Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "བཞད་གད།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/5108  + (བདེན་པ་གཉིས་རྣམ་པར་འབྱེད་པའི་འགྲེལ་པ་ནི། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད། ཡེ་ཤེས་སྡེའི་འགྱུར།)
  • Dictionaries/sgom sde tshig mdzod chenmo/8366  + (བདེན་པ་བཞི་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/5109  + (བདེན་པ་བཤད་པ། བདེན་ཚིག་བརྗོད་པ། བདེན་པའི་ཚིག་བཤད་པ། སྒྲ་བཤད་ནི། བདེན་པ་ནི་མི་སླུ་བ་བདར་བ་ནི་བཤད་པའི་དོན་དུ་བཤད།)
  • Dictionaries/sgom sde tshig mdzod chenmo/6610  + (བདེན་པ། ཡང་དག་པ། བདེན་པའི་ཞེ་ས་ཡིན་པར། སྐྱབདེན་པ། ཡང་དག་པ། བདེན་པའི་ཞེ་ས་ཡིན་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་གསུངས། དཔེར་ན་ཐུགས་མད་པ་ཞེས་པ་ལྟ་བུ། རྗེའི་ལམ་རིམ་ཆེན་མོ་ལས། གསུང་སྒྲོས་ཀྱིས་བརྒྱན་ཏེ་མཐའ་དག་པར་འཆད་ཅིང༌། ཆོས་འཆད་ཤེས་པ་ཞིག་གིས་ཉན་ཤེས་པ་ཞིག་ལ་བཤད་པ་ན། ཆོས་གྲྭའི་བློའི་འཁུལ་འདྲ་བ་ལྐོག་ཏུ་བསམས་པ་ལ་འོང་དཀའ་གསུང་བ་ནི་ཤིན་ཏུ་ལེགས་ཤིང་མད་པས། ཞེས་གསུངས་པ་ལྟར་རོ། །ན་ཏུ་ལེགས་ཤིང་མད་པས། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/1989  + (བདེན་བརྫུན་མ་གཉིས།)
  • Dictionaries/sgom sde tshig mdzod chenmo/4936  + (བདེན་འཛིན་ལྟ་བུ་ལ་སྦྱར་ན་བདེན་གྲུབ་ཀྱི་སྣང་བའམ་བདེན་སྣང་ཕྱི་མ་སྐྱེད་བྱེད་ལ་བག་ཆགས་དང༌། བདེན་འཛིན་ཕྱི་མ་སྐྱེད་བྱེད་ལ་དེའི་ས་བོན་ཞེས་བྱའོ། །གཞན་ཡང༌། ས་བོན་ནི་ལྕགས་སྒམ་ནང་གི་ག་པུར་དང༌། བག་ཆགས་ནི་དེའི་ཤུལ་དུ་ལུས་པའི་དྲི་མ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/11479  + (བདེན་འཛིན་ལྟ་བུ་ལ་སྦྱར་ན། བདེན་འཛིན་ཕྱི་མ་བདེན་འཛིན་ལྟ་བུ་ལ་སྦྱར་ན། བདེན་འཛིན་ཕྱི་མ་སྐྱེད་བྱེད་ལ་ས་བོན་དང་དེའི་སྣང་བ་ཕྱི་མ་སྐྱེད་བྱེད་ལ་བག་ཆགས་ཟེར། བག་ཆགས། བག་ལ་ཉལ་བ། བག་ལ་ཞ་བ་རྣམས་མིང་གི་རྣམ་གྲངས་ཡིན། ཡང་ན་སྒམ་ནང་གི་ག་པུར་ལྟ་བུ་ས་བོན་དང༌། ག་པུར་དངོས་སུ་མེད་ཀྱང་དེའི་ཤུལ་དུ་ཆགས་པའི་དྲི་ནི་བག་ཆགས་དང་འདྲ་བ་ཡིན་ནོ། །ུ་ཆགས་པའི་དྲི་ནི་བག་ཆགས་དང་འདྲ་བ་ཡིན་ནོ། །)
