡིན་པའི་ཕྱིར་མ་བསྒྲིབས་པ་ཁོ་ནའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། ཀུན་བཏུས་ལུགས་ལ། ཡི་གེའི་ཚོགས་ནི་མིང་ཚིག་གཉིས་ཀའི་གནས་ཡི་གེ་རྣམས་ལ་བཏགས་པའི་འདུ་བྱེད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། ཡི་གེ་ནི་མིང་དང་ཚིག་གི་གཞིར་གྱུར་པའམ་ཆ་ཤས་ཏེ་ཀ་ལ་སོགས་པའོ། །ངེས་ཚིག་ནི་ཨཀྵར་ཞེས་བྱ་མི་འགྱུར་བ་སྟེ། བརྡའི་དབང་གིས་རྣམ་གྲངས་གཞན་དུ་མི་འགྱུར་བའི་ཕྱིར་ཏེ་ཀ་ཞེས་བྱ་བའི་ཡི་གེ་ནི་བརྡ་མི་མཐུན་པའི་སྐྱེ་བོ་དུ་མ་ལ་འགྱུར་བ་མེད་པ་བཞིན་ནོ། །བྱ་ཉྫ་ན་ཞེས་པ་གསལ་བར་བྱེད་པ་སྟེ། མིང་དང་ཚིག་གི་གསལ་བྱེད་ཡིན་པའི་ཕྱིར་རོ། །ཡང་ན་རྒྱུད་ནས་དོན་རྗོད་པར་བྱེད་པའི་ཕྱིར་ཡི་གེའོ། །དེའི་ཕྱིར་སྒྲ་པ་དག་གིས། རྣམ་གྲངས་དུ་མ་མེད་པ་དང། །མིང་ཚིག་གསལ་བར་བྱེད་པ་དང། །དོན་རྣམས་རྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན་ཞེས་བཤད་དོ། །མིང་དང་ཚིག་ནི་བརྡའི་དབང་གིས་གཞན་དང་གཞན་དུ་འགྱུར་ཏེ་ལྟོ་ལྡིར་ལ་སོགས་པ་ལ་བུམ་པ་དང། གྷཊ་ལ་སོགས་པ་བཞིན་ནོ། །ཚོགས་ནི་འདུས་པ་སྟེ་ཕྲེང་བ་ལ་སོགས་པ་བཞིན་ནོ། །དོན་སྟོན་པའང་བྱེ་བྲག་ཏུ་སྨྲ་བ་ནི་ངག་མིང་ལ་འཇུག་ལ་མིང་གིས་དོན་རྗོད་པར་བྱེད་དོ་ཞེས་འདོད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །ད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །)
  • Dictionaries/Monlam Grand/103675  + (ཨུ་རྒྱན་གྱི་རྒྱལ་པོ་ན་བ་ལ་ལྟས་མཁན་གྱིས་རྒྱཨུ་རྒྱན་གྱི་རྒྱལ་པོ་ན་བ་ལ་ལྟས་མཁན་གྱིས་རྒྱ་མཚོའི་ཆུ་དགོས་ཟེར་བ་ལ། སུས་ནུས་དྲིལ་བསྒྲགས་པས། རྣལ་འབྱོར་མ་བི་ན་ས་བཛྲས། དེ་འདུལ་བའི་དུས་ཡིན་པར་དགོངས་ཏེ། ངས་ནུས་ཞེས་སྨྲས་ཏེ། རྒྱལ་པོའི་ཡང་ཐོག་ན་འདུག་བཞིན་བུམ་པ་ཆུས་བཀང་ནས་རྒྱལ་པོ་ལ་ཕུལ་བས། དེ་ནད་ལས་དྲག རྒྱལ་པོས་འདི་ནི་མཁའ་འགྲོ་མ་སྟེ། འདི་དང་འབྲེལ་ན་འཁོར་བ་ལས་ཐར་རོ་སྙམ་ནས། དེ་ལ་དགའ་མགུར་སྤྱད་པས་སྲས་ཞིག་སྦྲུམ་པ་དེ་ལཨིནྡྲ་བྷཱུ་ཏི་ཆུང་བ་ཟེར། འདིའི་ཨ་ཅེ་དགེ་སློང་མ་དཔལ་མོའམ་མཚན་གཞན་དཔལ་གྱི་བློ་གྲོས་མ་ཡིན། དེས་བསྐུལ་ནས་རབ་ཏུ་བྱུང་དུ་བཅུག རིིག་པའི་གནས་ལ་སྦྱངས། དེར་ཡང་ཐབས་ཀྱིས་ཡང་དག་པའི་གདམས་ངག་བཏབ་སྟེ་ལོ་བཅུ་གཉིས་ཀྱི་བར་དུ་མནལ་ལོག་པས་གྲུབ་པ་ཐོབ། དུར་ཁྲོད་དུ་སྒོམ་གྱིན་བཞུགས་པས། ཡུལ་དེའི་རྒྱལ་པོས་སློབ་དཔོན་གྱི་སྦྱིན་བདག་བྱེད་པ་དེ་ལ་བཙུན་མོ་ལྔ་བཅུ་རྩ་གཅིག་ཡོད་པས། ལྔ་བཅུ་ནི་ཕྱི་པ་ལ་མོས། ཆུང་ཤོས་ནི་སངས་རྒྱས་པ་ལ་མོས་པས་རྒྱལ་པོ་དེ་ལ་རྩི་བས། བཙུན་མོ་གཞན་རྣམས་ན་རེ། རྒྱལ་པོ་འདི་ལ་རྩི་བ་སངས་རྒྱས་པའི་རྣལ་འབྱོར་པ་འདི་ལ་ལན་པས། འདི་གསད་པར་བྱའོ་ཞེས་བགྲོས་ཏེ། མཚན་མོ་སློབ་དཔོན་དུར་ཁྲོད་དུ་སྒོམ་པའི་རྩར་སོང་བས། སློབ་དཔོན་གྱི་སྐུ་མི་སྣང་ཡང་སངས་རྒྱས་པའི་རྣལ་འབྱོར་པ་བྱ་བ་གཡོ་ཆེ་བ་ཡིན་པས་བེམ་པོར་བརྫུས་སོ་སྙམ། དེ་དུམ་བུར་བྱས་ཏེ་ཟོས་ནས་ལོག་པས་ཀུན་ལུག་ཏུ་གྱུར། ནང་པར་སློབ་དཔོན་གཅེར་བུར་རྒྱལ་པོའི་མདུན་སར་བྱོན། རྒྱལ་པོས་དྲིས་པས། ཇི་ལྟར་གྱུར་པ་བཤད་དོ། དེ་ནས་བཙུན་མོ་ལུག་ཏུ་གྱུར་པ་རྣམས་བཀུག་སྟེ། སློབ་དཔོན་གྱིས། དེ་དག་གི་མགོར་ཐལ་ལྕག་རེ་བསྣུན་པས། ལྭ་བའི་དུམ་བུ་རེ་སྐྱུགས་པས་ན་བཟའ་སྔར་བཞིན་འགྲིག་པས། དེའི་ཕྱིན་མཚན་ལྭ་བ་པ་ཞེས་ཐོགས་སོ། བཙུན་མོ་རྣམས་ཀྱིས་བཟོད་པར་གསོལ་བས་ལུས་སྔར་ལྟར་གྱུར། སྦྱིན་བདག་རྒྱལ་པོ་དེའང་དངོས་གྲུབ་བརྙེས་ཤིང་། དེའི་མཚན་ཡང་ཨིནྡྲ་བྷཱུ་ཏི་ཟེར། ཨུ་རྒྱན་གྱི་རྒྱལ་པོ་ལ་མཚན་དེ་ལྟར་ཐོགས་པ་དགུ་བྱུང་ཞེས་གྲགས། དེ་ལྕམ་སྲིང་གིས་ལྷན་ཅིག་སྐྱེས་གྲུབ་རྩ་འགྲེལ་སོགས་མཛད། སློབ་དཔོན་ཏཻ་ལོ་པས་ཨུ་རྒྱན་དུ་སློབ་དཔོན་ལྭ་བའི་ན་བཟའ་ཅན་དང་མཇལ་ཏེ། གྲུབ་པ་དང་སྙིང་པོའི་སྐོར་གྱི་གདམས་ངག་རྣམས་གསན་པས། དེ་ལས་འོད་གསལ་གྱི་བཀའ་བབ་པར་གྲགས་སོ། །པས། དེ་ལས་འོད་གསལ་གྱི་བཀའ་བབ་པར་གྲགས་སོ། །)
  • Dictionaries/Monlam Grand/25886  + (ཨུཏྤལ། སྡོང་བུ་རྒྱ་མེན་ལྟར་ཁེར་སྐྱེས་ཡིན་ཞིང་། མེ་ཏོག་གློ་མཆིན་ཚད་པ་འཇོམས་པར་དཔའ་བས་སོ། །)
  • Dictionaries/Monlam Grand/106882  + (ཨེ་ཕྱག་རྒྱའི་ཆོས་འབྱུང་། བཾ་རང་གི་ཐབས་ཀྱི་རྡོ་རྗེ། འགྲེང་བུ་དང་གླད་སྐོར་གྱིས་དང་མཉམ་སྦྱོར་བས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའོ། །མ་ཡ་ན་ཐེག་པ་སྟེ། བཀའ་སྡེ་སྣོད་ཀྱི་ཆོས་ཐམས་ཅད་དེ་ལ་འབྱུང་བའོ། །ཏི་རས་བཀའ་འབུམ་དབུ་མེད་ལྡེབ་གྲངས༥༤༦ལས།)
  • Dictionaries/Monlam Grand/87993  + (ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བྲམ་ཟེ་ཐ་ག་ནས་མཛད་པའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དམ་པའི་འགྲེལ་པ་སྙིང་པོ་རབ་ཏུ་གསལ་བར་བྱེད་པ། པཎྜི་ཏ་མཁས་པ་ཆེན་པོ་མནྟྲ་ཀ་ལ་ཀུ་ཤུའི་ཞལ་སྔ་ནས་བསྒྱུར་ཅིང་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ཉ་པར་བཞུགས།)
  • Dictionaries/Monlam Grand/8141  + (ཨོ་རྒྱན་པདྨས་ཟླ་གསུམ་བསྒྲུབས་ཅིང་རྗེ་འབངས་ཨོ་རྒྱན་པདྨས་ཟླ་གསུམ་བསྒྲུབས་ཅིང་རྗེ་འབངས་འཁོར་གྱིས་བྱིན་གྱིས་རླབས། ཏི་ཤྲི་རས་པ་དང་ཡོང་དགེ་མི་འགྱུར་རྡོ་རྗེ་སོགས་ཀྱིས་གནས་ཞལ་ཕྱེས། འབམ་རོམ་པའི་བླ་ཆེན་སྐྱོ་བྲག་ཆོས་རྗེ་སོགས་སྐྱེས་ཆེན་རིམ་བྱོན་རྣམས་ཀྱིས་གདན་ས་མཛད། རང་བྱུང་གི་སྐྱེ་དངོས་རྩི་ཤིང་གཏེར་རྫས་རི་དྭགས་བྱ་བྱིའུ་ཆུ་གནས་ཆུ་ཚན་ཆུ་བྱ་སྣ་ཚོགས་འཛོམས་པས་བཀོད་པ་ཕུན་སུམ་ཚོགས་པའི་ཞིང་ཞིགས་འཛོམས་པས་བཀོད་པ་ཕུན་སུམ་ཚོགས་པའི་ཞིང་ཞིག)
