Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "རྣ་བ་གཏད་པ། ཨ་ལྕོག་ཡག་པོ་བྱས་ནས་ཉན་པ།". Since there have been only a few results, also nearby values are displayed.

Showing below up to 22 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

    • Dictionaries/sgom sde tshig mdzod chenmo/232  + ((ལེགས་སྦྱར) 1 ཁྲི་ཤིང་ལ་སྐྱེས་པའི་དྲི་ཞིམ་(ལེགས་སྦྱར) 1 ཁྲི་ཤིང་ལ་སྐྱེས་པའི་དྲི་ཞིམ་ལ་ཁ་དོག་དཀར་བའི་མེ་ཏོག་ཆུང་ངུ་མཐེབ་རྗེས་ཙམ་པ་ཞིག་གི་མིང་། རྒྱ་གར་གྱི་ཡུལ་སྐད་དུ “चमेली ཅ་མེ་ལཱི”དང་། ཕྱི་རྒྱལ་བས་ Jasmine ཟེར། Jasmine ནི་ Persia པར་སི་ཡའམ་ “པར་སིག” སྟེ། དེང་སང་ Iran ཨི་རཱན་ཟེར་བའི་ཡུལ་དེའི་སྐད་དུ་ Yasmin “ཡེསེ་མིན” ཞེས་པ་སྟེ། “Gift from God” དཀོན་མཆོག་གི་གནང་སྦྱིན་ནམ། དཀོན་མཆོག་གི་གསོལ་རས་ཞེས་པའི་དོན་ཡིན་པར་ཝི་ཀི་རིགས་མཛོད་ཆེན་མོར་བཤད། མདོར་ན་ Jasmine ནི། ཨ་རབ་ཀྱི་ Yasmin ཞེས་པའི་སྒྲ་ཉམས་པར་སྣང་ངོ་། །མལླི་ཀཱ་ཟེར་བ་ཡང་ཀུནྟ་རང་ལ་ཟེར་བ་ཡིན་འདུག དགེ་འདུན་ཆོས་འཕེལ་གྱིས་ཅ་མེ་ལཱི་དང་མལླི་ཀཱ་ “मल्लिका” གཉིས་དོན་འདྲ་བར་བཤད་ཅིང་། ལེགས་སྦྱར་གྱི་ཚིག་མཛོད་རྣམས་སུའང་དེ་ལྟར་འབྱུང་། ཁུ་ནུ་བླ་མའི་ངག་སྒྲོན་འགྲེལ་པར་ཀུནྟའི་འགྲེལ་བཤད་ལ་ལྡུམ་ཞིག་གི་མེ་ཏོག་དཀར་པོ་ཞེས་འབྱུང་ངོ་ཞེས་གསུངས། འདི་ལ་རིགས་མི་འདྲ་བ་ཉིས་བརྒྱ་ཙམ་ཡོད་པར་བཤད། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་གྱི་སྲང་ལམ་ཁྲོད་དུ་ཉོ་ཚོང་བྱེད་ཅིང་ཤིན་ཏུ་འབོལ། ཀུནྟའི་མེ་ཏོག་སིལ་མ་དག་ལྟེ་བ་ནས་སྐུད་པ་དྲངས་ཏེ་ཕྲེང་རྒྱན་བཟོས་ཏེ་ལྷའི་མཆོད་རྫས་དང་། བུད་མེད་རྣམས་ཀྱིས་སྐྲའི་ལན་བུ་ལ་འདོགས་པར་བྱེད།  2 མཚན་མོ་ཁ་འབྱེ་བའི་མེ་ཏོག་ཀུནྟའི་ཁྱད་པར་ཞིག དབྱིབས་དང་། ཁ་དོག དྲི། ཆེ་ཆུང་སོགས་ཡོངས་གྲགས་ཀྱི་མེ་ཏོག་ཀུནྟ་དང་འདྲ་ལ། ཁྱད་པར་ནི་འདི་མཚན་མོར་ཁ་འབྱེ་ལ་དྲི་ཞིམ་འཐུལ་བ་ཞིག་སྟེ། སེ་ར་བྱ་བྲལ་ཁང་ཚན་གྱི་འདུ་ཁང་རྙིང་པའི་ཉེ་འདབས་སུ་མཚན་མོ་སྐབས་རེར་མགོ་ན་བའི་ཚོད་ཙམ་དུ་དྲི་ངད་འཐུལ་ཡོང་། རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་སྙིང་པོར། ཟླ་བ་ལས་འོང་ལེགས་བཤད་འོད་དཀར་གྱིས། །བློ་མིག་ཀུན་དའི་ཚལ་རབ་ཕྱེ་བའི་ཚེ། །ཞེས་དང་། རྗེའི་རྟེན་འབྲེལ་བསྟོད་པ་ལས་ཀྱང་། ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་སྙིང་གི་མུན་པ་སེལ། །ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ། །དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་ཕྲེང་བས་བསལ་བྱས་པ། །ཞེས་མེ་ཏོག་ཀུནྟ་འདི་ཟླ་བས་ཁ་འབྱེད་པར་གསུངས་པ་དང་ཡང་ཕལ་ཆེར་མཐུན་ནོ། །སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལས་ཀྱང་། ལྷག་བསམ་དག་པའི་དགེ་ལེགས་ནི། །ཟླ་ཟེར་འཐུངས་པའི་ཀུནྟས་ཀྱང་། །མཚོན་པ་མིན་དེས་རྒྱལ་བའི་བསྟན། །འཁྲུལ་མེད་ཡུན་དུ་གནས་གྱུར་ཅིག །ཅེས་གསུངས་སོ། །འདི་ཟླ་བས་ཁ་འབྱེད་མིན་ཇི་ལྟར་ཡང་མཚན་མོར་འཆར་བ་ནི་བསྙོན་དུ་མེད་དོ། །༸རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་རྗེའི་རྟེན་འབྲེལ་བསྟོད་པའི་འགྲེལ་པར། ཀུན་ད་ཞེས་པ་ཀུ་མུད་ (ཀུ་མུད་ནི་མེ་ཏོག་པདྨའི་བྱེ་བྲག་ཅིག་གོ) ལ་གོ་འདུག་པ་ནི་ནོར་བར་སེམས་སོ། ། 3 (གསང་སྔགས) སྔགས་ཀྱི་གབ་ཚིག་ཅིག་སྟེ། སྐྱེས་པའི་ཁམས་དཀར་པོ། ཐིག་ལེ། ཕོའི་ཁུ་བ། ཀུནྟ་མི་འབྱིན་ཚངས་སྤྱོད་བསྟེན། ཞེས་པ་ལྟ་བུ།  4 (སྔགས) སྔགས་ཀྱི་གབ་ཚིག་ཅིག་སྟེ། ཁ་དོག་དཀར་བའི་དཔེའོ། །དཔེར་ན་སྐྱེས་པའི་ཁམས་དཀར་པོ་ལ་ཀུནྟ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཞེས་པ་ལྟ་བུ།ཀུནྟ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཞེས་པ་ལྟ་བུ།)
    • Dictionaries/sgom sde tshig mdzod chenmo/4374  + (1 བྱ་ཁྲ་མགོ་ལ་སྒྲོ་ལྕོག་ཡོད་པ་ཞིག མིང་གི་རྣམ་གྲངས་ལ། མཆུ་རིང་། སྒྲོའི་གཙུག་ཕུད་ཅན། དྲི་ངའི་འདབ་ཆགས་བཅས་སོ། །པུ་ཤུད་ཤ་ཡིས་གདོན་ནད་ཞི་བར་བྱེདཅེས་པའི་བཤད་སྲོལ་ཞིག་ཡོད་འདུག)
    • Dictionaries/sgom sde tshig mdzod chenmo/323  + (<ནཱ་གཱརྫུ་ན> དཔལ་མགོན་འཕགས་པ་ཀླུ་སྒྲ<ནཱ་གཱརྫུ་ན> དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། འཇམ་དཔལ་རྩ་རྒྱུད་དང་མདོ་སྡེ་སྤྲིན་ཆེན་པོ་གཞིར་བཞག་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སྟེ། ཕྱི་ལོའི་སྔོན་གྱི་ BC དུས་རབས་དང་པོ་ཙམ་ལ་བྱོན་པར་འདོད་དགོས་ལ། ཡང་དེང་སང་མང་པོས་ AD སྤྱི་ལོའི་དུས་རབས་གཉིས་པའི་ནང་བྱོན་ཞེས་བཤད་ཚུལ་གཉིས་ཙམ་སྣང་ངོ་། །དེང་སང་མི་ཤེས་པ་མང་པོས་གྲུབ་ཆེན་ཟེར་དུས་མགོ་ལ་རལ་པའི་ཐོར་ལྕོག་ཡོད་ཅིང་། ལུས་གཅེར་བུར་ཕྱུང་ནས་ཀུན་སྤྱོད་ཀུན་དང་མི་མཐུན་པ་བྱེད་མཁན་ལྟ་བུ་ཞིག་ལ་གོ་འདུག་པ་ནི་ཆོས་ཀྱི་གནད་མ་རྟོགས་པའི་རྟགས་ཡིན་ཏེ། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་དང་པོ་དང་དེ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ་ནི་ཀླུ་སྒྲུབ་ཡིན་ཏེ། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས། དགེ་སློང་ལུས་ལ་དངོས་གྲུབ་བརྙེས། །ནགས་ཀྱི་ལྷ་མོས་བདུད་རྩི་ཕུལ། །ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་ཐོག་མར་ཀླུ་སྒྲུབ་ལ་བསྟོད་ཕྱག་མཛད་པའི་ཕྱིར་རོ། །རྒྱ་གར་ན་གྲུབ་ཐོབ་ལ་སྔ་བ་ཀླུ་སྒྲུབ་ཀླུ་སྒྲུབ་ལུང་བསྟན་ཚུལ་ཡོད་དེ། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་གྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་དང་། མདོ་སྡེ་སྤྲིན་ཆེན་པོ་མཁས་གྲུབ་ཆོས་རྗེའི་སྟོང་ཐུན་ཆེན་མོར་དྲངས་པ་ལས། གཞོན་ནུ་འདི་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ང་ཡི་བསྟན་པ་རྒྱས་པར་བྱས་ཏེ། མཐར་གྱིས་དང་པོའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་རྒྱལ་བར་འགྱུར་རོ། །ཞེས་གསུངས་སོ། །གཞན་ཡང་ལང་གཤེགས་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་དེས། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་ཏེ། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། རྒྱ་གར་ལྷོ་ཕྱོགས་དརྦྷའི་ཡུལ་དུ་བྲམ་ཟེ་ཕུན་སུམ་ཚོགས་པ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། མཚན་མཁན་ལ་བསྟན་པས་ཞག་བདུན་གྱི་ཚེ་ལས་མེད་པར་བཤད། ཅིས་ཕན་དྲིས་པས་བྲམ་ཟེ་བརྒྱ་ལ་མཆོད་སྟོན་དྲངས་ན་ཟླ་བ་བདུན། དགེ་སློང་བརྒྱ་ལ་མཆོད་སྟོན་དྲངས་ན་ལོ་བདུན་ཐུབ། དེ་ནས་ཐབས་མེད་ཟེར། དེ་བཞིན་དུ་བྱས་ཏེ་ལོ་བདུན་ཉེ་བ་ན། ཕ་མ་གཡོག་དང་བཅས་པ་ནཱ་ལེནྜར་སོང་སྟེ། གྲུབ་ཆེན་ས་ར་ཧ་དང་མཇལ། སྔར་གྱི་ལོ་རྒྱུས་ཞུས་པས་རབ་ཏུ་བྱུང་ན་ཐབས་ཡོད་གསུངས་པས་རབ་ཏུ་བྱུང་། ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་གཟུངས་འདོན་དུ་བཅུག ཁྱད་པར་ལོ་བདུན་པའི་ནུབ་མོ་མཚན་ཐོག་ཐག་ཏུ་ཚེ་དཔག་མེད་ཀྱི་གཟུངས་བཏོན་པས་འཆི་བདག་ལ་ཐར་ཏེ་ཕ་མ་དང་ཕྲད་པས་ཤིན་ཏུ་དགའོ། །གྲུབ་ཆེན་ས་ར་ཧ་ལས་གསང་བ་འདུས་པ་ལ་སོགས་པའི་གཞུང་གདམས་པ་དང་བཅས་པ་ཞུས། ནཱ་ལེནྜའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས་ཏེ་མཚན་དགེ་སློང་དཔལ་ལྡན་ཞེས་མཚན་གསོལ། བསྟན་བཅོས་ཀྱང་། སངས་རྒྱས་ཀྱི་བསྟན་པ་སྤྱིར་བསྟན་པ་ས་ལུ་ལྗང་པའི་མདོ་འགྲེལ། ལམ་སྟོན་པ་ (དབུ་མ) རིགས་ཚོགས་ལྔ། འབྲས་བུ་སྟོན་པ་བསྟོད་ཚོགས། སྤྱོད་པ་སྟོན་པ་བསླབ་བཏུས། (འདི་བོད་ན་ནི་མི་སྣང་བར་བཤད་དེ། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་༧༠༤ལས། འཕགས་པའི་བསླབ་བཏུས་དེ་བོད་ན་ནི་མི་སྣང་ངོ་། །ཞེས་གསུངས།) མདོ་ཀུན་ལས་བཏུས་པ། ཐེག་ཆེན་བློ་སྦྱོང་། ཁྱིམ་པ་རྣམས་ལ་བཤེས་སྤྲིངས། བྱང་ཆུབ་སེམས་འགྲེལ། བསྐྱེད་རིམ་སྟོན་པ་འདུས་པའི་སྒྲུབ་ཐབས། མདོར་བྱས། མདོ་བསྲེ། དཀྱིལ་ཆོག་ཉི་ཤུ་པ། རྫོགས་རིམ་སྟོན་པ་རིམ་ལྔ་ལ་སོགས་པ་མཛད། གསོ་བ་རིག་པའི་བསྟན་བཅོས་སྦྱོར་བ་བརྒྱ་པ་སོགས་པ་དང་། ལུགས་ཀྱི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིག་དང་། བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། རྒྱལ་པོ་ལ་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་དབུ་མ་རིན་ཆེན་ཕྲེང་བ། གཞན་ཡང་རྟེན་འབྲེལ་གྱི་རྩིས། གསེར་འགྱུར་ལ་སོགས་པ་མང་དུ་བརྩམས་སོ། །སློབ་དཔོན་འདིས་དབུ་མའི་ཚུལ་ལུགས་ལྷག་པར་དར་བར་མཛད། ཉན་ཐོས་པ་རྣམས་ལའང་ཕན་ཆེས་ཆེར་བཏགས། ཁྱད་པར་དགེ་སློང་དང་དགེ་ཚུལ་བསླབ་པ་འཆལ་བ་སྟོང་ཕྲག་བརྒྱད་ཙམ་དགེ་འདུན་གྱི་ནང་ན་དབང་ཆེན་པོར་ཡོད་པ་ཐམས་ཅད་གནས་ནས་བསྐྲད་དེ་བསྟན་པ་ལ་དག་ཐེར་ཆེར་མཛད་ལ། སྡེ་པ་ཀུན་གྱི་བདག་པོ་མཛད་དོ། །སློབ་དཔོན་འདིས་དགེ་འདུན་གྱི་ཞལ་ཏ་ཡང་མཛད། མཆོད་རྟེན་མང་པོ་བཞེངས། རྡོ་རྗེ་གདན་ལ་རྡོའི་དྲ་མིག་གི་རྭ་བས་བསྐོར། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བཀོད་པ་བཞེངས་པ་སོགས་བསྟན་འགྲོའི་བྱ་བ་རྒྱ་ཆེན་པོ་མཛད་དོ། །སྒྲ་བཤད་ནི། ཀླུའི་ཡུལ་དུ་ཕེབས་ཏེ་ཀླུ་རྣམས་ལ་ཆོས་གསུངས་པ་ན་དེ་རྣམས་ཀྱིས་མཆོད་ཅིང་བསྒྲུབས་པས་ཀླུ་སྒྲུབ་བམ། ཡང་ན་ངེས་ཚིག་གི་སྒོ་ནས་བཤད་ན། ནཱ་གཱརྫུ་ནའི་ནཱ་གཱ་ནི་ཀླུ་སྟེ། ཆོས་ཀྱི་དབྱིངས་སུ་སྐྱེས་པ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པ། གསུང་རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ། སྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། །ཨརྫུ་ན་ནི་སྲིད་སྒྲུབ་སྟེ། ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། ཉེས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་སྟེ། བསྡུས་པས་ཀླུ་སྒྲུབ་བོ། །ཞེས་བུ་སྟོན་གསུང་ངོ་། །གསུང་སྐྱེས་ཀྱི་སློབ་མ་ཡང་ཆེས་མང་དུ་བྱུང་ཡང་གྲགས་ཆེ་བ་ནི། འཕགས་པ་ལྷ། ཀླུའི་བྱང་ཆུབ། ཤཱཀྱ་བཤེས་གཉེན་གསུམ་ནི་གྲགས་ཆེ་ཤོས་ཡིན་ཞིང་། མ་ཏཾ་གི་ནི་གསང་འདུས་མར་ལུགས་པ་རྣམས་འཕགས་པའི་སློབ་མར་བཞེད། ཟླ་བ་གྲགས་པ་ནི་རྗེ་འགོས་ལ་སོགས་པ་བླ་མ་སྔ་མ་རྣམས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་བཞེད། བོད་ཀྱི་བླ་མ་ཁ་ཅིག་གིས་ཟླ་བ་གྲགས་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞབས་མ་ཟིན་པར་བཞེད་ཀྱང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་སློབ་མར་བཤད་དེ། ཇོ་བོའི་གསུང་སྒྲོས་རྗེའི་ལམ་རིམ་དུ་དྲངས་པ་ལས། ཇོ་བོས། སྟོང་ཉིད་གང་གིས་རྟོགས་ཤེ་ན། དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །རྗེ་ཙོང་ཁ་པ་ཆེན་པོས་ཀྱང་ཟླ་བ་གྲགས་པ་སློབ་དཔོན་ཀླུ་སྒྲུབ་མར་ཞལ་གྱིས་བཞེས་པར། རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ་ལོ། །སློབ་དཔོན་ཀླུ་སྒྲུབ་མིའི་ཡུལ་དུ་སྐུ་ཚེ་ཇི་ཙམ་བཞུགས་པ་ལ་བཤད་ཚུལ་མི་མཐུན་པ་མང་ནའང་། ལོ་དྲུག་བརྒྱར་བཞུགས་པ་ནི་ལུང་བསྟན་གྱི་མདོ་དང་མཐུན་ཞིང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་རྗེ་ཐམས་ཅད་མཁྱེན་པས་ཀྱང་འཐད་ཕྱོགས་སུ་མཛད་པར་ལྕངས་སྐྱ་རོལ་པའི་རྡོ་རྗེས་གསུངས་སོ། །འདིའི་ལོ་རྒྱུས་ཞིབ་པར་བུ་སྟོན་རིན་པོ་ཆེའི་གསང་འདུས་ཆོས་འབྱུང་ལ་གཟིགས།་བུ་སྟོན་རིན་པོ་ཆེའི་གསང་འདུས་ཆོས་འབྱུང་ལ་གཟིགས།)