  • Dictionaries/sgom sde tshig mdzod chenmo/9196  + (བདེན་འཛིན། དགག་བྱ་རང་བཞིན་གྱིས་ཡོད་པ།)
  • Dictionaries/sgom sde tshig mdzod chenmo/3322  + (བདེན་འཛིན། སྒྲ་བཤད་ནི། དངོས་པོ་བདེན་གྲུབ་ཏུ་འཛིན་པའི་བློ་ཡིན་པས་དེ་ལྟར་བརྗོད།)
  • Dictionaries/sgom sde tshig mdzod chenmo/5069  + (བདེར་གཤེགས་ཡང་འཐད། བདེ་བར་གཤེགས་པའི་བསྡུས་ཚིག བདེ་བར་གཤེགས་པ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/5123  + (བནྡེ་ཤེད་སྐྱེད་ཀྱི་ལུང་དང་དོན་གཅིག བནྡེ་ཤེད་སྐྱེད་ཀྱི་ལུང་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/5564  + (བནྡེ་ཤེད་སྐྱེད་ཀྱི་ལུང་དང་འདྲ། དེའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/12729  + (བབ་ཆགས་སམ་མཛེས་པོའི་སྤྱོད་ཚུལ། དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༤༨ལས། ཕྱིར་ཡོང་བའི་བྱང་ཐང་དུ་སྡོད་སྐབས་ཁོང་གིས་དེ་བཞིན་ཡིན་ཀྱང་ད་ཆ་ལབ་ན་མཐོ་བསྙེགས་སུ་འགྲོ་བས་སྤམ་མེ་བསྡད་ན་འགབ་གསུངས་སྐད།)
  • Dictionaries/sgom sde tshig mdzod chenmo/5126  + (བབ་བབ་ཏུ་དང་དོན་འདྲ། དེར་གཟིགས།)
  • Dictionaries/sgom sde tshig mdzod chenmo/5130  + (བམ་པོ་ནི་བཀའ་བསྟན་གྱི་འགོ་ལ་འབྱུང་ཞིང་དང་པོ་ནས་གྲངས་བརྩི་བས། བམ་པོ་ཁ་ཐུར་བལྟ་ཞེས་བྱ་སྟེ། དཔེར་ན་རྒྱ་གར་སྐད་དུ། བི་ན་ཡ་བསྟུ། བོད་སྐད་དུ། འདུལ་བ་གཞི། བམ་པོ་དང་པོ། ཞེས་བརྗོད་པ་བཞིན་ནོ། །ལེའུ་ནི་སྔར་གྱི་སོང་ཟིན་པ་བརྩི་བས། ལེའུ་ཁ་གྱེན་བལྟ་ཞེས་ཐ་སྙད་བྱེད་དོ། །)
  • Dictionaries/sgom sde tshig mdzod chenmo/5133  + (བཙན་ཐབས་ཀྱི་སྒོ་ནས་མྱུར་དུ་འཚང་རྒྱ་བའི་གསངབཙན་ཐབས་ཀྱི་སྒོ་ནས་མྱུར་དུ་འཚང་རྒྱ་བའི་གསང་སྔགས་སྤྱོད་པའི་ལུས་རྟེན་ཁྱད་པར་ཙན་འཐོབ་པར་བྱེད་པ་ལ་ཟེར། འཚང་རྒྱ་ཞེས་པ་འཕོ་བའི་ནུས་པས་སྐད་ཅིག་དེ་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་ལ་བཀྲི་ནུས་པར་སྟོན་པ་མིན་གྱི། མྱུར་དུ་འཚང་རྒྱ་བའི་རྟེན་གསང་སྔགས་སྤྱོད་པའི་ལུས་རྟེན་ཁྱད་པར་ཅན་འཐོབ་པར་སྟོན་པ་ཡིན་ནོ། །དངུལ་ཆུའི་གསུང་ལ་གཞི་བྱས་ཏེ་བཀོད།ཡིན་ནོ། །དངུལ་ཆུའི་གསུང་ལ་གཞི་བྱས་ཏེ་བཀོད།)