  • Dictionaries/Monlam Grand/71157  + (ཨོཾ་བཤད་ཟིན། བཛྲ་རྡོ་རྗེ། ས་ཏྭ་སེམས་དཔའ། འཨོཾ་བཤད་ཟིན། བཛྲ་རྡོ་རྗེ། ས་ཏྭ་སེམས་དཔའ། འདིའི་མཐར་བོད་པའི་སི་བྱིན་པ་ཡིན་པས་བཛྲ་ས་ཏྭ་གར་ཡོད་རྣམས་ཐུགས་དམ་བསྐུལ་ཕྱིར་མཚན་ནས་བོད་པ་ཡིན་ནོ། །ས་མ་ཡ་དམ་ཚིག དེ་ལ་ལས་ཀྱི་རྣམ་དབྱེ་བྱིན་པས་ས་མ་ཡ་མུ་དང་། མ་ནུ་པཱ་ལ་རྗེས་སུ་སྐྱོངས་ཤིག སྔ་ཕྱིར་མཚམས་སྦྱར་བས་ས་མ་ཡ་མ་ནུ་པྰ་ལ་ཡ་སྟེ་ཤེས་རབ་སྟོང་པ་ཉིད་དང་། ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་ངེས་དོན་གྱི་རྡོ་རྗེ་སེམསདཔའ་བདག་ལ་དམ་ཚིག་རྗེས་སུ་སྐྱོངས་ཤིག་ཅེས་པའོ། །ཚུལ་ཇི་ལྟར་སྐྱོང་ན་བཛྲ་ས་ཏྭ་རྡོ་རྗེ་སེམས་དཔའ། ཏྭེ་ནོ་ཁྱོད་ཀྱིས་ཨུ་པ་ཏིཥྛ་ཉེ་བར་བཞུགས་པའམ་གནས་ཤིག་སྟེ་རྡོ་རྗེ་སེམས་དཔའ་ཉིད་ཉེར་བར་གནས་ཤིག་པའོ། །ཚུལ་ཇི་ལྟར་གནས་ན་ཌྭི་ཌྷོ་བརྟན་པར། གང་ལ་གནས་ན། མེ་བདག་ལ། བྷ་ཝ་རང་བཞིན་འོག་གི་ཀུ་རུ་ཞེས་པ་ཀུན་ལ་སྦྱར་དགོས་ཞེས་རྗེ་བཙུན་རིན་པོ་ཆེས་གསུངས་པས་ཀུ་རུ་མཛོད་ཅིག་སྟེ་བདག་ལ་བསྟན་པའི་རང་བཞིན་དུ་གནས་པར་མཛོད་ཅིག་པའོ། །དེ་བཞིན་དུ་སུ་ཏོ་ཥྱོ་ལེགས་པར་ཚིམ་པའམ་དགའ་བ། མེ་བྷ་ཝ་སྔར་བཞིན་ཏེ་བདག་ལ་ལེགས་པར་དགྱེས་པའི་རང་བཞིན་དུ་མཛོད་ཅིག ཨ་ནུ་རཀྟོ་རྗེས་སུ་ཆགས་པ་མེ་བྷ་ཝ་སྔར་བཞིན་ཏེ་བདག་ལ་ཐུགས་རྗེས་སུ་ཆགས་པའི་རང་བཞིན་དུ་མཛོད་ཅིག སུ་པོ་ཥྱོ་ལེགས་པར་རྒྱས་པ། མེ་བྷ་ཝ་སྔར་བཞིན་ཏེ་བདག་ལ་ལེགས་པར་རྒྱས་པའི་རང་བཞིན་དུ་མཛོད་ཅིག སརྦ་ཐམས་ཅད་སིངྡྷི་དངོས་གྲུབ། མེ་བདག་ལ། པྲ་ཡཙྪེ་སྩོལ་ཅིག་སྟེ་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག སརྦ་ཐམས་ཅད་ཀརྨ་ལས་རྣམས་ལ་སུ་ཙ་ཡང་ཞེས་པའི་ཚིག་ཕྲད་མེ་བདག་ཙིཏྟཾ་སེམས་ལ་ཤྲི་ཡཿ དགེ་བ་ཀུ་རུ་མཛོད་ཅིག་སྟེ་ལས་རྣམས་ཐམས་ཅད་ལ་ཡང་བདག་གི་སེམས་དགེ་བར་མཛོད་ཅིག་ཅེས་པའོ། །ཧཱུྃ་ཆོས་དབྱིངས་མི་འགྱུར་བའི་དབྱིངས་དང་ཧ་ཧ་ཧ་ཧ་ཡེ་ཤེས་གཞན་བཞི། ཧོཿ དབྱེར་མེད་པ་སྟེ་མདོར་ན་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངེས་དོན་གྱི་རྡོ་རྗེ་སེམས་དཔའ་དེ་བདག་གི་སྙིང་ལ་གནས་ནས་དགེ་བར་མཛོད་ཅིག་པའོ། །དོན་དེ་ལ་མཚན་ཅི་སྐད་བྱ་ན་བྷ་ག་ཝཱན་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། བཛྲ་རྡོ་རྗེ་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་མེད་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་སྟེ་འབོད་པའོ། །ཅིའི་ཕྱིར་འབོད་ན། མ་དགག་ཚིག མེ་བདག མུཉྩ་དོར་ཅིག་ཏེ་བདག་མ་དོར་ཅིག་ཅེས་བསྐུལ་བའོ། །མི་དོར་ཚུལ། བཛྲཱི་རྡོ་རྗེ་ཅན་བྷ་ཝ་རང་བཞིན་སྟེ་བདག་རྡོ་རྗེ་ཅན་གྱི་རང་བཞིན་ལས་མ་དོར་ཅིག་ཅེས་པའོ། །མ་ཧཱ་ཆེན་པོ་ས་མ་ཡ་དམ་ཚིག་ས་ཏྭ་སེམས་དཔའ་སྟེ་དམ་ཚིག་སེམས་དཔའ་ཆེན་པོ་ཞེས་སླར་ཡང་བོད་པའོ། །ཨཱཿ་ ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་བདག་ཉིད་གཞོམ་མེད་ཀྱི་ཡི་གེ་སྟེ་མ་ལུས་པའི་དོན་ཅན་ནམ་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་པས་ལྷ་དང་སྔགས་དང་སྒྲུབ་པ་པོ་རྣམས་རང་བཞིན་སྐྱེ་མེད་དུ་གཅིག་པའི་དོན་ནོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །)
  • Dictionaries/Monlam Grand/78203  + ((འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་རྒྱལ་གྱི་ཞལ་(འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་རྒྱལ་གྱི་ཞལ་སློབ་ཡིན་པས། འདིའི་འཁྲུངས་ལོ་རབ་བྱུང་བརྒྱད་པའི་ཤིང་བྱ་ ༡༤༦༥ ལོར་ཡིན) སྤ་མོ་ཆོས་སྡིངས་སུ་སྨད་འབྲུག་གི་མཁན་པོ་ཡེ་ཤེས་དབང་ཕྱུག་གི་དྲུང་དུ་རབ་ཏུ་བྱུང་སྟེ། མཚན་ཡོན་ཏན་ཡེ་ཤེས་གསོལ། ཆེན་པོ་རྩེ་ཉག་པ་ལས་ཕར་ཕྱིན། རྔོག་བྱང་ཆུབ་དཔལ་གྲུབ་ལ་རྔོག་དཀྱིལ་སྐོར། དུས་ཞབས་ཤཱཀྱ་དབང་ཕྱུག་ལས་ཡོ་ག་དང་དུས་འཁོར། གསང་འདུས་སོགས་ཀྱི་དབང་བསྐྱེད་རྫོགས། རྒྱུད་ཀྱི་བཤད་པ་ཇི་སྙེད་གསན་ཅིང་སྦྱངས་པ་ཕུལ་ཕྱིན་མཛད། ཁྱད་པར་འབྲུག་ཆེན་ངག་དབང་ཆོས་རྒྱལ་དང༌། འཇམ་དབྱངས་ཆོས་གྲགས། མཐུ་ཆེན་རྒྱལ་མཚན་ལྷུན་གྲུབ་རྣམས་ཀྱི་མདུན་ནས། བདེ་མཆོག་མཻ་ཏྲི་ལུགས་ཀྱི་སྨིན་གྲོལ་གདམས་སྐོར་སོགས། མཐའ་ཡས་པ་གསན། ཆོས་འཁོར་ལྷུན་པོར། བསྙེན་པར་རྫོགས། དཔལ་ལྷ་རྩེར་འཆད་ཉན་གྱི་གདན་ས་བཟུང་ནས། ལོ་བཅུ་བདུན་ཙམ་རྒྱུད་ཀྱི་བཤད་པ་དང་ཕྱག་ལེན་ཞིབ་མོར་བསྙད་པས། གདུལ་བྱ་བགྲང་ཡས་པ་མཁས་པའི་གོ་སར་བཀྲི་བར་མཛད། དེ་ནས་འཆད་ཉན་བཞག་སྟེ། རྡོ་རྗེ་གླིང་གི་ནགས་ཁྲོད་དུ་ལོ་བཞི་བཅུ་ཞེ་གཅིག་ཙམ་སྒྲུབ་པ་མཛད་པས་རྡོ་རྗེ་གླིང་པར་གྲགས། གཞན་ཡང་མོག་པ་རི་ཁྲོད་སོགས་སུ། ཡི་དམ་དང་ཆོས་སྐྱོང་མང་པོའི་བསྙེན་སྒྲུབ་མཐར་ཕྱིན་མཛད། རྡོ་རྗེ་རྣམ་པར་འཇོམས་པས་མངོན་སུམ་དུ་རྗེས་སུ་བཟུང་སྟེ་དབང་བསྐུར། ཁྱོད་ནི་ལས་ཀྱི་རྡོ་རྗེ་གསུམ་པའོ་ཞེས་ལུང་བྱིན། མཆོག་གི་དངོས་གྲུབ་བརྙེས། པདྨ་སཾ་བྷ་ཝས་ཕྱག་ཐོད་ཀྱི་བདུད་རྩི་གནང་བ་བཞེས་པས་སྐུ་འཕར་གཡོ་དང་ཉིན་ཞག་ཕྲུགས་གཅིག་ཏུ་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་འབྱམས་ཤིང་བདུད་བཞིའི་གཡུལ་ལས་རྒྱལ་བའི་མཆོག་ཐོབ། ཁྱད་པར་དཔལ་ལྡན་འདོད་དབང་མས་དངོས་སུ་རྫོགས་པའི་རིམ་པ་སོགས་མན་ངག་བསྩལ། དྲེགས་པ་ཐམས་ཅད་བྲན་དུ་བཀོལ་ཞིང་། ཞལ་གཟིགས་མངོན་ཤེས་མཐའ་ཡས། རྫོགས་རིམ་མཐར་ཕྱིན་ཏེ། དཀར་དམར་གྱི་འཕོ་བ་དག་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པའི་རྟགས་སུ། སྔར་དབུ་སྐྲ་ཞལ་རྒྱན་སྤྱན་སྨིན་ཐམས་ཅད་ནག་པོར་གྱུར་པ། ཚེམས་སླར་སྐྱེས་པ། ཆབ་གུར་གུམ་གྱི་ཁུ་བ་ལྟར་འབྱུང་བས། སྦྲང་མ་སེར་པོ་ཐིབ་ཐིབ་འདུ་བ། གཤང་བ་སྟར་ཀའི་སྙིང་པོ་ཙམ་ལན་རེ་ལས་མི་འཛག་ཅིང༌། གཟིམས་ཁང་ཐམས་ཅད་དུ། མི་ཡི་སྤོས་ལས་འདས་པའི་དྲི་བཟང་པོས་ཁོར་ཡུག་ཏུ་ཁྱབ་པ་སོགས་གར་བཞུགས་ལ། ངོ་མཚར་བའི་གཏམ་ཅི་ཡང་མངའ་བས་མཚན་མཐུ་སྟོབས་ཞབས་ཞེས་བསྔགས། དགུང་ལོ་གོ་ལྔ་པ་ལ་ལྕང་ལོ་ཅན་དུ་དཔའ་བོ་དང་མཁའ་འགྲོ་ནམ་མཁའ་གང་བས་བསུས་ཏེ་གཤེགས་སོ། ཞལ་སློབ་ཀྱི་གཙོ་བོར། ཀུན་མཁྱེན་པུཎྜ་རཱི་ཀ་ལ་དུས་ཀྱི་འཁོར་ལོའི་དབང་རྒྱུད་སོགས་གསར་རྙིང་གི་དཀྱིལ་འཁོར་དུ་མས་དབང་བསྐུར་ཞིང༌། ཟབ་མོའི་གདམས་པ་དང༌། ཆོས་སྐྱོང་གི་བཀའ་བབ་གཏད་པར་མཛད། གཞན་བྱ་པཎྜི་ཏ། ཀུན་སྤངས་སྒྱུ་མའི་གར་མཁན། བྱ་ཞབས་དྲུང་སྐུ་མཆེད། མཐུ་ཆེན་དཔའ་བོ་སོགས་བསམ་ལས་འདས་པ་ཞིག་སྨིན་གྲོལ་དུ་མཛད་དོ། །གས་བསམ་ལས་འདས་པ་ཞིག་སྨིན་གྲོལ་དུ་མཛད་དོ། །)
