Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ལ་ལ་དག་ན་རེ། ས་ལྷ་བརྟན་མ། བླ་མགོན། སྟོང་གསུམ་རྒྱལ་བ། ས་སྲིན་དམར་པོ། རྗེ་ཁྲ་བོ། འགོག་ཆེན་དྲུག་འབུམ། སྣང་སེལ་མཆེད་དྲུག བེ་སྣ་བརྒྱལ་བ། ཁྲི་ལ་ཁྲི་འབུམ་གྱི་གནས་རྣམས་ཡིན་ཟེར་ཏེ་བརྟག་གོ +
1. ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་དཔེར་ན་མི་རྣམས་དང་ལྷ་ཁ་ཅིག་གོ 2. ལུས་ཐ་དད་ལ་འདུ་ཤེས་གཅིག་པ་དག་དཔེར་ན་ཚངས་རིས་ཀྱི་ལྷ་དག་དང་པོ་བྱུང་བའོ། 3. ལུས་གཅིག་ལ་འདུ་ཤེས་ཐ་དད་པ་དག་དཔེར་ན་འོད་གསལ་བ་རྣམས་སོ། 4. ལུས་གཅིག་ལ་འདུ་ཤེས་གཅིག་པ་དག་དཔེར་ན་དགེ་རྒྱས་གྱི་ལྷ་རྣམས་སོ། 5. འདུ་ཤེས་མེད་པའི་སེམས་ཅན། 6. ནམ་མཁའ་མཐའ་ཡས་སྐྱེ་མཆེད། 7. རྣམ་ཤེས་མཐའ་ཡས་སྐྱེ་མཆེད། 8. ཅི་ཡང་མེད་པའི་སྐྱེ་མཆེད། 9. འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སེམས་རྣམས་སོ། +
ནང་དུ་འཇོག་པ། རྒྱུན་དུ་འཇོག་པ། གླན་ཏེ་འཇོག་པ། ཉེ་བར་འཇོག་པ། དུལ་བར་འཇོག་པ། ཞི་བར་བྱེད་པ། རྣམ་པར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་འཇོག་པའི་སེམས་སོ། +
1. འོ་དེ་གུང་རྒྱལ་ལ་བུ་བརྒྱད་བྱུང་སྟེ། 2. ཡར་ལྷ་ཤམ་པོ། 3. གཉན་ཆེན་ཐང་ལྷ། 4. རྨ་ཆེན་སྦོམ་ར། 5. སྒྲོགས་ཆེན་ལྡོད་ར། 6. སྒམ་པོ་ལྷ་རྗེ། 7. ཞོགས་ལྷ་རྒྱུག་པོ། 8. ཇོ་བོ་གཡུལ་རྒྱལ། 9. ཤེའུ་ཁ་རག་རྣམས་སོ། འདི་དག་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སྟེ་བོད་ཀྱི་སྟོད་སྨད་བར་གསུམ་ལ་གནས་པའོ། +
1. མདོའི་སྡེ། 2. དབྱངས་ཀྱིས་བསྙད་པའི་སྡེ། 3. ལུང་དུ་བསྟན་པའི་སྡེ། 4. ཚིགས་སུ་བཅད་པའི་སྡེ། 5. ཆེད་དུ་བརྗོད་པའི་སྡེ། 6. ཤིན་ཏུ་རྒྱས་པའི་སྡེ། 7. རྨད་དུ་བྱུང་བའི་སྡེ 8. གཏན་ལ་ཕབ་པའི་སྡེ་བརྒྱད་དང་། 9. གླེང་གཞི་དང་རྟོགས་བརྗོད་དེ་ལྟ་བུ་བྱུང་བ་སྐྱེས་རབས་དང་བཞི་གཅིག་ཏུ་བསྡུས་ནས་རྒྱལ་བའི་གསུང་རབ་ཡན་ལག་དགུ +