  • Dictionaries/sgom sde tshig mdzod chenmo/5132  + (བཙན་པོ། རྒྱལ་པོ།)
  • Dictionaries/sgom sde tshig mdzod chenmo/4988  + (བཙིར་བའམ་སྤུངས་པའི་དོན་དུ་བཤད།)
  • Dictionaries/sgom sde tshig mdzod chenmo/11504  + (བཙུན་མོའི་མིང༌།)
  • Dictionaries/sgom sde tshig mdzod chenmo/168  + (བཙོང་།)
  • Dictionaries/sgom sde tshig mdzod chenmo/7721  + (བཙོང་བར་བྱ་བའི་དངོས་པོ།)
  • Dictionaries/sgom sde tshig mdzod chenmo/7720  + (བཙོང་བྱའི་རྫས་སུ་བྱེད་པ།)
  • Dictionaries/sgom sde tshig mdzod chenmo/5146  + (བཙོས་པ་གྲང་དུ་བཅུག་པའི་དོན་དུ་རྒྱལ་མཆོག་བདུན་པ་གསུང་ཞེས་འབྱུང་ངོ་། །)
  • Dictionaries/sgom sde tshig mdzod chenmo/4552  + (བཙོས་མ། ཤ་དང་ཉུང་མ་སོགས་བཙོས་པའི་རིགས་ལ་ཟེབཙོས་མ། ཤ་དང་ཉུང་མ་སོགས་བཙོས་པའི་རིགས་ལ་ཟེར། རྗེའི་ལམ་རིམ་ཆེན་མོ་ལས། བྱང་པའི་བྱིས་པ་ནི་བྱང་ན་རྩམ་པ་དཀོན་པས་ཉུང་མ་ཉི་ཚེ་ཟ་བས་བྱིས་པ་ཞིག་བཀྲེས་ཏེ་རྩམ་པ་ཟ་འདོད་ནས། མ་ལ་ཟས་བསླངས་པ་ལ་མ་ལ་རྩམ་པ་མེད་པས་ཉུང་གཤེར་ཞིག་བྱིན་པས་དེ་མི་འདོད་ཟེར། དེ་ནས་ཉུང་མ་སྐམ་པོ་ཞིག་བྱིན་པས་མི་འདོད་ཟེར། དེ་ནས་ཉུང་མ་ཕོ་ཤ་ཞིག་བྱིན་པ་ལ་ཡང་ང་མི་འདོད་ཟེར། དེ་ནས་ཉུང་མ་བཙོས་འཁེངས་ཞིག་བྱིན་པས་དེ་ཡང་ང་མི་འདོད་ཟེར་ཞིང་ཁོ་མ་མགུ་ནས་དེ་ཡོ་ཉུང་མ་ཡིན་ཟེར་ལོ། །ཞེས་པ་ལྟར་རོ། །ས་དེ་ཡོ་ཉུང་མ་ཡིན་ཟེར་ལོ། །ཞེས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/1001  + (བཞད་གད་དུ། རྗེའི་གསུང་ལྟར་བཀོད། དབུ་མ་ལ་འཇུག་པ་ལས། རང་ཁྱིམ་རྩིག་ཕུགས་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པ་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/1389  + (བཞའ་ཚན། བཞའ་རླན།)
  • Dictionaries/sgom sde tshig mdzod chenmo/5158  + (བཞི་པ་ནི་སད་རྨི་གཉིད་མཐུག་གསུམ་གྱི་བཞི་པ་ཡབཞི་པ་ནི་སད་རྨི་གཉིད་མཐུག་གསུམ་གྱི་བཞི་པ་ཡིན་པས། ཁམས་ནོར་བུའི་རྩེ་ནས་འབབ་པའི་ཚེ་ལྷན་སྐྱེས་ཀྱི་བདེ་བ་དེ་ལ་བཞི་པའི་གནས་སྐབས་ཟེར། ལུས་ཀྱི་སྟོད་རླུང་རགས་པ་ཐམས་ཅད་ལྟེ་བར་གནས་ཚེ་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ། སྙིང་གར་གནས་ཚེ་གཉིད་མཐུག་གི་ཐིག་ལེ། མགྲིན་པར་གནས་ཚེ་རྨི་ལམ་གྱི་ཐིག་ལེ། དཔྲལ་བར་གནས་ཚེ་སད་པའི་ཐིག་ལེ། སྨད་རླུང་རགས་པ་རྣམས་ལྟེ་བར་གནས་ཚེ་སད་པའི་ཐིག་ལེ། གསང་གནས་ཀྱི་རྩ་བར་སླེབས་པའི་ཚེ་རྨི་ལམ་གྱི་ཐིག་ལེ། ནོར་བུའི་དབུས་སུ་སླེབས་ཚེ་གཉིད་མཐུག་གི་ཐིག་ལེ། ལུས་ཀྱི་རླུང་དང་ཁམས་མཉམ་དུ་གསང་གནས་ཀྱི་ནོར་བུའི་རྩེར་སླེབས་པ་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་ཡོད་གསུངས་སོ། །གནས་སྐབས་བསྐྱེད་པའི་ཐིག་ལེ་ཡོད་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/3141  + (བཞིན་དང་བར་འགྱུར་བའི་ཕྱིར་དགའ་བ། ཡིད་དང་བར་འགྱུར་བ་ནི་མགུ་བའོ། །ངག་གམ་སྐད་དང་བར་འགྱུར་བར་བྱེད་པའི་ཕྱིར་རངས་པའོ། །ཞེས་འབྱུང་བ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/5703  + (བཞིན་ཕྱེད་འགེབས་པ། ནུ་མ་མཁྲང་ཞིང་འབུར་བ་སྟབཞིན་ཕྱེད་འགེབས་པ། ནུ་མ་མཁྲང་ཞིང་འབུར་བ་སྟོན་པ། ཅུང་ཟད་འཛུམ་པས་སོའི་ཕྲེང་བ་སྟོན་པ། ལག་པ་བརྐྱང་སྟེ་བྱ་སྨྱང་བྱེད་ཅིང་མཆན་ཁུང་སྟོན་པ། བིམ་པ་ལྟར་དམར་བའི་མཆུ་སྟོན་པ། མིག་ཕྱེད་བཙུམ་སྟེ་ལྟ་ཞིང་བལྟས་ནས་མྱུར་བ་མྱུར་བར་འཛུམ་པ་དང༌། ནུ་མ་ཕྱེད་གཡོགས་ཏེ་སྟོན་པ། གོས་སྙིལ་བར་བྱས་ཏེ་གསེར་གྱི་ཕག་སྐ་ (བུད་མེད་ཀྱི་སྐ་རགས་ཤིག་གི་མིང) དང་བཅས་པའི་རྐེད་པ་སྟོན་པ། གོས་དཱུ་ཀུ་ལ་སྲབ་མོ་གྱོན་ཏེ་གསེར་གྱི་ཕག་སྐ་དང་བཅས་པའི་རྐེད་པ་སྟོན་པ། རྐང་པ་གདུབ་སྒྲ་སིལ་སིལ་འབྱིན་པ། ནུ་མའི་བར་ནས་ཕྲེང་བ་གཅིག་ཉེ་བར་སྟོན་པ། མགོ་དང་ཕྲག་པ་དག་ལ་བྱ་འདབ་སྦེད་དང༌། ནེ་ཙོ་དང༌། རི་སྐེགས་འདུག་པ་ཉེ་བར་སྟོན་པ། མིག་ཟུར་གྱིས་ལྟ་བ། གོས་ལེགས་པར་བགོས་ཀྱང་བགོ་མ་ལེགས་པ་ལྟ་བུར་བཅོས་པ། རྐེད་པ་དང༌། གསེར་གྱི་ཕག་སྐ་བསྐྱོད་པ་དང༌། འཁྲུལ་བ་ལྟར་འཆོས་ཤིང་སྒེག་སྟེ་ཕན་ཚུན་འཆག་པ་དང༌། གར་བྱེད་པ་དང༌། གླུ་ལེན་པ་དང༌། བསྒེགས་ཤིང་འཁྲུལ་བ་ལྟར་འཆོས་ཤིང་སྒེག་སྟེ་ཕན་ཚུན་འཆག་པ་དང༌། གར་བྱེད་པ་དང༌། གླུ་ལེན་པ་དང