  • Dictionaries/Monlam Grand/27482  + (༡ ཀུན་གཞིའི་རྣམ་ཤེས་མི་འདོད་པ། རང་རིག་འགོག༡ ཀུན་གཞིའི་རྣམ་ཤེས་མི་འདོད་པ། རང་རིག་འགོག་ལུགས་ཐུན་མོང་བ་ཡིན་པ། ༢ སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀ་ལ་རྩོད་གཞི་ཆོས་ཅན་མཐུན་སྣང་དུ་གྲུབ་པའི་སྟེང་བསྒྲུབ་བྱ་སྒྲུབ་མི་དགོས་པས། རྣམ་འགྲེལ་སོགས་ལས་བཤད་པའི་རང་རྒྱུད་ཀྱི་རྟགས་ཀྱི་རྟགས་སྦྱོར་མི་འདོད་ཅིང། ཐལ་འགྱུར་བ་རང་ལུགས་ལ་གཞན་གྲགས་ཀྱི་གཏན་ཚིགས་རང་གྲགས་ཀྱི་གཏན་ཚིགས་ཟེར་བ་དོན་གཅིག་པས། གཞན་གྱི་ཁས་བླང་ལ་འཁྲིས་ནས་བསྒྲུབ་བྱ་སྒྲུབ་པའི་སྦྱོར་ངག་གམ་ཐལ་འགྱུར་ཏེ་རེ་རེས་ཀྱང་དེ་ཁོ་ན་ཉིད་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་རྗེས་དཔག་བསྐྱེད་ནུས་སུ་བཞེད་པ། ༣ དོན་དམ་དཔྱོད་པའི་རིགས་ངོར་མི་དམིགས་ཤིང་ཐ་སྙད་དཔྱོད་པའི་བློ་ངོར་ཇི་བྱས་ཀྱང་འགོག་མི་ནུས་པས་བློས་ཕར་བཏགས་ཙམ་གྱི་ཕྱི་དོན་ཡོད་པར་འདོད་པ། ༤ ཐེག་པ་གསུམ་པོ་ཐམས་ཅད་ཀྱི་རང་གི་ཚོགས་ལམ་འབྲིང་ཐོབ་ནས་ཐལ་འགྱུར་བའི་ལུགས་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ལྟ་བརྒྱུད་ལ་སྐྱེས་ཤིང་། རང་རང་གི་འཕགས་ལམ་ཐོབ་ནས་གང་ཟག་དང་ཆོས་གཉིས་རང་བཞིན་མེད་པ་སྟེ། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་མངོན་དུ་ཅིག་ཅར་བྱས་པ་ཞིག་འདོད་པ། བློ་ལ་སྦྱར་ན་མངོན་དུ་བྱས་པ་ནི་མངོན་སུམ་རྟོགས་པ་ལ་ཟེར། ༥ རང་རྒྱུད་པ་མན་གྱི་མི་འདོད་ཀྱང་ཐལ་འགྱུར་བས་དུག་གསུམ་ཆར་གྱི་ངོ་བོ་བདེན་འཛིན་ཡིན་པའི་ཉོན་མོངས་ཕྲ་མོ་དང་གྲུབ་མཐའ་འོག་མས་ཤེས་སྒྲིབ་ཏུ་འདོད་པའི་བདེན་འཛིན་གང་ཡིན་ཉོན་སྒྲིབ་ཏུ་འདོད་པ། ༦ ཞིག་པ་རྒྱུས་སྐྱེས་པས་ཞིག་པ་དངོས་པོར་འདོད་པ། ༧ མདོ་སྡེ་པ་སེམས་ཙམ་དབུ་མ་རང་རྒྱུད་པ་རྣམས་ཀྱིས་འདས་མ་འོངས་གཉིས་འདུས་མ་བྱས་དང་མེད་དགག་ཏུ་འདོད། ད་ལྟ་བ་སྒྲུབ་པ་དང་དངོས་པོར་འདོད། བྱེ་བྲག་སྨྲ་བ་དང་། ཐལ་འགྱུར་བས་ཞིག་པ་དངོས་པོར་འདོད་པའི་རྒྱུ་མཚན་གྱིས་འདས་མ་འོངས་གཉིས་འདུས་བྱས་དང་མ་ཡིན་དགག་དང་། ད་ལྟ་བ་སྒྲུབ་པ་དང་དངོས་པོ་འདོད་པ། ༨ མཐའ་ཡི་སོགས་ཁོངས་ནས་ཐོན་པ་ནི་བདག་མེད་གཉིས་སྟོང་ཚུལ་གྱི་སྒོ་ནས་རང་རྒྱུད་པ་མན་གྱིས་འཇོག་ཀྱང་ཐལ་འགྱུར་བས་སྟོང་གཞི་ཆོས་ཅན་གྱི་སྒོ་ནས་འཇོག་པས་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་པ། ༩ མངོན་པ་གོང་འོག་གཉིས་ནས་བཤད་པའི་ཉོན་མོངས་རྣམས་ཉོན་མོངས་རགས་པ་ཡིན་པས་རེ་ཞིག་སྤངས་པའི་ལམ་མ་ཞུགས་དང་ལམ་ཞུགས་ཚོགས་ལམ་པ་གང་རུང་ཡོད་ཀྱང་། ཚོགས་ལམ་འབྲིང་ཡན་གྱི་ལམ་བགྲོད་མི་ནུས་པས་མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་དགྲ་བཅོམ་མ་ཡིན་པར་འདོད་པ། ༡༠ ཐལ་འགྱུར་བས་མི་རྟག་པའི་བློ་ལ་གྲུབ་མཐའ་འོག་མའི་འདོད་པ་ལྟར་མ་གཏོགས་ཕྲ་རགས་གཉིས་མི་འབྱེད་ཀྱང་མི་རྟག་སོགས་བཅུ་དྲུག་གི་བཅོ་ལྔ་ལ་ཕྲ་རགས་གཉིས་ཕྱེ་བའི་རགས་པའི་མི་རྟགས་པ་སོགས་བཅུ་དྲུག་རྟོགས་པའི་རྣལ་འབྱོར་མངོན་སུམ། ལམ་མ་ཞུགས་དང་། ལམ་ཞུགས་ཚོགས་ལམ་གྱི་འབྲིང་མན་ཆད་ལ་ཡང་ཡོད་པར་འདོད་པ། ༡༡ སངས་རྒྱས་ཕལ་པོ་ཆེ་ཡི་མདོ་ཚན་མདོ་སྡེ་ས་བཅུ་པའི་རྗེས་སུ་འབྲངས་ཏེ། དམན་ལམ་སྔོན་དུ་མ་སོང་བས་ས་བརྒྱད་པ་ནས་ཉོན་སྒྲིབ་སྤངས་པ་དང་། ཤེས་སྒྲིབ་ཉོན་སྒྲིབ་ཀྱིས་བཞག་པའི་བག་ཆགས་ལྡན་མིན་འདུ་བྱེད་ཀུན་བཏགས་དང་ལྷན་སྐྱེས་གཉིས་མེད་པར་སྒྲིབ་ལུང་མ་བསྟན་དུ་འདོད་པ། ༡༢ མངོན་སུམ་ལ་རྟོག་པ་དང་བྲལ་མི་དགོས་ཏེ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཀུན་རྫོབ་ཀྱི་ཆོས་དངོས་ཡུལ་དུ་བྱེད་པའི་ཡིད་ཤེས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མངོན་སུམ་ཚད་མ་ཡིན། སྔོ་འཛིན་མིག་ཤེས་ཀྱིས་དྲངས་པའི་སྔོན་པོ་དོན་མཐུན་ངེས་པའི་ངེས་ཤེས་མངོན་སུམ་ཚད་མ་ཡིན། འདི་གཉིས་ནི་རྟོག་པ་ཡིན་པའི་མངོན་སུམ་ཚད་མ་ཡིན། སོ་སྐྱེའི་རྒྱུད་ཀྱི་རྟོག་མེད་མངོན་སུམ་ཚད་མ་ནི། གཞན་སེམས་ཤེས་པའི་མངོན་ཤེས་དང་མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་པའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་ལྟ་བུར་འདོད་པ། ༡༣ རྗེས་དཔག་ཚད་མས་དྲངས་པའི་རྟོག་པ་དཔྱད་ཤེས་དང་། མངོན་སུམ་ཚད་མས་དྲངས་པའི་མངོན་སུམ་དཔྱད་ཤེས་གཉིས་ཀ་ཚད་མར་འདོད་པ། ༡༤ ཕྱི་རོལ་པ་ནས་བཟུང་རང་རྒྱུད་པ་མན་ཆད་ཀྱི་སྣང་བས་ཆད་ལྟའམ་མེད་མཐའ་སེལ། སྟོང་པས་རྟག་མཐའ་འམ་ཡོད་མཐའ་སེལ་ཟེར་བ་ཡིན་ཀྱང་། ཐལ་འགྱུར་བའི་སྐབས་སུ་སྔ་མ་དེ་གོ་ས་བརྗེས་ནས། སྣང་བས་རྟག་མཐའ་འམ་ཡོད་མཐའ་སེལ། སྟོང་པས་ཆད་ལྟ་འམ་མེད་མཐའ་སེལ་བར་འདོད་པ། ༡༥ འགོག་བདེན་གང་ཡིན་ཐམས་ཅད་དང་། འདུས་བྱས་འདུས་མ་བྱས་ཐམས་ཅད་ཀྱི་དབྱིངས་སམ་ཆོས་ཉིད་གང་ཡིན་དོན་དམ་བདེན་པར་འདོད་པ། ༡༦ ཉན་རང་དགྲ་བཅོམ་གང་ཡིན་ཐམས་ཅད་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ་ལྷག་མ་མེད་པ་དང་དེ་ཡི་རྒྱུད་ཀྱི་མྱང་འདས་ནི་ལྷག་མེད་མྱང་འདས་དང་། མཉམ་བཞག་ལས་ལྡང་ཚེ་ལྷག་བཅས་པ་དང་། དེ་ཡི་རྒྱུད་ཀྱི་མྱང་འདས་ལྷག་བཅས་མྱང་འདས་ཡིན་པ། ཤཱ་རིའི་བུ་ལ་རྗེས་སུ་ཟློས་པའི་མདོ་ཡི་རྗེས་སུ་འབྲང་ནས་ཐལ་འགྱུར་བས་འདོད་པའོ། ། ༡༧ ཁ་ནང་ལྟའི་ཤེས་པ་དང་། ཁ་ཕྱི་ལྟའི་ཤེས་པ་གཉིས་པ་གཉིས་མི་འདོད་དེ། རང་མྱོང་རང་རིག་མི་འདོད་པས། གཞན་མྱོང་གཞན་རིག་གི་ཤེས་པ་མི་འདོད་པ། བློ་རིག་ཤེས་གསུམ་མངོན་འགྱུར་དུ་སྐྱེ་བ་དང་། དེས་ཡུལ་མངོན་སུམ་དུ་རྟོགས་ཀྱང་གང་ཡིན་མངོན་ལྐོག་གཉིས་ཀྱི་ནང་ནས་ལྐོག་གྱུར་དུ་འདོད། ༡༨ རྟོག་པས་ཕར་བཏགས་ཙམ་མ་ཡིན་པས་ཡོད་པ་གཅིག་བྱུང་ཕྱིན་ཆད་དེ་རང་ངོས་ནས་གྲུབ་པའི་དོན་དང་། རང་བཞིན་གྱིས་གྲུབ་པའི་དོན་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་ཡིན་པས། སྟོང་ཉིད་གཏན་ལ་འབེབས་བྱེད་ཀྱི་དགག་བྱ་ཕྲ་མོར་འདོད་པའོ། ། ༡༩ བྱས་བསགས་ཀྱི་ལས་ཞིག་ནས་བསྐལ་པ་དུ་མ་སོང་བས་ཀྱང་འབྲས་བུ་འབྱིན་པ། ༢༠ ཐལ་འགྱུར་བའི་ལུགས་ཀྱི་བདེན་པ་གཉིས་ནི། མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མ་དེ་ཁྱོད་ལ་མཐར་ཐུག་དཔྱོད་པའི་རིག་ཤེས་སུ་སོང་བའི་རྙེད་དོན། དོན་དམ་པའི་མཚན་ཉིད། མཚན་གཞི་ནི་གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ། སྟོང་ཉིད་བཅོ་བརྒྱད་རྣམས་སོ། །ཐ་སྙད་དཔྱོད་བྱེད་ཚད་མའི་རྙེད་དོན་གང་ཞིག དེ་ཁྱོད་ལ་ཚད་མར་སོང་བ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། དོན་དམ་བདེན་པ་མ་ཡིན་པའི་རྟག་པ་དང་དངོས་པོ་ཐམས་ཅད་ཡིན་ནོ། །ཡང་ན། ལྕང་སྐྱ་རོལ་པའི་རྡོ་རྗེས། ཤེས་བྱ་རྫུན་པ་བསླུ་བའི་དོན་འཇལ་བའི་ཐ་སྙད་པའི་ཚད་པའི་རྙེད་དོན་གང་ཞིག ཚད་མ་དེ་ཁྱོད་ལ་ཐ་སྙད་དཔྱོད་བྱེད་དུ་སོང་བ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མའི་རྙེད་དོན་གང་ཞིག དོན་དམ་བདེན་པའི་མཚན་ཉིད། དོན་དམ་བདེན་པའི་ཚད་གཞི་ནི། ངོ་བོ་ཉིད་སྐུ། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ། མྱང་འདས་བྲལ་བའི་འབྲས་བུ། ཐར་པ། ཞི་བ། འགོག་བདེན་ཕྲ་མོ། ཉིད། ཆོས་དབྱིངས། ཕྱག་རྒྱ་ཆེན་པོ། ཆོས་རྣམས་ཀྱི་གནས་ལུགས། དོན་དམ་པའི་གནས་ལུགས། རང་བཞིན། ངོ་བོ་ཉིད་སྐུ། དེ་བཞིན་ཉིད། དེ་ཁོ་ན་ཉིད་རྣམས་སོ། །བུམ་པའི་གཤིས་ལུགས། བུམ་པའི་གནས་ལུགས། བུམ་པའི་རང་བཞིན། བུམ་པའི་ཆོས་ཉིད་རྣམས་དོན་གཅིག ཡང་ན་སྟོང་ཉིད་ཉི་ཤུ། བཅོ་བརྒྱད། བཅུ་དྲུག་དང་བཞིའོ། །དེ་ཐམས་ཅད་ཆོས་ཀྱི་བདག་མེད་དང་། གང་ཟག་གི་བདག་མེད་གཉིས་སུ་ངེས་སོ། །གཞི་བདེན་པ་གཉིས་ལ་ཀུན་རྫོབ་ཀྱི་བདེན་པ། ཐ་སྙད་བདེན་པ། ཐབས་ཀྱི་བདེན་པ། ཚུ་རོལ་གྱི་བདེན་པ་རྣམས་དོན་གཅིག དོན་དམ་བདེན་པ། མཆོག་གི་བདེན་པ། ཐབས་བྱུང་གི་བདེན་པ། ཡང་དག་པའི་བདེན་པ་རྣམས་དོན་གཅིག་ཅེས། བླ་མ་ལྕང་སྐྱས་གསུངས་སོ། །མས་དོན་གཅིག་ཅེས། བླ་མ་ལྕང་སྐྱས་གསུངས་སོ། །)