    • Dictionaries/sgom sde tshig mdzod chenmo/10011  + (ཅུང་ཟད་མ་རངས་པའམ་མ་དགའ་བའི་ཚིག་སྟེ། ཕལ་སྐདཅུང་ཟད་མ་རངས་པའམ་མ་དགའ་བའི་ཚིག་སྟེ། ཕལ་སྐད་དུ། ཨ་ལྕོག་རང་ད་ཞེས་པའི་དོན། རྗེའི་ལམ་རིམ་ཆེན་མོ་ལས། ཇོ་བོ་ལ། ཨ་ཏི་ཤ་གདམས་ངག་ཞུ་ཞེས་སྐད་ཆེན་པོས་ཞུས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན་དད་པ་དད་པ་གསུང་བ་ལྟར་དད་པ་ཤིན་ཏུ་གལ་ཆེའོ། །ཞེས་གསུངས། འདིའི་དོན་ནི། མི་ཞིག་གིས་ཁང་པའི་ཕྱི་རོལ་ནས་ཇོ་བོ་ལ་མ་གུས་པའི་རྣམ་འགྱུར་གྱིས་སྐད་ཤུགས་ཆེན་པོས། ཨ་ཏི་ཤ་གདམས་ངག་གནང་རོགས་ཞེས་ཞུས་པ་ན། ཇོ་བོ་ཅུང་ཟད་ཐུགས་མ་དགྱེས་པའི་ཚུལ་གྱིས། སྐད་ཆེན་པོ་དེ་འདྲ་རྒྱག་དགོས་མ་རེད། ང་ཨ་ལྕོག་རང་ད་ཐང་ཐང་ཡིན། མ་གཞི་ཆོས་ཟེར་ཡ་དེ་དད་པ་རེད་ད། དད་པ། དད་པ་ཞེས་པའི་དོན་ནོ། །ེ་དད་པ་རེད་ད། དད་པ། དད་པ་ཞེས་པའི་དོན་ནོ། །)
    • Dictionaries/sgom sde tshig mdzod chenmo/10568  + (ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཙོང་ཁ་པ་བློ་བཟང་གཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་ཉམས་ལེན་གྱི་གནད་རྣམས་ལམ་གྱི་རིམ་པར་བསྒྲིགས་ཤིང་སེམས་འདུལ་བའི་རིམ་པ་གཙོ་བོར་སྟོན་པའི་བསྟན་བཅོས་བྱིན་རླབས་ཅན་ཞིག འདི་ནི་རྒྱལ་བའི་གསུང་རབ་མཐའ་དག་གི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་རྒྱས་པར་སྟོན་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་གོ། འདི་ནི་སེམས་རྒྱུད་མ་རུངས་ཤིང་མི་བསྲུན་པ་ཆགས་སྡང་གི་རུ་འཛིངས་ཤིང་དེའི་གཞན་དབང་དུ་གྱུར་པའི་སྐྱེས་བུ་ཐ་ཤལ་བདག་ལྟ་བུ་ཡང་འདིའི་གླེགས་བམ་མཇལ་ཙམ་གྱིས་ཆགས་སྡང་གི་བློ་རགས་པ་རྣམས་ཞི་ནས་སེམས་རྒྱུད་འཇམ་ཞིང་བདེ་འབོལ་གྱིས་འགྲོ། ཨེ་མ། བྱིན་རླབས། བྱིན་རླབས་ཟེར་བ་དེ་འདི་འདྲ་ཞིག་ལ་ཟེར་བ་འདྲ་སྙམ་པ་ཡང་ལན་མང་དུ་འབྱུང་ངོ་། །འདི་འཆང་བ་དང་ཀློག་པ་དང་བློ་ལ་འཛིན་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་གཞན་ལ་ཉེ་བར་སྟོན་པ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པ་དང་ཆུང་དུ་ན་ཡི་གེར་འབྲི་བ་ཚུན་ཆད་ཀྱི་སྐབས་སུའང་། ཡིད་དུ་འོང་བའི་མཆོད་པའི་བྱེ་བྲག་སྣ་ཚོགས་པ་བཤམས་ལ་བདུག་སྤོས་སྤར་བ་དང་། རྐང་ལག་སོགས་ལེགས་པར་བཀྲུས་ལ་གཙང་སྦྲ་དང་ལྡན་པའི་སྒོ་ནས་དད་པ་དང་བཀུར་སྟི་རྒྱ་ཆེན་པོས་བསྙེན་པར་བྱའོ། །འདི་རྗེ་བླ་མ་དགུང་ལོ་ཞེ་དྲུག་བཞེས་པའི་ཆུ་ཕོ་རྟའི་ལོ་ལ་བརྩམས་པར་མངོན། འདི་པོད་༼ པ་པར ༽བཞུགས་ཤིང་། དེ་ལ་ཤོག་ལྡེབས་༥༢༡དང་། ངོས་ཤོག་༡༠༤༢ཡོད། རྗེའི་ལམ་རིམ་འདི་ཧ་ཅང་རྩ་བ་ཆེ་བས་འཆི་ཁར་རང་གི་སྔས་འཁྲིས་སུ་འཇོག་རྒྱུ་བྱུང་ན་འཕོ་བའི་གོ་ཆོད་པར་གསུངས་ཏེ། རྗེ་ཤེས་རབ་རྒྱ་མཚོའི་ལམ་རིམ་གྱི་ཞལ་ལུང་༤༤ན༥ལས། འཆི་ཁར་ཡང་ལམ་རིམ་ཆེན་མོ་སྔས་སུ་བཞག་སྟེ་མགོ་གཏུགས་ནས་དད་གུས་དང་བཅས་འཆི་རྒྱུ་བྱུང་ན་འཕོ་བའང་དེ་ཀ་ཡིན་ཞེས་སློབ་དཔོན་བྱམས་པས་ (འདི་ཕུར་ལྕོག་ངག་དབང་བྱམས་པ་ཡིན་པར་སེམས) གསུངས། ཞེས་གསུངས། བྱང་ཆུབ་ལམ་རིམ་ཆེན་མོ་འདི་མདོ་སྔགས་ཟུང་འབྲེལ་གྱི་གཞུང་ཡིན་ནམ་ཞེ་ན། འདིའི་དོགས་གཅོད་གོང་དུ་ལམ་སྒྲོན་ཞེས་པའི་ཐད་དུ་གཟིགས།་གཅོད་གོང་དུ་ལམ་སྒྲོན་ཞེས་པའི་ཐད་དུ་གཟིགས།)
    • Dictionaries/sgom sde tshig mdzod chenmo/918  + (ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་གདན་ས་བཞི་དང་། རྒྱུད་གྲྭ་རྣམ་གཉིས་ཀྱི་དཀར་ཆག་པད་དཀར་ཕྲེང་བར་གསལ་བས་དེར་བལྟ་བར་བྱའོ། །)
    • Dictionaries/sgom sde tshig mdzod chenmo/4726  + (ཕྱོགས་བུད་མེད་མཛེས་མའི་གཟུགས་སུ་བཀོད་པའོ། །ཕུར་ལྕོག་ངག་དབང་བྱམས་པའི་ལམ་རིམ་གྱི་དྲིས་ལན་༨བ༡ལས། སྙན་ངག་གི་གཟུགས་ཅན་རྒྱན་ལ། ཕྱོགས་བུད་མེད་ཀྱི་གཟུགས་སུ་བཀོད་པའོ། །ཞེས་གསུངས་པ་ལྟར་རོ། །)
    • Dictionaries/sgom sde tshig mdzod chenmo/12329  + (བོད་ཀྱི་ཡུལ་དུ་སྔགས་ལོག་སུན་འབྱིན་པའི་སྤྲིབོད་ཀྱི་ཡུལ་དུ་སྔགས་ལོག་སུན་འབྱིན་པའི་སྤྲིངས་ཡིག་སོགས་ཇི་ལྟར་བྱུང་བ་ནི། ལོ་ཙཱ་བ་རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་ལ་ཞེ་བརྒྱད། བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྔགས་ལོག་སུན་འབྱིན་ལ་གཉིས། དེའི་སྲས་ཆུང་བ་ཕོ་བྲང་ཞི་བ་འོད་ཀྱི་སྤྲིངས་ཡིག་ལ་གཉིས། ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྤྲིངས་ཡིག་ལ་དགུ། རྟ་ནག་འགོས་ཁུག་པ་ལྷས་བཙས་ཀྱི་སྤྲིངས་ཡིག་ལ་བཞི། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་སྔགས་ལོག་སུན་འབྱིན་ལ་བདུན། ཞང་སྟོན་བསོད་ནམས་གྲགས་ཀྱི་སློབ་མ་འབྲི་གུང་དཔལ་འཛིན་གྱི་སྤྲིངས་ཡིག་སྔགས་ལོག་སུན་འབྱིན་མགོར་རྒྱ་གར་སྐད་ཡོད་ལ་ཉེར་གཉིས། འབྲི་གུང་དཔལ་འཛིན་གྱིས་མཛད་པའི་རྒྱ་སྐད་མེད་པ་ལ་བཅོ་བརྒྱད། དཔལ་འཛིན་གྱི་སྤྲིངས་ཡིག་ལ་བརྒྱ། དཔལ་འཛིན་གྱི་སློབ་མ་གཉིས་ཀྱིས་མཛད་པ་ལ་དྲུག ཆོས་རྗེ་ས་པཎ་གྱི་སྐྱེས་བུ་དམ་པ་ལ་སྤྲིངས་ཡིག་ལ་བདུན། ཞྭ་ལུའམ་ཁྲོ་ཕུ་བུ་སྟོན་རིན་ཆེན་གྲུབ་ཀྱིས་སྔགས་ལོག་སུན་འབྱིན་ལ་བཞི། བྲག་སྒོ་ཕུན་ཚོགས་རྒྱལ་མཚན་རྡོ་བྲག་པ་པདྨ་འཕྲིན་ལས་དང་རྩོད་པ་རྩོད་ལན་དང་དེའི་མཆན་བུ་ཕུར་བུ་ལྕོག་བྱམས་པས་མཛད་པ་བཅས་ལ་གྱ་བཞི། ཡང་བྲག་སྒོ་པའི་རྒྱལ་པོ་སྲོང་བཙན་བཀའ་འབུམ་ལ་བསྲེ་ལྷད་ཡོད་ཚུལ་ལྷག་བསམ་བརྡ་བཏང་ལ་བཅུ་གསུམ་བཅས་སོ། །ད་ཚུལ་ལྷག་བསམ་བརྡ་བཏང་ལ་བཅུ་གསུམ་བཅས་སོ། །)
    • Dictionaries/sgom sde tshig mdzod chenmo/5759  + (བོད་ཀྱི་རྒྱལ་རབས། ཆོས་འབྱུང༌། ལོ་རྒྱུས་སོགབོད་ཀྱི་རྒྱལ་རབས། ཆོས་འབྱུང༌། ལོ་རྒྱུས་སོགས་ཀྱི་ཐོ་གཞུང་གཤམ་གསལ། ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་བཀའ་ཆེམས་ཀ་ཁོལ་མ་ཞེས་བྱ་བ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གཏེར་ནས་བཞེས་པ། གྲུབ་ཐོབ་དངོས་གྲུབ་ཀྱིས་གཏེར་ནས་བཞེས་པའི་པ་ཎི་བཀའ་འབུམ། བསམ་ཡས་དཀར་ཆག་ཆེན་མོའམ་རྒྱལ་རབས་སྦ་བཞེད་ཞབས་བཏགས་མ་ཞེས་བྱ་བ་སྦ་ཡེ་ཤེས་དབང་པོས་མཛད་པ། ཁུ་རྔོག་འབྲོམ་གྱི་ཡ་གྱལ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་མཛད་པའི་ལོག་གནོན་ཆེན་མོ། (ཆོས་འབྱུང་མཁས་པའི་དགའ་སྟོན་དུ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་ལོ་རྒྱུས་ཆེན་མོའམ་ལོག་གནོན་ཆེན་མོར་གྲགས་པ། ཞེས་དེ་འདྲའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་ཡོད་ཚུལ་གསུངས་འདུག མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་ཀྱང་དཔེ་རྒྱུན་དཀོན་པས་མཇལ་ཐུབ་མི་འདུག འདིའི་དཔེ་རྒྱུན་རྣམ་དཔྱོད་ཅན་རྣམས་ཀྱིས་བཙལ་བར་བྱའོ་ཞེས་རེ་སྐུལ་ཞུ་རྒྱུ་ལགས) ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་ཐང་བྲག་མའམ། པདྨ་བཀའ་ཐང༌། ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་ཐང་སྡེ་ལྔ། སངས་རྒྱས་གླིང་པའི་བཀའ་ཐང་གསེར་གླིང་མ། མངའ་བདག་ཉང་ཉི་མའི་འོད་ཟེར་གྱི་བཀའ་ཐང་ཟངས་གླིང་མ། དགེ་སློང་གྲགས་པ་སྨོན་ལམ་མམ། ནེའུ་པཎྜི་ཏས་མཛད་པ་སྔོན་གྱི་གཏམ་མེ་ཏོག་འཕྲེང་བའམ། ནེལ་པ་ཆོས་འབྱུང་དུ་གྲགས་པ། འཇའ་མོ་དགེ་སློང་གིས་མཛད་པ་བསྟན་པ་སྤྱིའི་ཆོས་འབྱུང༌། ཨ་མེས་བྱང་ཆུབ་འདྲེ་བཀོལ་ནས་གསུངས་པ་ལྷ་རིགས་རླངས་ཀྱི་རྣམ་ཐར་པུ་ཏི་བསེ་རུ། གྲགས་པ་རྒྱལ་མཚན་གྱིས་མཛད་པ་ལྷ་རིགས་རླངས་ཀྱི་རྣམ་ཐར་པུ་ཏི་བསེ་རུ་དང༌། རླངས་གདུང་རབས་ཀྱི་དྲི་བ་དྲི་ལན། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པ་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད། ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པ་དེབ་ཐེར་དམར་པོའམ། ཧུ་ལན་དེབ་ཐེར། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཤེས་བྱ་རབ་གསལ། བོ་དོང་ཐམས་ཅད་མཁྱེན་པའི་བསྟན་པ་སྤྱིའི་རྣམ་གཞག དཔལ་བསམ་ཡས་ཀྱི་དཀར་ཆག་ཆེན་མོ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པ་ཆོས་འབྱུང་དེབ་ཐེར་སྔོན་པོ་པོད་གཉིས། སྟག་ཚང་ལོ་ཙཱ་བས་མཛད་པ་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། ཡང་སྟག་ཚང་ལོ་ཙཱ་བའི་རིག་གནས་ཀུན་ཤེས། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པ་ཆོས་འབྱུང་མཁས་པའི་དགའ་སྟོན་པོད་གཉིས། པཎ་ཆེན་བསོད་ནམ་གྲགས་པས་མཛད་པ་དེབ་ཐེར་དམར་པོའི་དེབ་གསར་མའམ། རྒྱལ་རབས་འཕྲུལ་གྱི་ལྡེ་མིག པཎ་ཆེན་བསོད་ནམས་གྲགས་པས་མཛད་པ་བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། མཁས་དབང་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་བསྟན་པ་རྒྱ་མཚོར་འཇུག་པའི་གྲུ་ཆེན། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་མཛད་པ་ཆོས་འབྱུང་ངོ་མཚར་རྒྱ་མཚོ། རྗེ་བཙུན་རཏྣས་མཛད་པ་རྒྱལ་རབས་མེ་ལོང་གསལ་བྱེད་ཉུང་ངུ་རྣམ་གསལ། ཇོ་ནང་པ་ཏཱ་ར་ནཱ་ཐས་མཛད་པ་རྒྱ་གར་ཆོས་འབྱུང་དགོས་འདོད་ཀུན་འབྱུང༌། ས་སྐྱ་རྗེ་བཙུན་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་རྒྱལ་རབས་གསལ་བའི་མེ་ལོང༌། འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་མཛད་པ་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་རྒྱལ་རབས་རྫོགས་ལྡན་གཞོན་ནུའི་དགའ་སྟོན། རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གསུམ་དཀར་ཆག་ཤེལ་དཀར་མེ་ལོང༌། རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་ཞྭ་ལུ་གསེར་ཁང་གི་ལོ་རྒྱུས་དང༌། དགེ་བསྙེན་མགོན་པོ་སྐྱབས་ཀྱིས་མཛད་པ་རྒྱ་ནག་ཆོས་འབྱུང་བློ་གསལ་ཀུན་ཏུ་དགའ་བའི་རྣ་རྒྱན། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་མཛད་པ་བསྟན་པའི་སྦྱིན་བདག་རྣམས་ཀྱི་རྣམ་གཞག སུམ་པ་མཁན་པོས་མཛད་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང༌། སུམ་པ་མཁན་པོས་མཛད་པ་མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན། སུས་མཛད་མ་ཤེས་པ་ཆོས་འབྱུང་རིན་ཆེན་སྤུངས་པ་ངོ་མཚར་སྣང་བའི་དགའ་སྟོན། ཀཿཐོག་ཚེ་དབང་ནོར་བུས་མཛད་པ་བོད་ཀྱི་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང༌། བྲག་སྒོ་རབ་འབྱམས་པས་ཐུགས་རྗེ་ཆེན་པོ་ནོར་བུ་རྒྱན་འགྲེལ་ལ་བསྲེས་ལྷད་ཡོད་ཚུལ་ལྷག་བསམ་བརྡ་བཏང༌། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་དགོས་འདོད་ཀུན་འབྱུང༌། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ་ས་སྐྱའི་གདུང་རབས་ཡ་རབས་ཁ་རྒྱན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ལམ་འབྲས་ཆོས་འབྱུང་ངོ་མཚར་སྣང་བ། ཉང་སྟོད་གནས་རྙིང་གི་གདན་རབས་རིན་པོ་ཆེའི་གཏེར་མཛོད། མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་མཛད་པ་དགའ་ལྡན་ཆོས་འབྱུང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་ཞྭ་སེར་ཆོས་འབྱུང་བཻཌཱུར་སེར་པོའི་ཕྲེང་བ། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་ལམ་རིམ་བླ་མ་རྒྱུད་པའི་རྣམ་ཐར་རྒྱལ་བསྟན་མཛེས་པའི་རྒྱན་མཆོག