༌། བསྒེགས་ཤིང་ངོ་ཚ་བ་ལྟར་ཡང་འཆོས་པ་དང༌། ཆུ་ཤིང་རླུང་གིས་བསྐྱོད་པ་ལྟར་བརླ་སྒུལ་བ་དང༌། བརྗིད་པའི་སྒྲ་འབྱིན་པ། སེང་རས་བགོས་ཏེ་གསེར་གྱི་ཕག་སྐ་དྲིལ་བུ་བཅིངས་ནས་དགོད་ཅིང་འཆག་པ་དང༌། གོས་དང་རྒྱན་རྣམས་ས་ལ་འདོར་ཞིང་ངོ་ཚ་བ་ལྟར་སླར་ཡང་ལེན་པ། གསང་བ་དང༌། གསལ་བའི་རྒྱན་ཐམས་ཅད་ཉེ་བར་སྟོན་པ། ལག་པ་སྤོས་ཀྱིས་བསྐུས་པར་སྟོན་པ། མཁུར་བ་བསྐུས་ཤིང་རྣ་ཆ་ཡང་སྟོན་པ། མགོའང་གཡོགས་ཤིང་བཞིན་ཡང་གཡོགས་ལ་སྐད་ཅིག་ཙམ་གྱིས་སྟོན་པ། རྒོད་རྒོད་པ། དགའ་དགའ་བ། རྩེ་རྩེ་བ་ཕན་ཚུན་དྲན་པར་བྱེད་ཅིང་ཡང་ངོ་ཚ་བ་ལྟར་འདུག་པ། གཞོན་ནུའི་གཟུགས་དང༌། བུ་མ་བཙས་པའི་གཟུགས་དང༌། ན་ཆུང་ཚད་ལ་བབས་པའི་གཟུགས་སྟོན་པ་དང་སུམ་ཅུ་རྩ་གཉིས་སོ། །རྒྱ་ཆེར་རོལ་པའི་མདོ་ལས་གསུངས་པ་ལྟར་བཀོད་དོ། །་ཆེར་རོལ་པའི་མདོ་ལས་གསུངས་པ་ལྟར་བཀོད་དོ། །)
  • Dictionaries/sgom sde tshig mdzod chenmo/5168  + (བཞིན་བཟང་དང་འདྲ། ས་མཐའ་ཅན་འདི་འདུལ་བ་ལུང་སོགས་ཡིག་རིགས་རྙིང་པ་རྣམས་སུ་མང་ངོ༌། །)
  • Dictionaries/sgom sde tshig mdzod chenmo/635  + (བཞུགས་ཁྲི་ལ་མཇལ་དར་འབུལ་བའི་དོན་ཏེ། སྣར་སྐབཞུགས་ཁྲི་ལ་མཇལ་དར་འབུལ་བའི་དོན་ཏེ། སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་བརྩམས་པའི་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་ལས། མཛད་སྒོའི་རིམ་པ་གྲུབ་འཕྲལ་༸གོང་ས་མཆོག་བཞུགས་ཁྲི་ལས་མ་བཞེངས་ཙམ་ལ་རྟེན་འབྲེལ་གྱི་སླད་བཞུགས་ཁྲིའི་སྟེང་མཇལ་དར་ཨ་ཤེ་ཕྲེད་དུ་བསྣར་ཏེ་སྒྲོན་པ་ལ་ཟེར། ཞེས་པ་ལྟར་རོ། །་དུ་བསྣར་ཏེ་སྒྲོན་པ་ལ་ཟེར། ཞེས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/1190  + (བཞུགས་པའི་དོན། འཚོ་ཞིང་གཞེས་པ་ལྟ་བུ། མདོ་མབཞུགས་པའི་དོན། འཚོ་ཞིང་གཞེས་པ་ལྟ་བུ། མདོ་མཛངས་བླུན་༡༩༡བ༦ལས། བཙུན་པ་ཅུང་ཙམ་གཞེས་ཤིག་ཅེས་པ་ལྟ་བུ། འདུལ་བ་ལུང་རྣམ་འབྱེད་༼ ཅ་པ ༽༢༦༥བ༧ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་གསོན་ཞིང་བཞུགས་ཏེ་འཚོ་ཞིང་གཞེས་པ་རྣམས་ལ་ཞེས་གསུངས་པ་ལྟར་རོ། །བསྟན་དར་ལྷ་རམས་པའི་དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པ་ལས། གསོལ་བའི་བཞེས་དང་བཞུགས་པའི་གཞེས། །ཞེས་གསུངས་པ་ལྟར་རོ། །་དང་བཞུགས་པའི་གཞེས། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2875  + (བཞེས་ཐུག་འབྲས་ཚ་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/5171  + (བཞེས་སྲོལ། དེ་སྔ་དགེ་བཤེས་ལྷ་རམས་པའི་རྩོད་རྒྱུགས་བཞེས་ལམ་མེད་ཀྱང༌། ཕྱི་ལོ་༡༩༡༩ནས་དེའི་སྲོལ་བཏོད་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/5177  + (བཟང་པོ་བས་ཀྱང་བཟང་པོ།)
  • Dictionaries/sgom sde tshig mdzod chenmo/5185  + (བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བབཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བའི་མདོ་འདི། མདོ་ཕལ་ཆེན་ལ་༼ ཀ ༽༼ ཁ ༽༼ ག ༽༼ ཨ ༽དང་བཅས་གླེགས་བམ་བཞི་ཡོད་པ་ལས། གླེགས་བམ་༼ཨ་པའི༽ཤོག་གྲངས་༣༥༨རྒྱབ་གཟིགས་ན་བཞུགས། འདི་བྱང་ཆུབ་སེམས་པ་གཞོན་ནུ་ནོར་བཟང་གིས་ཀུན་ཏུ་བཟང་པོ་བསྟེན་ནས་བཟང་སྤྱོད་སྨོན་ལམ་གསུངས་པའི་མཐར་སྡོང་པོས་བརྒྱན་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལས་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྟེན་པའི་སྤྱོད་པ་ཕྱོགས་གཅིག་པའི་ལེའུ་ཕྱུང་བའོ། །ཇོ་བོའི་ལམ་སྒྲོན་རང་འགྲེལ་ལས། ཀུན་བཟང་སྤྱོད་ཅེས་བྱ་བ་ནི་འཕགས་པ་སྡོང་པོ་བཀོད་པ་ལས་འབྱུང་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཡིན་ཏེ། ཞེས་གསུངས། བཟང་སྤྱོད་སྨོན་ལམ་གྱི་བརྗོད་བྱ་རྣམས་མདོར་བསྡུ་ན་བཅུ་སྟེ། ༡ ཕྱག་འཚལ་བ། ༢ མཆོད་པ་འབུལ་བ། ༣ སྡིག་པ་བཤགས་པ། ༤ བསོད་ནམས་ལ་རྗེས་སུ་ཡི་རང་བ། ༥ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། ༦ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། ༧ དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བ། ༨ དེའི་རབ་ཏུ་དབྱེ་བ། ༩ དེའི་མཐར་ཐུག་པ་དང་། ༡༠ དེའི་ཕན་ཡོན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱི་༼ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་སྦྱར ༽ལས་གསུངས་པ་ལྟར་བཀོད་དོ། །བཟང་པོ་སྤྱོད་པའི་སྨོན་ལམ་ཟེར་བའི་དོན་ནི། བཟང་པོ་ནི་དགེ་བ་དང་དེ་སྤྱོད་པའམ་ཉམས་སུ་ལེན་པས་ན་བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་པ་ཞེས་བྱ་བའི་དོན་ཡིན་ཞིང་། དེའི་སྨོན་ལམ་ཞེས་བྱ་བའི་དོན་ནོ། །མདོར་བསྡུས་ན། བྱང་ཆུབ་སེམས་དཔའི་སྨོན་ལམ་ཞེས་བྱ་བའི་དོན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱི་༼ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་སྦྱར ༽ལས། བཟང་པོ་ནི་དགེ་བའོ། །དེ་ནི་བཟང་པོ་ཡང་ཡིན་པས་ན་བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །ས་དཔའི་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/10724  + (བཟང་པོའི་དོན།)
  • Dictionaries/sgom sde tshig mdzod chenmo/5175  + (བཟང་པོའི་བཞུགས་སྟངས་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/5180  + (བཟང་ཕྱོགས་ཀྱི་ཡར་སྐྱེད། འཇིག་རྟེན་གྱི་ཁ་དཔེར། མ་བསླབས་ཁ་རོག་འདུག་པ་ལ། ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། ཅེས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/5184  + (བཟང་སྤྱོད་ཊཱིཀྐ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/5173  + (བཟང་སྤྱོད་སྨོན་ལམ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/8343  + (བཟང་སྤྱོད་སྨོན་ལམ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/9517  + (བཟའ་བཏུང་། དེ་ཡང་རྒྱགས་ནི་བཟའ་བ་དང་ཆུ་ནི་བཏུང་བའོ། །)
  • Dictionaries/sgom sde tshig mdzod chenmo/10534  + (བཟའ་བཏུང་འདེབས་རྒྱུའི་ཚྭ་ལ་ཟེར། བོད་སྨན་གྱབཟའ་བཏུང་འདེབས་རྒྱུའི་ཚྭ་ལ་ཟེར། བོད་སྨན་གྱི་རོ་དྲུག་གི་ཡ་གྱལ་ཞིག་སྟེ། ཚྭའི་བྲོ་བ་ལྟ་བུའི་རོའི་མིང་དུ་བཤད། སྤྱིར་བཏང༌། ཚིག་གྲོགས་མེད་པ་ལ་ཝ་ཟུར་དང༌། ཡོད་པ་ལ་ཝ་ཟུར་མེད་པའི་ཕྱག་ལེན་ཡོད་དེ། ངག་སྒྲོན་འགྲེལ་པ་ལས། ཚྭ་ཞེས་ཚིག་གྲོགས་མེད་པའི་རྐྱང་པ་ལ་སྨད་འདོགས་ཡོད་ཅིང༌། རྒྱ་ཚ་ཞེས་པ་ལྟ་བུའི་ཚིག་གྲོགས་སྦྱར་ན་མེད་པར་ཕྱག་ལེན་མཛད་ལ། འོན་ཀྱང་ལན་ཚྭ་ལ་ཡོད་པ་མང་ངོ༌། །ཞེས་གསུངས་སོ། །ཀྱང་ལན་ཚྭ་ལ་ཡོད་པ་མང་ངོ༌། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/7024  + (བཟའ་བཏུང་ཤིན་ཏུ་དཀོན་པར་གྱུར་པ་ལ་ཟེར། འདུལབཟའ་བཏུང་ཤིན་ཏུ་དཀོན་པར་གྱུར་པ་ལ་ཟེར། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། མུ་གེ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་དཀོན་ནོ། །ཞེས་གསུངས་པ་ལྟར་རོ། །བོད་རྒྱ་ཚིག་མཛོད་ཆེན་མོར། མུ་གེའི་དོན་ལ། ཟས་ཀྱི་འཚོ་བ་དབུལ་བའི་དུས་སྐབས་ཞེས་གསལ་ཡང་། མུ་གེ་དང་མུ་གེའི་དུས་གཉིས་ལ་ཁྱད་པར་ཡོད་པའང་ཤེས་པར་བྱའོ། །ི་དུས་གཉིས་ལ་ཁྱད་པར་ཡོད་པའང་ཤེས་པར་བྱའོ། །)
  • Dictionaries/sgom sde tshig mdzod chenmo/7025  + (བཟའ་བཏུང་ཤིན་ཏུ་དཀོན་པར་གྱུར་པའི་དུས་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/828  + (བཟའ་ཟླ་ཕོ་ལ་ཁྱོ་བོ་དང༌། །བཟའ་ཟླ་མོ་ལ་ཆུང་མབཟའ་ཟླ་ཕོ་ལ་ཁྱོ་བོ་དང༌། །བཟའ་ཟླ་མོ་ལ་ཆུང་མ་ཟེར། །ཁྱོ་གའི་གཅེན་དང་གཅུང་བོ་ནི། །རང་གི་ཆུང་མའི་སྙིད་པོ་ཡིན། །ཁྱོ་གའི་ཨ་ཅེ་ནུ་མོ་ནི། །ཆུང་མའི་སྙིད་མོ་ཆེ་ཆུང་ཟེར། །དེ་བཞིན་ཆུང་མའི་མིང་སྲིང་ཡང༌། །ཁྱོ་གའི་སྙིད་པོ་སྙིད་མོ་ཡིན། །ཆུང་མའི་ཕུ་བོ་ནུ་བོ་ནི། །རང་གི་ཁྱོ་གའི་སྐུད་པོ་དང༌། །ཁྱོ་གའི་གཅེན་མོ་གཅུང་མོ་ནི། །རང་གི་ཆུང་མའི་སྐུད་མོ་ཡིན། །ཆུང་མའི་ཕ་དང་མ་གཉིས་ལ། །ཁྱོ་བོའི་གྱོས་པོ་གྱོས་མོ་ཟེར། །དེ་བཞིན་ཁྱོ་གའི་ཕ་མ་གཉིས། །ཆུང་མའི་སྒྱུག་པོ་སྒྱུག་མོ་ཟེར། །དེ་རྣམས་རང་གི་གཉེན་འབྲེལ་ཡིན། །ཞིབ་པ་རིགས་རུས་ཆོ་འབྲང་གི་འབོད་མིང་ཞེས་པར་གཟིགས།རིགས་རུས་ཆོ་འབྲང་གི་འབོད་མིང་ཞེས་པར་གཟིགས།)
  • Dictionaries/sgom sde tshig mdzod chenmo/884  + (བཟི་བ། ཆང་གིས་བཟི་བ། ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང༌།)
  • Dictionaries/sgom sde tshig mdzod chenmo/4979  + (བཟོ་བཅོས། དེབ་སྔོན་ལས། ག་ནས་འོངས་ཆ་མེད་པའི་ཇོ་མོ་མ་ཅིག་བྱུང་ནས། ངའི་བླ་མ་དེ་འདི་ཁོ་ན་འདྲ། ད་བཅས་བཅོས་མ་བྱེད་ཟེར་བས་ངོ་མཚར་དུ་བཟུང་སྟེ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/9158  + (བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་དང་ལྔའོ། །རིག་པའི་གནས་ལྔ་དང་དོན་གཅིག རིག་པའི་གནས་ལྔ་ལ་གཟིགས།)