Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
1. རྗེ་དུས་གསུམ་མཁྱེན་པ། (རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་1110—རབ་བྱུང་གསུམ་པའི་ཆུ་གླང་སྤྱི་ལོ་1193བར)འཁྲུངས་ཡུལ་མདོ་ཁམས་ཀྲེ་ཤོད། དགུང་ལོ་བརྒྱད་ཅུ་གྱ་བཞི་བཞུགས། 2. ཀརྨ་པཀྴི་ཆོས་ཀྱི་བླ་མ། (རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ་1204—རབ་བྱུང་ལྔ་པའི་ཆུ་ལུག་སྤྱི་ལོ་1283བར)དགུང་ལོ་དོན་དགུ་བཞུགས། 3. ཀརྨ་པ་རང་བྱུང་རྡོ་རྗེ། (རབ་བྱུང་ལྔ་པའི་ཤིང་སྤྲེལ་སྤྱི་ལོ་1284—རབ་བྱུང་དྲུག་པའི་ས་ཡོས་སྤྱི་ལོ་1339བར)དགུང་ལོ་ང་དྲུག་བཞུགས། 4. ཀརྨ་པ་རོལ་པའི་རྡོ་རྗེ། (རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ་1340—རབ་བྱུང་དྲུག་པའི་ཆུ་ཕག་སྤྱི་ལོ་1383བར)དགུང་ལོ་ཞེ་བཞི་བཞུགས།5. ཀརྨ་པ་དེ་བཞིན་གཤེགས་པ།(རབ་བྱུང་དྲུག་པའི་ཤིང་བྱི་སྤྱི་ལོ་ 1384—རབ་བྱུང་བདུན་པའི་ཤིང་ལུག་སྤྱི་ལོ་1415 བར)དགུང་ལོ་སོ་གཉིས་བཞུགས།6. ཀརྨ་པ་མཐོང་བ་དོན་ལྡན(རབ་བྱུང་བདུན་པའི་མེ་སྤྲེལ་སྤྱི་ལོ་1416—རབ་བྱུང་བརྒྱད་པའི་ཆུ་བྱ་སྤྱི་ལོ་1453བར)དགུང་ལོ་སོ་བརྒྱད་བཞུགས། 7. ཀརྨ་པ་ཆོས་གྲགས་རྒྱ་མཚོ། (རབ་བྱུང་བརྒྱད་པའི་ཤིང་ཁྱི་སྤྱི་ལོ་ 1454—རབ་བྱུང་བརྒྱད་པའི་མེ་སྟག་སྤྱི་ལོ་1506 བར)དགུང་ལོ་ང་གསུམ་བཞུགས།8. ཀརྨ་པ་མི་བསྐྱོད་རྡོ་རྗེ། (རབ་བྱུང་དགུ་པའི་མེ་ཡོས་སྤྱི་ལོ་1507—རབ་བྱུང་དགུ་པའི་ཤིང་སྟག་སྤྱི་ལོ་1554བར)དགུང་ལོ་ཞེ་བརྒྱད་བཞུགས།9. ཀརྨ་པ་དབང་ཕྱུག་རྡོ་རྗེ། (རབ་བྱུང་དགུ་པའི་མེ་འབྲུག་སྤྱི་ལོ་1556—རབ་བྱུང་བཅུ་པའི་ཆུ་ཡོས་སྤྱི་ལོ་1603བར)དགུང་ལོ་ཞེ་བརྒྱད་བཞུགས།10. ཀརྨ་པ་ཆོས་དབྱིངས་རྡོ་རྗེ། (རབ་བྱུང་བཅུ་པའི་ཤིང་འབྲུག་སྤྱི་ལོ་1604—རབ་བྱུང་བཅུ་གཅིག་པའི་ཤིང་སྟག་སྤྱི་ལོ་1674བར) དགུང་ལོ་དོན་གཅིག་བཞུགས།11. ཀརྨ་པ་ཡེ་ཤེས་རྡོ་རྗེ། (རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་སྤྱི་ལོ་1677—རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་སྤྱི་ལོ་1701 