  • Dictionaries/Monlam Grand/75451  + (༡ ཁ་བ། ༢ སྐྱུར་བ། ༣ ཚྭ་བ། ༤ བསྐ་བ། ༥ ལན་ཚྭ། ༦ མངར་བ། ༧ ཡིད་དུ་འོང་བ། ༨ ཡིད་དུ་མི་འོང་བ། ༩ གཉིས་ཀ་མ་ཡིན་པ། ༡༠ ལྷན་ཅིག་སྐྱེས་པ། ༡༡ སྦྱར་བ་ལས་བྱུང་བ། ༡༢ གྱུར་པ་ལས་བྱུང་བ་བཅས་སོ། །)
  • Dictionaries/Monlam Grand/4757  + (༡ ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ནི། ས་བདག་རྒ༡ ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ནི། ས་བདག་རྒྱལ་པོའི་ནོར་སྟོར་ན་ཁྲི་ཆིག་སྟོང་། དགེ་འདུན་ལ་ཁྲི། དམངས་ལ་སྟོང་། དེ་ཆེས་ནས་བཞག། ༢ ང་འཇམ་ཆུན་ལག་གི་ཁྲིམས་ནི། ཡུལ་གཞན་ནས་ནོར་སྟོར་ནས། ཡུལ་གཅིག་གི་ཕུ་རུ་བྱུང་ན། ཆད་པ་མདའ་ལ་བཅད་དེ། མ་འཐད་པར་བཞག། ༣ བཀའ་ལུང་རྒྱལ་ཁྲིམས་ནི། ས་བདག་རྒྱལ་པོའི་ནོར་སྟོར་ན་བརྒྱ་འཇལ། དཀོན་མཆོག་ལ་བརྒྱད་ཅུ་འཇལ། འབངས་ལ་བརྒྱད་འཇལ་ལོ། །༤ དབང་བཙན་སྤྱིའི་ཁྲིམས་ནི། རྗེའི་བང་སོ་རྩིག་པའི་དུས་སུ་ཉི་མ་རེ་ལ་ཕོ་མ་བྱུང་ན་ར་གཅིག མོ་མ་བྱུང་ན་བོང་བུ་གཅིག་གི་ཁྲིམས་བཅས་སོ། །༥ འབྲོ་བཟའ་བྱང་ཆུབ་ཀྱི་ཁྲིམས་བུ་ཆུང་མ་ནི། སྐྱེས་པ་ལ་ཕོ་ཕྱག་སློབ། བཟའ་མ་ལ་མོ་ཕྱག་སློབ། ཕྱུག་པོ་ཡོང་གི་རྩ་བ་ཞིང་ལ་མུ་རྡོ་འཛུགས། སྟོན་དཔྱིད་ཀྱི་སྤར་ཁ་མཉམ་པའོ། །རྡོ་འཛུགས། སྟོན་དཔྱིད་ཀྱི་སྤར་ཁ་མཉམ་པའོ། །)
  • Dictionaries/Monlam Grand/44318  + (༡ གང་ཟག་གང་ནང་གི་སེམས་ཀྱི་ཞི་གནས་ཐོབ་ལ། ཆོ༡ གང་ཟག་གང་ནང་གི་སེམས་ཀྱི་ཞི་གནས་ཐོབ་ལ། ཆོས་ལ་རྣམ་པར་ལྟ་བའི་ལྷག་པའི་ཤེས་རབ་མ་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། ། ༢ གང་ཟག་གང་ཆོས་ལ་རྣམ་པར་ལྟ་བའི་ལྷག་པའི་ཤེས་རབ་ཐོབ་ལ་ནང་གི་སེམས་ཀྱི་ཞི་གནས་མ་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། ། ༣ གང་ཟག་གང་གཉི་ག་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །ོད་དོ། །དེ་ལ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །)
  • Dictionaries/Monlam Grand/69295  + (༡ གནོད་པའི་སྐྱབས་གནས་བླ་མ་ཕྲད་ཕྱིར་དང༌། ། ༡ གནོད་པའི་སྐྱབས་གནས་བླ་མ་ཕྲད་ཕྱིར་དང༌། ། ༢ སྡུག་བསྔལ་སྐྲག་ནས་ཆོས་ལ་འཇུག་ཕྱིར་དང༌། ། ༣ ཚད་མེད་གཅིག་སྐྱེས་སེམས་བསྐྱེད་འཕེལ་ཕྱིར་དང༌། ། ༤ སེམས་ཅན་དོན་སྦྱངས་བསག་སྦྱོང་བརྩོན་ཕྱིར་དང༌། ། ༥ རང་ངོ་བལྟས་པས་རྟོགས་པ་བསྐྱེད་ཕྱིར་དང༌། ། ༦ ས་ལམ་ཡོན་ཏན་གོང་དུ་འཕེལ་ཕྱིར་དང༌། །དགེ་ལ་བསྐུལ་ཕྱིར་གནོད་འཚེ་དང་དུ་བླང༌། །ཞེས་སོ། །བསྐུལ་ཕྱིར་གནོད་འཚེ་དང་དུ་བླང༌། །ཞེས་སོ། །)
  • Dictionaries/Monlam Grand/24816  + (༡ གཞན་གྱིས་ཡོངས་སུ་བཟུང་བ་ནི། འདི་ལྟ་སྟེ་ཡ༡ གཞན་གྱིས་ཡོངས་སུ་བཟུང་བ་ནི། འདི་ལྟ་སྟེ་ཡོ་བྱད་ལྕི་བ་དག་གཞན་སྐྱེས་པའམ། བུད་མེད་དམ་མ་ནིང་དག་གིས་ཡོངས་སུ་བཟུང་བར་གྱུར་པའོ། །༢ ལྕི་བ་ནི། མ་ཤ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པའོ། །༣ གནས་ནས་གནས་སུ་སྦེད་པར་བྱེད་པ་ནི། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། །ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། །)
  • Dictionaries/Monlam Grand/24816  + (༡ གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་ནི། འ༡ གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་ནི། འདི་ལྟ་སྟེ། དགེ་སློང་གིས་ཡོ་བྱད་ལྕི་བ་འདི་དག་གཞན་སྐྱེས་པའམ། བུད་མེད་དམ་མ་ནིང་དག་གིས་ཡོངས་སུ་བཟུང་བར་འདུ་ཤེས་པའོ། །༢ ལྕི་བ་ཡིན་ནི། མ་ཤ་ཀ་ལྔའམ། མ་ཤ་ཀ་ལས་ལྷག་པའོ། །༣ གནས་ནས་གནས་སུ་སྦེད་པར་བྱེད་པ་ནི། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། །ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། །)
  • Dictionaries/Monlam Grand/81110  + (༡ གཡོན་པའི་ཀུན་སྤྱོད་ཡིན་ཏེ། རྒྱུན་གྱི་དུས༡ གཡོན་པའི་ཀུན་སྤྱོད་ཡིན་ཏེ། རྒྱུན་གྱི་དུས་སུ་དུས་བཞིར་མ་དྲན་པ་དང་། ཚོགས་དང་ལག་མཆོད་སོགས་ཁྱད་པར་གྱི་དུས་སུ་མ་བྱས་ན་ལྟུང་བའོ། ། ༢ ལམ་སྒོམ་པ་དང་། དབང་བསྐུར་བ་དང་། བཅུད་ལེན་དང་། དམ་ཚིག་གི་རྫས་ལ་སོགས་པ་མ་ཡིན་པར་འཛག་པ་དོན་གཉེར་གྱིས་བུད་མེད་ལ་སྲེད་པའི་དབང་འབའ་ཞིག་གིས་ཕྱག་རྒྱ་ལ་བགྲོད་ན་ལྟུང་བའོ། ། ༣ རང་གཞན་ཐ་དད་དུ་འཛིན་པ་སྟེ། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་མཉམ་པར་རྣམ་པར་མི་རྟོག་པའི་ཚལ་གྱིས་སྐྱོང་དགོས་པ་ཡིན་ལ། ཐུན་བཞིར་དེ་ཉིད་མ་དྲན་ན་ལྟུང་བའོ། ། ༤ ལམ་གཞན་ལ་མོས་པས་ལམ་འདི་ལ་གུས་པ་ལྷོད་པའམ་སྐྱོན་དུ་འཛིན་པས་ཐེ་ཚོམ་སྐྱེས་ཏེ་སྒྲུབ་པ་ལ་ཆེད་ཆེར་མི་འཛིན་ན་ལྟུང་བའོ། ། ༥ ཐིག་ལེ་འཆིང་བ་དང་བདེ་སྟོང་དུ་སྐྱོང་བའི་ནུས་པ་དང་ལྡན་པས་ཕྱག་རྒྱ་བརྟེན་པར་བྱ་སྟེ་མི་བརྟེན་ན་ལྟུང་བའོ། ། ༦ ལས་རྒྱ་ལ་བརྟེན་ཏེ་ཡེ་ཤེས་སྒྲུབ་པའི་འགོ་བརྩམས་ནས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་མ་བྱས་པ་དང་། སྤྱོད་པ་ལ་སོགས་པའི་ལམ་གྱི་འབྲས་བུ་མངོན་དུ་མ་གྱུར་བར་དུ་གྲོགས་ཕྱག་རྒྱ་དང་མི་འབྲལ་བར་བྱ་སྟེ་བྲལ་ན་ལྟུང་བའོ། ། ༧ ཕྱག་རྒྱའི་ལམ་ལས་བྱང་ཆུབ་ཀྱི་སེམས་ཀུནྡ་དབབ་བཟློག་གི་སྦྱོང་བས་ཕྱིར་མི་ལྟུང་ཞིང་སྤྱི་བོར་མི་གཡོ་བར་བརྟན་པར་བྱེད་པ་ལས། གསང་དབང་བསྐུར་བ་སོགས་དམིགས་བསལ་གྱི་དུས་མ་ཡིན་པར་ཐིག་ལེ་འཛག་པར་བྱེད་ན་ལྟུང་བའོ། ། ༨ ཤེས་རབ་མའི་བྷ་ག་ལས་བྱུང་བའི་སིཧླ་ག་པུར་དྲི་ཆུ་ལ་སོགས་པ་བཟའ་ཞིང་བསྟེན་པར་བྱ་བ་ཡིན་པ་ལ། མི་གཙང་བའི་སེམས་ཀྱིས་མི་བཟའ་ཞིང་ཡིད་ཀྱིས་སྤོང་ན་ལྟུང་བའོ། །དེ་རྣམས་སྔགས་སྐྱེས་ཞིང་སྐྱེས་ལྷན་སྐྱེས་ཏེ་ཕོ་ཉ་གསུམ་གྱི་ལམ་སྒྲུབ་པ་ལ་གནས་པ་ཙམ་གྱིས་གཙོ་བོར་བསྒྲུབ་པར་བྱ་དགོས་པས་རིག་མ་ལ་བརྟེན་པའི་བརྟུལ་ཞུགས་སོ། །དགོས་པས་རིག་མ་ལ་བརྟེན་པའི་བརྟུལ་ཞུགས་སོ། །)