1. ཚེས་གཅིག་དང་། 2. ཚེས་བརྒྱད་དང༌། 3. བཅུ་བཞི་དང༌། 4. བཅོ་ལྔ་དང་། 5.བཅོ་བརྒྱད་དང༌། 6. ཉེར་གསུམ་དང་། 7. ཉེར་བཞི་དང༌། 8. ཉེར་བརྒྱད་དང་། 9. གནམ་སྟོང་ངོ་། +
བསམ་གཏན་དང་པོའི་ཉེར་བསྔོགས་མི་ལྕོཊ་མེད། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་པ། དེ་ཁྱད་པར་ཅན། བསམ་གཏན་གཉིས་པའི་ཉེར་བསྔོགས་དང་དངོས་གཞི་གཉིས། བསམ་གཏན་གསུམ་པའི་ཉེར་བསྔོགས་དང་དངོས་གཞི་གཉིས། བསམ་གཏན་བཞི་བའི་ཉེར་བསྔོགས་དང་དངོས་གཞི་གཉིས་རྣམས་སོ། +
མཚུར་ཕུའི་ལྷ་ཁང་ཆེན་མོའི་ནང་དུ་བཞུཊ་པའི་ཐུབ་པ་ཆེན་པོ་གཅོ་འཁོར་དགུ་སྟེ། དབུས་སུ་ཐུབ་པ་ཆེན་པོ། གཡས་གཡོན་དུ་བྱམས་པ། འཇམ་དབྱངས། སྤྱན་རས་གཟིགས། རྒྱལ་བ་རིགས་ལྔ་བཅས་ཡོད་པ་སྟེ། 1. རྣམ་པར་སྣང་མཛད། 2. རིན་ཆེན་འབྱུང་གནས། 3. འོད་དཔག་མེད། 4. དོན་ཡོད་གྲུབ་པ། 5. མི་སྐྱོད་པ། +
ཉ། རུས་སྦལ། ཕག་རྒོད། མིའི་སེང་གེ མིའུ་ཐུང༌། དགའ་བྱེད་རཱམཎ། ནག་པོ། ཤཱཀྱ་ཐུབ་པ། རིགས་ལྡན། ཀཱིརྟི་ཙི་རྣམས་སོ། དེ་ལ་འཇུག་པ་དང་པོ་ནི། སྔོན་རིག་བྱེད་བཞི་རྒྱ་མཚོའི་ནང་དུ་ནུབ་པ་ཁྱབ་འཇུག་གིས་ཉ་རུ་སྤྲུལ་ཏེ་བཏོན་པ་དང་། གཉིས་པ་ནི། རུས་སྦལ་གྱི་གཟུགས་ཀྱིས་འཇིག་རྟེན་བཏེགས་ནས་རྒྱུན་དུ་གནས་པ་དང༌། གསུམ་པ་ནི། ཕག་རྒོད་ཀྱི་གཟུགས་ཀྱིས་ཚངས་པའི་འཇིག་རྟེན་མན་ཆད་མནན་པ་དང་། བཞི་བ་ནི། སྨད་མི་ལ་སྟོད་སེང་གེའི་གཟུགས་ཀྱིས་ལྷ་མིན་གྱི་དབང་པོ་འགྲོ་སྐྱོབ་གསེང་ཅན་ལྟོ་དྲལ་ནས་བསད་པ་དང༌། ལྔ་བ་ནི། མིའུ་ཐུང་དུ་སྤྲུལ་ནས་ལྷ་མིན་སྟོབས་ལྡན་གོམ་པ་གསུམ་གྱིས་ས་བསླང་ཞེས་བསླུས་པ་དང་། དྲུག་པ་ནི། ཛ་མཱད་ཨགྣའི་བུ་དགྲ་སྟ་ར་མར་སྤྲུལ་ཏེ་རྒྱལ་རིགས་སྲིད་སྒྲུབ་ལ་སོགས་པ་བསད་ནས་རྒྱལ་སྲིད་མེད་པར་བྱས་པ་དང་། བདུན་པ་ནི། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་ར་མ་ཎར་སྤྲུལ་ནས་རང་གི་ཆུང་མ་སྲིན་པོ་ལིངྐ་མགྲིན་བཅུས་ཕྲོགས་པས་སྤྲེའུ་ཧ་ལུ་མཉྫ་ལ་གྲོགས་བཅོལ་ཏེ་སྲིན་པོ་བཏུལ་པ་དང༌། བརྒྱད་པ་ནི། ནག་པོ་རྩོད་པའི་དུས་སུ་སེམས་ཅན་གྱི་དོན་བྱས་པ་དང༌། དགུ་བ་ནི། སངས་རྒྱས་ཤཱཀྱ་ཐུབ་ཏུ་སྤྲུལ་ནས་སྔོན་རྒྱལ་རིགས་བསད་པའི་སྡིག་པ་སྦྱངས་པ་དང་། བཅུ་པ་ནི། རིགས་ལྡན་བྲམ་ཟེའི་བུ་ཀཱརྟི་ཙི་ཞེས་བྱ་བ་མ་འོངས་པ་ན་འབྱུང་བས་སེམས་ཅན་མང་པོ་བཏུལ་བའི་མཐར་དུས་ལྡོག་པ་རྟོགས་པར་འགྱུར་བའོ། +
ས་སྐྱ་པཎ་ཆེན་དང་བླ་མ་འཕགས་པ་འདི་གཉིས་རབ་བྱུང་ཡིན་པས་དམར་པོ་རྣམ་གཉིས་ཟེར། +
གསང་སྔཊ་ཀྱི་གཞུང་ལས་བཤད་པའི་སྒོ་སྲུང་ཁྲོ་བོ་བཅུ་སྟེ། 1. གཤིན་རྗེ་གཤེད། 2. གཞན་གྱིས་མི་ཐུབ་པ། 3.རྟ་མགྲིན། 4. བདུད་རྩི་འཁྱིལ་བ། 5. མི་གཡོ་བ། 6. འདོད་པའི་རྒྱལ་པོ། 7.དབྱུག་སྔོན་ཅན། 8. སྟོབས་པོ་ཆེ། 9. གཙུག་ཏོར་འཁོར་ལོས་བསྒྱུར་བ། 10. གནོད་མཛེས་རྒྱལ་པོ་སྟེ། ཕྱོགས་བཞི། མཚམས་བཞི། སྟེང་འོག་གཉིས་དང་བཅས་པའི་གནོད་འཚེ་སྲུང་བའི་ཁྲོ་བོ་བཅུ་ཡོད། +
གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་དང་། སྟག་ལྤགས་ཤམ་ཐབས་དུར་ཁྲོད་གོས་གསུམ་དབང་། ཞག་གི་ཟོ་རིས་དུར་ཁྲོད་བྱུག་རྒྱན་གསུམ། ཐོད་པའི་ཕྲེང་བ་སྦྲུལ་ཤུན་མེ་རིས་དབང་། རལ་པའི་ལྕང་ལོ་ཁྲོ་ཆས་བཅུའི་དབང་ཞེས་སོ། +
1. རྒྱ་སྤོས་སྲང་དོ། 2. སྤང་སྤོས་སྲང་དོ། 3. བྲག་སྤོས་སྲང་དོ། 4. ཨ་རུ་ར་སྲང་གང་། 5. ཤུག་ཚེར་སྲང་གང་། 6. ལྕ་བ་སྲང་དོ། 7. ཏང་ཀུན་སྲང་དོ། 8. ད་ལི་སྲང་དོ། 9. ཤུ་དག་ནག་པོ་སྲང་དོ། 10. རུ་རྟ་སྲང་དོ། +
