tib
Jump to navigation
Jump to search
Welcome to a test page for the Lotsawa Workbench
This page is still in development. More changes coming soon!
If you'd like to review other pages that use this same new template, see these:
Lotsawa Workbench The Lotsawa Workbench is an initiative of the Tsadra Foundation research department. Currently, this is just a test and we welcome any comments and suggestions. We hope to invite collaboration from users and stakeholders from Dharma groups as well as academia. Please contact us if you are interested in developing this project with us: research AT tsadra DOT org.
{{#createpageifnotex:kun gzhi rnam shes/editor|{{TermEditor}}}}{{#createpageifnotex:kun gzhi rnam shes/moretools|{{MoreToolsTerm}}}}
ཀུན་གཞི་རྣམ་ཤེས་
kun gzhi rnam shes
ཀུན་གཞི་རྣམ་ཤེས་ | དབུ་མ་ཆེན་པོ། ཇོ་ནང་། གཞན་སྟོང་དབུ་མ། སྐབས་འདིར་བདེ་གཤེགས་སྙིང་པོ་ལ་དགོངས་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྣམ་བཤད་ཟིན་བྲིས་ལས། འདི་ཡང་སྐྱེས་བུ་ཞིག་གིས་སོར་མོའི་རྩེ་མོ་གཏད་དེ་ཡ་གི་ནི་ཟླ་བའོ་ཞེས་མཚོན་པར་བྱས་པ་ན་སོར་མོའི་རྩེ་མོ་ཟླ་བ་ཡིན་པར་བཟུང་ན་ཆེས་འཁྲུལ་བར་འགྱུར་བ་དང། གོས་དམར་པོ་གྱོན་པའི་མི་ཞིག་ལ་བརྡའ་སྦྱར་ཏེ་མི་དམར་པོ་དེ་འདིར་ཤོག་ཅེས་མི་དེ་གོས་དམར་པོས་མཚོན་པར་བྱས་པ་ན། ཕྱིའི་གོས་དམར་པོ་དེ་མི་ཡིན་པར་བཟུང་ན་ཆེས་འཁྲུལ་བ་ལྟར་ཀུན་གཞི་རྣམ་ཤེས་ཀྱང་བདེ་གཤེགས་སྙིང་པོ་དང་རྣམ་པ་མཚུངས་པ་ཙམ་དུ་ཡོད་པའི་ཕྱིར། རྣམ་ཤེས་ནི་ཕྱིའི་ཤུན་པ་གོས་དམར་དང་མཚུངས་པ་དང། ཡེ་ཤེས་ནི་ནང་གི་སྐྱེས་བུ་དང་མཚུངས་པའི་ཕྱིར། ཀུན་གཞི་རྣམ་ཤེས་ལ་ཡེ་ཤེས་སུ་བཟུང་ན་ཆེས་འཁྲུལ་བར་འགྱུར་བས་བློ་གྲོས་ཞན་པ་རྣམས་ཀྱིས་འདིའི་དོན་མི་ཤེས་ཞེས་མདོ་ནས་གསུངས་སོ། །ཞེས་འབྱུང་ངོ་། ། |
|
འབབ་གཞི་ 'bab gzhi |
ཡོང་ཁུངས།་ཞོར་ལས་འཛུགས་པའི་ཐབས་ཤེས་ལ་བརྟེན་ནས་འབབ་གཞི་གསར་གཏོད་བྱེད་པ། |
འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ 'bras bu rnam dag rang bzhin gyi dkyil 'khor |
བརྡའི་དཀྱིལ་འཁོར་དུ་ཞུགས་ནས།་དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་བསྐྱེད་བཟླས་དང།་སྤྲོས་མེད་རྫོགས་རིམ་ཆོས་ཉིད་མངོན་སུམ་དོན་གྱི་དཀྱིལ་འཁོར་ལ་བལྟས་པས་སྣང་བཞི་ཚད་དུ་ཕྱིན་ཏེ།་གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་མངོན་དུ་བྱེད་པའོ། |