བར)དགུང་ལོ་ཉེར་ལྔ་བཞུགས།12. ཀརྨ་པ་བྱང་ཆུབ་རྡོ་རྗེ། (རབ་བྱུང་བཅུ་གཉིས་པའི་ཆུ་རྟ་སྤྱི་ལོ་1702—རབ་བྱུང་བཅུ་གཉིས་པའི་ཆུ་བྱི་སྤྱི་ལོ་1732བར) དགུང་ལོ་སོ་གཅིག་བཞུགས།13. ཀརྨ་བ་བདུད་འདུལ་རྡོ་རྗེ། (རབ་བྱུང་བཅུ་གཉིས་པའི་ཆུ་གླང་སྤྱི་ལོ་1733-) དགུང་ལོ?། 14. ཀརྨ་པ་ཐེག་མཆོག་རྡོ་རྗེ།(རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་སྤྱི་ལོ་1797——?) དགུང་ལོ ? བཅས། +
གསལ་བྱེད་ཡི་གེ་ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཞ་ཟ་ཤ་ས་རྣམས་སོ། +
འདུལ་བ་ལུགས་ཀྱི་ཉིན་མོའི་ཆ་ཤས་བཅུ་བཞི་ནི། སྐྱ་རེངས་ཤར་བ། ཉི་མ་མ་ཤར་བ། ཉི་མ་ཤར་བ། ཉི་མའི་བརྒྱད་ཆ་ཤར་བ། ཉི་མའི་བཞི་ཆ་ཤར་བ། སྔ་དྲོའི་དུས། གུང་ཚིགས་མ་ཡོལ་བ། གུང་། ཕྱི་དྲོའི་དུས། ཉི་མའི་བཞི་ཆ་ལུས་པ། ཉི་མའི་བརྒྱད་ཆ་ལུས་པ། ཉི་མ་མ་ནུབ་པ། ཉི་མ་ནུབ་པ། ནུབ་ནས་རྒྱུ་སྐར་མ་ཤར་བ་ཙམ་གྱི་དུས་རྣམས་སོ། +
མ་གྲུབ་པ་བཞི་དང༌། མ་ངེས་པ་དྲུག ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་བཞི་བཅས་སྐྱོན་བཅུ་བཞིའོ། +
གུར་ལས་དམ་ཚིག་བཅུ་བཞི་གསུངས་ཏེ། 1. དཀོན་མཆོག་མི་སྤང་། 2. དམ་ཚིག་རྟག་ཏུ་སྤྱད། 3. རྡོར་དྲིལ། 4. གཙུག་ཏོར་འཆང་དང་། 5. སྦྱིན་སྲེག་དང༌། 6. དཀྱིལ་འཁོར་བཞེངས་དང༌། 7. རབ་གནས། 8. གཏོར་མ་སྟེར། 9. སྔགས་བཟླས། 10. བརྟུལ་ཞུགས་དམ་ཚིག 11. སེམས་ཅན་བསྐྱངས། 12. སངས་རྒྱས་མཆོད་དང་། 13ཛམ་བྷ་ལར་ཆུ་སྦྱིན་དང་། 14. དགེ་ལས་ཚ་ཚ་འདེབས་པ་བཅུ་བཞིའོ། +
ཐོབ་པ། མ་ཐོབ་པ། སྐལ་མཉམ། འདུ་ཤེས་མེད་པ། འདུ་ཤེས་མེད་པའི་སྙོམས་འཇུག འགོག་པའི་སྙོམས་འཇུག སྲོག་གི་དབང་པོ། སྐྱེ་པ། གནས་པ། རྒ་བ། མི་རྟག་པ། མིང་གི་ཚོགས། ཚིག་གི་ཚོགས། ཡི་གེའི་ཚོགས་རྣམས་སོ། +