1. བུ་དང་པོ་བསྟན་འཛིན་རྡོ་རྗེ (བསྟན་འཛིན་དཱ་ཡན)། 2. བུ་གཉིས་པ་ཨ་ཙརྱ་ཆེ་ཆེན་ཧོང་ཐའི་ཇི། 3. གསུམ་པ་ཨ་ཡོ་ཤྲིཏཱ་ལའི་ཨོ་ཀ་ཤྲི། 4. བཞི་བ་ཏཱ་ཡེན་ཐའི་ཇི། 5. ལྔ་པ་ཚེ་རིང་ཨལ་ཏི་ཆི། 6. དྲུག་པ་རྡོ་རྗེ་ཏཱ་ལའི་ཧོང་ཐའི་ཇི། 7. བདུན་པ་ཧོ་རིམ་ཤྲིཨེར་སྟེ་ནི་དའི་ཆིང་། 8. བརྒྱད་པ་མགོན་པོ་ཚེ་དབང་། 9. དགུ་པ་སརྒྷརྒྱལ་ལམ་སདྒ་ཚ། 10. བཅུ་པ་ཨ་ཁུ་བཀྲ་ཤིས་པཱ་ཐུར་བཅས་སོ། +
མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་སོ། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། ངག་འཁྱལ། ཚིག་རྩུབ། རྫུན། ཕྲ་མ་དང་བརྣབ་སེམས། གནོད་སེམས་ལོག་ལྟ་བཅས་མི་བྱེད་པའོ། +
རྩ་ལྟུང་བཞི། ཆང་འཐུང་བ། གར་སོགས། ཕྲེང་སོགས། མལ་སྟན་ཆེ་མཐོ། དུས་མ་ཡིན་པའི་ཁ་ཟས་ཟ་བ། གསེར་དངུལ་ལེན་པ་རྣམས་སོ། +
དགེ་ཚུལ་གྱི་སྤང་བྱ་ཡན་ལག་བཅུའོ། +
གླང་པོ་ཆེའི་ལུས་སྐར་ཁུང་ནས་ཐོན་ཀྱང་འཇུག་མ་དེ་ལ་ཐོགས་པ་རྨིས་པ་ནི་དང་པོའོ། གླང་པོ་ཆེ་ཕལ་བས་སྤོས་ཀྱི་གླང་པོ་ཆེ་སྐྲོད་པ་ནི་གཉིས་པའོ། མི་གཙང་བས་གོས་པའི་སྤྲེའུས་སྤྲེའུ་གཞན་ལ་མི་གཙང་བ་བསྐུས་པ་ནི་གསུམ་པའོ། སྤྲེའུ་གཅིག་གིས་སྤྲེའུའི་ཚོགས་ལ་དབང་བསྐུར་བ་ནི་བཞི་བའོ། ཙན་དན་སྦྲུལ་གྱི་སྙིང་བོ་དང་ཤིང་ཕལ་བ་མགོ་སྙོམ་པ་ནི་ལྔ་པའོ། ། ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བ་ནི་དྲུག་པའོ། གཙུག་ལག་ཁང་གི་ཉེ་འཁོར་ན་ཡོད་པའི་མེ་ཏོག་དང་འབྲས་བུ་རྐུན་པོས་ཁྱེར་བ་ནི་བདུན་པའོ། ། གཙང་ཞིང་ཡིད་དུ་འོང་བའི་ཁྲོན་པས་སྐོམ་པའི་མིའི་རྗེས་སུ་བསྙེགས་ཀྱང་མི་འཐུང་བ་ནི་བརྒྱད་པའོ། སྐྱེ་བོ་མང་བོ་སྡེ་རིས་སུ་བཅད་ནས་རྩོད་པ་ནི་དགུ་པའོ། རས་ཡུག་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པས་ཐམས་ཅད་ལ་ཚང་མ་རེ་ཐོབ་ཅིང་། རྩ་བའི་རས་ཡུག་མ་ཉམས་པ་ནི་བཅུ་བའོ། དེ་སངས་རྒྱས་འོད་སྲུང་ལ་ཞུས་པས་རྒྱལ་པོ་ལ་སྐྱོན་མེད། མ་འོང་པ་ལ་