སུ་དྷིཿཨ་ཤྭ་གྷོ་ཥའི་མཚན་ཅན་ནས་མཛད་པ་ཧོར་གྱི་ཡུལ་དུ་དམ་པའི་ཆོས་བྱུང་ཚུལ་བཀྲ་ཤིས་ཆོས་དུང་བཞད་པའི་སྒྲ་དབྱངས། འཇམ་དབྱངས་དགྱེས་པའི་བཤེས་གཉེན་གྱིས་མཛད་པ་ཧོར་གྱི་རྒྱལ་རབས་དཔྱོད་ལྡན་མགུ་བྱེད་ངོ་མཚར་གསེར་གྱི་དེབ་ཐེར། བྲག་དགོན་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པ་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ། ཝགིནྜས་མཛད་པ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་ངོས་འཛིན་བྱེད་ཚུལ། དཔེ་རྙིང་གཤམ་ཤོག་གྱར་བས་སུས་མཛད་མ་གསལ་བ། མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་ལེགས་བཤད་མཁས་པའི་འཇུག་ངོགས། (མྱང་ཆོས་འབྱུང) དཔལ་ལྡན་ཤར་ཀ་བའི་གདུང་རབས་རྒྱན་གྱི་འཕྲེང་བ། དཔལ་ལྡན་ཆོས་ཀྱི་བཟང་པོས་མཛད་པ་གཡས་རུ་བྱང་པའི་རྒྱལ་རབས་རིན་པོ་ཆེ་བསྟར་བ། འགྱུར་མེད་རྣམ་རྒྱལ་གྱིས་མཛད་པ་ལྷ་ཐོག་དཔོན་གྱི་གདུང་རབས་དེབ་ཐེར་ལེགས་པར་བཤད་པ་ཆོས་སྲིད་སྒོ་བརྒྱ་འབྱེད་པའི་ལྡེ་མིག སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་མཛད་པ་སྡེ་དགེའི་བཀའ་འགྱུར་དཀར་ཆག ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་སྡེ་དགེའི་བསྟན་འགྱུར་དཀར་ཆག ཐུབ་བསྟན་ཆོས་འཕེལ་བཟང་པོས་མཛད་པ་འབུམ་གྱི་དཀར་ཆག་ངོ་མཚར་གཏམ་གྱི་གླིང་བུ། ཕུར་ལྕོག་ངག་དབང་བྱམས་པས་མཛད་པ་སྣར་ཐང་བསྟན་འགྱུར་དཀར་ཆག་ཚངས་པའི་དབྱངས། དཀོན་མཆོག་འཇིགས་མེད་དབང་པོས་མཛད་པ་ཅོ་ནེའི་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའིགཏེར་མཛོད། ཅེ་ནོ་བློ་བཟང་རྒྱ་མཚོས་མཛད་པ་ལྷ་སའི་བཀའ་འགྱུར་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག འཕྱོགས་རྒྱས་བླ་མཁྱེན་ངག་དབང་གིས་མཛད་པ་སྔོན་མེད་ཀྱི་བསྟན་བཅོས་བཻཌཱུར་དཀར་པོ་ལས་འཕྲོས་པའི་སྙན་སྒྲོན་ཉིས་བརྒྱ་དང་བརྒྱད་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་བསྟན་བཅོས་བཻཌཱུར་དཀར་པོ་ལས་དྲི་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད། ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པ་བསྟན་པའི་གསལ་བྱེད་བོད་དུ་རིམ་བྱུང་གི་ལོ་ཚིགས་རེ་མིག་གསེར་གྱི་ཉི་མ་འོད་ཟེར་བཀྲ་བ། ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པ་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང༌། འཇུ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་བསྟན་རྩིས། རྗེ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པ་བསྟན་རྩིས་ཉིན་བྱེད་སྣང་བ། བཀའ་དྲུང་ནོར་རྒྱས་ནང་པ་དང་དབང་འདུད་ཚེ་རིང་ནས་ཕྱོགས་བསྒྲིགས་གནང་བ་གཞུང་ཞབས་རྣམས་ལ་ཉེ་བར་མཁོ་བ་བླ་དཔོན་རིམ་བྱོན་གྱི་ལོ་ཚིགས་དང༌། ཐམ་དེབ་ལོང་བའི་དམིགས་བུ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པ་རྙིང་མའི་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པ་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བ་རྒྱལ་རབས་དེབ་ཐེར་དཀར་པོ། བསྟན་འཛིན་ཆོས་རྒྱལ་གྱིས་མཛད་པ་ལྷོའི་ཆོས་འབྱུང་བསྟན་པ་རིན་པོ་ཆེའི་འཕྲོ་མཐུད་འཇམ་མགོན་སྨོན་མཐའི་འཕྲེང་བ། མཁའ་སྤྱོད་འབྲས་མོ་ལྗོངས་ཀྱི་རྒྱལ་རབས་གསལ་བར་བཀོད་པ་དྭངས་ཤེལ་མེ་ལོང༌། ལྷ་བཙུན་འགྱུར་མེད་བསྟན་འཛིན་དབང་པོས་མཛད་པ་འབྲས་ལྗོངས་གནས་ཡིག་ངོ་མཚར་གཏེར་མཛོད། ལ་དྭགས་རྒྱལ་རབས་དབྱིན་བོད་ཤན་སྦྱར་ (By A.H. Francke) ཁ་ལ་ར་རྩེའི་བསྟན་འཛིན་གྱིས་བཤད་པ་ཛོ་ར་ཝ་སིང་གིས་བོད་ལ་དམག་བརྒྱབ་ཚུལ། བཅའ་ཡིག་གཅིག་འཐུས། འབྲི་གུང་གདན་རབས་སོ་བཞི་པ་དཀོན་མཆོག་བསྟན་འཛིན་གྱིས་མཛད་པ་གངས་དཀར་ཏེ་སེ་དང༌། མཚོ་མ་དྲོས་མ་ཕམཔའི་གནས་བཤད་ཤེལ་དཀར་མེ་ལོང༌། ཕུར་ལྕོག་ངག་དབང་བྱམས་པས་མཛད་པ་གདན་ས་ཆེན་པོ་བཞི་དང༌། རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་དཀར་ཆག་པད་དཀར་འཕྲེང་བ། འཇམ་དབྱངས་མཁྱེན་དབང་པོས་མཛད་པ་དབུས་འགྱུར་ཆོས་སྡེ་ཁག་གི་གནས་ཡིག ྋརྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་མཛད་པ་ལྷ་ལྡན་གཙུག་ལག་ཁང་ཉམས་གསོའི་དཀར་ཆག་དད་སྣང་འབུམ་ཕྲག་འཆར་བའི་འོ་མཚོའི་རྫིང་བུ། རྡོ་རྗེ་འཛིན་པ་དཔལ་འབྱོར་ལྷུན་གྲུབ་ཀྱིས་མཛད་པ་ཕ་བོང་ཁའི་གནས་ཡིག་གཤད་དཀར་ཆག་ སེར་བྱེས་སློབ་ཟུར་བློ་བཟང་ནོར་བུས་མཛད་པ་ཡེར་པའི་གནས་བཤད། འཇོག་རི་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པ་གུང་ཐང་གཙུག་ལག་ཁང་དང༌། སྐུ་འབུམ་ཆེན་པོའི་དཀར་ཆག ཚེ་རིང་མགོན་པོས་མཛད་པ་བདེ་ཆེན་གསང་སྔགས་མཁར་གྱི་ལོ་རྒྱུས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་བཀའ་གདམས་རིན་པོ་ཆེའི་གླེགས་བམ། ཇོ་བོའི་རྣམ་ཐར་རྒྱས་པ་ཡོངས་གྲགས་མ། དགེ་བསྙེན་ཆོས་དཔལ་དར་དཔྱང་གིས་བྲིས་པ་ཆག་ལོ་ཆོས་རྗེ་དཔལ་གྱི་རྣམ་ཐར་བླ་མའི་གསུང་དྲི་མ་མེད་པ། དགེ་སློང་བསྟན་འཛིན་ཆོས་རྒྱལ་ནས་ཕྱོགས་བསྒྲིགས་གནང་བ་འཕགས་པའི་གནས་བརྟན་བཅུ་དྲུག་གི་རྟོགས་བརྗོད་རྫོགས་ལྡན་སྦྱིན་པའི་དབྱར་རྔ། རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར། ལྷོ་བྲག་མར་པ་ལོ་ཙཱ་བའི་རྣམ་ཐར། མི་ལ་བཞད་པ་རྡོ་རྗེའི་རང་རྣམ་ཐམས་ཅད་མཁྱེན་པའི་ལམ་སྟོན་དང༌། མགུར་འབུམ། མཉམ་མེད་དྭགས་པོ་ལྷ་རྗེའི་རྣམ་ཐར། རས་ཆུང་རྡོ་རྗེ་གྲགས་པའི་རྣམ་ཐར། ལྷ་བཙུན་རིན་ཆེན་རྣམ་རྒྱལ་ནས་མཛད་པ་གྲུབ་ཐོབ་གཙང་སྨྱོན་གྱི་རྣམ་ཐར་ངོ་མཚར་མཐོང་བ་དོན་ལྡན། རྗེ་འབར་བ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར། ཆོས་སྒོ་བསོད་ནམས་དཔལ་གྱིས་མཛད་པ་བདེ་གཤེགས་ཕག་མོ་གྲུ་པའི་རྣམ་ཐར། ལྷ་བཙུན་རིན་ཆེན་རྣམ་རྒྱལ་གྱི་རྣམ་ཐར་བློ་འདས་ཆོས་སྐུའི་རང་མདངས། བཀའ་བརྒྱུད་གསེར་འཕྲེང་ལས། འབར་རའི་ཐུགས་སྲས་སྤྱན་སྔ་རིན་ཆེན་ལྡན་གྱི་རྣམ་ཐར། ཀརྨ་གསལ་བྱེད་ཀྱི་རྣམ་ཐར་དད་པའི་གསལ་འདེབས། གྲུབ་ཆེན་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར་ངོ་མཚར་བདུད་རྩིའི་ཆུ་རྒྱུན། སྤྲུལ་སྐུ་བསྟན་པའི་གསལ་བྱེད་ཀྱི་རྣམ་ཐར་མུ་ཏིག་འཕྲེང་བ། རྡོ་རྗེ་འཛིན་པ་བློ་གྲོས་ཆོས་འཕེལ་གྱི་རྣམ་ཐར་བཻཌཱུརྱའི་འོད་སྣང༌། ཨོ་རྒྱན་ངག་དབང་ཡེ་ཤེས་ཀྱི་རྣམ་ཐར་དཔག་བསམ་ལྗོན་བཟང༌། སྟག་ལུང་ཐང་པ་རིན་པོ་ཆེའི་རྣམ་ཐར། ཀུན་མཁྱེན་པད་དཀར་གྱིས་མཛད་པ་གཙང་པ་རྒྱ་རས་པའི་རྣམ་ཐར་ངོ་མཚར་དད་པའི་རླབས་ཕྲེང༌། འབར་བ་རྒྱལ་མཚན་དཔལ་བཟང་གི་རང་རྣམ། འཕྲོས་ནམ་མཁའ་རྒྱ་མཚོས་མཛད། དགེ་སློང་སྒྲ་ཚད་པས་མཛད་པ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ཐར་སྙིམ་པའི་མེ་ཏོག རིན་སྤུངས་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པས་མཛད་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་སྐལ་བཟང་ལེགས་ལམ། རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་ནས་མཛད་པ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་རིན་པོ་ཆེའི་འཕྲེང་བ། མཉམ་མེད་དཀོན་མཆོག་རྒྱལ་མཚན་ནས་མཛད་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པ་རྗེའི་རྣམ་ཐར་དད་པའི་འཇུག་ངོགས། དར་ཧན་མཁན་སྤྲུལ་བློ་བཟང་འཕྲིན་ལས་ཀྱིས་མཛད་པ་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་ཐུབ་བསྟན་མཛེས་རྒྱན་ངོ་མཚར་ནོར་བུའི་འཕྲེང་བ། པཎ་ཆེན་བསོད་ནམས་གྲགས་པས་མཛད་པ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱི་རྣམ་ཐར། ཡར་འབྲོག་པ་དགེ་བསྙེན་ནམ་མཁའ་བཟང་པོས་མཛད་པ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར། དཔོན་ཡིག་པ་དཀོན་མཆོག་རྒྱལ་མཚན་ནས་ཕྱོགས་བསྒྲིགས་མཛད་པ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར། ཀོང་པོ་དགེ་སློང་ཆོས་སྨྲ་བ་དབང་ཕྱུག་གྲུབ་པས་མཛད་པ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་རྣམ་ཐར་ངོ་མཚར་རིན་པོ་ཆེའིའཕྲེང་བ། ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ་ཀམ་ཚང་ཀརྨ་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་འཕྲེང་བ། བཙུན་པ་འགྱུར་མེད་བདེ་ཆེན་གྱིས་མཛད་པ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོའི་རྣམ་ཐར་ངོ་མཚར་ཀུན་གསལ་ནོར་བུའི་མེ་ལོང༌། བྱ་བྲལ་ལྷ་དབང་རྒྱ་མཚོས་མཛད་པ་པཎ་ཆེན་བསོད་ནམས་གྲགས་པའི་རྣམ་ཐར་ངོ་མཚར་རྨད་བྱུང་རོལ་རྩེད། འབྲི་གུང་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་ངོར་པ་ཀུན་བཟང་གི་རྣམ་ཐར་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ། ཤཱཀྱའི་དགེ་སློང་ནམ་མཁའ་རྡོ་རྗེའི་རྣམ་ཐར་ངོ་མཚར་གསལ་བའི་མེ་ལོང༌། པཎ་ཆེན་ཡེ་ཤེས་རྩེ་མོས་མཛད་པ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་འཕྲེང་བ་དང༌། ཀུན་དགའ་རྒྱལ་མཚན་གྱིས་མཛད་པ་ངོ་མཚར་མཛད་པ་བཅུ་གཉིས། རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་རང་རྣམ་མཇུག་མ་གྲུབ། གཡང་པ་ཆོས་རྗེས་མཛད་པ་རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་དད་པའི་ལྗོན་ཤིང༌། རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་ཤིང་རྟ། རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་ནོར་བུའི་འཕྲེང་བ། རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་གསུམ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་དུ་ཀཱུ་ལའི་གོས་བཟང་གི་འཕྲོས་གླེགས་བམ་གཉིས། རྒྱལ་མཆོག་ལྔ་པ་ཆེན་པོས་རྒྱ་བོད་ཧོར་སོག་གི་དཔོན་རིགས་དང༌། སྦྱིན་བདག་ཁག་ལ་བཀའ་ཤོག་སྩལ་ཁག་དང༌། རྒྱ་བོད་ཧོར་སོག་གི་དགོན་ཁག་ལ་བཅའ་ཡིག་སོགས་སྩལ་ཁག སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རབ་གསལ་གསེར་གྱི་སྙེ་མ། ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རབ་གསལ་གསེར་གྱི་སྙེ་མ། ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་ལྔ་པ་ནས་དྲུག་པར་འཕོས་པའིགཏམ་རྣ་བའི་བཅུད་ལེན། ལྷ་བཙུན་ངག་དབང་རྡོ་རྗེས་མཛད་པ་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་རྒྱ་མཚོའི་རིན་ཆེན་ཚངས་དབྱངས་རྒྱ་མཚོརྣམ་ཐར་འཛད་མེད་གཏམ་སྙན་ལྷའི་ཏམ་བུ་རའི་རྒྱུད་ཀྱི་སྒྲ་དབྱངས། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་འཛམ་གླིང་མཐའ་གྲུ་ཡངས་པའི་རྒྱན། རྒྱུད་སྨད་བླ་མ་དབུ་མཛད་འཇམ་དཔལ་ཚུལ་ཁྲིམས་དང༌། བདེ་ཡངས་རབ་འབྱམས་པ་སྐལ་བཟང་ཚུལ་ཁྲིམས་གཉིས་ནས་མཛད་པ་རྒྱལ་བ་ལུང་རྟོགས་རྒྱ་མཚོའི་རྣམ་ཐར་དད་པའི་ཡིད་འཕྲོག