ལ་དོན་ཡི་གེ་བདུན་གྱི་ནང་ནས་ན་ཡི་ཚིག་ཕྲད་འཇུག་ཡུལ་བཅུ་བཞི་ནི། 1. དམིགས་ཀྱིས་འབྱེད་པ། 2. རྒྱུ་མཚན་བསྟན་པ། 3. རྒྱུ་མཚན་དོན་གྱིས་བསྟན་པ། 4. ལས་སུ་བྱ་བ། 5. དགོས་ཆེད། 6. བརྟེན་གནས། 7. ཚིག་སྔ་ཕྱིའི་དོན་འགལ་བར་སྟོན་པ། 8. སྔ་ཚིག་དོན་མི་འོས་པས་ཕྱི་ཚིག་ངེས་པར་བྱེད་པ། 9. དེ་ལས་བཟློག་པ་ཉིད། 10. འགལ་བའང་མི་འགལ་བར་སྟོན་པ། 11. སྨོན་པའི་དོན་ཅན། 12. འདྲི་བའིདོན་ཅན། 13. ཐེ་ཚོམ་གྱི་གཞི་ལ་སྦྱར་བ། 14. ཚེ་སྐབས་ལ་སྦྱར་བ་བཅས་སོ། +
ཡང་རྡོ་རྗེ་ཐེག་པ་ལས། བྱ་རྒྱུད་ལ་རྩ་ལྟུང་བཅུ་བཞི་སྟེ། གསང་བ་སྤྱི་རྒྱུ་ལས། དེ་རིང་ཕན་ཆད་ཁྱོད་རྣམས་ཀྱིས། 1. སངས་རྒྱས། 2. ཆོས་དང༌། 3. དགེ་འདུན་དང་། 4. རིག་སྔགས་གསང་སྔགས་ཚོགས་རྣམས་ལ། དད་པ་རབ་ཏུ་བརྟེན་པར་བྱ། 5. རྟག་པར་བྱམས་པ་སྤང་བ། 6. རང་གཞན་གྱི་གྲུབ་མཐའ་སྨད་པ། 7. དབང་མ་བསྐུར་བར་གསང་སྔགས་སྟོན་པ། 8. རང་ལུས་སྨད་པ། 9. དྲང་ངེས་ཀྱི་ཆོས་ལ་ཐེ་ཚོམ་ཟ་བ། 10. ཞིང་བཅུ་ལ་བྱམས་པ། 11. ཆོས་རྣམས་རང་བཞིན་གྲུབ་པར་འཛིན་པ། 12. སེམས་ཅན་གྱི་དད་པ་སུན་འབྱིན་པ། 13. དམ་རྫས་མི་ལ་བསྟན་པ། 14. ཤེས་རབ་མ་སྨོད་པ་དང༌བཅུ་བཞིའོ། +
སྔར་རྒྱ་གར་དུ་མིའི་རིམ་པ་མི་འདྲ་བ་བཞིར་ཕྱེ་བའི་ནང་ནས་རྒྱལ་རིགས་ལ་རྐང་ཐང་དང་། རྟ་པ། གླང་ཆེན། ། ཤིང་རྟ་པ་བཞི་དང་། བྲམ་ཟེའི་རིགས་ལ་ནགས་གནས་དང་། ཁྱིམ་གནས། དཀའ་ཐུབ་པ་གསུམ། རྗེ་རིགས་ལ་ཡིག་མཁན་དང༌། ཚོང་བ། སྨན་པ་གསུམ། དམངས་རིགས་ལ་ས་གཞི་རྨོ་བ་དང་། བ་ལང་སྐྱོང་བ། འཇིམ་ལས་པ། ཁྱིམ་གནས་པ་བཞི་བཅས་བསྡོམས་ན་བཅུ་བཞི། +
མི་ནུ་བཅུ་བཞི་དང་དོན་གཅིག +
ཞོ་དང༌། འོ་མ། མར་ཏེ་གསུམ། +
རྣམ་དབྱེ་མ་ཡིན་པའི་ཕྲད་རྐྱང་གཞན་དབང་ཅན་ཅིང་ཅེས་ཅེའོ་ཅེ་ན་ཅིག ཞིང་ཞེས་ཞེའོ་ཞེ་ན་ཞིག་ ཤིང་ཤེའོ་ཤེ་ན་ཤིག་བཅས་བསྡོམས་པས་བཅུ་བཞིའོ། +
སྲིད་པ་བཅུ་བཞི་དང་འདྲ་བའི་ཡིད་ཅན་ནམ་སེམས་ཅན་བཅུ་བཞིའོ། +
1. རྟག་པས་གང་ཟག་གི་བདག་དང་འཇིག་རྟེན་ཡོད་པར་ལྟ་བ(འཇིག་རྟེན་རྟག)2. མི་རྟག་པས་དེ་དང་འཇིག་རྟེན་ཡོད་པར་ལྟ་བ(འཇིག་རྟེན་མི་རྟག)། 3. རྟག་མི་རྟག་གཉིས་ཀས་དེ་ཡོད་པར་ལྟ་བ(རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟོག)། 