འབྲས་བུ་རྣམ་པར་སྨིན་པ་ 'bras bu rnam par smin pa |
དགེ་སྡིག་གི་འབྲས་བུ་བདེ་སྡུག་གི་རྣམ་པར་དངོས་སུ་ཉམས་སུ་མྱོང་བའོ། |
འབྲས་དུས་ཀྱི་རྣམ་ཤེས་ 'bras dus kyi rnam shes |
འཕེན་བྱེད་ཀྱི་ལས་ཀྱི་དབང་གིས་བདེ་འགྲོ་དང་ངན་འགྲོ་གང་རུང་གི་སྐྱེ་གནས་སུ་ཉིང་མཚམས་སྦྱོར་བའི་སྐབས་ཀྱི་རྣམ་ཤེས། |
འབྱུང་གཞི་ 'byung gzhi |
ཡོང་སའི་ཁུངས།་རྩོད་གླེང་འབྱུང་གཞི།་བཟའ་བཅའི་འབྱུང་གཞི་ཞིང་ལས། |
འབེལ་གཏམ་རྣམ་པར་ངེས་དྲུག་ 'bel gtam rnam par nges drug |
དོན་རྣམ་པར་བཤད་པ།རབ་ཏུ་ཕྱེ་ནས་ཀུན་ཏུ་བསྟན་པ།ཡང་དག་པར་དྲི་བ།བསྡུ་བ།སྨྲ་བ།ལྡེམ་པོར་དགོངས་པ་རྣམ་པར་ངེས་པའོ། |
འབྲེ་ཆེན་པོ་ཤེས་རབ་འབར་ 'bre chen po shes rab 'bar |
རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་སློབ་མ་གཙོ་བོ་བཞིའི་གྲས་ཡིན་ཅིང།སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་སྤྱི་དང་ལྷག་པར་དུ་ཕར་ཕྱིན་ལ་མཁས་པའི་མཆོག་ཏུ་གྱུར་པ་ཞིག་ཡིན།འདིས་མཛད་པའི་མཆོག་ཏུ་གྱུར་པ་ཞིག་ཡིན།འདིས་མཛད་པའི་༼ཕར་ཕྱིན་གྱི་འགྲེལ་པ་༽དང།༼ཉི་ཁྲིའི་འགྲེལ་པ།༽་༼མདོ་སྡུད་པའི་འགྲེལ་པ་༽བཅས་ཡོད་པར་དཀར་ཆག་ཁག་ཏུ་བཤད།འདིའི་ལོ་རྒྱུས་རྒྱས་པ་མ་མཐོང་ཞིང།མདོར་བསྡུས་ཤིག་༼དེབ་ཐེར་སྔོན་པོ་༽ལེ་ཚན་༼ཆ༽པའི་གྲངས་༢པརགསལ |
འབྲི་གུང་ཆོས་རྗེ་དཀོན་མཆོག་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་ 'bri gung chos rje dkon mchog bstan 'dzin 'phrin las rnam rgyal |
གོང་དུ་དཀོན་མཆོག་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་ཞེས་པར་གཟིགས |
ཀུན་གཞིའི་རྣམ་ཤེས་ kun gzhi'i rnam shes |
ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བའི་བཞིའི་ནང་གསེས་སེམས་ཙམ་པ་རྣམས་ཀྱིས་རྣམ་ཤེས་ཚོགས་བརྒྱད་༼༡་མིག་གི་རྣམ་ཤེས།༢་རྣམ་བའི་རྣམ་ཤེས།༣་རྣའི་རྣམ་ཤེས།༤་ལྕེའི་རྣམ་ཤེས།༥་ལུས་ཀྱི་རྣམ་ཤེས།༦་ཡིད་ཀྱི་རྣམ་ཤེས།༧་ཀུན་གཞིའི་རྣམ་ཤེས།༨་ཉོན་ཡིད་བཅས་༽ཁས་ལེན་ཞིང།དེའི་ནང་ཚན་ཀུན་གཞིའི་རྣམ་ཤེས་དེ་ལ་རིགས་གཉིས་ཡོད་པ་སྟེ།རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དང།བརྟེན་པ་ས་བོན་གྱི་ཀུན་གཞི་གཉིས་ཡིན།རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ཞེས་པ་ནི།ཁྱད་ཆོས་བཞི་དང་ལྡན་པ་སྟེ།༡་དམིགས་པའི་ཁྱད་པར་ནི་གཟུགས་སོགས་ཡུལ་ལྔ་དང།དབང་པོ་ལྔ་དང།བདག་དང།ཆོས་ཀུན་བཏགས་པའི་ངོ་བོ་དེ་ཉིད་ལ་ཞེན་པའི་བག་ཆགས་ལ་དམིགས་པ་དང།༢་རྣམ་པའི་ཁྱད་པར་ནི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་སོགས་རྣམ་པར་ཤེས་པ་རང་ཉིད་ལ་སྣང་ཡང་ངེས་ཤེས་འདྲེན་མི་ནུས་པ།༣་ངོ་བོའི་ཁྱད་པར་དགེ་མི་དགེ་གང་གི་ཡང་ངོ་བོར་མི་གནས་པས་མ་སྒྲིབ་ལུང་མ་བསྟན་ཡིན་པ།༤་གྲོགས་ཀྱི་ཁྱད་པར་ནི།སེམས་བྱུང་ཀུན་འགྲོ་ལྔ།༼༡་ཚོར་བ་དང།༢་འདུ་ཤེས།༣་སེམས་པ།༤་རེག་པ།༥་ཡིད་ལ་བྱེད་པ་༽དང་མཚུངས་ལྡན་དུ་ཡོད་པ་བཅས་ཡིན།དེ་ཡང་དགེ་མི་དགེའི་ལས་དང་སེམས་བཟང་ངན་ཀུན་གྱི་བག་ཆགས་འཛིན་ཞིང་དུས་ཀུན་ཏུ་རྒྱུན་མི་ཆད་པར།ཐེག་དམན་གྱི་ལྷག་མེད་མྱང་འདས་དང།ཐེག་ཆེན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་འཇུག་པ་ཞིག་ཡིན།བརྟེན་པ་ས་བོན་གྱི་ཀུན་གཞི་ཞེས་པ་ནི།བག་ཆགས་བསྒོ་བྱེད་རྣམ་ཤེས་ཀྱིས་བག་ཆགས་བསྒོ་གཞི་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་རང་ཉིད་འགག་པ་ལ་མངོན་དུ་ཕྱོགས་འི་ཚེ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་བག་ཆགས་བཞག་པའི་ནུས་པ་དེ་ལ་ཟེར།དེ་ཡང་ཁྱད་ཆོས་ལྔ་དང་ལྡན་པ་ཞིག་སྟེ།༡་གློག་ལྟ་བུའི་མི་བརྟན་པ་མ་ཡིན་པས་རྒྱུན་ཆགས་པ།༢་དགེ་མི་དགེའི་སེམས་ཧ་ཅང་གསལ་བ་དང་མི་གསལ་པ་མེད་པས་ལུང་མ་བསྟན་ཡིན་པ།༣་མི་རྟག་པ་ཡིན་པས་བག་ཆགས་བསྒོ་བར་ནུས་པ།༤་བསྒོ་བྱེད་དང་བསྒོ་གི་སྐྱེ་འགག་དུས་གཅིག་ཏུ་བྱེད་པའི་འབྲེལ་བ་དམ་པོ་ཡོད་པ།༥་མཐའ་གཅིག་ཏུ་བག་ཆགས་བསྒོ་བའི་རྟེན་དུ་གྱུར་པ་བཅས་ཡིན།བག་ཆགས་ཀྱི་གོ་དོན་སྐོར་ལོག་གི་བ་སྡེའི་ནང་གི་བག་ཆགས་ཅེས་པའི་འགྲེལ་བཤད་ཀྱི་སྐབས་སུ་གསལ |
རྩ་བའི་རྣམ་རྟོག་ཀུན་གཞིའི་རྣམ་ཤེས་སམ་རྣམ་རྟོག་བརྒྱད་ rtsa ba'i rnam rtog kun gzhi'i rnam shes sam rnam rtog brgyad |
ཡུལ་དུ་འཛིན་པ་མཚན་མའི་རྣམ་རྟོག་རྣམ་ཤེས་དྲུག་མཚན་སྣང་བའི་རྣམ་རྟོག་།བདེ་སྡུག་ཚོར་བ་སོགས་མཚན་མ་འགྱུར་བའི་རྣམ་རྟོག་།རྣམ་ཤེས་དྲུག་གི་འགྱུར་བ་ལས་བང་བ་མཚན་མ་སྣང་བར་འགྱུར་བའི་རྣམ་རྟོག་།ཆོས་དང་ཆོས་མ་ཡིན་པ་ཐོས་པའི་རྗེས་སུ་བློ་གཞོལ་བ་གཞན་གྱིས་བསྟན་པའི་རྣམ་རྟོག་།མི་རྟག་པ་སོགས་ཚུལ་བཞིན་གྱི་རྣམ་རྟོག་།ལྟ་ངན་ལ་མངོན་པར་ཞེན་པའི་རྣམ་རྟོག་།བདག་ལྟ་སོགས་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་གོ |
No direct match. See below for "fuzzy" matches. |
No matches in the chos rnam kun btus.