སྐུ་བཅར་དར་ཧན་མཁན་སྤྲུལ་བློ་བཟང་འཕྲིན་ལས་རྣམ་རྒྱལ་ནས་མཛད་པ་རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ངོ་མཚར་ནོར་བུའི་འཕྲེང་བ། ཡང་སྐུ་བཅར་དར་ཧན་མཁན་སྤྲུལ་ནས་མཛད་པ་རྒྱལ་དབང་མཁས་གྲུབ་རྒྱ་མཚོའི་རྣམ་ཐར་ངོ་མཚར་ལྷའི་རོལ་མོ། སྒོ་མང་མཚན་ཞབས་ངག་དབང་བློ་བཟང་ནས་མཛད་པ་རྒྱལ་དབང་འཕྲིན་ལས་རྒྱ་མཚོའི་རྣམ་ཐར་དྭངས་ཤེལ་མེ་ལོང༌། ཕུར་ལྕོགས་ཡོངས་འཛིན་སྤྲུལ་སྐུ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་ཀྱིས་མཛད་པ་ྋརྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་འཕྲེང་བ། ྋརྒྱལ་མཆོག་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ་རྒྱལ་བསྟན་པད་ཚལ་བཞད་པའི་ཉི་འོད། ཛ་སག་ཀུན་བཟང་རྩེ་པ་བསོད་ནམས་དབང་འདུས་ནས་མཛད་པ་རྒྱལ་མཆོག་སྐུ་འཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ངོས་འཛིན་གདན་ཞུ་མཛད་པའི་སྐོར་བདེན་གཏམ་རྣ་བའི་བཅུད་ལེན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་སྤྱོད་ཚུལ་གསལ་བར་སྟོན་པ་ནོར་བུའི་འཕྲེང་བ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རང་རྣམ་འོད་དཀར་ཅན་གྱི་འཕྲེང་བ། དཀོན་མཆོག་འཇིགས་མེད་དབང་པོས་མཛད་པ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་ཉི་མའི་འོད་ཟེར། དགེ་སློང་བློ་བཟང་སྦྱིན་པས་མཛད་པ་པཎ་ཆེན་བློ་བཟང་བསྟན་པའི་ཉི་མའི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ཡོངས་འཛིན་ལྷོ་པ་བསྟན་འཛིན་དབང་རྒྱལ་གྱིས་མཛད་པ་པཎ་ཆེན་བློ་བཟང་བསྟན་པའི་དབང་ཕྱུག་གི་རྣམ་ཐར་དད་ལྡན་པད་ཚལ་བཞད་པའི་ཉིན་བྱེད། རྗེ་ངག་དབང་ཆོས་འབྱོར་ནས་ཀུན་གཟིགས་བསྟན་པའི་དབང་ཕྱུག་དབུས་ཕེབས་གནང་སྐབས་སྙན་ངག་གི་ལམ་ནས་དྲངས་པའི་བྱུང་བ་བརྗོད་པ། བློ་གསལ་རྒྱ་མཚོས་མཛད་པ་བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་ཡིད་འཕྲོག་ཨུཏྤལ་དོ་ཤལ། རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་རྡོ་རྗེ་འཛིན་པ་བློ་བཟང་རྒྱ་མཚོ་གྲགས་པ་རྒྱལ་མཚན་ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོགྱི་རྣམ་ཐར་སློབ་བཤད་བསྟན་པའི་ཉིན་བྱེད། ཡང་རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་རིག་བདག་མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་ཐར་དད་པའི་རླབས་འཕྲེང༌། ཡང་རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་བྱང་པ་རིག་འཛིན་དབང་པོའི་རྣམ་ཐར་ངོ་མཚར་བཀོད་པ། ཡང་རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྣམ་ཐར་མཁས་པའི་རྣ་རྒྱན། ཡང་རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་རྡོ་རྗེ་འཛིན་པ་དཔལ་འབྱོར་ལྷུན་གྲུབ་ཀྱིས་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ། ཡང་རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པ་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ཐེག་ཆོག་བསྟན་པའི་ཤིང་རྟ། ཆོས་རྗེ་ཀུན་དགའ་ལེགས་པའི་རྣམ་ཐར་རྒྱ་མཚོའི་སྙིང་པོ་མཐོང་བ་དོན་ལྡན། དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་ངག་དབང་ཆོས་འཕེལ་གྱི་རང་རྣམ། སྨན་གླིང་རིག་འཛིན་གཏེར་བདག་གླིང་པ་པདྨ་གར་གྱི་དབང་ཕྱུག་གི་རྣམ་ཐར། ལོ་ཆེན་དྷརྨ་ཤྲཱི་རིའི་རྣམ་ཐར། རྒྱལ་མཆོག་ལྔ་པ་ཆེན་པོས་སྩལ་བ་རྩེ་ཕོ་བྲང་པོ་ཏཱ་ལའི་གསུམ་སྐས་འགོའི་རྩ་ཚིག་ཕྱག་རྗེས་མ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་གནའ་བོའི་ལུགས་བཟང་ཡ་རབས་ཀྱི་སྲོལ་གཏོད་པའི་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན་འགུགས་པའི་ལྕགས་ཀྱུ། ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་ཚོགས་མཆོད་བཅའ་བསྒྲིགས་བྱང་ཆེན་ཉི་མའི་དཀྱིལ་འཁོར། ཡང་ཁོང་གིས་མཛད་པ་བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང༌། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་ཐུབ་བསྟན་མཛེས་རྒྱན། རྒྱལ་མཆོག་འཇམ་དཔལ་རྒྱ་མཚོས་མཛད་པ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་པདྨ་འབྱེད་པའི་ཉིན་བྱེད། སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་རང་རྣམ་དྲི་བྲལ་ཤེལ་གྱི་མེ་ལོང༌། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་རང་རྣམ་གསང་ཆེན་བདུད་རྩིའི་ཆུ་རྒྱུན། དངུལ་ཆུ་བ་མཁས་གྲུབ་ངག་དབང་རྡོ་རྗེའི་རྣམ་ཐར། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པ་རྗེ་དྷརྨ་བྷ་དྲའི་རྣམ་ཐར་ཞྭ་སེར་བསྟན་པའི་མཛེས་རྒྱན། དངུལ་ཆུ་བ་དབྱངས་ཅན་གྲུབ་པའི་རྡོ་རྗེའམ་རྗེ་བཙུན་བློ་བཟང་ཆོས་འཕེལ་གྱི་རང་རྣམ་དགེ་ལྡན་བསྟན་པའི་ཉི་འོད། ཕུར་ལྕོག་ངག་དབང་བྱམས་པའི་རྣམ་ཐར་དད་པའི་འདབ་བརྒྱ་བཞད་པའི་ཉིན་བྱེད། འབྲུག་ཆེན་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར་རྒྱས་པ་ཆོས་ཀྱི་སྤྲིན་ཆེན་པོའི་དབྱངས་ལས་གླེང་གཞི་བོད་ཀྱི་སྐོར་དང༌། གླེང་གཞི་ལྷོའི་སྐོར། འབྲུག་ཆེན་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར་ཆོས་ཀྱི་སྤྲིན་ཆེན་པོའི་སྙིང་པོ་ལེགས་པར་བསྡུས་པ་བདུད་རྩིའི་ཐིག་པ། ཀུན་མཁྱེན་པདྨ་དཀར་པོའི་རང་རྣམ་ཐུགས་རྗེ་ཆེན་པོའི་ཟློས་གར་དང༌། དེའི་འཕྲོས་ངག་དབང་ཡོན་ཏན་མཐའ་ཡས་ནས་མཛད་པ་སྒྱུ་མ་ཆེན་པོའི་དོ་ར། འབྲུག་གི་བླ་མ་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ་རྗེ་ངག་དབང་ཡོན་ཏན་མཐའ་ཡས་ཀྱི་རྣམ་ཐར་སྐལ་བཟང་མོས་པའི་པདྨོ་རྒྱས་བྱེད་ཡེ་ཤེས་འོད་སྟོང་འཕྲོ་བའི་ཉི་མ། རྗེ་བཙུན་དམ་ཆོས་པད་དཀར་གྱི་རྣམ་ཐར་ཐུགས་རྗེ་ཆེན་པོའི་དྲི་བསུང༌། བསྟན་འཛིན་དོན་གྲུབ་ཀྱི་རྣམ་ཐར་ཀླུ་དབང་རོལ་མཚོ། ཆོས་རྒྱལ་ཆེན་པོ་ཤེས་རབ་དབང་ཕྱུག་གིས་དགེ་བའི་ཆོ་ག་རབ་ཏུ་གསལ་བའི་གཏམ་མུ་ཏིག་དོ་ཤལ། རིག་པ་འཛིན་པ་བློ་བཟང་འཕྲིན་ལས་སླེ་ལུང་རྗེ་དྲུངཀྱི་རང་རྣམ་སྐལ་བཟང་དགའ་སྟོན། སླེ་ལུང་རྗེ་དྲུང་བློ་བཟང་འཕྲིན་ལས་ཀྱིས་མཛད་པ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གཏེར་བདག་གླིང་པའི་ཉེ་གནས་བློ་གསལ་རྒྱ་མཚོ གྱི་རྣམ་ཐར་ལས་འཕྲོས་པ་བྱུང་བ་བརྗོད་པ་གདུང་བའི་མུན་སེལ། སེར་སྨད་མཁན་པོ་གྲགས་པའི་མཚན་ཅན་གྱིས་མཛད་པ་དགའ་ལྡན་ཤར་རྩེ་ནོར་བུའི་གླིང་གི་ལོ་རྒྱུས་འཇམ་དཔལ་སྙིང་པོའི་དགོངས་རྒྱན། ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་ངོ་མཚར་སྐལ་བཟང་འཇུག་ངོགས། རྟ་ཚག་བསྟན་པའི་མགོན་པོས་མཛད་པ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་རྣམ་ཐར་མོས་གུས་རིན་ཆེན་འདྲེན་པའི་ཤིང་རྟ་རྒྱལ་སྲས་སྤྱོད་པའི་རྒྱན། སེར་སྨད་བླ་ཟུར་བློ་བཟང་ཐུགས་རྗེས་མཛད་པ་ཚེ་གླིང་ནོ་མི་ཧན་ངག་དབང་ཚུལ་ཁྲིམས་ཀྱི་རྣམ་ཐར་དད་པའི་སྒོ་འབྱེད། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པ་སྒོ་མང་མཁན་པོ་བློ་བཟང་ཆོས་དར་བའི་རྣམ་ཐར་རྟོགས་བརྗོད་གཟུར་གནས་མཁས་པའི་དགའ་སྟོན། བྱ་བཏང་ཚོགས་དྲུག་རང་གྲོལ་གྱི་རང་རྣམ་ཡིད་བཞིན་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པ་པདྨ་གར་གྱི་དབང་ཕྱུག་འཕྲིན་ལས་འགྲོ་འདུལ་རྩལ་གྱི་རྟོགས་པ་བརྗོད་པ་དུམ་བུ་སྨིག་རྒྱུའི་ཆུ་རྒྱུན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་རང་རྣམ་ནོར་བུ་སྣ་ཚོགས་མདོག་ཅན། དགེ་བཤེས་ཤེས་རབ་རྒྱ་མཚོས་མཛད་པ་རྟ་ཚག་རྗེ་དྲུང་སྐུ་འཕྲེང་བཅུ་གཅིག་པ་ཐུབ་བསྟན་སྐལ་བཟང་བསྟན་པའི་སྒྲོན་མེའི་རྣམ་ཐར་བསམ་འཕེལ་ནོར་བུའི་བང་མཛོད། དགའ་ལྡན་ཐེ་པོ་སྐྱེ་མིང་ཡེ་ཤེས་ཐུབ་བསྟན་རྒྱ་མཚོས་མཛད་པ་དགའ་ལྡན་གསེར་ཁྲི་རིམ་བྱོན་གྱི་རྣམ་ཐར་རྨད་བྱུང་ནོར་བུའི་འཕྲེང་བ། མདོ་ཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་མཛད་པ་ྋམི་དབང་རྟོགས་བརྗོད་འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ། ཡང་མདོ་ཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི་རང་རྣམ་ཟོལ་མེད་ངག་གི་རི་མོ། རྡོ་རིང་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱི་རང་རྣམ་སྡེ་དཔོན་དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ། སྨིན་གྲོལ་ནོ་མི་ཧན་ནས་མཛད་པ་འཛམ་གླིང་རྒྱས་བཤད། སྡེ་དགེ་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པ་དྲི་མེད་ཤེལ་གོང་དང༌། དྲི་མེད་ཤེལ་འཕྲེང༌། གངས་ཅན་ལྷ་གཅིག་ྋརྒྱལ་དབང་བསྟན་འཛིན་རྒྱ་མཚོས་མཛད་པ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས། བོད་ལྗོངས་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ཆེན་པོའི་མ་འོངས་བོད་ཀྱི་རྩ་ཁྲིམས་ཕན་བདེའི་ལམ་སྟོན། རྩེ་ཕོ་བྲང་པོ་ཏཱ་ལའི་མདུན་ཞོལ་གྱི་རྡོ་རིང༌། ལྷ་ལྡན་གཙུག་ལག་ཁང་ཇོ་བོའི་དབུ་སྐྲའི་འགྲམ་གྱི་རྡོ་རིང༌། དེ་བཞིན་བསམ་ཡས། འཕྱོངས་རྒྱས་ཟམ་སྣེ། འབྲི་གུང་ཞྭ་ལྷ་ཁང༌། སྐར་ཆུང་རྒྱལ་སྡེ། མཚུར་ཕུ་སོགས་ཀྱི་རྡོ་རིང་ཁག་དང༌། ཞོལ་རྡོ་རིང་ཉེ་འགྲམ་ཁང་སེར་ནང་གི་རྡོ་ཡིག་བཅས་པའི་ཞལ་བཤུས་ཁག ལོན་ཌོན། སྤའི་རི་སི། རོའམ། ཀྲོག་ཀྱོ་སོགས་ཀྱི་དཔེ་མཛོད་ཁང་ཁག་ནས་ཕྱོགས་བསྡུས་བྱས་པ་ཏོང་ཧཱང་ནས་བརྙེས་པའི་བོད་སྔ་རབས་ཀྱི་ལོ་རྒྱུས། མཁས་དབང་བོན་གྲོང་པའི་ཆབ་ཤོག བཀའ་བློན་བཤད་སྒྲ་དོན་གྲུབ་རྡོ་རྗེས་ཕྱོགས་བསྒྲིགས་གནང་བ་ལྷ་ལྡན་རྒྱལ་ཁབ་དབུས་སུ་བཞག་པས་རྒྱ་མདའ་དང༌། ཆབ་མདོ། རྨར་ཁམས། འབའ་ལི་བརྒྱུད་དར་རྩེ་མདོ་བར་དང༌། ནག་ཆུ། མཚོ་ལོ་མ་བརྒྱུད་སྐུ་འབུམ། གཞིས་རྩེ། བྱང་པྲ་བདུན། སྒར་ཐོག་བརྒྱུད་རུ་ཐོག་བར་གྱི་ལམ་ཐོ། ལ་བོད་གཡུལ་འཁྲུག་སྐབས་ཞབས་པད་བཀྲ་ཤིས་གསར་བའི་གའུ་ལེ་ནས་ཟུར་འདོན་བྱས་པ། རབ་འབྱུང་བཅུ་བཞི་པ་དང༌། བཅོ་ལྔ་པའི་ནང་གི་བཀའ་ཤོག་མགྲོན་དེབ་འགའ་ཤས་ནས་ཟུར་འདོན་ཞུས་པ། བོད་རྒྱལ་ཁབ་ཆེན་པོས་ཉེ་འབྲེལ་རྒྱལ་ཁབ་ལ་ཆིངས་ཡིག་དང༌། གྲོས་ཆོད་བཞག་པའི་ངོ་བཤུས་ཕྱོགས་བསྡུས། བཀའ་དྲུང་ནོར་རྒྱས་ནང་པ་དབང་འདུད་ཚེ་རིང་ནས་ཕྱོགས་བསྒྲིགས་མཛད་པ་ཤོད་དྲུང་ལས་ཚན་འགྲོ་ཁུངས་ཁག་དང༌། ཁྲིགས་འདེགས། སྟོང་སྲང་ཞོ་འབེབ་སོགས་ཡིག་ཆ་ཕྱོགས་བསྡུས། རྐྱང་ཐང་འཆི་མེད་དགའ་ཚལ་དུ་ཨབ་ཏུ་ཀ་ཏིར་དང༌། གྷོ་ལམ་ར་ཟུར་གཉིས་ཞལ་བགྲོས་ཀྱིས་དངོས་དོན་སེར་ཁང་ནང་པའི་ཕྱག་དྲུང་གིསབྲིས་ཞེས་ཤིང་འབྲུག་དབྱིན་བོད་དམག་འཁྲུག་སྐབས་ཀྱི་གནས་ལུགས་གསལ་བར་བརྗོད་པ་ཚིག་བཅད་མ། བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་མཆོག་ནས་ཤིང་སྟག་ལོ་སིམ་ལར་རྒྱ་བོད་དབྱིན་གསུམ་ཆིངས་དོན་བཀའ་མོལ་གནང་སྐབས་དག་སྐྱེལ་ཁག་ཕྱོགས་བསྒྲིགས་གནང་བ་གངས་ལྗོངས་སྐྱེ་རྒུའི་སྙིང་ནོར་དང༌། དེ་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཁག བོད་གཞུང་ནས་ལྷ་སྡོད་མན་ཇུའི་ཨམ་བན་ལ་ཡིག་འགྲུལ་གནང་ཁག་དང༌། རྒྱ་དཔོན་སྒྲའོ་རྡོ་ཐལ་ནས་ཁམས་ཕྱོགས་ཁྲིམས་འགལ་བྱས་པའི་ནག་ཁྲ་དོན་ཚན་ཞེ་གཅིག་པ། ཨམ་བན་ལན་དབུན་གཉིས་ཀྱི་ནག་ཁྲ་དོན་ཚན་བཅུ་དགུ་པ་སོགས་གལ་ཆེའི་ཡིག་ཆ་ཕྱོགས་སྡེབས་ལེགས་བཤད་རྫིང་ཆེན། མེ་སྤྲེ་ལོ་གཞུང་གནས་ནས་ཉག་རོངས་སྡེའི་སྐོར་ཟིན་ཁྲོན་ཙུང་ཐུར་ཕྱག་བྲིས་གནང་ཁག་དང༌། གཞན་ཡང་ཉག་རོངས་སྡེའི་སྐོར། ཚེ་གླིང་རྒྱལ་ཐོག་གཉིས་པ་དང༌། དེ་མོ་རྒྱལ་ཐོག་གསུམ་པ་དབུ་ཉེས་བྱུང་རྩའི་སྐོར། རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོར། མེས་པོ་རྩིས་པ་ཞྭ་སྒབ་པ་བསྟན་འཛིན་ནོར་རྒྱས་མཆོག་ནས་དབུས་གཙང་ཁམས་གསུམ་ནང་སྟོན་འབབ་ཐོན་བྱུང༌། སྐོར་འབྲུ། བོགས་འབྲུ་སོགས་ལ་འབྲིང་ཚད་བསྐོར་བའི་བསྡོམས་མཐོའི་ངོ་བཤུས་ཀྱིས་གཙོས་པའི་ཡིག་ཆ་ཕྱོགས་བསྡུས་ཕ་ཟོག་དྲེག་པ་ཅན། ཆོས་དོན་བཀའ་ཟུར་ཐུབ་བསྟན་ནོར་བཟང་མཆོག་ནས་བོད་ཀྱི་དགེ་རྒན་འོས་སྦྱོང་སྐབས་གཉིས་པར་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྗེས་སུ་བོད་ཀྱི་རྒྱལ་རབས་དང་འབྲེལ་བའི་སྲིད་ལུགས་ཇི་ལྟར་བྱུང་ཚུལ་གསུང་བཤད་གནང་དེབ། དྷ་རམ་ས་ལའི་བོད་གཞུང་ལས་ཁུངས་ནས་ཕྱོགས་བསྡོམས་གནང་བ། ཕྱི་ལོ་༡༩༥༩ ནས་༡༩༦༩ བར་བོད་མི་སྐྱབས་བཅོལ་བའི་གནས་སྟངས། ཀུན་བཟང་དཔལ་འབྱོར་ནས་བརྩམས་པ་བསྲེགས་ཀྱང་མི་འཚིགས་པའི་བོད། ཕྱི་ལོ་༡༩༦༥ ལོར་བོད་རང་སྐྱོང་ལྗོངས་བཙུགས་པ་ནས་ཕྱི་ལོ་༡༩༧༣ བར་བོད་ནང་གི་གནས་ཚུལ་ལ་ཞིབ་འཇུག་ཞུས་པའི་ཕྱོགས་བསྡོམས་སྙན་དེབ། སྔོན་དང་ད་ལྟར་གྱི་བོད་ཀྱི་ལོ་རྒྱུས་ལ་མཁས་པ་སྐུ་ངོ་ཞྭ་སྒབ་དབང་ཕྱུག་བདེ་ལྡན་མཆོག་གི་སྲིད་དོན་རྒྱལ་རབས། མདོ་སྨད་པ་མཁས་དབང་ཡོན་ཏན་རྒྱ་མཚོས་མཛད་པ་བོད་རྒྱ་ནག་གི་ཆ་ཤས་ཟེར་བ་གཏན་ནས་མིན་པའི་ཁུངས་སྐྱེལ་བདེན་པའི་ཉིང་ཁུ་ཞེས་བྱ་བ་བོད་གཞུང་ཤེས་རིག་སྤར་ཁང་ནས་༡༩༩༡ ལོར་སྤར་འདེབས་གནང་བ་ཞེས་བྱ་བ་ལ་སོགས་པ་རགས་བསྡུས་སུ་བཀོད་པ་རྫོགས་སོ། །གོང་དུ་དྲངས་པའི་ལོ་རྒྱུས་ཀྱི་ཡིག་ཆའི་ཐོ་གཞུང་འདི་ཞྭ་སྒབ་པའི་རྒྱལ་རབས་ལས་བཏུས་ཏེ་བཀོད།ང་འདི་ཞྭ་སྒབ་པའི་རྒྱལ་རབས་ལས་བཏུས་ཏེ་བཀོད།)
    • Dictionaries/sgom sde tshig mdzod chenmo/6364  + (བྱ་རིགས་སྤྱི་དང་ལྷག་པའི་བྱ་ཕོའི་མགོའི་སྟེང་གི་ཤ་ལྷེབ་ལྷེབ་དེའི་མིང་། སྤྱིར་བཏང་ཤ་ལྕོག་ཅེས་པའི་བ་གླང་གི་སྒལ་པའི་སྟེང་གི་ཤ་རྡོག་དེའི་མིང་ཡིན།)
    • Dictionaries/sgom sde tshig mdzod chenmo/1028  + (མཁས་སློབ་ཆོས་གསུམ་གྱིས་བསམ་ཡས་བསྲུང་བར་བཞགམཁས་སློབ་ཆོས་གསུམ་གྱིས་བསམ་ཡས་བསྲུང་བར་བཞག་པའི་སྲུང་མའི་ཡ་གྱལ་ཞིག་སྟེ། ཡོངས་གྲགས་སུ་གནས་ཆུང་རྡོ་རྗེ་གྲགས་ལྡན་ཟེར། སྲུང་མ་དམར་ནག་གཉིས་ཀྱི་ཡ་གྱལ་ཡང་ཡིན། མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་བསྲུང་བར་བཞག་པའི་སྲུང་མ་ལ། རྒྱལ་པོ་སྐུ་ལྔ། ཡུམ་ལྔ། བློན་པོ་ལྔ། རུ་འདྲེན་ལྔ། བཤན་པ་ཡང་ལེ་ཝེར་རམ་གནོད་སྦྱིན་ཙིའུ་དམར་པོ་བཅས་ཡོད་པའི་ནང་ནས། བློན་པོ་ལྔའི་ཡ་གྱལ་ཞིག་སྟེ། སྐུ་བྱ་ཁྲིད་མིག་གཅིག (འདི་བྱ་རུ) གསུང་རྡོ་རྗེ་གྲགས་ལྡན། (འདི་གནས་ཆུང) ཐུགས་བཀའ་ཡི་བྱ་ར་བ། ཡོན་ཏན་བྱ་རྒོད་ཐང་ནག (འདི་སྐྱོར་ལུང་ཆོས་སྐྱོང) འཕྲིན་ལས་པུ་ཏྲ་ནག་པོ། (འདི་ཐ་འོག་ཡིན་ཟེར་བས་བརྟག་པར་བྱ) ཀློང་རྡོལ་བླ་མ་གསུང་ལ་གཞི་བྱས། གནས་ཆུང་གི་ལོ་རྒྱུས་ནི། ལྕོག་བྱང་ཆུབ་དཔལ་ལྡན་པའི་རྣམ་ཐར་ནང་གནས་ཆུང་དང་ཆོས་སྐྱོང་གི་ལོ་རྒྱུས་ཡོད། ཅེས་ཞྭ་སྒབ་པའི་རྒྱལ་རབས་དེབ་དང་པོ་༨༥ན་གསལ།ཅེས་ཞྭ་སྒབ་པའི་རྒྱལ་རབས་དེབ་དང་པོ་༨༥ན་གསལ།)
    • Dictionaries/sgom sde tshig mdzod chenmo/6719  + (མཚན་ཉིད་རིག་པའམ་རྩོད་པའི་རིག་པ་འདི་ཧ་ཅང་རྩམཚན་ཉིད་རིག་པའམ་རྩོད་པའི་རིག་པ་འདི་ཧ་ཅང་རྩ་བ་ཆེ་བའི་བོད་ཀྱི་རིག་གཞུང་གི་ཡ་གྱལ་ཞིག་ཡིན། འདི་ལ་རྒྱུའི་ཀུན་སློང་བཟང་པོ་ཞིག་དགོས་གལ་ཆེན་པོ་ཡིན། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚོགས་གཏམ་ཆེན་མོར། གདོང་རྫ་རི་ལས་ནག་པ། སེམས་གངས་རི་ལས་དཀར་བ། ཞེས་པ་ལྟ་བུའི་ལུས་ཀྱི་རྣམ་འགྱུར་དང་སེམས་ཀྱི་འཁྱེར་སོ་མ་འཕྱུགས་པ་ཞིག་དགོས། ཅི་སྟེ་ཆོས་གྲྭར་ཁ་ངན་ཚིག་ངན་འདྲ་ཤོར་ན། ཕྱིར་ཤག་ལ་སླེབས་ནས་རིངས་པར་ལྟུང་བཤགས་དང་སྤྱི་བཤགས་སོགས་ཀྱི་སྒོ་ནས་བཤགས་བསྡམ་བྱེད་དགོས། ཁོ་བོ་ཡང་སྔོན་མ་དེ་འདྲ་བྱེད་ཀྱི་ཡོད། འདི་ལ་ལོ་རྒྱུས་ཤིག་ཡོད་པ་ནི། ཁོ་བོའི་བླ་མ་དམ་པ་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་ཀྱིས་ཡང་ཡང་གསུང་བ་འདི་ལྟར། སྔོན་ལྭ་བ་རྒན་བྱམས་པ་ཆོས་འཕེལ་ཞུ་བ་མཁས་ཆེན་ཞིག་ཡོད། ཁོང་གི་འཛིན་གྲོགས་དཔེ་ཆ་དེ་ཙམ་མི་མཁྱེན་པ་ཞིག་གིས་རྟག་པར་ཁོང་གི་གཉའ་བར་བཞོན་ནས་ད་ཁྱོད་ལོབ་ད་ཁྱོད་ལོབ་ཅེས་ངར་ངར་བྱེད་ནས་རྟགས་གསལ་གཏོང་གི་ཡོད་པར། ཚང་མས་སུན་སྣང་ཆེན་པོས་ཨ་ཁ་ཁྱོད་སྐྱེས་བུ་དམ་པ་ལ་དེ་འདྲ་རྩ་ནས་མ་བྱེད་ཅེས་ལབ་ནའང༌། ཁོས་ཉན་འཇོག་རྩ་བ་ནས་མེད་ཁར། ཁྱོད་ཚོས་ཧ་གོ་གི་མ་རེད་ཁ་ཁར་སྡོད། མི་འདི་ལ་འདི་འདྲ་ཞིག་མ་བྱས་ན་མི་འདིའི་ཁ་ནས་བློ་སྐྱེད་རག་གི་མ་རེད་ཅེས་ལབ་པའི་ལོ་རྒྱུས་ཡོད། དེ་ལྟ་བུའི་ཀུན་སློང་ཡིན་ནའང་ཧ་ཅང་གི་ངན་པ་ཞིག་ཀྱང་ཡིན་པར་མི་སྣང༌། ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོའི་བསྡུས་གྲྭ་ཆེ་བ་ལས། རྩོད་པའི་ཚེ་བཞིན་གྱི་དཀྱིལ་འཁོར་འཛུམ་པ་དང༌། དོན་དང་ལྡན་ཞིང་གསལ་ལ་འཇམ་པའི་ངག་དང་ལྡན་པ་དང༌། སྒྱིད་ལུག་པ་དང༌། ང་རྒྱལ་མེད་པ་རྣམས་ནི་རྩོད་པ་མཛེས་པའི་རྒྱན་ཡིན་པའི་ཕྱིར། ཞེས་དང༌། རྩོད་པའི་བསམ་པ་ལ་རྩོད་པའི་བསམ་པ་ཐ་ཤལ་དང༌། ཕུལ་དུ་བྱུང་བ་གཉིས་ཡོད་དེ། ཕ་རོལ་པོ་དམའ་བར་འདོད་པའི་ཞེ་སྡང་དང༌། རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་དང༌། རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་རྣམས་ནི་རྩོད་པའི་བསམ་པ་ཐ་ཤལ་དང༌། རང་གིས་རྟོགས་པར་འདོད་པའི་གུས་པ་དང༌། གཞན་གྱིས་རྟོགས་པར་འདོད་པའི་སྙིང་རྗེ་དང༌། ཕ་རོལ་པོ་ལ་ཟབ་མོའི་ཆོས་སྟོན་པར་འདོད་པའི་བྱམས་པ་རྣམས་ནི་རྩོད་པའི་བསམ་པ་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར། ཞེས་སོགས་རྒྱས་པར་གསུངས་ཤིང༌། བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང༌། རང་ཉིད་གྲགས་འདོད་ཕ་རོལ་དམའ་དབབ་འདོད། །གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་འཁྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་སྲེག །དེ་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་གསུངས་པ་ཡང་ཐུགས་མད་པར་སྣང་བས་ཧ་ཅང་གཟབ་དགོས་པ་ཞིག་གོ། རྩོད་པའི་རིག་པ་འདི་འཛམ་གླིང་གི་ཡུལ་གྲུ་གང་ནའང་མེད་པའི་བོད་རིག་པའི་ཁྱད་ཆོས་བླ་ན་མེད་པ་ཞིག་སྟེ། རྒྱུ་མཚན་ནི། དཔེར་ན་གྲྭ་སར་དཔེ་ཆ་བལྟ་དུས་བརྒྱ་ཆ་ལྔ་བཅུ་ཆོས་གྲྭ་ནས་ཤེས། བརྒྱ་ཆ་ཉི་ཤུ་རྩ་ལྔ་རང་གི་དཔེ་ཀློག་བརྒྱབ་ནས་ཤེས། བརྒྱ་ཆ་ཉི་ཤུ་རྩ་ལྔ་དགེ་རྒན་གྱི་དྲུང་དུ་ཤེས་ཀྱི་ཡོད་པ་རེད། དེར་བརྟེན་གྲྭ་སར་འཛིན་གྲྭ་གཅིག་པ་ཞེས་རྩ་བ་ཆེན་པོ་བྱེད་པའི་རྒྱུ་མཚན་ཡང་དེས་ཡིན། ཕྱི་རྒྱལ་གྱི་འཛིན་གྲོགས་ལྟ་བུ་འཛིན་གྲྭའི་ནང་མཉམ་དུ་སྡོད་རོགས་ཙམ་ལས་དེ་ལས་ལྷག་པའི་ཕན་ཚུན་བློ་སྐྱེད་བླང་རེས་ཀྱི་མཐུན་གྲོགས་གང་ཡང་བྱེད་ཀྱི་མེད། ྋརྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོའི་དཔེ་ཆ་བལྟ་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་སྤྱི་བོར་ཡང་ཡང་ཕེབས་པའི་བྱིན་མཐུས་རྒྱུད་གྲྭ་སྟོད་སྨད། རྣམ་རྒྱལ་གྲྭ་ཚང༌། གནས་ཆུང་གྲྭ་ཚང༌། བཙུན་དགོན་སོགས་གཞིས་དགོན་ཆུང་ངུའི་ནང་དུའང་དཔེ་ཆ་བལྟ་རྒྱུ་དང་རྟགས་གསལ་གཏོང་རྒྱུའི་གོམ་སྲོལ་དང་དོ་སྣང་གསར་པ་ཞིག་སླེབས་པ་ནི་གནའ་བོ་བོད་དུའང་བྱུང་མ་མྱོང་བའི་གནས་ཚུལ་ངོ་མཚར་ཅན་ཞིག་རེད། དགེ་ལྡན་པའི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་སྤྱན་ལྟོས་བཟང་པོ་ལ་བརྟེན་ནས་དེང་སང་བོད་ཀྱི་གྲུབ་མཐའ་རིས་མེད་དུ་ཁྲོད་དུ་རྟགས་གསལ་གཏོང་བའི་སྲོལ་བཟང་ཉིན་རེ་བཞིན་ཁྱབ་བརྡལ་ཆེ་རུ་འགྲོ་མུས་དང༌། རྩོད་པའི་རིག་པ་འདི་བོད་སྐད་ཙམ་ལས་སྐད་རིགས་གཞན་ལ་གཞི་རྩ་སྲ་བརྟན་ཞིག་ད་བར་ཚུགས་ཐུབ་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་སོག་ཡུལ་དུ་བཀའ་བསྟན་སོགས་བོད་སྐད་ནས་སོག་སྐད་དུ་མང་དག་ཅིག་བསྒྱུར་ཐུབ་ཡོད་མོད། འོན་ཀྱང་རྟགས་གསལ་གཏོང་བའི་སྲོལ་འདི་ཚུགས་མ་ཐུབ་པ་ཡང་སྐད་ཡིག་གིས་མ་ལྡེང་བ་ཡིན་སྐོར་བཀའ་གནང་བ་བདེན་པར་སྣང་སྟེ། ཨ་རི་སོགས་ནུབ་ཕྱོགས་ཀྱི་ཡུལ་གྲུ་རྣམས་སུ་རྟགས་གསལ་གཏོང་བའི་སྲོལ་བཙུགས་ཐུབ་མེད་པ་དེས་གསལ་བར་ཤེས་ནུས་སོ། །དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང༌། དཔལ་ཆོས་ཀྱི་གྲགས་པ་ཡབ་སྲས་རྣམས་ཀྱི་བཞེད་པ་ལྟར་རྗེ་ཙོང་ཁ་པ་ཡབ་སྲས་ཀྱིས་རྩོད་པའི་རིག་པ་ལ་གལ་པོ་ཆེར་མཛད་པ་འདི་ལ་གཞུང་ལུགས་ལ་མ་སྦྱངས་པ་ཕལ་མོ་ཆེ་ཞིག་གིས་བསམ་བློ་ལ། རྩོད་པའི་རིག་པ་ཞེས་པ་དེ་གཞན་ཕ་རོལ་པོ་དང་ཁ་བཤགས་འགྱེད་པ་སོགས་ཀྱི་ཚེ་རིག་པ་དྲན་སྐྱེན་པ་དང༌། ཚིག་རྣོ་བ་ལ་སོགས་པའི་སྒོ་ནས་ཕ་རོལ་པོའི་ཁ་སྒོ་གཅོགས་ཐབས་ཙམ་ལས་གཞུང་ལུགས་ཀྱི་དོན་རྟོགས་པ་ལ་ཆེར་མི་ཕན་ཞིང༌། ལྷག་པར་རྒྱུད་སྟེང་དུ་ཉམས་སུ་ལེན་པ་ལ་ནི་མི་མཁོ་བའི་ཁར་ཚིག་རྩུབ་དང་ང་རྒྱལ་ཇེ་འཕེལ་གྱིས་རང་རྒྱུད་མ་རུང་བར་བྱེད་པའི་རྒྱུར་ངེས་སོ་སྙམ་པའི་ལོག་རྟོག་གིས་རང་ཡང་ཚུལ་དེར་མི་གུས་ཤིང་མི་འཇུག་ལ། གཞན་དག་ཀྱང་དེ་ལ་འཇུག་པ་ལ་འགོག་རྐྱེན་བྱེད་པ་ཆེས་མང་བ་དང༌། དེར་མ་ཟད་མཁས་གྲུབ་སྨྲ་བའི་ཉི་མའི་གསུང་ལས། གང་ཞིག་སྡེ་སྣོད་ལ་ཐོས་བསམ་ལྷུར་ལེན་པ། དེ་ཉིད་འབའ་ཞིག་ལ་ཞེན་པ་ཆེས་ཆེར་འཐས་པར་གྱུར་པ། གྲགས་པའི་བ་དན་གྱིས་མཛེས་པར་གྱུར་པ་དག་ལའང༌། ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བོའི་ཚེ་རང་གི་རྒྱུད་འདུལ་བར་བྱེད་པའི་ཚུལ། གཞུང་ལུགས་ཆེན་པོ་དག་ནས་གསུངས་པ་ལག་ཏུ་བླང་བའི་རིམ་པ་འདི་ལྟ་བུའོ། །ཞེས་བྱ་བ་ནི་ཅུང་ཟད་ཀྱང་བསྟན་དུ་མེད་ཅིང༌། གཞུང་ལུགས་ཆེན་མོ་དག་ན་དེ་ལྟ་བུའི་ཉམས་ལེན་གྱི་གནད་ཡོད་པའི་ཐེ་ཚོམ་ཡང་མེད་པར། གང་གི་ཚེ་རང་ཉིད་ན་སོ་ཡོལ་བའི་ཕོ་ཉས་ཟིན་པས་འཆི་བདག་གི་ཆད་པ་ལ་འཇིགས་པ་ཅུང་ཞིག་སྐྱེས་པར་གྱུར་པ་ན། བླུན་པོ་ཅི་ཡང་མ་བསླབ་པའི་རིའི་ཕུག་ཏུ་མི་ཚེ་ཡོལ་བར་བྱས་པ་ཞིག་གི་དྲུང་དུ་སོང་སྟེ། དེས་ཇི་སྐད་གདམས་པ་ལས་ཅུང་ཟད་ཀྱང་འདའ་བར་མི་ནུས་ཤིང༌། སྡོན་ཆད་ཐོས་བསམ་ལ་ཇི་སྙེད་འབད་པ་བྱས་པ་ཐམས་ཅད་འགྱོད་པ་ལྷུར་ལེན་པའི་ཡུལ་དུ་བྱས་ནས། ཅི་ཡང་ཡིད་ལ་མི་བྱེད་པ་དུད་འགྲོའི་སྒྲུབ་ཐབས་ཧྭ་ཤང་གི་རིང་ལུགས་ལ་གནས་བཞིན་དུ་གསུང་རབ་ཆེན་པོ་རྣམས་འཆི་བའི་ཚེ་དགོས་པ་མེད་པར་འཛིན་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ཤིན་ཏུ་ཆེ་བས་ནོན་བཞིན་དུ་ཚེའི་དུས་བྱེད་པར་འགྱུར་བ་འདི་ཉིད་འབའ་ཞིག་ཏུ་ཟད་པ་ལས། ཞེས་སོགས་གསུངས་པ་དང་རྗེས་སུ་མཐུན་པར་གཞུང་ལུགས་ལ་སྦྱངས་པར་རློམས་པ་ལ་ལ་ཞིག་གི་སེམས་ལ་ཡང༌། རྩོད་པའི་རིག་པ་འདིས་གནས་སྐབས་སུ་གཞུང་ལུགས་ཀྱི་གོ་དོན་རྟོགས་པ་ཙམ་ལ་ཕན་ཅིང༌། རྩོད་པ་དང་ལན་སོགས་ཀྱི་ཚེ་རིག་པ་རྣོ་མྱུར་དང༌། དམ་བཅའ་བརྟན་པ་སོགས་ལ་ཕན་ངེས་ཀྱང་ལམ་ཉམས་སུ་ལེན་པ་ལ་ཕན་མི་ཐོགས་པས་ཉམས་ལེན་གྱི་གནད་དེ་དེ་ལས་གཞན་དུ་ངེས་པར་ཡོད་དོ་སྙམ་པ་ཡང་མང་པོ་ཞིག་ཡོད་འདྲ་བ། དེ་དག་ནི་རྩོད་པའི་གནད་དོན་ཇི་བཞིན་མ་རྟོགས་པས་ལན་པ་ཡིན་ཏེ། རྩོད་པའི་རིག་པ་ཞེས་པ་འདི་ཕ་རོལ་གྱི་རྒོལ་བ་ཚར་གཅོད་པ་སོགས་ཀྱི་ཆེད་ཙམ་ཞིག་ཏུ་ངེས་པ་མ་ཡིན་ཏེ། མདོ་སྔགས་སོགས་རང་གཞན་གྱི་གཞུང་ལུགས་ཆེ་ཆུང་ཐམས་ཅད་ཀྱི་གནད་དོན་ཕྲ་རགས་ཇི་ལྟར་ཡོད་པ་རྣམས་ལ་འོལ་སྤྱི་དང༌། གཡམ་ལ་རྒྱུག་པའི་གོ་བ་ཙམ་མ་ཡིན་པར་དཔྱིས་ཕྱིན་པར་རྟོགས་པའི་ཐབས་སུ་མེད་དུ་མི་རུང་བ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ་རྩོད་པའི་རིག་པ་ལ་མ་བརྟེན་པའི་གོ་བ་ཇི་ཙམ་བཟང་ཡང༌། རྒྱལ་མཆོག་ལྔ་པ་ཆེན་པོས། རིག་པས་བདར་ཤ་མ་བཅད་གཞུང་དོན་ལ། །ཚིག་སྤྱིའི་གོ་བ་ལམ་ཙམ་ཡོད་གྱུར་ཀྱང༌།། བརྒལ་ཞིང་བརྟགས་ན་བྱེ་མའི་ཆང་བུ་ལྟར། །འགྱུར་ཕྱིར་རིག་པའི་གནད་གསང་ཞིབ་ཏུ་སློབས། །ཞེས་དང༌། རྗེ་དོན་ཡོད་མཁས་གྲུབ་པས་རིག་པ་ལ་མ་སྦྱངས་པའི་འཇིག་རྟེན་པ་སོགས་ཀྱི་ཡོན་ཏན་དེ་ཇི་ཙམ་བཟང་ཡང་སོབ་སོབ་ཞིག་ཡོང་ཞེས་གསུངས་པ་ལྟར། ཆོས་ཀྱི་ཚིག་དོན་གང་ལ་ཡང་ཐོག་མར་ལན་ཅིག་ཙམ་དྲིས་པའི་ཚེ་གོ་དོན་མ་ལུས་པ་ལེགས་པར་རྟོགས་རྒྱུ་བའི་ཁུལ་གྱིས་ཚིག་ཟིན་གྱི་བརྗོད་དོན་འགའ་ཞིག་ཕྱོགས་མཐུན་ཙམ་གོ་བ་དེ་སྤྱི་བརྟོལ་དང་བཅས་ཏེ་སྨྲ་བའི་ཁུལ་བྱེད་མོད་ཀྱང༌། དེ་ལ་ཡང་སྐྱར་ཞིབ་ཏུ་ལན་ཅིག་དྲིས་ན་བཤད་མ་ཐག་པའི་དམ་བཅའ་ཕལ་ཆེར་ཞིག་ནས་ལན་ཟེར་ངོ་མི་འདོད་པར་འགྱུར་ལ། ད་དུང་ཞིབ་ཆ་བརྩད་ཅིང་དྲིས་ན་སྔར་ལབ་པ་རྣམས་བརྗེད་པ་བཞིན་དུ་གྱུར་ནས་རང་ཚིག་སྔ་ཕྱི་འགལ་བ་དང༌། དམ་བཅའི་རྩ་བ་རྨངས་ནས་ཞིག་པ་སོགས་ཀྱིས་བླུན་པོའི་རང་མཚང་གསལ་པོར་སྟོན་པར་འགྱུར་བ་ནི་རིག་པ་ལ་མ་སྦྱངས་པའི་སྐྱོན་ཡིན་ཅིང༌། དེ་ལ་ཁོ་ན་རེ། བརྒལ་ཞིང་བརྟགས་པ་སོགས་ཀྱི་ཚེ་གཞུང་ལུགས་ལ་ཞིབ་ཏུ་མ་སྦྱངས་པའི་དབང་གིས་ལན་ཇི་བཞིན་མི་ཐེབས་པ་བདེན་རུང༌། ཉམས་ལེན་གྱི་གནས་སྐབས་སུ་ཚིག་གི་ལན་ཐེབས་མི་དགོས་པས་དོན་མ་ཆུག་པར་གོ་ན་དེས་ཆོག་གོ་ཞེ་ན། དེ་ཡང་མ་ཡིན་ཏེ། ཉམས་ལེན་གྱི་གནས་སྐབས་སུ་ཡང་ཉམས་སུ་ལེན་བྱའི་ཆོས་གང་ཡིན་པ་དེའི་དངོས་བསྟན་དང༌། ཤུགས་བསྟན་གྱི་དོན་དང༌། དམིགས་པ་དང་རྣམ་པའི་ཁྱད་པར། དགག་བྱ་ཕྲ་རགས་ཀྱི་འགོག་ལུགས་སོགས་ཕྲ་ཞིང་ཕྲ་བ་ནས་ཤེས་ན། ཤེས་པ་ལྟར་དུ་ཉམས་སུ་བླངས་པའི་ལག་རྗེས་ལས་ཉམས་རྟོགས་ཀྱི་ས་ཆོད་ཀྱང་གཞན་དང་མི་འདྲ་བ་ཞིག་འབྱུང་ལ། དེ་མིན་ཚིག་སྤྱིའི་གོ་བ་ཡམ་མེ་བ་ཞིགལ་བརྟེན་ནས་ཉམས་སུ་ལེན་ཁུལ་བྱས་ཀྱང་དམིགས་རྣམ་གོ་རྟོགས་སོགས་ཀྱང་དེ་འདྲ་བ་ཞིག་ལས་མི་འབྱུང་ཞིང༌། དེས་ན། ཅི་འདྲ་བ་ཡི་ལས་བྱས་པའི། །འབྲས་བུ་དེ་འདྲ་འབྱུང་བར་འགྱུར། །ཞེས་པ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ལ་ཡང་ས་ཆོད་གཏན་ནས་མེད་པ་ཞིག་ལས་མི་འབྱུང་སྟེ། དཔེར་ན། འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་པའི་ཚིག་ཟིན་ཙམ་ལ་བརྟེན་ནས་འདུས་བྱས་ཀྱི་ཆོས་རྣམས་ཡུལ་དུ་མི་གནས་པ་འགྱུར་བའི་ཆོས་ཅན་ཡིན་པས་མི་རྟག་པ་ཡིན་འདུག་སྙམ་པ་ཙམ་ཞིག་གི་བློ་སྐྱེས་པས་གོ་མི་ཆོད་དེ། འདུས་བྱས་ཞེས་པའི་དོན་དང༌། དེ་སྐད་ཅིག་དང་སྐད་ཅིག་ལ་འགྱུར་བའི་མི་རྟག་པ་ཡིན་ལུགས་སོགས་ལུང་རིགས་དྲི་མ་མེད་པའི་སྒྲུབ་བྱེད་ལ་བརྟེན་ནས་ལེགས་པར་གཏན་ལ་ཕབ་ཅིང༌། མི་རྟག་པ་ལའང་རགས་པ་དང་ཕྲ་བའི་མི་རྟག་པ་ཡོད་ལུགས་སོགས་མཐའ་ཆོད་པའི་ངེས་ཤེས་གཏིང་ཚུགས་པ་ཁོང་དུ་ཆུད་པའི་ཐབས་ལ་འབད་པ་དང༌། དེ་ཙམ་ཞིག་གིས་ཀྱི་མི་རྟག་པ་རྒྱུད་ལ་སྐྱེ་བའི་གོ་མི་ཆོད་པས་དེའི་དོན་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བའི་སླད་དུ་གཙོ་བོར་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་ཤིང་ཚོགས་གསོག་པ་དང༌། སྒྲིབ་པ་སྦྱོང་བ་དང༌། དོན་ལ་སེམས་པ་སོགས་ཟུང་འབྲེལ་དུ་བྱས་ན་ཉམས་སུ་བླངས་ན་ནམ་ཞིག་ན་གོ་ཡུལ་ཙམ་མིན་པའི་མི་རྟག་པའི་དོན་ཇི་ལྟ་བ་བཞིན་རྟོགས་པའི་ངེས་ཤེས་རྒྱུད་ལ་སྐྱེ་ཞིང༌། ད་དུང་སྒོམ་པ་ལས་མི་རྟག་པ་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྐྱེ་བ་ཡིན་ལ། དེ་བཞིན་དུ་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའོ། །ཞེས་པའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་པོ་རེ་རེ་ལ་དེ་འདྲ་བའི་གནད་ཡོད་པར་ཤེས་དགོས་ལ། དེས་མཚོན་ཏེ་ཉམས་ལེན་གྱི་གནད་འགག་གང་ལ་ཡང་མཐའ་ཆོད་པའི་ངེས་ཤེས་སྐྱེ་བ་ལ་རྩོད་པའི་རིག་པ་ངེས་པར་གལ་ཆེ་བ་ཡིན། དེ་ལ་ཁོ་ན་རེ། སྔོན་གྱི་གྲུབ་ཐོབ་གོང་མ་མང་པོ་ཞིག་གཞུང་ལུགས་འཛིན་རྩོད་སོགས་ཀྱི་སྦྱངས་པ་མང་པོ་མ་མཛད་ཀྱང་བླ་མའི་མོས་གུས་དང༌། དཀའ་སྤྱད་སྙིང་རུས་སོགས་ལ་བརྟེན་ནས་ལམ་ཟབ་མོ་ཉམས་སུ་བཞེས་པ་ལས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཇི་སྙེད་ཅིག་བྱུང་བ་སྣང་བས། འཚང་རྒྱ་བ་ལ་ངེས་པར་ཐོས་བསམ་སྔོན་དུ་འགྲོ་བ་ལ་ལྟོས་དགོས་པ་མ་ཡིན་ནོ་ཞེ་ན། དེ་ལྟ་བུའི་གྲུབ་བརྙེས་རྣམས་ནི་སྐུའི་སྐྱེ་བ་སྔོན་མ་རྣམས་སུ་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་དང་ཚོགས་བསགས་སྒྲིབ་སྦྱོང་སོགས་རྒྱ་ཆེར་མཛད་པས་རྟོགས་པའི་རྒྱུད་ཚོད་མཐོན་པོར་ཕེབས་ཟིན་པས། སྐུ་ཚེ་འདིར་ཐོས་བསམ་སོགས་རྒྱ་ཆེར་མ་མཛད་ཀྱང་གསུང་རབ་ཀྱི་དོན་རྣམས་དཀའ་བ་མེད་པར་ཐུགས་རྒྱུད་ལ་རྟོགས་ཤིང་འཁྲུངས་ལ། དེའི་སྟེང་དུ་གང་ཟག་ཕལ་དང་ཕལ་གྱི་སེམས་ལ་བསམ་པར་ཡང་མི་ནུས་པའི་བླ་མ་བསྟེན་ཚུལ་དང༌། དཀའ་སྤྱད་སྙིང་རུས་ཚད་མེད་པ་མཛད་པའི་མཐུ་ལས་གྲུབ་པའི་གོ་འཕང་བརྙེས་པ་སྟེ། དེ་དག་ལ་གྲུབ་མཐའ་གཞན་གྱི་ཆོས་སྐད་ལ་དབང་རྣོན་ཅིག་ཅར་བ་དང༌། དབང་རྟུལ་རིམ་གྱིས་པ་ཞེས་པ་གཉིས་བཤད་པའི་ནང་གི་དབང་རྣོན་ཅིག་ཅར་བ་སྟེ་རིན་པོ་ཆེ་ལྟ་བུའི་གང་ཟག་དང་མཚུངས་པའི་རིགས་ཡིན་ལ། དེ་དག་ཀྱང་སྐྱེ་བ་སྔོན་མ་རྣམས་སུ་ཐོས་བསམ་དང༌། ཚོགས་བསགས་པ་སོགས་མཛད་པའི་མཐུ་ལས་བྱུང་བ་ཡིན་པ་ལས་ཐོག་མར་ལས་དང་པོ་བའི་དུས་ཉིད་ནས། གང་ཡང་མ་བསླབ་ཅི་ཡང་མི་ཤེས་པའི་བརྟུལ་ཞུགས་ཁོ་ན་བཟུང་ནས་ཉམས་ལེན་ཐན་ཐུན་འགའ་ཞིག་མཛད་པས་གྲོལ་བ་ནི་གཏན་ནས་མིན་ཅིང༌། དེས་ན་སྔར་གྱི་དུས་སུ་སྦྱངས་པ་སྔོན་ཟིན་གྱི་གང་ཟག་ཁྱད་པར་ཅན་དབང་རྣོན་གྱི་རིགས་ཅན་མང་དུ་མཆིས་པས། དེ་དག་ཚེ་འདིར་གཞུང་ལུགས་ལ་ཆེད་གཉེར་གྱིས་སྦྱངས་པ་སོགས་ཀྱི་ངལ་བ་ལ་ཆེར་ལྟོས་མི་དགོས་པར། བླ་མའི་མོས་གུས་དང༌། དཀའ་སྤྱད་སོགས་ཀྱི་སྒོ་ནས་ཉམས་ལེན་འབད་པས་རྟོགས་པ་མཐོན་པར་གཤེགས་ནུས་པ་དེ་དང་དེ་འདྲ་བའི་གང་ཟག་རྣམས་ལ་དགོངས་ནས། ཇོ་བོ་ཆེན་པོས་ཀྱང༌། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་དང༌། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པས། ཤཱཀ་ཐུབ་བསྟན་པའི་སྙིགས་མ་ལ། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །བདུད་རིགས་བར་གཅོད་མང་བའི་ཕྱིར། །བུ་རྒྱུད་སྡེའི་མཁྱེན་རྒྱ་མི་འཚལ་གྱི། །སྒྲུབ་པ་སྙིང་པོར་ལོངས་ཤིག་གསུངས། །ཞེས་པ་ལྟ་བུས་ཐོས་བསམ་ལ་ཆེད་གཉེར་གྱིས་མ་བསྐུལ་བར་སྒྲུབ་པ་ཉམས་ལེན་ལ་བསྐུལ་བར་མཛད་ལ། ཚུལ་དེ་ལྟར་དུ་ཉམས་སུ་བླངས་པ་ལས་གྲོལ་བ་ཐོབ་པ་ཡང་ཇི་སྙེད་ཅིག་བྱུང་མོད་ཀྱང༌། རིམ་གྱིས་དུས་སྙིགས་མར་གྱུར་པ་ན་སྦྱངས་པ་སྔོན་སོང་གི་གང་ཟག་དབང་རྣོན་ནི་ཤིན་ཏུ་ཉུང་ཞིང༌། དབང་པོ་རྟུལ་པོའི་རིགས་ཅན་ཁོ་ན་ཤས་ཆེ་བར་གྱུར་ནའང༌། དམ་པ་གོང་མ་རྣམས་ཀྱིས་གང་ཟག་གི་རྒྱུད་ཚོད་དང་བསྟུན་ནས་གསུངས་པ་དེ་དབང་པོ་རྣོ་རྟུལ་ཐམས་ཅད་ལ་རྒྱས་འགེབས་ཀྱི་སྒྲ་ཇི་བཞིན་པར་བཟུང་ནས། ཐོས་བསམ་བྱེད་པ་ནི་སྙིང་པོ་མེད་པའི་སྦུན་པ་འཕྱར་བ་དང་མཚུངས་པས་འཚང་རྒྱ་བ་ལ་ཅི་ཡང་མི་ཕན་ནོ་ཞེས་ཐོས་བསམ་རྩ་ལྟར་དོར་ཏེ་ཉམས་ལེན་འགའ་ཞིག་ལ་འབད་ཁུལ་བྱས་ཀྱང༌། གོང་མ་རྣམས་ལྟ་བུའི་ཉམས་རྟོགས་ཀྱང་མ་སྐྱེས། ཐོས་བསམ་གྱི་ཤེས་རབ་ཀྱང་མེད། ཐུན་མོང་ལམ་སྦྱང་གི་ཆོས་སྣ་གཅིག་ཙམ་ལའང་མྱོང་བ་མ་ཐོན་པའི་ནག་ཐོམ་མེ་བར་ལུས་པའི་ངང་དུ་མི་ཚེ་ཟད་པའང་འགའ་དང་འགའ་མཐོང་ཞིང༌། ཚུལ་དེ་དང་དེ་འདྲ་བ་དག་ལ་དགོངས་ནས་འཇམ་མགོན་ས་པཎ་གྱིས། སྒོམ་ན་ཐོས་པ་མི་དགོས་ཞེས། །བླུན་པོ་བློ་རྒྱ་ཆུང་རྣམས་སྨྲ། །ཐོས་པ་མེད་པའི་སྒོམ་པ་དེ། །འབད་ཀྱང་དུད་འགྲོའི་སྒོམ་ཐབས་ཡིན། །ཅེས་གསུངས་པ་དང༌། ཞེས་སོགས་རྗེའི་རྣམ་ཐར་ཆེན་མོ་སོགས་སུ་རྒྱས་པར་གསུངས་སོ། །་རྣམ་ཐར་ཆེན་མོ་སོགས་སུ་རྒྱས་པར་གསུངས་སོ། །)
    • Dictionaries/sgom sde tshig mdzod chenmo/6351  + (མེ་ཏོག་དང་འབྲས་བུ་སོགས་མགོ་ལྡེམ་ལྡེམ་བྱེད་པའི་མིང་། ཆུ་ཤིང་གི་བསྟན་བཅོས་ལས། བསམ་གཏན་རྣམ་པར་དག་པ་ལས། །མངོན་ཤེས་ལ་སོགས་ཡོན་ཏན་འབྱུང་། །སྡོང་བུ་ཉམས་པ་མེད་གྱུར་ན། །མེ་ཏོག་གེ་སར་མགོ་ལྕོག་ལྡེམ། །ཞེས་པ་ལྟ་བུ།)
    • Dictionaries/sgom sde tshig mdzod chenmo/8724  + (ཡར་ཡོང་དུས། ཡར་ལོག་དུས། རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ལས། ཡར་ལན་གནས་ཆུང་ལྕོག་ཏུ་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་ཞུས་ནས་ལྐོག་གྱུར་གྱི་ལུང་བསྟན་རྣམས་ཞིབ་པར་བསྡུས། ཞེས་གསུངས་པ་ལྟ་བུའོ། །)