4. གཉིས་ཀ་མ་ཡིན་པས་དེ་དང་འཇིག་རྟེན་ཡོད་པར་ལྟ་བ(རྟག་པ་མ་ཡིན་ལ་མི་རྟག་པ་ཡང་མ་ཡིན།)སྟེ་སྔོན་གྱི་མཐའ་ལ་བརྟེན་པ་བཞི་དང་། 5. མཐའ་དང་ལྡན་པས་དེ་གཉིས་ཡོད་པར་ལྟ་བ(འཇིག་རྟེན་མཐའ་ཡོད་པ)། 6. མཐའ་དང་མི་ལྡན་པས་དེ་གཉིས་ཡོད་པར་ལྟ་བ(འཇིག་རྟེན་མཐའ་ཡོད་པ་མ་ཡིན་པ)། 7. གཉིས་ཀ་ཡིན་པས་དེ་གཉིས་ཡོད་པར་ལྟ་བ། (མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད།) 8. གཉིས་ཀ་མ་ཡིན་པས་དེ་གཉིས་ཡོད་པར་ལྟ་བ(མཐའ་ཡོད་པ་ཡང་མ་ཡིན་པ་མེད་པ་ཡང་མ་ཡིན་པ)སྟེ་ཕྱི་མའི་མཐའ་ལ་བརྟེན་པ་བཞི་དང་། 9. གྲོངས་ཕན་ཆད་དུ་འབྱུང་བའི་རྫས་ཡོད་ཀྱིས་དེ་བཞིན་གཤེགས་པ་ཡོད་པར་ལྟ་བ། (དེ་བཞིན་གཤེགས་པ་ཤི་ནས་ཡོད)། 10. མི་འ་བྱུང་བས་དེ་ཡོད་པར་ལྟ་བ། (དེ་བཞིན་གཤེགས་པ་ཤི་ནས་མེད།) 11. གཉིས་ཀ་ཡིན་པས་དེ་ཡོད་པར་ལྟ་བ། (དེ་བཞིན་གཤེགས་པ་ཤི་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད)། 12. གཉིས་ཀ་མ་ཡིན་པས་དེ་ཡོད་པར་ལྟ་བ་(དེ་བཞིན་གཤེགས་པ་ཤི་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན།)སྟེ་མྱང་འདས་ལ་བརྟེན་པ་བཞི་དང་། 13. ལུས་དང་གང་ཟག་གི་མིང་གི་རྣམ་གྲངས་སུ་གྱུར་པས་སྲོག་གཉིས་རྫས་གཅིག་ཏུ་ལྟ་བ། (སྲོག་དེ་ལུས་དེ་ཡིན།) 14. དེ་གཉིས་རྫས་ཐ་དད་དུ་ལྟ་བ(སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན།)སྟེ་བཅུ་བཞི་ཡོད་པའི་ཕྱིར། +
1. ཧན་ཀའོ་ཙུའུ་ལིའུ་པང་། 2. ཧན་ཧུའི་རྟི་ལིའུ་དབྱིང་། ། 3. ཀའོ་ཙུའུ་གི་བཙུན་མོ་ལུའུ་ཧོ། 4 ཧན་ཝེན་རྟི་ལིའུ་ཧེང་། 5. ཧན་ཅིང་རྟི་ལིའུ་ཆི། 6. ཧན་ཨུ་རྡི་ལིའུ་ཁྲེང་། 7. ཧན་ཀྲའོ་རྟི་ལིའུ་ཧུ་ལིང་། 8. ཧན་ཁྲང་ཡེ་ཝང་ཧོ། 9. ཧན་ཞོན་རྟི་ལིའུ་ཞུང་། 10. ཧན་ཡོན་རྟི་ལིའུ་ཧྲོང་། 11. ཧན་ཁྲེང་ཏི་ལིའུ་ཨའོ། 12. ཧན་ཨེད་རྟི་ལིའུ་ཤིན། 13. ཧན་ཕིང་རྟི་ལིའུ་ཁའན། 14. ཧན་དབྲུའུ་ཙི་དབྱིང་བཅས་ཀྱིས་སྤྱི་ལོའི་གོང་གི་ལོ་206—སྤྱི་ལོ་23ལོ་བར་ལོ་ངོ་229ཙམ་རིང་སྲིད་དབང་བཟུང་། +
མི་ནུ་བཅུ་བཞི་དང་དོན་གཅིག +