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་ཀྱི་སྤྱོད་ཚུལ་ངན་པ་སྣ་ཚོགས་འབྱུང་བའི་ལྟས་ཡིན། དེ་ཡང་རྨི་ལྟས་དང་པོ་ནི། ཤཱཀྱ་ཐུབ་པའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཡང་གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་སྤོང་མི་ནུས་པའི་སྔ་ལྟས་སོ། གཉིས་པ་ནི། ཚུལ་ཁྲིམས་འཆལ་བའི་དགེ་སློང་གིས་ཚུལ་ཁྲིམས་རྣམ་པར་དག་པའི་དགེ་སློང་གནས་ནས་སྐྲོད་པའི་སྔ་ལྟས་སོ། གསུམ་པ་ནི། ཚུལ་ཁྲིམས་འཆལ་བས་ཚུལ་ཁྲིམས་དང་ལྡན་པ་ལ་ཉེས་པ་གླེང་བའི་སྔ་ལྟས་སོ། བཞི་བ་ནི། མཁན་སློབ་ཀྱི་མཚན་ཉིད་དང་མི་ལྡན་པས་གཞན་གྱི་མཁན་སློབ་བྱེད་པར་འགྱུར་བའི་སྔ་ལྟས་སོ། ལྔ་བ་ནི། སངས་རྒྱས་ཀྱི་བཀའ་དང་མུ་སྟེགས་ཅན་གྱི་གཞུང་མགོ་སྙོམ་པའི་སྔ་ལྟས་སོ། དྲུག་པ་ནི། ཟང་ཟིང་གི་ཆེད་དུ་ཆོས་སྟོན་པའི་སྔ་ལྟས་སོ། བདུན་པ་ནི། དགེ་འདུན་གྱི་ཡོ་བྱད་ཀྱིས་ཁྱིམ་པ་གསོ་བའི་སྔ་ལྟས་སོ། བརྒྱད་པ་ནི། ཆོས་ཀྱི་ཚིག་དོན་གྱིས་ཕོངས་པའི་གང་ཐག་ལ་ཆོས་བསྟན་ཀྱང་དོན་དུ་མི་གཉེར་བའི་སྔ་ལྟས་སོ། དགུ་པ་ནི། རབ་ཏུ་བྱུང་བ་རྣམས་གྲུབ་མཐའི་དབང་གིས་སྡེ་རིས་སུ་བཅད་ནས་ཆགས་སྡང་འབྱུང་བའི་སྔ་ལྟས་སོ། བཅུ་བ་ནི། ཤཱཀྱ་ཐུབ་པའི་བསྟན་པ་ལ་སྡེ་བ་བཅོ་བརྒྱད་འབྱུང་ཞིང་། ཐམས་ཅད་ཀྱིས་རང་རང་གི་ལྟ་སྤྱོད་དང་མཐུན་པར་ཉམས་སུ་བླངས་ན་བྱང་ཆུབ་སྒྲུབ་ནུས་ལ། རྩ་བའི་བྱང་ཆུབ་སྒྲུབ་པའི་ལམ་ཡང་མ་ཉམས་པར་ཡོད་པའི་སྔ་ལྟས་སོ། ཞེས་གསུངས། +
རྒྱལ་བོ་མདོ་ལྔའི་སྟེང་དུ་དཔག་ཏུ་མེད་པ་ཚེ་རིང་མདོ། གོས་སྔོན་ཅན་ནི་གཟུངས་ཀྱི་མདོ། གཙུག་ཏོར་གདུགས་དཀར་ཟློག་པའི་མདོ། ནོར་རྒྱུན་མ་ནི་ནོར་གྱི་མདོ། ཡི་གེ་གཅིག་མ་སྙིང་བོའི་མདོ་རྣམས་སོ། +
ལྟ་སྤྱོད་དབང་དང་དམ་ཚིག་དཀྱིལ་འཁོར་དང་། འཕྲིན་ལས་རྒྱུད་དང་ཏིང་འཇིན་མཆོད་སྔགས་སོ། འདི་ལ་རང་བཞིན་བཅུ་ཡང་ཟེར། +