  • Dictionaries/Monlam Grand/103661  + (༡ ང་ལས་ལྷག་པའི་སྐྱེས་བུ་འབྱུང་ཞེས་པས། སངས་༡ ང་ལས་ལྷག་པའི་སྐྱེས་བུ་འབྱུང་ཞེས་པས། སངས་རྒྱས་གཞན་ཐམས་ཅད་ཡབ་ཡུམ་ལ་བརྟེན་ནས་མངལ་ལས་སྐྱེས། སློབ་དཔོན་ནི་པད་སྡོང་ལས་བརྫུས་ཏེ་འཁྲུངས་པས་སྐུ་སྐྱེ་བ་སངས་རྒྱས་ལས་ལྷག ༢ སངས་རྒྱས་གཞན་ཆོས་དྲང་ངེས་རྣམས་སྟོན། སློབ་དཔོན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གསང་སྔགས་སྟོན་པས་དགོངས་པ་སངས་རྒྱས་ལས་ལྷག ༣ སངས་རྒྱས་གཞན་ཐམས་ཅད་སྐུ་མྱ་ངན་ལས་འདས། སློབ་དཔོན་ནི་འཁོར་བ་མ་སྟོངས་ཀྱི་བར་སེམས་ཅན་གྱི་དོན་དུ་འདས་གྲོངས་མེད་པར་བཞུགས་པས་གདུལ་བྱ་སངས་རྒྱས་གཞན་ལས་ལྷག་པའི་ཡོན་ཏན་གསུམ་དང་ལྡན་པའོ། །ས་གཞན་ལས་ལྷག་པའི་ཡོན་ཏན་གསུམ་དང་ལྡན་པའོ། །)
  • Dictionaries/Monlam Grand/86541  + (༡ ཆལ་པ་ནི་དཔེར་ན་བྱ་ཐང་ལ་བབས་ཐང་ཡངས་པ་ལ་ཕྱ༡ ཆལ་པ་ནི་དཔེར་ན་བྱ་ཐང་ལ་བབས་ཐང་ཡངས་པ་ལ་ཕྱིན་པས་དམིགས་པའི་རྟེན་མེད་དེ་ཐང་ཆལ་ཟེར་བ་དང་འདྲ་བར། མུ་སྟེགས་པ་ཆལ་པ་ནི་དགེ་མི་དགེའི་འབྲས་བུ་མ་རྟོགས་ཏེ་གཏི་མུག་པའམ། ཀུན་ནས་ཀུན་ཏུ་རྨོངས་པའོ། །༢ རྒྱང་འཕེན་པ་ནི་ཡང་དག་པའི་དོན་ལས་རྒྱང་སྲིངས་ནས་འཇིག་རྟེན་པའི་ཕན་པ་ཙམ་སྒྲུབ་པའོ། །༣ མུ་ཐུག་པ་ནི་ཡང་དག་པའི་དོན་རྡུག་ལ་བྱ། ཐམས་ཅད་གློ་བུར་དུ་སྐྱེས་པ་མཐའ་ཆད་པར་ལྟ་བའོ། །༤. མུ་སྟེགས་ནི་བསྟན་པའི་མུ་གཟུང་བ་ལ་བྱའོ་སྟེ། བདག་གི་ལུས་ཆེ་ཆུང་གི་ཁྱོན་གྱིས་བྱེད་པའི་སྐྱེས་བུ་ཞེས་བྱ་བ་ཆེ་མཐེབ་རྡོག་ཙམ། འབྲིང་ནི་སྲན་མའམ། ཆུང་ན་ཉུང་འབྲུ་ཙམ་མམ་ཞིག་རྟག་པ་ཐེར་ཟུག་པར་བལྟ་སྟེ། ལུས་ངག་གིས་སྡོམ་པ་སྲུང། ཡིད་ཀྱིས་གསུམ་མ་རྟོགས་པས་སངས་རྒྱས་མི་ཐོབ་བོ། །ཀྱིས་གསུམ་མ་རྟོགས་པས་སངས་རྒྱས་མི་ཐོབ་བོ། །)
  • Dictionaries/Monlam Grand/24813  + (༡ ཇི་ལྟར་གཞན་གྱིས་ཡོངས་སུ་བཟུང་བ་ཡིན་ཞེ་ན།༡ ཇི་ལྟར་གཞན་གྱིས་ཡོངས་སུ་བཟུང་བ་ཡིན་ཞེ་ན། འདི་ལྟ་སྟེ་ཡོ་བྱད་ལྕི་བ་དག་གཞན་སྐྱེས་པའམ། བུད་མེད་དམ་མ་ནིང་དག་གིས་ཡོངས་སུ་བཟུང་བར་གྱུར་པའོ། །ཇི་ལྟར་གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་ཡིན་ཞེ་ན། ཡོ་བྱད་ལྕི་བ་འདི་དག་གཞན་སྐྱེས་པའམ། བུད་མེད་དམ་མ་ནིང་དག་གིས་ཡོངས་སུ་བཟུང་བར་འདུ་ཤེས་པའོ། །ཇི་ལྟར་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པའོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། ། ༢ ཇི་ལྟར་སེམས་པར་བྱེད་ཅེ་ན། དེ་ལྟ་རྐུ་སེམས་ཉེ་བར་གནས་པར་གྱུར་པའོ། །ཇི་ལྟར་རྩོལ་བར་བྱེད་ཅེ་ན། ལག་པ་དག་དང་རྐང་པ་དག་གིས་རྩོལ་བར་བྱེད་པའོ། །ཇི་ལྟར་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པའོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། ། ༣ ཇི་ལྟར་བསྲུངས་པ་ཡིན་ཞེ་ན། འདི་ལྟ་སྟེ། མི་རྣམས་ཀྱི་ཡོ་བྱད་ལྕི་བ་དག་སྣོད་འདི་ལྟ་སྟེ། ཟངས་པོ་ཆེ་དང༌། ཟངས་དང༌། རྫ་བོ་དང༌། སྒྲོམ་དང༌། ཀོ་ལྤགས་སུ་བཅུག་པར་གྱུར་ཅིང༌། དེར་ཡང་སྲུང་མ་འདི་ལྟ་བུ་འདི་ལྟ་སྟེ། གླང་པོ་ཆེ་བའི་ཚོགས་དང༌། རྟ་པའི་ཚོགས་དང༌། ཤིང་རྟ་པའི་ཚོགས་དང༌། དཔུང་བུ་ཆུང་གི་ཚོགས་དག་བཀོད་པར་གྱུར་ཅིང༌། དེ་དག་དེ་ན་སྲུང་བར་བྱེད་པའོ། །ཇི་ལྟར་བདག་གིར་བྱས་པ་ཡིན་ཞེ་ན། འདི་ལྟ་སྟེ། མི་རྣམས་ཀྱི་ཡོ་བྱད་ལྕི་བ་དག་སྣོད་འདི་ལྟ་སྟེ། ཟངས་པོ་ཆེ་དང༌། ཟངས་དང༌། རྫ་བོ་དང༌། སྒྲོམ་དང༌། ཀོ་ལྤགས་སུ་བཅུག་པར་གྱུར་ཅིང༌། དེ་དག་གིས་འདི་དག་བདག་ཅག་གི་ཡིན་ནོ་ཞེས་དེ་དག་བདག་གིར་བྱེད་པའོ། །ཇི་ལྟར་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པའོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། ། ༤ ཇི་ལྟར་བསྲུངས་ཤིང་བདག་གིར་མ་བྱས་པ་ཡིན་ཞེ་ན། ཆོམ་རྐུན་པ་དག་གིར་གྲོང་གཞོམ་པ་དང༌། གྲོང་ཁྱེར་གཞོམ་པ་དང༌། ཡུལ་གཞོམ་པར་བྱས་ཏེ། དགོན་པར་ཀུན་ནས་འདུ་བར་བྱེད་ཅིང༌། དེར་མི་ཁ་ལུངས་པ་ལ་གཅན་བདག་གིས་དེ་དག་ལས། རྐུན་རྫས་ཕྲོགས་ཏེ་སྤུངས་ནས་སྲུང་བར་བྱེད་ཅིང༌། བདག་གིར་མི་བྱེད་པའོ། །ཇི་ལྟར་བདག་གིར་བྱས་ཤིང་མ་བསྲུངས་པ་ཡིན་ཞེ་ན། མི་རྣམས་ཀྱི་ཡོ་བྱད་ལྕི་བ་དག་སྣོད་འདི་ལྟ་སྟེ། ཟངས་པོ་ཆེ་དང༌། ཟངས་དང༌། རྫ་བོ་དང༌། སྒྲོམ་དང༌། ཀོ་ལྤགས་སུ་བཅུག་པར་གྱུར་ཅིང༌། དེ་དག་གིས་འདི་དག་བདག་ཅག་གི་ཡིན་ནོ་ཞེས་དེ་དག་བདག་གིར་བྱེད་ཅིང༌། སྲུང་མ་འདི་ལྟ་བུ། འདི་ལྟ་སྟེ། གླང་པོ་ཆེ་པའི་ཚོགས་དང༌། རྟ་པའི་ཚོགས་དང༌། ཤིང་རྟ་པའི་ཚོགས་དང༌། དཔུང་བུ་ཆུང་གི་ཚོགས་དག་བཀོད་པར་ནི་མ་གྱུར་པ་སྟེ། དེ་ལྟར་བདག་གིར་བྱས་ཤིང་མ་བསྲུངས་པའོ། །ཇི་ལྟར་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པའོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དག་ཏུ་འཇོག་པར་བྱེད་པའོ། །སྤགས་ཤིང་གནས་གཞན་དག་ཏུ་འཇོག་པར་བྱེད་པའོ། །)
  • Dictionaries/Monlam Grand/92908  + (༡ ཉན་ཐོས་ཀྱི་རིགས་ནི། ཐོག་མ་མེད་པ་ནས་དབང་པ༡ ཉན་ཐོས་ཀྱི་རིགས་ནི། ཐོག་མ་མེད་པ་ནས་དབང་པོ་རྟུལ་བ་གཞན་ཞིག་གི་སློབ་མ་བྱས་ཏེ། མྱུར་དུ་མྱ་ངན་ལས་འདའ་བ་ལ་དགའ་བའི་རིགས་ཅན་རྣམས་སོ། །༢ རང་སངས་རྒྱས་ཀྱི་རིགས་ནི། རང་བཞིན་གྱིས་དབང་པོ་འབྲིང་བདག་གཅིག་པུ་ཐར་པར་འདོད་པས་དབེན་པ་ལ་དགའ་ཞིང་མྱུར་དུ་མྱ་ངན་ལས་འདའ་བར་དགའ་བའི་རིགས་ཅན་རྣམས་སོ། །༣ བྱང་ཆུབ་སེམས་དཔའི་རིགས་ནི། དབང་པོ་རྣོན་པོ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེ་བ་ཆོས་བདག་མེད་པ་དང་། འགྲོ་དོན་རྒྱ་ཆེན་པོ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐོས་པ་ལ་མི་སྐྲག་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་སྤྲོ་བའི་རིགས་ཅན་རྣམས་སོ། ། ༤ མ་ངེས་པའི་རིགས་ནི། རྐྱེན་གང་དང་འཕྲད་པའི་ལམ་ལ་མོས་པ་སྐྱེ་བའི་རིགས་ཅན་རྣམས་ཏེ། ཉན་ཐོས་པ་དག་བཟོད་པ་ཆུང་ངུ་མན་ཆད་དུ་སྲིད་པར་འདོད་ཀྱང། ཐེག་ཆེན་པས་གཞལ་ན་དགྲ་བཅོམ་ཐོབ་ཀྱང་འགྱུར་བའི་ཕྱིར་རོ། ། ༥ རིགས་ཆད་པའི་རིགས་ནི། ཆོས་དང་ཐར་པའི་ཕན་ཡོན་འཁོར་བའི་ཉེས་དམིགས། བདེ་འགྲོའི་བསྔགས་པ། ངན་སོང་གི་སྡུག་བསྔལ་ཅི་ཐོས་ཀྱང་སེམས་མི་འགྱུར་ཞིང་ཡང་དག་པར་དགེ་བའི་བཤེས་གཉེན་དང་། རྟེན་གསུམ་ངོ་མཚར་ཅན་ལ་སོགས་པ་མཐོང་ཡང་དད་པ་ཏིལ་འབྲུ་ཙམ་མེད་པ། བསྟན་པ་ལ་འཇུག་པའི་བློ་ཙམ་མི་སྐྱེ་བའམ་སྐྱེས་ན་ཡང་འཚེ་བ་འབའ་ཞིག་གམ། འཚོ་བ་ལ་སོགས་པའི་ཕྱིར་རབ་ཏུ་བྱུང་བས། དད་པ་མེད་ཅིང་ཆོས་སྤོང་བའི་ལས་བསོག་པ། སློབ་པ་དང་པོ་ནས་ལེན། སེམས་རྣལ་མ་མེད་པས་མ་ཆགས་པའམ། ཆགས་ནའང་རལ་བས་ཆ་ལུགས་ཙམ་དུ་གྱུར་པ་ནི། ལོག་སྲེད་ཅན་གཏམ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་འདོད་དེ་ཀུན་ལས་བཏུས་ལས། ཀུན་ནས་ཉོན་མོངས་པ་དང་གཏན་དུ་ལྡན་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན། འདོད་ཆེན་པ་རྣམས་ཀྱི་ཡིན་པར་ལྟ་སྟེ། དེ་དག་ལ་ཐར་པ་རྒྱུ་མེད་པའི་ཕྱིར། གཏན་དུ་རྒྱུ་དང་མི་ལྡན་པའི་ཕྱིར་རོ། །ཞེས་གསུངས་སོ། །ྱུ་དང་མི་ལྡན་པའི་ཕྱིར་རོ། །ཞེས་གསུངས་སོ། །)