མོས་སྤྱོད་དང་། རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་དང་། དཔེ་མེད་དང༌། ཡེ་ཤེས་ལྡན་དང༌། ཀུན་ཏུ་འོད། རྡོ་རྗེའི་ས་སྟེ་བཅུ་བཞིའོ། +
ཐོག་མར་ལོ་ཆུང་དུས་ནས་དཔེ་ཆ་སློབ་གཉེར་བྱས་ཏེ་འཛིན་གྲྭ་བགྲོད་དགོས་པ་ཡིན། འཛིན་གྲྭ་བཅུ་གསུམ་མམ་བཅུ་བཞི་ནི་སེ་ར་དགོན་པར་མཚོན་ན། 1. བསྡུས་གྲྭའི་འཛིན་གྲྭ་ལོ་གཅིག 2. གཞུང་གསར་པའི་འཛིན་གྲྭ་ལོ་གཅིག 3. གཞུང་རྙིང་བའི་འཛིན་གྲྭ་ལོ་གཅིག 4. གཞུང་གོང་མའི་འཛིན་གྲྭ་ལོ་གཅིག 5. སྐབས་གཉིས་པའི་འཛིན་གྲྭ་ལོ་གཅིག 6. སྐབས་བཞི་བའི་འཛིན་གྲྭ་ལོ་གཅིག 7. ཟུར་བཀོལ་གྱི་འཛིན་གྲྭ་ལོ་གཉིས། 8. དབུ་མ་གསར་པའི་འཛིན་གྲྭ་ལོ་གཉིས། 9. དབུ་མ་རྙིང་བའི་འཛིན་གྲྭ་ལོ་གཉིས 10. འདུལ་བ་གསར་པའི་འཛིན་གྲྭ་ལོ་གཉིས། 11. འདུལ་བ་རྙིང་བའི་འཛིན་གྲྭ་ལོ་གཉིས། 12. མཛོད་དང་པོའམ་གསར་པའི་འཛིན་གྲྭ་ལོ་གཉིས། 13. མཛོད་རྙིང་བའི་འཛིན་གྲྭ་ལོ་གཉིས། 14. དཀའ་རམས་འཛིན་གྲྭ་ལོ་གསུམ་བཅས། ཡང་འཛིན་གྲྭ་བཅོ་ལྔ་ཡིན་ན་བསྡུས་གྲྭ་ལ་འཛིན་གྲྭ་གསུམ་བྱས་ཏེ། བསྡུས་ཆུང་། བསྡུས་འབྲིང༌། བསྡུས་ཆེན་བཅས་ཕྱེ་ནས་རྣམ་འགྲེལ་འཛིན་གྲྭ་ལོགས་སུ་ཡོད་པ་གཅིག་དང་ལོགས་སུ་མེད་པར་བསྡུས་ཆེན་སྐབས་རྣམ་འགྲེལ་སློབ་སྦྱོང་བྱེད་སྲོལ་ཡང་ཡོད། དཀའ་རམས་འཛིན་གྲྭར་ལོ་གསུམ་སྡོད་རིང་གཅོ་བོར་མཛོད་ལ་སློབ་སྦྱོང་ཐོག་སྔར་བལྟས་ཟིན་པའི་དབུ་མ་ཕར་ཕྱིན་སོགས་ལ་བསྐྱར་སྦྱོང་བྱས་ནས་ལོ་གསུམ་པའི་དགེ་བཤེས་ཀྱི་མིང་ཐོག་མར་བཏགས། དེ་ནས་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཞེས་སོ་སོའི་འཛིན་གྲྭ་ནས་བཟུང་འཛིན་གྲྭ་ཡོངས་རྫོགས་ལ་དམ་བཅའ་ཉིན་འཁྱོངས་བཞི་དང་མཚན་འཁྱོངས་བཞི་བཞག དེ་ནས་ལྷ་ས་སྨོན་ལམ་ཆེན་མོར་དམ་བཅའ་ཉིན་མཚན་གཉིས་བཞག་ནས་ལྷ་རམས་ཐོན་པ། དེ་ནས་རྒྱུད་གྲྭ་སྟོད་སྨད་ལ་འགྲོ། +
སྲིད་པ་བཅུ་བཞི་དང་འདྲ་བའི་སེམས་ཅན་ནམ་ཡིད་ཅན་བཅུ་བཞིའོ། +
དུས་འཁོར་ལས་འདོད་ལྟ་རིགས་དྲུག་དང་གཟུཊ་དང་གཟུགས་མེད་ཀྱིས་ཕྱེ་བས་ལྷ་བརྒྱད། དུད་འགྲོ་ལ་སྐྱེ་གནས་ཀྱིས་ཕྱེ་བས་བཞི། མི་དང་དམྱལ་བ་སྟེ་བཅུ་བཞིའོ། +