  • Dictionaries/Monlam Grand/50802  + (༡ ཉལ་བའི་རྣལ་འབྱོར། ༢ ལྡང་བའི་རྣལ་འབྱོར། ༣༡ ཉལ་བའི་རྣལ་འབྱོར། ༢ ལྡང་བའི་རྣལ་འབྱོར། ༣ བདུད་རྩི་མྱང་བའི་རྣལ་འབྱོར། ༤ ཚད་མེད་སོགས་ཀྱི་རྣལ་འབྱོར། ༥ བླ་མའི་རྣལ་འབྱོར། ༦ བདག་ཉིད་ལྷར་སྐྱེས་པའི་རྣལ་འབྱོར། ༧ འགྲོ་བ་དག་པའི་རྣལ་འབྱོར། ༨ དཔའ་བོ་དཔའ་མོས་བྱིན་གྱིས་བརླབས་པའི་རྣལ་འབྱོར། ༩ བཟླས་པའི་རྣལ་འབྱོར། ༡༠ བསམ་མི་ཁྱབ་ཀྱི་རྣལ་འབྱོར། ༡༡ སྤྱོད་ལམ་གྱི་རྣལ་འབྱོར་བཅས་སོ། །འབྱོར། ༡༡ སྤྱོད་ལམ་གྱི་རྣལ་འབྱོར་བཅས་སོ། །)
  • Dictionaries/Monlam Grand/61611  + (༡ ཐབས་ལམ་བདེ་དྲོད་རང་འབར་ནི། འདི་ལ་སྔོན་འག༡ ཐབས་ལམ་བདེ་དྲོད་རང་འབར་ནི། འདི་ལ་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ཡོད། སྤྱིར་གཏུམ་མོ་ནི་རང་ཉིད་ལྷ་སྐུར་གསལ་བའི་ལུས་ནང་ལ་སེམས་གཏད་པས་ནང་ཤ་ཁྲག་རུས་གསུམ་སོགས་གང་ཡང་མེད་པ་སྟོང་སང་ངེ་བ་དེ་ལྟེ་བའི་རྩ་འཁོར་ལ་གནད་དུ་སྣུན་པས་བདེ་དྲོད་ཡེ་ཤེས་རྒྱུད་ལ་འདྲེན་པར་བྱེད་པའི་ཤེས་རབ་ཡེ་ཤེས་ཨ་ཐུང་མེ་ཡི་རྣམ་པ་ཅན་ཞིག་སྟེ། ངོ་བོ་ཐིག་ལེ། རྣམ་པ་མེ། ཁ་དོག་དམར་བ། རིག་བྱ་ཚ་བ་སྟེ་མཚན་ཉིད་བཞི་དང་ལྡན་པའི་སྤང་བྱ་སྤོང་བ་དང་གཉེན་པོ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེད་པའི་ཐབས་ལམ་ཁྱད་པར་བ་ཞིག་ལ་ཟེར། ། ༢ སྒྱུ་ལུས་ཆགས་སྡང་རང་གྲོལ། སྒྱུ་ལུས་ཆགས་སྡང་རང་གྲོལ་ནི་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་སོགས་ཀྱི་དག་དང་མ་དག་པའི་ཆོས་སྒྱུ་མར་སྦྱངས་ནས་ཆགས་སྡང་རང་སར་གྲོལ་བར་བྱེད་པའི་མན་ངག་སྤང་བྱ་སྤོང་བར་བྱེད་པ་དང་གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཐབས་ལམ་ཁྱད་པར་ཅན་ཞིག་ལ་ཟེར། དེ་ལ་དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ། ཐ་མ་གནས་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པ་ཞིག་དགོས། ༣ རྨི་ལམ་ཉིན་འཁྲུལ་རང་དག། དུས་གནད་གཉིད་ཀྱི་དུས་སུ། ཡུལ་གནད་མགྲིན་པའི་རྩ་འཁོར་ལ་དམིགས་ནས་ཉིན་འཁྲུལ་རྨི་ལམ་སྤྲུལ་སྦྱངས་སྒྱུར་གསུམ་སོགས་ལ་བརྟེན་ནས་རྨི་ལམ་གྱི་སྣང་བ་བདེན་མེད་སྒྱུ་མར་སྦྱངས་ནས་འོད་གསལ་ཟུང་འཇུག་ཏུ་འཕོ་བའི་གདམས་ངག་ཞིག་ལ་ཟེར། ༤ འོད་གསལ་གཏི་མུག་རང་སངས། འོད་གསལ་གཏི་མུག་རང་སངས་ནི་དུས་གནད་གཉིད་དང་ཉིན་པར་གཉིས་ཀར། ཡུལ་གནད་སྙིང་ཀ་ཆོས་ཀྱི་འཁོར་ལོའི་རྩ་འཁོར་ལ་དམིགས་ནས་ཉིན་པར་སྣང་བ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་སྣང་ལ་རང་བཞིན་མེད་པ་གསལ་སྟོང་ཟུང་འཇུག་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་འཇོག་ཅིང་མཚན་མོར་གཉིད་མཐུག་བདེ་སྟོང་དང་གསལ་སྟོང་འདྲེས་མའི་ངང་ལ་མཉམ་པར་འཇོག་པའི་གདམས་ངག་ཁྱད་པར་ཅན་ཞིག་ལ་ཟེར། ༥ འཕོ་བ་མ་སྒོམ་སངས་རྒྱས་ནི། རབ་འོད་གསལ་ལ་འཕོ་བ། འབྲིང་སྒྱུ་ལུས་ལ་འཕོ་བ། ཐ་མ་ལྷ་སྐུ་ལ་འཕོ་བ་སྟེ་དུས་ཡུན་རིང་པོར་སྒོམ་མི་དགོས་པའི་འཕོ་བའི་ཐབས་ལམ་ཁྱད་པར་ཅན་ལ་བརྟེན་ནས་མྱུར་བར་ཡེ་ཤེས་འཆར་ཐུབ་པའི་ལམ་ཁྱད་པར་ཅན་ཞིག་ལ་ཟེར། ༦ བར་དོ་རྒྱལ་བ་ལོངས་སྐུ། བར་དོ་རྒྱལ་བ་ལོངས་སྐུ་ནི་འཆི་བ་ཆོས་སྐུ་ལམ་ཁྱེར། བར་དོ་ལོངས་སྐུ་ལམ་ཁྱེར། སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་ཏེ་ལམ་ཁྱེར་གསུམ་ལ་བརྟེན་ནས། རབ་འཆི་བ་འོད་གསལ་ངོས་ཟིན་པ། འབྲིང་བར་དོ་སྒྱུ་ལུས་ལྷ་སྐུ་རུ་རྩལ་སྦྱངས་བ། ཐ་མ་མངལ་གྱི་སྒོ་འགག་ཅིང་འོད་གསལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་འགྱུར་བར་བྱེད་པའི་མན་ངག་ཁྱད་པར་ཅན་ཞིག་ཡིན།འགྱུར་བར་བྱེད་པའི་མན་ངག་ཁྱད་པར་ཅན་ཞིག་ཡིན།)
  • Dictionaries/Monlam Grand/95465  + (༡ ཐོག་མར་སན་ཧོང་ཨུ་རྡི་བྱུང་བའི་ནང་གསེས་ཧོ༡ ཐོག་མར་སན་ཧོང་ཨུ་རྡི་བྱུང་བའི་ནང་གསེས་ཧོང་གསུམ་གྱི་དང་པོ་ཧྥུ་ཁི་ཞེས་པས་རྒྱལ་པོ་བྱས་སྐབས་སྤར་ཁ་ཞེས་པའི་ཡི་གེ་བརྒྱད་དང་ཕྱག་རྒྱ་བརྒྱད་གཏན་ལ་ཕབ་ནས་བྱ་བ་བཟང་ངན་བརྟག་པ་དང༌། དབྱིབས་དང༌། དམིགས་བསལ། དངོས་བསྟན། ཟུང་འཇུག འཁྲུལ་ཤེས། སྒྲ་སྦྱོར་བཅས་དོན་དྲུག་ལ་བརྟེན་ནས་རྒྱ་ཡིག་ཐོག་མར་བཟོས་པ་དེ་ནི་སྐྱེས་མཆོག་དང་པོ། ༢ སྐྱེས་མཆོག་གཉིས་པ་ནི་ཤིས་ཀྲའུ་སྟེ་ཀྲའུ་རྒྱལ་རབས་ནུབ་མའི་རྒྱལ་པོ་དང་པོ་ཀྲའུ་ཝེན་ཝང་གིས་སྔར་གྱི་སྤར་ཁ་བརྒྱད་པོ་རེ་རེ་ལ་བརྒྱད་བརྒྱད་དུ་ཕྱེ་བའི་དྲུག་ཅུ་རྩ་བཞིའི་རྣམ་གཞག་ལ་བརྟེན་ནས་རྩིས་གསར་གཏོད་བྱས་ཤིང༌། སྲིད་དོན་དང་འབངས་ལ་ཕན་པའི་བྱ་གཞག་མང་པོ་བསྒྲུབས་ཡོད་པ་དེ་ཡིན། ༣ སྐྱེས་མཆོག་གསུམ་པ་ནི། ཀྲའུ་ཝེན་ཝང་གི་བུ་བཞི་པ་ཀྲའུ་ཀུང་གིས་རང་གི་ཕའི་བཞེད་སྲོལ་རྒྱས་བཤད་བྱས་པའི་གཞུང་བརྩམས་ཡོད་པ་དེ་ཡིན། ༤ སྐྱེས་མཆོག་བཞི་པ་ནི་ཁུང་ཙི་ཞེས་ཡོངས་སུ་གྲགས་པ། ཆབ་སྲིད་སྐྱོང་སྟངས་ཀྱི་ལུགས་ཀྱི་བསྟན་བཅོས་རྩོམ་པ་པོ་དེ་ཡིན།ས་ཀྱི་ལུགས་ཀྱི་བསྟན་བཅོས་རྩོམ་པ་པོ་དེ་ཡིན།)
  • Dictionaries/Monlam Grand/25740  + (༡ ཐོས་པ་ལས་སྐྱེ་བ། ༢ བསམས་པ་ལས་སྐྱེ་བའོ། །དེའི་དད་པ་ཐོས་པ་ལས་སྐྱེས་ཏེ། བསམས་པ་ལས་མ་སྐྱེས་པས་ན་དད་པ་དང་མི་ལྡན་པ་ཞེས་བྱའོ། །)
  • Dictionaries/Monlam Grand/99230  + (༡ དབུས་ཀྱི་པདྨའི་སྡོང་པོས་ནི། སློབ་དཔོན་པད༡ དབུས་ཀྱི་པདྨའི་སྡོང་པོས་ནི། སློབ་དཔོན་པདྨ་འབྱུང་གནས་མཚོན་ཏེ། སློབ་དཔོན་གྱི་མཚན་དང་ཆོས་མཚུངས། ༢ པདྨའི་ལྟེ་བའི་རལ་གྲིས་ནི། འཇམ་དབྱངས་ཀྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་མཚོན་ཏེ། སྤྲུལ་གཞིའི་མཚན་མ་ཉིད་དོ། དེ་གཉིས་ཡོན་མཆོད་རྣམ་པ་ཐ་དད་ཀྱང་ཡེ་ཤེས་གཅིག་པའི་ཕྱིར། རྟེན་དང་བརྟེན་པའི་ཚུལ་ལས་སློབ་དཔོན་ཆེན་པོའི་ཐུགས་ལས་སྐྱེས་པའི་ཆོས་སྲས་རྗེ་འབངས་ཉེར་ལྔར་གྲགས་པའི་གཙོ་བོ་ནི། མི་རྗེ་ཁྲི་སྲོང་ལྡེའུ་བཙན་ཡིན་པས་པདྨའི་ཟེའུ་འབྲུ་ལས་འཐོན་པའི་ཚུལ་དུ་བཀོད་པའོ། །༣ པད་སྡོང་གི་གཡས་ཕྱོགས་ཀྱི་ངང་སེར་མགོ་གཉིས་པས་ནི། སློབ་དཔོན་ཞི་བ་འཚོ་དང་། ཀཱ་མ་ལ་ཤྲཱི་ལ་གཉིས་མཚོན་ཏེ། ཐུགས་ཀྱི་ལྟ་གྲུབ་དགོངས་པ་གཅིག་པས་ལུས་གཅིག་ལ། གསུང་གི་ཆོས་སོ་སོར་སྟོན་པས་མགྲིན་པ་གཉིས་ཅན། སློབ་དཔོན་གཉིས་ཀའང་རྟེན་སྡོམ་བརྩོན་གྱི་མཆོག་ཏུ་བཞུགས་པས་ངང་སེར་གྱི་གཟུགས་སུ་བཀོད་པའོ། །༤ གཡོན་ཕྱོགས་ཀྱི་ནེ་ཙོ་མགོ་གཉིས་པས་ནི། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན་གཉིས་མཚོན་ཏེ། ཐུགས་དགོངས་གཅིག་ལ་ཆོས་སོ་སོར་སྟོན་པས་ལུས་གཅིག་མགྲིན་པ་གཉིས་ཅན། ནེ་ཙོས་བྱ་སྐད་དང་མི་སྐད་གཉིས་སྨྲ་བ་ལྟར། ལོ་ཙཱ་བས་ཀྱང་རྒྱ་བོད་ཀྱི་སྐད་གཉིས་སྨྲ་བས་ནེ་ཙོའི་གཟུགས་སུ་བཀོད། དེ་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོའི་དབུས་སུ་གནས་པ་ནི། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདི་ཉིད་ལ་དུས་དབང་གི་མེའི་གནོད་པ་འབྱུང་བ་ལུང་བསྟན་པ་ཞི་བའི་རྟེན་འབྲེལ་ཡིན།་འབྱུང་བ་ལུང་བསྟན་པ་ཞི་བའི་རྟེན་འབྲེལ་ཡིན།)
  • Dictionaries/Monlam Grand/99027  + (༡ དེ་ནས་བྱ་ཞག་བརྩི་བ་ནི། དགུན་ཉི་ལྡོག་ནས་ཞ༡ དེ་ནས་བྱ་ཞག་བརྩི་བ་ནི། དགུན་ཉི་ལྡོག་ནས་ཞག་གི་གྲངས། །ཉི་ཤུ་རྩ་བཞིའི་ཐོག་ནས་ནི། །བྱ་མ་ལ་ཟིན་ཞག་དྲུག་བར། །ནམ་མཁའ་གཡེར་ནས་སྔ་སད་འོང་། །༢ དེ་ནས་གཤོག་ཟུར་ཞག་དྲུག་ལ། །རླུང་དང་ཁ་ཆར་བབས་པ་ན། །དབྱར་སྨད་ཆར་ཞོད་ཆེ་བ་འོང་། །༣ དེ་ནས་ཞག་གསུམ་དཔུང་པ་ལ། །ཁ་ཆར་མ་བྱུང་ཐན་པ་འོང་། །༤ དེ་ནས་ཞག་བདུན་མཇིང་ཁུང་ལ། །ཁ་བབས་མཇིང་མནན་འབྲུ་འོངས་མེད། །༥ དེ་ནས་ཞག་གསུམ་ཁ་གདོང་ལ། །ཁ་ཆར་བྱུང་ན་ཐན་པ་མེད། །༦ དེ་ནས་ཞག་ལྔ་གཤོག་རྩེ་ལ། །ནམ་མཁའ་དྭངས་ཤིང་རླུང་པོ་ཉིད། །ངར་བ་བྱུང་ན་སད་སེར་མེད། །ཆར་ཀྱང་སྙོམས་པར་འབབ་པ་ཡིན། །དེ་ལྟས་གནམ་བྱའི་སུམ་ཅུ་རྫོགས། །དེ་ནུབ་ཁ་བ་བབས་པ་ན། །ལྷ་བྱར་གསེར་སྒོང་སྐྱེས་ཞེས་ཏེ། །བོད་ལ་ལོ་ཕྱུགས་ལེགས་ལྟས་ཡིན། །༧ དེ་ནས་ཞག་བཅུར་བྱ་བུ་སླེབ། །སོ་གཉིས་བར་དུ་དྲོ་བ་དགོས། །གྲང་ན་དཔྱིད་འཁྱགས་འབྱུང་བའི་ལྟས། །༨ དེ་ནས་ཁྲུམས་ལ་ཞག་བཅུ་གཉིས། །བྱ་ཁྲུམས་གོམ་པ་ཡུར་ལ་སག ། ཁྲུམས་ཞག་གྲང་པོ་བྱུང་གྱུར་ན། །ཡུར་མའི་བར་དུ་གྲང་བ་འབྱུང་། །༩ དེ་ནས་ཤོལ་པོ་ཟླ་བ་ཕྱེད། །བར་ལ་ཁ་བ་བབས་པ་དང་། །ཤོལ་པོ་གྲང་པོར་གྱུར་པ་ན། །སྔར་གྱི་དྲུག་ཚད་འཕྱུགས་པའོ། །ངེས་པ་མེད་པའི་བརྡ་རུ་སྦྱོར། །༡༠ དེ་ནས་སྐྱུང་མོ་ཞག་པོ་དགུ། །དེ་ལ་ཁ་ཆར་བབས་སྲིད་ན། །སྐྱུང་མོའི་ཁོང་ཁྲོ་ཤོར་ཞེས་ཏེ། །སོས་ཀ་ཐན་པ་འོང་བར་ངེས། །༡༡ དེ་ནས་ཤེ་མོ་ཞག་པོ་བདུན། །དེ་ལ་ཁ་ཆར་བབས་སྲིད་ན། །གུང་ཐན་འོང་བར་ཐེ་མི་ཚོམ། །དབྱར་དགུན་བརྟག་པ་སྦྱར་བ་རུ། །བཏུབ་བམ་མི་བཏུབ་འདི་ལྟར་ཡིན། །སྐྱུང་མོའི་ཁོང་ཁྲག་ཤོར་མ་ཤོར། །བྱ་མོས་སྐྱུགས་སམ་མ་སྐྱུགས་པ། །སྲིན་མོའི་གདོང་ཆར་འབབ་མི་འབབ། །གཞུང་མོའི་སྙིང་ཁོང་རུལ་མ་རུལ། །སྙན་གྱི་སྙིང་ཁོང་ཚུགས་མ་ཚུགས། །དེ་ཡི་ངོས་འཛིན་སྐྱུང་མོ་ནི། །བྱ་མོ་གཞུང་མོའི་སྙན་གྱི་ངོ་། །དྲོ་དང་སྲིན་མོའི་གདོང་ཆར་བབས། །དེ་ཚེ་དབྱར་དགུན་སྡེབ་ཏུ་བཏུབ། །དེ་ལས་ལྡོག་ན་མ་ཡིན་ནོ། །ུན་སྡེབ་ཏུ་བཏུབ། །དེ་ལས་ལྡོག་ན་མ་ཡིན་ནོ། །)
  • Dictionaries/Monlam Grand/86685  + (༡ ཕམ་ལྷག་སོགས་ལ་འཇུག་འདོད་ཀྱི་ཀུན་སློང་ནི་༡ ཕམ་ལྷག་སོགས་ལ་འཇུག་འདོད་ཀྱི་ཀུན་སློང་ནི་སྦྱོར་བ་སྦྱོར་བའི་ལྟུང་བ། ༢ ལུས་ངག་གང་རུང་དུ་ཐོན་པ་ཕམ་པ་དངོས་གཞི་ལ་མ་རེག་པར་དུ་སྦྱོར་བའི་ལྟུང་བ་དང་སྦྱོར་བའི་སྦོམ་པོ་གཉིས་ཀ་ཡིན། ༣ ཕམ་ལྷག་བསྐྱེད་པ་ལ་ཡན་ལག་གཅིག་མ་ཚང་ན་ན་སྨད་སྦོམ་པོ་ཡིན། ༤ ལྟུང་བྱེད་སོར་བཤགས་ཀྱི་ཡན་ལག་གཅིག་མ་ཚང་ན་ན་སྨད་ཉེས་བྱས་ཡིན། ༥ ཉེས་བྱས་ཀྱི་ཡན་ལག་མ་ཚང་ན་ན་སྨད་ཕྲ་མོ་དེ་རྣམས་སེལ་བ་ཡང་ཡིན་ནོ། །སེལ་བ་ལ་དབྱེ་ན། བསམ་པའི་སེལ་བ། ཀུན་སློང་གི་སེལ་བ། སྦྱོར་བའི་སེལ་བ། མཐར་ཐུག་གི་སེལ་བ་དང་བཞིའོ། །རབ་བྱུང་སྡེ་ལྔའི་སེལ་བ། དགེ་སློང་གི་སེལ་བའོ། །༦ ལྟུང་བ་དངོས་གཞི་མེད་པའི་ལྟུང་མེད། ལྟུང་བའི་རྣམ་བཞག་མེད་པས་ལྟུང་མེད། དེར་གཏོགས་ཀྱི་ལྟུང་བ་མེད་པས་ལྟུང་བ་མེད། ལྟུང་བ་གཏན་མི་བསྐྱེད་པའི་ལྟུང་མེད་སྤང་བྱ་དགག་བྱ་ཉེས་དམིགས་མེད་པའི་ལྟུང་མེད། གནང་བ་བག་ཡངས་དང་འབྲེལ་བའི་ལྟུང་མེད། བར་ཆད་ཀྱི་རྐྱེན་དང་ལྡན་པའི་ལྟུང་མེད་དོ། །ལྟུང་བ་ཆེ་ཆུང་ནི་བཅས་པ་ཆེ་ཆུང་གི་རྗེས་སུ་འབྲང་། སྡིག་པ་ཆེ་ཆུང་ནི་ཡུལ་དང་བསམ་པའི་རྗེས་སུ་འབྲང་བས། སྡིག་པ་ཡིན་ལ་ལྟུང་བ་མ་ཡིན་པ་སྡོམ་པ་དང་མི་ལྡན་པས་སྲོག་བཅད་པ་ལྟ་བུའོ། །ལྟུང་བ་ཡིན་ལ་སྡིག་པ་མ་ཡིན་པ་དགེ་སློང་གིས་ཤིང་སོགས་སྐྱེས་པ་གཅོད་པ་ལྟ་བུའོ། །ློང་གིས་ཤིང་སོགས་སྐྱེས་པ་གཅོད་པ་ལྟ་བུའོ། །)
  • Dictionaries/Monlam Grand/37635  + (༡ ཕྱག་རྒྱ་ཆེན་པོ་རང་ལ་འཆར་ཡང་དཔེས་མཚོན་མ་ནུས་ཤིང་ཟབ་དྲགས་པས་ངོས་མ་ཟིན། ༢ རང་བབས་སུ་མཉམ་པར་བཞག་ཀྱང་འཆར་སླ་དྲགས་པས་ཡིད་མ་ཆེས་པར་ཡེངས་མེད་དང་བྲལ། ༣ སྐུ་གསུམ་རང་ལ་ཤར་ཡང་བཟང་དྲགས་པས་བློར་མི་ཤོང་བས་ངེས་པ་མ་སྐྱེས་ཏེ་ཐག་ཆོད་དང་བྲལ་བའི་སྐྱོན་བཅས་སོ།།)
  • Dictionaries/Monlam Grand/82093  + (༡ བཀྲ་ཤིས། ༢ བཞི་མདོ། ༣ ཀླུ། ༤ མི་སྡུག་པ་བཅས་བཞི། ༥ གདབ་པ། ༦ བྱིས་པ། ༧ དགེ་བ། ༨ ཏིལ་བརྡུང་། ༩ ཁྱིམ་སྐྱེས། ༡༠ ཚོང་པ། ༡༡ བིཥྚི་བཅས་སོ། །)
  • Dictionaries/Monlam Grand/41453  + (༡ བཙན་བདུན་མན་ཆད་དུར་ས་ཡུལ་དུ་བཏབ། །ཡུལ་གྱ༡ བཙན་བདུན་མན་ཆད་དུར་ས་ཡུལ་དུ་བཏབ། །ཡུལ་གྱི་མིང་ནི་ཡར་ལུང་ངར་མ་ཐང་། །དེ་ཡང་ཕུལ་མེད་ས་ཕུང་བཏབ་པ་འདྲ། ། ༢ ཁྲི་སྙན་གཟུང་བཙན་དོན་མཁར་མདའ་རུ་བརྩིགས། །དེ་ཡང་ཕུལ་མེད་གྲུ་བཞི་མི་ཤེས་སྐད། ། ༣ འབྲོ་གཉན་ལྡེ་རུ་བང་སོ་དོན་མཁར་མདའ། །རྗེ་འབངས་གསུམ་ཁ་གསོན་པོར་བང་སོར་གཤེགས། ། ༤ སྟག་གུ་གཉན་གཟིགས་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་ཁྲི་སྙན་གོང་ངོས་གཡོན་ན་ཡོད། །དེ་ཡན་ཕུལ་མེད་ས་ཕུང་བརྡལ་བ་འདྲ། །༥ དེ་ནས་སྐྱེད་ཕུལ་རྩིག་པ་སོག་ཁར་ཡོད། །དེའི་མིང་ནི་གུང་རི་སོག་ཁ་ཡིན། ། ༦ གནམ་རི་སྲོང་བཙན་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་ཁྲི་སྙན་གཟུང་བཙན་གཡོན་ན་ཡོད། ། ༧ སྲོང་བཙན་སྒམ་པོ་འཕྱོང་པོའི་མདའ་རུ་བརྩིགས། །ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང་། །ཟུར་བཞི་ན་ནི་ལྷ་ཁང་བཞི་ཡང་ཡོད། །མིང་ནི་སྨུག་རི་སྨུག་པོ་བྱ་བ་ལགས། །བང་སོ་གྲུ་བཞི་བརྩིགས་པ་དེ་ནས་བྱུང་། ། ༨ གུང་སྲོང་གུང་བཙན་དོན་མཁར་མདའ་ན་ཡོད། །གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད། །མིང་ནི་གུང་རི་གུང་ཆེ་ལགས་སོ་སྐད། ། ༩ མང་སྲོང་གྲལ་ནི་སྲོང་བཙན་གཡོན་ན་ཡོད། །དེའི་མིང་ནི་སྔོ་བཞེར་ཧྲལ་པོ་ལགས། ། ༡༠ འདུས་སྲོང་འཕྲུལ་རྒྱལ་མང་སྲོང་གཡོན་ན་ཡོད། །དེའི་མིང་ནི་སེང་གེ་བརྩིགས་པ་ཅན། ། ༡༡ ཨག་ཚོམ་བང་སོ་མུ་ར་རི་ལ་བརྩིགས། །གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། །དེའི་མིང་ནི་ལྷ་རི་གཙུག་ནམ་ལགས་སོ་སྐད། ། ༡༢ ཁྲི་སྲོང་ལྡེ་བཙན་མུ་ར་རི་ལ་བརྩིགས། །གྲལ་ནི་ཡབ་ཀྱི་ལྟག་ན་འོད་པ་སྲུང་། །མ་གྲོང་གོང་དུ་ཉིད་ཀྱིས་བརྩིགས་པའོ། །མིང་ནི་འཕྲུལ་རི་གཙུག་ནམ་བྱ་བ་ལགས། ། ༡༣ ཁྲི་ལྡེ་སྲོང་བཙན་འཕྲུལ་རྒྱལ་མདུན་ན་ཡོད། །ཡུམ་གྱིས་ཆབ་གང་དགོངས་པས་ནང་གི་མཐོ། །མིང་ནི་འཕྲུལ་ཆེན་བཞེར་བྱ་བ་ལགས། ། ༡༤ དར་མའི་གྲལ་ནི་འཕྲུལ་དང་རྒྱལ་ཆེན་བར། །དེའི་མིང་བང་རིམ་འཁོར་ལོ་ཅན། ། ༡༥ འོད་སྲུང་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད། །མིང་ནི་སྐྱེས་བུ་ལྷ་བསྟེན་བྱ་བ་ལགས། ། ༡༦ མུ་ནེ་བཙན་པོ་ཨག་ཚོམ་གཡས་ངོས་མདུན། །མིང་ནི་ལྷ་རི་ལྡིང་བུ་བྱ་བ་ལགས། ། ༡༧ རལ་པ་ཅན་ནི་དོན་མདའི་གཡོན་ན་བཞུགས། །མིང་ནི་ཁྲི་སྟག་སྨང་རི་ལགས་སོ་སྐད། །ཅེས་གསུངས།་ནི་ཁྲི་སྟག་སྨང་རི་ལགས་སོ་སྐད། །ཅེས་གསུངས།)
  • Dictionaries/Monlam Grand/43612  + (༡ བསམ་གཏན་དང་པོའི་མིང་ནི་གཟུགས་ཀྱི་ཁམས་ཡན་༡ བསམ་གཏན་དང་པོའི་མིང་ནི་གཟུགས་ཀྱི་ཁམས་ཡན་ཆད་ན་གནས་པ་སྟེ། ཚངས་རིས་ཀྱི་གནས་དང་ཚངས་པའི་མདུན་ན་འདོན་པའི་གནས་དང་ཚངས་འཁོར་གྱི་གནས་ཏེ། དེ་ལ་གོང་མ་ཚངས་པ་ཆེན་པོའི་རིས་དང་གཡོག་འཁོར་དུ་སྐྱེས་པས་ཚངས་རིས་ཀྱི་གནས་ཞེས་བྱའོ། །ཚངས་པ་ཆེན་པོ་ལ་ནང་ནུབ་ཏུ་རིམ་གྲོ་བྱེད་ཅིང་འཁོར་ལྟ་བུར་ཉེ་བར་སྐྱེས་ཏེ་མདུན་དུ་སྨྲ་འདོན་པས་ན་ཚངས་ལྷ་ཉེ་ཕན་ཞེས་ཀྱང་བྱ། ཚངས་པའི་མདུན་ན་འདོན་ཞེས་ཀྱང་བྱའོ། ཚངས་པ་འོག་མ་གཉིས་ལས་ཁྱད་པར་ལུས་བཟང་ཞིང་ཚེ་རིང་ལ་དགེ་བའི་རྩ་བ་དང་མཐུ་ཆེ་བས་ཚངས་འཁོར་ཞེས་ཀྱང་བྱ་སྟེ། ཚངས་པ་ཆེན་པོ་ཞེས་ཀྱང་ཟེར་རོ། ། ༢ བསམ་གཏན་གཉིས་པའི་མིང་ལ། འོད་ཆུང་གི་གནས་དང་ཚད་མེད་འོད་དང་འོད་གསལ་ལོ། །གནས་འདིར་སྐྱེས་པའི་ལྷ་ནི་གོང་མ་གཉིས་ལས་ལུས་ཀྱི་གཟི་བྱིན་དང་འོད་མདངས་ཆུང་བས་ན་འོད་ཆུང་གི་གནས་སོ། །གནས་འདིར་སྐྱེས་པའི་ལྷ་ནི་གོང་མ་གཉིས་ལས་ལུས་ཀྱི་གཟི་བྱིན་འོད་མདངས་མ་ཆུང་བས་ན་འོད་ཆུང་གི་གནས་སོ། །གནས་འདིར་སྐྱེས་པའི་ལྷ་ནི་ལྷ་གཞན་གྱི་གནས་སུ་ཡང་འོད་གསལ་བར་བྱེད་པས་ན་འོད་གསལ་ཞེས་བྱའོ། ། ༣ བསམ་གཏན་གསུམ་པའི་མིང་ལ། དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་སོ། །གནས་འདིར་སྐྱེས་པའི་ལྷའི་བསམ་གཏན་གྱི་བདེ་བ་ལ་དགེ་བ་ཞེས་བྱ་སྟེ། གོང་མ་གཉིས་ལས་བདེ་བ་ཆུང་བས་ན་དགེ་ཆུང་ཞེས་བྱའོ། །གནས་འདིར་སྐྱེས་པའི་བསམ་གཏན་གྱི་བདེ་བ་འདི་ཙམ་མོ་ཞེས་ཚད་གཟུང་དུ་མེད་པས་ཚད་མེད་དགེ་ཞེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་རྣམས་ནི་འཇིག་རྟེན་གྱི་བསམ་གཏན་གྱི་བདེ་བ་མ་ལུས་པར་རྫོགས་པས་དགེ་རྒྱས་ཞེས་བྱ་སྟེ། དེ་ཡན་ཆད་བསམ་གཏན་བཞི་པ་དག་ནི་བདེ་བ་སྤངས་ཏེ། བཏང་སྙོམས་ལ་གནས་པའི་ཕྱིར་རོ། ། ༤ བསམ་གཏན་བཞི་པ་ལ་གནས་བརྒྱད་ལས་སོ་སོའི་སྐྱེ་བོ་གསུམ་གྱི་མིང་ལ་སྤྲིན་མེད་དང་བསོད་ནམས་འཕེལ་དང་འབྲས་བུ་ཆེའོ། །དེ་ཡང་། གནས་འདིར་སྐྱེས་པའི་ལྷ་ནི་ནམ་མཁའ་སྤྲིན་གྱིས་མ་ཆོད་ན་གསལ་བ་དང་འདྲ་བར་ལྷ་གཞན་གྱི་གཞལ་མེད་ཁང་གིས་མ་ཆོད་ཅིང་སྒྲིབ་པ་མེད་དེ། ལྷ་དེ་དག་རང་གི་གཞལ་མེད་ཁང་དང་ལྷན་ཅིག་ཏུ་སྐྱེས་ཞིང་འཇིག་པས་ན་སྤྲིན་མེད་ཅེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་ནི་སྐྱེ་བོ་རྣམས་ཀྱིས་བསོད་ནམས་ཀྱི་མཆོག་ཐོབ་པའི་གནས་ཡིན་པས་ན་བསོད་ནམས་འཕེལ་ཞེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་རྣམས་ནི་དགེ་བའི་རྩ་བ་འོག་མ་གཞན་ལས་ཆེར་བསྒྲུབས་པའི་འབྲས་བུ་སྟེ། འབྲས་བུ་ཡང་གཞན་འོག་མ་བས་ཆེ་བའི་ཕྱིར་འབྲས་བུ་ཆེའོ། །ང་གཞན་འོག་མ་བས་ཆེ་བའི་ཕྱིར་འབྲས་བུ་ཆེའོ། །)
  • Dictionaries/Monlam Grand/67892  + (༡ བྲན་ཀས་དགེ་ཚལ་གྱི་ལྷ་ཁང་བཞེངས། ༢ མྱང་ཧྲ་༡ བྲན་ཀས་དགེ་ཚལ་གྱི་ལྷ་ཁང་བཞེངས། ༢ མྱང་ཧྲ་ཏེ་རྩིས་འཕང་ཐང་གི་ལྷ་ཁང་བཞེངས། ༣ མྱང་མཆོག་བཙུན་བླ་མས་ཟ་འུག་གི་ལྷ་ཁང་བཞེངས། ༤ མྱང་ཤ་མི་གོ་ཆས་རྒྱ་ཚལ་གྱི་ལྷ་ཁང་བཞེངས། ༥ མྱང་ཏིང་ངེ་འཛིན་གྱིས་ཞའི་ལྷ་ཁང་འབྲོག་གི་ལྷ་ཁང་བཞེངས། ༦ མྱང་མ་ཧ་ཡན་གྱིས་གློག་གི་ལྷ་ཁང་བཞེངས། ༧ མྱང་ཤྲི་ར་སལ་སྐྱོང་གིས་རྒྱུན་མི་འཆད་ཀྱི་ལྷ་ཁང་བཞེངས། ༨ མྱང་དེ་བཞིན་གཤེགས་པས་ཁ་རག་གི་རྩ་མེར་གྱི་ལྷ་ཁང་བཞེངས། ༩ མྱང་མཆོག་བཙུན་གྱི་སྲིང་མོ་བཟའ་མོ་མཆོག་གིས་ལྷ་མོས་སྨོན་འགྲོ་སྟག་ཚལ་གྱི་ལྷ་ཁང་རྡོ་རྗེ་གཙུག་ལག་གི་ལུགས་སུ་བཞེངས། ༡༠ ཚེ་སྤོང་སྟག་བཟས་སྟོད་ལུང་ལྷན་གྱི་ལྷ་ཁང་དང་། ༡༡ སྣ་རྩེ་གཉིས་བཞེངས། ༡༢ ལོ་བྱམས་པ་མདུང་གི་ལྷ་ཁང་བཞེངས། ༡༣ ཅོག་རོ་སྐྱེས་གཟའ་རྒྱལ་འགོང་གིས་མཁར་སྟོད་གནམ་རུ་གོང་གི་ལྷ་ཁང་བཞེངས། ༡༤ ཅོག་རོ་ཁྲི་གཟིགས་ཀྱིས་འགུར་མོའི་ལྷ་ཁང་བཞེངས། ༡༥ སྦས་ཀྱིས་མདོ་ཚུལ་གྱི་ལྷ་ཁང་བཞེངས། ༡༦ སྣོན་གྱིས་འོད་མཆོག་མཛེས་པའི་ལྷ་ཁང་བཞེངས། ༡༨ ཤུད་པུས་བྲག་སྣའི་ལྷ་ཁང་བཞེངས། ༡༩ སྣ་ནམ་གྱིས་དྭའི་ལྷ་ཁང་བཞེངས། ༢༠ སྙི་ཡིས་བན་པའི་ལྷ་ཁང་བཞེངས། ༢༡ ཁུས་དྲང་གིས་ཆུང་གི་ལྷ་ཁང་བཞེངས། ༢༢ འཆིམས་ཀྱིས་བྱ་ཟུག་ལྷ་ཁང་བཞེངས། ༢༣ ལྡེ་དམན་གྱིས་ལྷོ་ཕུ་ཆུས་ཁྱེར་གྱི་ལྷ་ཁང་བཞེངས། ༢༤ བློན་རིང་མདོ་བཙན་གྱིས་མཁན་དམར་སྟེང་གི་ལྷ་ཁང་བཞེངས། ༢༥ ལྕོག་རོ་ཁྲི་གཟིགས་ཀྱིས་སྒོ་བཞིའི་བང་སོ་གསེར་གྱི་ལྷ་ཁང་བཞེངས། ༢༦ ཁྱུང་པོ་མུ་རྩར་ར་ལྤགས་སྡོང་གི་ལྷ་ཁང་བཞེངས། ༢༧ མྱང་རོར་བརྒྱ་རྩ་བརྒྱད་ཀྱི་གྲངས་བྱས་པས་གཅིག་མ་ཐེམས་པར། ལྕེ་ཁྲི་བཟང་ལྷ་གཟིགས་ཀྱིས་མྱང་རོ་རྩིས་ཀྱི་ཁྲབ་སྒོའི་ལྷ་ཁང་བཞེངས་པ་བཅས་སོ། །རྩིས་ཀྱི་ཁྲབ་སྒོའི་ལྷ་ཁང་བཞེངས་པ་བཅས་སོ། །)