    • Dictionaries/sgom sde tshig mdzod chenmo/6070  + (རང་གི་མདུན་གྱི་ཐད་དྲང་དུ་རང་སེམས་བདེ་སྟོང་རང་གི་མདུན་གྱི་ཐད་དྲང་དུ་རང་སེམས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུང་རྣམ་ལྷ་ལམ་སྟེ་ནམ་མཁའི་གཟུགས་སུ་བཀོད་ནས་དེའི་ངོས་སུ་ཚོགས་ཞིང་རྣམས་བསྐྱེད་པ་སྟེ། དེ་ཡང་རིན་པོ་ཆེའི་ས་གཞིའི་དབུས་སུ་འོ་མའི་རྒྱ་མཚོ་ (འོ་མའི་རྒྱ་མཚོ་ཞེས་པ་འོ་མ་དངོས་གནས་ཀྱི་རྒྱ་མཚོ་ཞིག་ཡོད་པའི་དོན་མིན་གྱི། དེ་ནི་རྒྱ་མཚོ་ཆེན་པོ་ལ་འཇིག་རྟེན་ན་དེ་ལྟར་གྲགས་པར་བཤད་དོ་ཞེས་དབྱངས་ཅན་དགའ་བློ་གསུང་བ་ལྟར་རོ) ཆེན་པོའི་ནང་ནས་དཔག་བསམ་གྱི་ཤིང༌། རྩ་བ་གསེར། སྡོང་པོ་དངུལ། ཡལ་ག་བཻཌཱུརྱ། ལོ་མ་ཤེལ། འདབ་མ་སྤུག མེ་ཏོག་མུ་ཏིག་དམར་པོ། འབྲས་བུ་རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། (རྩ་བ་གསེར། སྡོང་པོ་དངུལ། ཡལ་ག་བཻཌཱུརྱ་ཞེས་སོགས་ཀྱང་ཁ་དོག་གི་ཆ་ནས་བཏགས་པའི་སྙན་ངག་གི་རབ་བཏགས་ཡིན་གྱི། གསེར་དང་དངུལ་དང་བཻཌཱུརྱ་སོགས་དངོས་ནི་མིན་ནོ) རྩ་བ་སོགས་ཚང་མ་བདུན་ཚན་བདུན་ཚན་དུ་ཡོད་པ། ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་ཐམས་ཅད་དཔག་པ་དང་བསམ་པ་ཙམ་གྱིས་འབྱུང་བ། ཡལ་ག་སོགས་བསྐྱོད་པའི་སྒྲ་ལས་མི་རྟག་བདག་མེད་སོགས་ཆོས་ཀྱི་སྡོམ་བཞིའི་སྒྲ་འབྱིན་པ། དབུས་སུ་ཤིང་དེའི་མེ་ཏོག་ཤིན་ཏུ་ཆེ་བ་ཞིག་གི་སྟེང་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་པདྨའི་གདན་རིམ་པ་བཅུ་གཅིག་སྟེ་རྒྱ་ཇེ་ཆུང་དང༌། དཔངས་ཇེ་མཐོར་སོང་བ་བང་རིམ་ལྟར་ཡོད་པ། པད་འདབ་དང་པོ་འདབ་མ་བཞི་པ། དེའི་དབུས་པདྨའི་ཟེའུ་འབྲུའི་སྟེང་ཉི་མའི་གདན། དེའི་སྟེང་དུ་ཟླ་བའི་གདན་གྱི་སྟེང་། ཚོགས་ཞིང་གི་དཀྱིལ་ཏག་ཏག་དེར། ཚོགས་ཞིང་གི་གཙོ་བོར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ། དེའི་ཐུགས་ཀར་སྟོན་པ་ཐུབ་པའི་དབང་པོ། དེའི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྂ་ཡིག་སྔོན་པོ་བཅས་གསལ་གདབ། (འཁོར་གསལ་འདེབས་ཚུལ་ལ) ཐོག་མར་རྒྱ་ཆེན་སྤྱོད་བརྒྱུད་གསལ་འདེབས་ཚུལ་ནི། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་གཡས་ཕྱོགས་སུ་སྤྲོས་པའི་རྩེ་མོ་རྒྱ་ཇེ་ཆེར་སོང་བའི་སྟེང་དུ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་གསལ་གདབ། ༡ དབུས་སུ་རྗེ་བཙུན་བྱམས་པ་མགོན་པོ། ༢ འཕགས་པ་ཐོགས་མེད། ༣ དབྱིག་གཉེན། ༤ འཕགས་པ་རྣམ་གྲོལ་སྡེ། ༥ བཙུན་པ་རྣམ་གྲོལ་སྡེ། ༦ མཆོག་གི་སྡེ། ༧ དུལ་བའི་སྡེ། ༨ རྣམ་སྣང་མཛད། ༩ སློབ་དཔོན་སེངྒེ་བཟང་པོ། ༡༠ ཀུ་ས་ལི་ཆེ་བ། ༡༡ དགེ་བ་ཅན། (འདི་ལ་ཀུ་ས་ལི་ཆུང་བ་ཟེར) ༡༢ གསེར་གླིང་པ། ༡༣ དཔལ་མར་མེ་མཛད། ༡༤ འབྲོམ་སྟོན་རྒྱལ་བའི་འབྱུང་གནས་བཅས་སོ། །དེའི་འོག་ཏུ་ཚོམ་བུ་གསུམ་ཡོད་པ་ལས། དབུས་སུ་བཀའ་གདམས་གདམས་ངག་པ། ༡ དགོན་པ་བ་དབང་ཕྱུག་རྒྱལ་མཚན། ༢ སྣེའུ་ཟུར་པ། ༣ ཐག་མ་པ་ཀ་བ་དར་སེང་། ༤ ལྷོ་བྲག་ནམ་མཁའ་སེང་གེ། ༥ མཁན་ཆེན་ནམ་མཁའ་རྒྱལ་པོ། ༦ མཁན་ཆེན་སེང་གེ་བཟང་པོ། ༧ རྒྱལ་སྲས་ཐོགས་མེད་བཟང་པོ། ༨ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བཅས་སོ། ། (རྒྱ་ཆེན་སྤྱོད་བརྒྱུད་ཀྱི་སྐབས་སུ་ཐག་མ་པ་གཡས་དང་། སྣེའུ་ཟུར་པ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) དེའི་གཡས་སུ་བཀའ་གདམས་མན་ངག་པ། ༡ སྤྱན་སྔ་ཚུལ་ཁྲིམས་འབར། ༢ བྱ་ཡུལ་པ་ཆེན་པོ་གཞོན་ནུ་འོད། ༣ དགྱེར་སྒོམ་ཆེན་པོ་གཞོན་ནུ་གྲགས་པ། ༤ སངས་རྒྱས་དབོན་སྟོན། ༥ མཁན་ཆེན་ནམ་མཁའ་རྒྱལ་པོ། ༦ མཁན་ཆེན་སེང་གེ་བཟང་པོ། ༧ རྒྱལ་སྲས་ཐོགས་མེད་བཟང་པོ། ༨ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བཅས་སོ། ། (རྒྱ་ཆེན་སྤྱོད་བརྒྱུད་ཀྱི་སྐབས་སུ་དགྱེར་སྒོམ་ཆེན་པོ་གཡས་དང་། བྱ་ཡུལ་བ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) གཡོན་དུ་བཀའ་གདམས་གཞུང་པ་བ། ༡ པོ་ཏོ་བ་རིན་ཆེན་གསལ། ༢ ཤ་ར་བ་ཡོན་ཏན་གྲགས། ༣ ཆད་ཁ་བ་ཡེ་ཤེས་རྡོ་རྗེ། ༤ སྤྱིལ་བུ་པ་ཆོས་ཀྱི་རྒྱལ་མཚན། ༥ ལྷ་ལུང་གི་དབང་ཕྱུག ༦ ལྷ་འགྲོ་བའི་མགོན་པོ། ༧ ཟངས་ཆེན་པ་དར་མ་བསོད་ནམས། ༨ མཚོ་སྣ་བ་ཤེས་རབ་བཟང་པོ། ༩ མོན་གྲྭ་པ་ཚུལ་ཁྲིམས་བཀྲ་ཤིས། ༡༠ གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོ་བཅས་སོ། ། (རྒྱ་ཆེན་སྤྱོད་བརྒྱུད་ཀྱི་སྐབས་སུ་མཆད་ཁ་བ་གཡས་དང་། ཤར་ར་བ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) དེའི་འོག་ཏུ་ཚོམ་བུ་གཅིག་ཡོད་པའི་དབུས་སུ། ༡ རྗེ་ཙོང་ཁ་པ་ཆེན་པོ། དེའི་གཡོན་དུ་༢ རྗེ་འཇམ་དཔལ་རྒྱ་མཚོ། གཡས་སུ་༣ མཁས་གྲུབ་དགེ་ལེགས་དཔལ་བཟང་། ༤ བ་སོ་ཆོས་ཀྱི་རྒྱལ་མཚན། ༥ གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། ༦ དབེན་ས་པ་བློ་བཟང་དོན་གྲུབ། ༧ མཁས་གྲུབ་སངས་རྒྱས་ཡེ་ཤེས། ༨ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ༩ དཀོན་མཆོག་རྒྱལ་མཚན། ༡༠ པཎ་ཆེན་བློ་བཟང་ཡེ་ཤེས། ༡༡ རྗེ་ངག་དབང་བྱམས་པ། ༡༢ བློ་བཟང་སྙན་གྲགས། ༡༣ རྒྱ་མཚོ་མཐའ་ཡས། ༡༤ ཁྲི་ཆེན་བསྟན་པ་རབ་རྒྱས། ༡༥ གྲུབ་དབང་བློ་བཟང་རྣམ་གྲོལ། ༡༦ བམ་ཆོས་མཁན་ཆེན་བློ་བཟང་སྦྱིན་པ། ༡༧ རྒྱལ་སྲས་བསྐལ་བཟང་བསྟན་འཛིན། ༡༨ རྗེ་བསྐལ་བཟང་བསྟན་འཛིན་མཁས་གྲུབ། ༡༩ བློ་བཟང་འཇམ་དཔལ་ལྷུན་གྲུབ་བཅས་སོ། ། (ཟབ་མོ་ལྟ་བརྒྱུད) གཡོན་དུ་དེ་བཞིན་དུ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་གསལ་གདབ་པ་ནི། དབུས་སུ་རྗེ་བཙུན་འཇམ་དབྱངས། ༡ འཕགས་པ་ཀླུ་སྒྲུབ། ༢ སངས་རྒྱས་བསྐྱངས། ༣ ཟླ་བ་གྲགས་པ། ༤ ཞི་བ་ལྷ། ༥ རིག་པའི་ཁུ་བྱུག་ཆེ། ༦ རིག་པའི་ཁུ་བྱུག་གཉིས་པ། ༧ དཔལ་མར་མེ་མཛད། ༨ འབྲོམ་སྟོན་རྒྱལ་བའི་འབྱུང་གནས་བཅས་སོ། །དེའི་འོག་ཏུ་རྒྱ་ཆེན་སྤྱོད་བརྒྱུད་དང་འདྲ་བར་ཚོམ་བུ་གསུམ་གསལ་གདབ་པ་ལ། དབུས་སུ་བཀའ་གདམས་གདམས་ངག་པ། ༡ དགོན་པ་བ་དབང་ཕྱུག་རྒྱལ་མཚན། ༢ སྣེའུ་ཟུར་པ། ༣ ཐག་མ་པ་ཀ་བ་དར་སེང་། ༤ ལྷོ་བྲག་ནམ་མཁའ་སེང་གེ། ༥ མཁན་ཆེན་ནམ་མཁའ་རྒྱལ་པོ། ༦ མཁན་ཆེན་སེང་གེ་བཟང་པོ། ༧ རྒྱལ་སྲས་ཐོགས་མེད་བཟང་པོ། ༨ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བཅས་སོ། ། (ཟབ་མོ་ལྟ་བརྒྱུད་ཀྱི་སྐབས་སུ་སྣེའུ་ཟུར་པ་གཡས་དང་། ཐག་མ་པ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) དེའི་གཡས་སུ་བཀའ་གདམས་གཞུང་པ་བ། ༡ པོ་ཏོ་བ་རིན་ཆེན་གསལ། ༢ ཤ་ར་བ་ཡོན་ཏན་གྲགས། ༣ ཆད་ཁ་བ་ཡེ་ཤེས་རྡོ་རྗེ། ༤ སྤྱིལ་བུ་པ་ཆོས་ཀྱི་རྒྱལ་མཚན། ༥ ལྷ་ལུང་གི་དབང་ཕྱུག ༦ ལྷ་འགྲོ་བའི་མགོན་པོ། ༧ ཟངས་ཆེན་པ་དར་མ་བསོད་ནམས། ༨ མཚོ་སྣ་བ་ཤེས་རབ་བཟང་པོ། ༩ མོན་གྲྭ་པ་ཚུལ་ཁྲིམས་བཀྲ་ཤིས། ༡༠ གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོ་བཅས་སོ། ། (ཟབ་མོ་ལྟ་བརྒྱུད་ཀྱི་སྐབས་སུ་ཤར་ར་བ་གཡས་དང་། མཆད་ཁ་བ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) དེའི་གཡོན་དུ་བཀའ་གདམས་མན་ངག་པ། ༡ སྤྱན་སྔ་ཚུལ་ཁྲིམས་འབར། ༢ བྱ་ཡུལ་པ་ཆེན་པོ་གཞོན་ནུ་འོད། ༣ དགྱེར་སྒོམ་ཆེན་པོ་གཞོན་ནུ་གྲགས་པ། ༤ སངས་རྒྱས་དབོན་སྟོན། ༥ མཁན་ཆེན་ནམ་མཁའ་རྒྱལ་པོ། ༦ མཁན་ཆེན་སེང་གེ་བཟང་པོ། ༧ རྒྱལ་སྲས་ཐོགས་མེད་བཟང་པོ། ༨ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བཅས་སོ། ། (ཟབ་མོ་ལྟ་བརྒྱུད་ཀྱི་སྐབས་སུ་བྱ་ཡུལ་བ་གཡས་དང་། དགྱེར་སྒོམ་ཆེན་པོ་གཡོན་དུ་བཞུགས་དགོས། དེས་གཞན་རྣམས་ལའང་རིགས་འགྲེའོ) (ཟབ་མོ་ལྟ་བརྒྱུད་ཀྱི་སྐབས་སུ། བཀའ་གདམས་གདམས་ངག་པ་དབུས། དེའི་གཡས་སུ་བཀའ་གདམས་གཞུང་པ་བ། གཡོན་དུ་བཀའ་གདམས་མན་ངག་པ་བཞུགས་སུ་གསོལ་བ་འདི། རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ལ་གཞི་བྱས་པར་སྣང་ངོ་། །འདི་དག་ལ་དཔྱད་དགོས་པ་མང་ཙམ་སྣང་རེ་ཞིག་བཞག་གོ) དེའི་འོག་ཏུ་ཚོམ་བུ་གཅིག་ཡོད་པའི་དབུས་སུ། ༡ རྗེ་ཙོང་ཁ་པ་ཆེན་པོ། དེའི་གཡས་སུ་༢ རྗེ་འཇམ་དཔལ་རྒྱ་མཚོ། གཡོན་དུ་༣ མཁས་གྲུབ་དགེ་ལེགས་དཔལ་བཟང་། (དེས་གཞན་རྣམས་ལ་རིགས་འགྲེའོ) ༤ བ་སོ་ཆོས་ཀྱི་རྒྱལ་མཚན། ༥ གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། ༦ དབེན་ས་པ་བློ་བཟང་དོན་གྲུབ། ༧ མཁས་གྲུབ་སངས་རྒྱས་ཡེ་ཤེས། ༨ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ༩ དཀོན་མཆོག་རྒྱལ་མཚན། ༡༠ པཎ་ཆེན་བློ་བཟང་ཡེ་ཤེས། ༡༡ རྗེ་ངག་དབང་བྱམས་པ། ༡༢ བློ་བཟང་སྙན་གྲགས། ༡༣ རྒྱ་མཚོ་མཐའ་ཡས། ༡༤ ཁྲི་ཆེན་བསྟན་པ་རབ་རྒྱས། ༡༥ གྲུབ་དབང་བློ་བཟང་རྣམ་གྲོལ། ༡༦ བམ་ཆོས་མཁན་ཆེན་བློ་བཟང་སྦྱིན་པ། ༡༧ རྒྱལ་སྲས་བསྐལ་བཟང་བསྟན་འཛིན། ༡༨ རྗེ་བསྐལ་བཟང་བསྟན་འཛིན་མཁས་གྲུབ། ༡༩ བློ་བཟང་འཇམ་དཔལ་ལྷུན་གྲུབ་བཅས་སོ། ། (ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ) རྗེ་བླ་མའི་སྐུ་རྒྱབ་ཏུ་ཅུང་ཟད་མཐོ་བར་ཉམས་ལེན་བྱིན་རླབས་བརྒྱུད་པ་མཐོ་བརྩེགས་ཀྱི་རྣམ་པར་བཞུགས་པའི་གྲལ་རིམ་ལྔ་ཡོད་པའི་དབུས་སུ་རྡོ་རྗེ་འཆང་མ་གཏོགས་པ་རྗེ་བཙུན་འཇམ་དབྱངས་ནས་རང་གི་བླ་མ་ལ་ཐུག་གི་བར་འཇམ་དབྱངས་ཀྱི་རྣམ་པ་མཐོ་བརྩེགས་དང༌། དེའི་གཡས་སུ་ཕ་རྒྱུད་གསང་འདུས་དང༌། འཇིགས་བྱེད་ཀྱི་བླ་བརྒྱུད་གཉིས་སོ་སོ་ནས་མཐོ་བརྩེགས། གཡོན་དུ་མ་རྒྱུད་བདེ་མཆོག་གི་བླ་བརྒྱུད་དང༌། ཐིག་ལེ་བཅུ་དྲུག་གི་བླ་བརྒྱུད་སོ་སོ་ནས་མཐོ་བརྩེགས་རེ་བཅས་མཐོ་བརྩེགས་ལྔར་གསལ་འདེབས་པ་ཡིན། ཞིབ་ཏུ་བཤད་ན། གྲལ་རིམ་ལྔ་ཡོད་པའི་དབུས་སུ་དགེ་ལྡན་སྙན་བརྒྱུད་ཀྱི་བླ་མ་གསལ་གདབ་པ་ལ། ༡ རྒྱལ་བ་རྡོ་རྗེ་འཆང་། ༢ རྗེ་བཙུན་འཇམ་པའི་དབྱངས། ༣ རྗེ་ཙོང་ཁ་པ་ཆེན་པོ། ༤ རྗེ་འཇམ་དཔལ་རྒྱ་མཚོ། ༥ བ་སོ་ཆོས་ཀྱི་རྒྱལ་མཚན། ༦ གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། ༧ དབེན་ས་པ་བློ་བཟང་དོན་གྲུབ། ༨ མཁས་གྲུབ་སངས་རྒྱས་ཡེ་ཤེས། ༩ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ༡༠ དྲུང་པ་བརྩོན་འགྲུས་རྒྱལ་མཚན། ༡༡ དྲུང་པ་རྟ་ཕུག་པ་དམ་ཆོས་རྒྱལ་མཚན། ༡༢ སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། ༡༣ མཁར་མདོ་བཟོད་པ་རྒྱ་མཚོ། ༡༤ ཕུར་བུ་ལྕོག་ངག་དབང་བྱམས་པ། ༡༥ ཀུན་མཁྱེན་འཇིགས་མེད་དབང་པོ། ༡༦ གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། ༡༧ རྗེ་རཏྣ་དཱ་ཛ། ༡༨ གྲུབ་ཆེན་དངོས་གྲུབ་རབ་བརྟན། ༡༩ ཡོངས་འཛིན་དགེ་འདུན་རྒྱ་མཚོ། ༢༠ ངག་དབང་མཁྱེན་རབ་དཔལ་ལྡན་བསྟན་པའི་ཉི་མ་བཅས་སོ། ། (འདིར་རྡོ་རྗེ་འཆང་མ་གཏོགས་བླ་མ་གཞན་ཐམས་ཅད་འཇམ་དབྱངས་རྣམ་པར་བྱས་པ་ནི། དེ་དག་འཇམ་དབྱངས་ཀྱི་རྣམ་འཕྲུལ་དུ་གོ་བའི་ཕྱིར་ཡིན) དེའི་གཡས་སུ་འཇིགས་བྱེད་ཀྱི་བླ་བརྒྱུད་ནི། ༡ རྡོ་རྗེ་འཇིགས་བྱེད། ༢ ཛྙཱན་ཌཱ་ཀི་ནཱི། ༣ ལ་ལི་ཏ་བཛྲ། ༤ ཨ་མོ་གྷ་བཛྲ། ༥ ཛྙཱ་ན་ཀ་ར་གུཔྟ། ༦ པདྨ་བཛྲ། ༧ དཱི་པཾ་ཀ་ར་ཤྲཱི་ཛྙཱན། ༨ རྭ་ལོ་ཙཱ་རྡོ་རྗེ་གྲགས། ༩ རྭ་ཆོས་རབ། ༡༠ རྭ་ཡེ་ཤེས་སེང་གེ། ༡༡ རྭ་འབུམ་སེང་གེ། ༡༢ རྒ་ལོ་ཙཱ་བ་རྣམ་རྒྱལ་རྡོ་རྗེ། ༡༣ རོང་པ་ཤེས་རབ་སེང་གེ། ༡༤ བླ་མ་ཡེ་ཤེས་དཔལ་བ། ༡༥ ཆོས་རྗེ་དོན་གྲུབ་རིན་ཆེན། ༡༦ རྗེ་ཙོང་ཁ་པ་ཆེན་པོ། ༡༧ མཁས་གྲུབ་དགེ་ལེགས་དཔལ་བཟང་། ༡༨ བ་སོ་ཆོས་ཀྱི་རྒྱལ་མཚན། ༡༩ གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། ༢༠ དབེན་ས་པ་བློ་བཟང་དོན་གྲུབ། ༢༡ མཁས་གྲུབ་སངས་རྒྱས་ཡེ་ཤེས། ༢༢ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བཅས་སོ། །དེའི་ཡང་གཡས་སུ་གསང་འདུས་བླ་བརྒྱུད་ནི། ༡ གསང་བ་འདུས་པ། ༢ རཏྣ་མ་ཏི། ༣ ཕྱག་ན་རྡོ་རྗེ། ༤ ཨིནྡྲབྷཱུཏི། ༥ ནཱག་ཡོ་གི་ནཱི། ༦ བིསུ་ཀལ་པ། ༧ ས་ར་ཧ། ༨ ནཱ་གརྫུ་ན། ༩ མ་ཏང་གི་པ། ༡༠ ཏེ་ལོ་པ། ༡༡ ནཱ་རོ་པ། ༡༢ མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། ༡༣ དོལ་གྱི་མཚུར་སྟོན་དབང་གི་རྡོ་རྗེ། ༡༤ འཁོན་སྟོན་གད་པ་ཀིརྟི། ༡༥ བྱ་སྒང་བ་བསོད་ནམས་རིན་ཆེན། ༡༦ མི་ཉག་ཐུར་ལྷ་ཚུལ་ཁྲིམས་སྐྱབས། ༡༧ རྒྱ་མཁར་ཐང་དཔེ་བ་འཕགས་པ་སྐྱབས། ༡༨ གསེར་གླིང་གཞོན་ནུ་འོད། ༡༩ མག་དགེ་སྡིངས་པ་ཆོས་སྐུ་འོད་ཟེར། ༢༠ ཇོ་ལོ་ཙཱ་བ་འཕགས་པ་འོད། ༢༡ བུ་སྟོན་རིན་ཆེན་གྲུབ། ༢༢ ཁྱུང་པོ་ལྷད་པ་གཞོན་ནུ་བསོད་ནམས། ༢༣ རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་བཅས་སོ། །དགེ་ལྡན་སྙན་བརྒྱུད་ཀྱི་གཡོན་དུ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བླ་བརྒྱུད་གསལ་གདབ་པ་ནི། ༡ དཱི་པཾ་ཀ་ར་ཤྲཱི་ཛྙཱན། ༢ འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ༣ རྔོག་ལེགས་པའི་ཤེས་རབ། ༤ མངའ་རིས་པ་ཤེས་རབ་རྒྱལ་མཚན། ༥ ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། ༦ ཀ་མ་བ་ཤེས་རབ་འོད། ༧ ཞང་སྟོན་དར་མ་རྒྱལ་མཚན། ༨ སྟབས་ཀ་བ་བྱང་ཆུབ་བཟང་པོ། ༩ སྟབས་ཀ་བ་ནམ་མཁའ་རིན་ཆེན། ༡༠ འབྲོམ་གཞོན་ནུ་བློ་གྲོས། ༡༡ སྣར་ཐང་མཁན་ཆེན་ཉི་མ་རྒྱལ་མཚན། ༡༢ གླིང་ཁ་པ་བྱང་ཆུབ་རིན་ཆེན། ༡༣ རྒ་ལུང་པ་རིགས་ཀྱི་བདག་པོ། ༡༤ རྒ་ལུང་པ་བྱང་ཆུབ་འཕེལ། ༡༥ ཉུག་པའི་སློབ་དཔོན་བསོད་ནམས་འོད་ཟེར། ༡༦ གོས་སྔོན་ཆུ་སེར་བ་སངས་རྒྱས་བཟང་པོ། ༡༧ བྱ་བྲལ་བ་བསོད་ནམས་བཟང་པོ། ༡༨ བླ་མ་དཔལ་ལྡན་པ། ༡༩ སྟག་ཚང་མཁན་ཆེན་ནམ་མཁའ་འོད་ཟེར། ༢༠ རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་བཅས་སོ། །དེའི་ཡང་གཡོན་དུ་འཁོར་ལོ་བདེ་མཆོག་གི་བླ་བརྒྱུད་ནི། ༡ འཁོར་ལོ་བདེ་མཆོག ༢ ལཱུ་ཡི་པ། ༣ དྭ་རི་ཀ་པ། ༤ གྷཎྜ་པཱ་ད། ༥ ཀཱུརྨ་པཱ་ད། ༦ ཛཱ་ལནྡྷ་ར། ༧ ཀྲྀཎ་པཱ་ད། ༨ གུཧྱ་པཱ་ད། ༩ བིཛྱ་པཱ་ད། ༡༠ ཏེ་ལོ་པ། ༡༡ ནཱ་རོ་པ། ༡༢ ཕམ་སྡིང་པ། ༡༣ ཀློག་སྐྱ་ཤེས་རབ་བརྩེགས། ༡༤ མལ་ལོ་ཙཱ་བ་བློ་གྲོས་གྲགས། ༡༥ ས་ཆེན་ཀུན་དགའ་སྙིང་པོ། ༡༦ སློབ་དཔོན་བསོད་ནམས་རྩེ་མོ། ༡༧ རྗེ་བཙུན་གྲགས་པ་རྒྱལ་མཚན། ༡༨ ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ༡༩ འགྲོ་མགོན་ཆོས་རྒྱལ་འཕགས་པ། ༢༠ ཞང་སྟོན་དཀོན་མཆོག་དཔལ། ༢༡ ན་བཟའ་བྲག་ཕུག་པ། ༢༢ བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ༢༣ རྗེ་ཙོང་པ་བློ་བཟང་གྲགས་པའི་དཔལ་བཅས་སོ། ། (རྗེ་ཙོང་ཁ་པ་ཆེན་པོའི་སྐུ་མདུན་དུ) བླ་མ་གསལ་འདེབས་ཚུལ་ནི། (དབུས་སུ་རང་གི་རྩ་བའི་བླ་མ། དེའི་གཡས་གཡོན་དུ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་གཉིས) (དཔེར་ན་དབུས་སུ་༸རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ། དེའི་གཡས་སུ་སྐྱབས་རྗེ་གླིང་སྤྲུལ་རྡོ་རྗེ་འཆང་། གཡོན་དུ་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ལྟ་བུ་གསལ་གདབ) དེའི་ཕྱི་རོལ་ཏུ་རྣལ་འབྱོར་བླ་མེད་ཀྱི་ཡི་དམ་རྣམས་གསལ་གདབ། གཡས་ནས་བརྩམས་ཏེ། ༡ རྡོ་རྗེ་འཇིགས་བྱེད། ༢ གསང་བ་འདུས་པ། ༣ འཁོར་ལོ་བདེ་མཆོག ༤ ཀྱེ་རྡོ་རྗེ། ༥ རྣལ་འབྱོར་མ། ༦ གཤིན་རྗེ་གཤེད་དམར་པོ། ༧ གཤིན་རྗེ་གཤེད་དགྲ་ནག ༨ རྟ་མགྲིན་ཡང་གསང་ཁྲོས་པ། ༩ རྡོ་རྗེ་གདན་གཞི། ༡༠ དུས་ཀྱི་འཁོར་ལོ། ༡༡ གསང་འདུས་འཇམ་དཔལ་རྡོ་རྗེ། ༡༢ མཧཱ་མ་ཡ། སྒྱུ་མ་ཆེན་མོ། ༡༣ ཕྱག་རྡོར་འཁོར་ཆེན། ༡༤ སེང་གེ་གདོང་ཅན་མ་བཅས་སོ། །དེའི་ཕྱི་རོལ་ཏུ། རྣལ་འབྱོར་བརྒྱུད་ཀྱི་ཡི་དམ། ༡ ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་མ། ༢ དོན་ཡོད་གྲུབ་པ། ༣ སྐུ་གདུང་དམ་པ་རིགས་བརྒྱ། ༤ འཇམ་དཔལ་གསང་ལྡན། ༥ དཔལ་མཆོག་རྡོ་རྗེ་སེམས་དཔའ། ༦ འཇམ་དཔལ་གྲགས་ལྡན། ༧ རྡོ་རྗེ་དབྱིངས། ༨ ཀུན་རིག ༩ འཇམ་དཔལ། ༡༠ གཙུག་དགུ་ཤཱཀྱ་སེང་གེ། ༡༡ འགྲོ་བ་དུལ་བ། ༡༢ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ༡༣ ཕྱག་ན་རྡོ་རྗེ་བཅས་སོ། །དེའི་ཕྱི་རོལ་ཏུ། སྤྱོད་བརྒྱུད་ཀྱི་ཡི་དམ། ༡ རྟ་མགྲིན། ༢ གོས་དཀར་མོ། ༣ སྒྲོལ་མ། ༤ སྤྱན་རས་གཟིགས། ༥ ཁྲོ་གཉེར་ཅན། ༦ མཐུ་ཆེན་ཐོབ། ༧ གྲགས་ལྡན་མ། ༨ ནམ་མཁའི་སྤྱན་མ། ༩ རྣམ་སྣང་མངོན་བྱང་། ༡༠ (འདིར་ནམ་མཁའི་སྤྱན་མ་ཞེས་འཁོད་འདུག་པ་ཟློས་སྐྱོན་ཡིན་པར་སེམས) ༡༢ རྡོ་རྗེ་རྩེ་མོ། ༡༣ ཕྱག་ན་རྡོ་རྗེ་ཞི་བ། ༡༤ རྡོ་རྗེ་ལུ་གུ་རྒྱུད། (འདིའི་བར་གྱི་ལྷ་འགའི་མཚན་མི་གསལ) ༡༥ མི་གཡོ་བ། ༡༦ མི་གཡོ་བ་སྔོན་པོ། ༡༧ འཇིག་རྟེན་དབང་ཕྱུག་བཅས་སོ། །དེའི་ཕྱི་རོལ་ཏུ། བྱ་རྒྱུད་ཀྱི་ཡི་དམ། ༡ རྡོ་རྗེ་རྣམ་འཇོམས། ༢ གཙུག་ཏོར་རྣམ་པར་རྒྱལ་མ། སྒྲོལ་མ་དཀར་མོ། ༤ གཙུག་ཏོར་གདུགས་དཀར་མོ། ༥ རི་ཁྲོད་ལོ་མ་གྱོན་མ། ༦ རྡོ་རྗེ་སེམས་དཔའ། ༧ སྤྱན་རས་གཟིགས། ༨ ཚེ་དཔག་མེད། ༩ དམ་ཚིག་གསུམ་བཀོད། ༡༠ སྤྱན་རས་གཟིགས་བཅུ་གཅིག་ཞལ། ༡༡ སྤྱན་རས་གཟིགས་སེང་གེ་སྒྲ། ༡༢ འཇམ་དབྱངས་དཀར་པོ། ༡༣ དབྱངས་ཅན་མ། ༡༤ འཇམ་དབྱངས། ༡༥ འོད་ཟེར་ཅན་མ། ༡༦ ནོར་རྒྱུན་མ། ༡༧ མི་གཡོ་བ་དཀར་པོ་བཅས་སོ། །དེའི་ཕྱི་རོལ་ཏུ་སངས་རྒྱས། ༡ དོན་གྲུབ། ༢ འོད་དཔག་མེད། ༣ རིན་འབྱུང་། ༤ རྣམ་སྣང་། ༥ མི་བསྐྱོད་རྡོ་རྗེ། ༦ བྱམས་པ། ༧ མར་མེ་མཛད། ༨ མི་འཁྲུག་པ། ༩ སྨན་བླ། ༡༠ ཤཱཀྱ་ཐུབ་པ། ༡༡ མངོན་མཁྱེན། ༡༢ ཆོས་གྲགས། ༡༣ མྱ་ངན་མེད། ༡༣ གསེར་བཟང་། ༡༤ རིན་ཆེན་ཟླ་བ། ༡༥ མཚན་ལེགས་དང་། སངས་རྒྱས་སྟོང་དང་། ལྟུང་བཤགས་ཀྱི་ལྷ་སུམ་ཅུ་སོ་ལྔ་སོགས་ཕྱོགས་བཅུའི་སངས་རྒྱས་རྣམས་སོ། །དེའི་ཕྱི་རོལ་ཏུ། བྱང་སེམས། དེའི་ཕྱི་རོལ་ཏུ། རང་རྒྱལ། དེའི་ཕྱི་རོལ་ཏུ། གནས་བརྟན་བཅུ་དྲུག་སོགས་ཉན་ཐོས་འཕགས་པ། དེའི་ཕྱི་རོལ་ཏུ། དཔའ་བོ་མཁའ་འགྲོ། དེའི་ཕྱི་རོལ་ཏུ། འཇིག་རྟེན་ལས་འདས་པའི་སྲུང་མ་རྣམས་གསལ་གདབ། ༡ མགོན་པོ་ཞལ་བཞི་པ། ༢ མགོན་པོ་གུར། ༣ ཆོས་རྒྱལ་ནང་སྒྲུབ། ༤ ཆོས་རྒྱལ་གསང་སྒྲུབ། ༥ ཆོས་རྒྱལ་ཕྱི་སྒྲུབ། ༦ མྱུར་མཛད་ཡེ་ཤེས་མགོན་པོ། ༧ མགོན་དཀར། ༨ དཔལ་ལྡན་ལྷ་མོ། ༩ རྣམ་སྲས། ༡༠ མགོན་པོ་ཕྱག་བཞི་པ། ༡༡ ལྕམ་སྲིང་བཅས་སོ། །ཚོགས་ཞིང་གི་ཕྱི་རོལ་ཏུ། ཚོགས་ཞིང་གི་ཕྱོགས་བཞིར་ཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞི། ༡ འཕགས་སྐྱེས་པོ། ༢ ཡུལ་འཁོར་བསྲུང་། ༣ རྣམ་ཐོས་སྲས། ༤ སྤྱན་མི་བཟང་བཅས་སོ། །ཚོགས་ཞིང་གི་སྒྲ་བཤད་ནི། ཚོགས་གསོག་པའི་ཞིང་སྟེ་ཡུལ་ཡིན་པས་ན་ཚོགས་ཞིང་ཟེར་ཏེ། རྗེའི་ལམ་རིམ་ཆེན་མོ་ལས། ཚོགས་གསོག་པའི་ཞིང་གསལ་གདབ། ཅེས་གསུངས་པས་སོ། །འཇིག་རྟེན་པའི་ཆོས་སྲུང་ཚོགས་ཞིང་གི་གྲས་སུ་བཀོད་མི་ཆོག བཀོད་ན་སྐྱབས་འགྲོ་རྣམ་དག་མི་འོང་བར་མ་ཟད། སྐྱབས་འགྲོ་སྔར་ཡོད་གཏོང་བར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་གསུང་། གནས་ཆུང་ཆོས་རྒྱལ་སོགས་དོན་ལ་འཇིག་རྟེན་ལས་འདས་པ་ཡིན་ཀྱང་འཇིག་རྟེན་པའི་ཚུལ་བཟུང་བ་རྣམས་ཀྱང་ཚོགས་ཞིང་གི་ནང་དུ་འཇོག་མི་རུང་བར། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་གསུངས་ཞེས་རྗེ་ཤེས་རབ་རྒྱ་མཚོས་གསུངས་པས་ཤིན་ཏུ་གཟབ་པར་བྱའོ། །གོང་གི་རྒྱལ་པོ་ཆེན་པོ་བཞི་པོ་ཡང་རྗེ་ཤེས་རབ་རྒྱ་མཚོ་སོགས་བླ་མ་མང་པོས་ཚོགས་ཞིང་གི་གྲས་སུ་འཇོག་པར་མཛད་ཀྱང་མི་རིགས་སོ། ། (བླ་མཆོད་ཚོགས་ཞིང་དང་ལམ་རིམ་ཚོགས་ཞིང་ལ་དོགས་གཅོད) གོང་གི་ཚོགས་ཞིང་དེ་བླ་མའི་མཆོད་པའི་ཚོགས་ཞིང་ཡིན་པར་བྱས་མི་རིགས་པ་ཆེར་མེད་ཀྱང་། ལམ་རིམ་གྱི་ཚོགས་ཞིང་ཡིན་ཟེར་ན་གནོད་བྱེད་མང་དུ་མཐོང་སྟེ། རྗེའི་ལམ་རིམ་ཆེན་མོ་ལས། མདུན་གྱི་ནམ་མཁའ་ལ་རྒྱ་ཆེན་སྤྱོད་པ་དང་ཟབ་མོ་ལྟ་བའི་བརྒྱུད་པའི་བླ་མ་རྣམས་དང་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་བཀའ་སྡོད་དང་བཅས་པ་དཔག་ཏུ་མེད་པ་བཞུགས་པར་བསམས་ཏེ་ཚོགས་གསོག་པའི་ཞིང་གསལ་གདབ། ཅེས་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་མིང་ཙམ་ཡང་མི་འབྱུང་བ་མ་ཟད། རྗེའི་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ལས་ཀྱང་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་མི་འབྱུང་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་ལམ་སྒྲོན་དང་རྗེའི་ལམ་རིམ་ཆེ་ཆུང་རྣམས་མདོ་སྔགས་ཟུང་འབྲེལ་གྱི་གཞུང་ཡིན་ཟེར་བ་ཙམ་ལས། དོན་དུ་གསང་སྔགས་ཀྱི་ལམ་བགྲོད་ཚུལ་མིང་ཙམ་ཕྱོགས་ཙམ་ལས་དངོས་སུ་ལམ་བགྲོད་ཚུལ་མ་བཤད་པས་ཀྱང་ཤེས་ནུས་ཤིང་། གཞན་ཡང་ཉམས་ལེན་བྱིན་རླབས་སོགས་ཀྱི་ཐ་སྙད་ནི་སྔགས་ཀྱི་ཤན་ཤོར་བར་ཡིན་ནོ། །རྗེའི་ལམ་རིམ་ཆེན་མོ་ལས། འདི་དག་ནི་འདིར་མིང་ཙམ་གྱི་སྒོ་ནས་སྔགས་ལ་འཇུག་པའི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་པས། རྒྱས་པར་ནི་སྔགས་ཀྱི་ལམ་གྱི་རིམ་པ་རྣམས་ལས་ཤེས་དགོས་སོ། །ཞེས་གསུངས་སོ། །རྗེའི་ལམ་རིམ་ཆེ་ཆུང་དུ། མདོ་སྔགས་ཀྱི་གནད་བསྡུས་པ་ཞེས་གསུངས་པ་ལ་ཡང་དགོས་པ་ཡོད་པའི་ཕྱིར་རོ། །རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེ་ཆུང་དང་གསོལ་འདེབས་ལམ་མཆོག་སྒོ་འབྱེད་སོགས་སུ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་མ་གསུངས་པ་ལ་དགོས་པ་ཆེན་པོ་ཡོད་པའི་ཕྱིར་རོ། ། (ཚོགས་ཞིང་གསལ་འདེབས་ཚུལ་མི་འདྲ་བའི་སྐོར) ཚོགས་ཞིང་གསལ་འདེབས་ཚུལ་ལ་ཡང་ཚོག་ཚོགས་པ་ལྟར་གདོང་གྲལ་སོགས་ཀྱི་རྣམ་པར་འཁོད་པ་དང༌། སྐུ་འདྲ་བསྒྲིགས་པ་ལྟར་ཐམས་ཅད་རང་ལ་ཞལ་ཕྱོགས་པ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་ལྟར་ཐམས་ཅད་ཐུབ་དབང་ལ་ཞལ་ཕྱོགས་པར་སྒོམ་ཚུལ་གསུམ་ཀ་རུང་ཡང་ཞལ་རང་ལ་ཕྱོགས་པ་ཅུང་ཟད་འཆར་བདེ་གསུངས། ཞེས་ཀེའུ་ཚང་འཇམ་དབྱངས་སྨོན་ལམ་གྱི་ལམ་རིམ་དུ་གསལ་ལོ། །་འཇམ་དབྱངས་སྨོན་ལམ་གྱི་ལམ་རིམ་དུ་གསལ་ལོ། །)
    • Dictionaries/sgom sde tshig mdzod chenmo/12601  + (རྒྱལ་བ་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང༌། རྒྱལ་བ་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང༌། འབྲས་སྤུངས་སྤར་ཁང་དུ་བཞུགས་པའི་འཕྲོས། རྣམ་ཐར་ང་པ་ལ་སུམ་བརྒྱ་དང་རེ་གསུམ། རྣམ་ཐར་ཅ་པ་ལ་སུམ་བརྒྱ་དང་སུམ་ཅུ་སོ་དགུ། རྣམ་ཐར་ཆ་པ་ལ་སུམ་བརྒྱ་དང་གྱ་གསུམ། རྣམ་ཐར་དོན་བསྡུ་གཞན་གསོས་ཀྱི་གླུ་ལ་བརྒྱ་དང་གོ་བཞི། པོ་ཏ་ལ་ཡི་རྒྱལ་བ་ལྔ་པའི་གསེར་གདུང་ཆེན་མོའི་དཀར་ཆག་ཐར་གླིང་རྒྱ་མཚོ་ལ་བདུན་བརྒྱ་རེ་བདུན། རྒྱལ་བ་ལྔ་པའི་པུར་ཚ་མེ་འཛིན་མའི་དཀར་ཆག་ལ་བཅུ་དགུ། ལྷ་ས་དང་པོ་ཏ་ལ་ཟུང་གི་ཚད་སྐོར་ལ་བརྒྱ་དང་བཅུ་གཅིག ཚོགས་མཆོད་ཆེན་མོའི་བཅའ་སྒྲིག་མཆོད་སྦྱིན་མི་ཟད་ལ་དགུ་བཅུ་གོ་དགུ། གནས་ཆུང་པེ་ཧར་ལྕོག་གི་དཀར་ཆག་ལ་བཅུ་གསུམ། པོ་ཏ་ལ་ཡི་གྲྭ་ཚང་རྙིང་པའི་སྔགས་རམས་པས་མཆོད་བརྗོད་བྱ་ཚུལ་སྔོན་འགྲོ་ཟིན་པའི་ཡིད་སོས་ལ་བཞི་བཅུ་ཞེ་དྲུག ལོ་གསར་དགའ་སྟོན་འབེལ་གཏམ་ལ་ཞེ་དྲུག ཚངས་དབྱངས་རྒྱ་མཚོ་སྐུ་སྐྱེ་ངོས་འཛིན་གྱི་སྐོར་གཏམ་རྣ་བའི་བཅུད་ལེན་ལ་བརྒྱ་དང་བཅུ། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་གསེར་གྱི་སྙེ་མ་ལེའུ་བཅུ་དགུ་པ་ལ་ལྔ་བརྒྱ་དང་གསུམ། ཚངས་དབྱངས་རྒྱ་མཚོས་སྔོན་འགྲོ་ཆོས་བཤད་བྱ་ཚུལ་བསྒྲིགས་པ་གཏམ་ལྷ་ཡི་རྔ་ཆེན་ལ་ཉིས་བརྒྱ་དང་གཅིག རྒྱལ་བ་ལྔ་པའི་འཁྲུངས་རབས་རྨད་བྱུང་བསྐལ་པ་མར་བཅུ་གསུམ། དེ་ཡི་འགྲེལ་པ་མུ་ཏིག་ཆུན་པོ་ལ་བདུན་ཅུ་དོན་དགུ། སངས་རྒྱས་རྒྱ་མཚོ་རང་གི་འཁྲུངས་རབས་ཐོག་མེད་བསྐལ་པ་མ་ལ་བཞི། གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་པའི་རྣམ་ཐར་བཀའ་རྒྱ་མ་ལ་བརྒྱ་དང་ཞེ་དགུ། གཡུ་ཐོག་གསར་པའི་རྣམ་ཐར་ལ་བཅོ་བརྒྱད། ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུན་རྒྱན་བཻཌཱུརྱ་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་གི་ནོར་བུ་ལ་དྲུག་བརྒྱ་དང་གསུམ། དེ་ཡི་དོགས་སེལ་འཕྱོངས་རྒྱས་ལག་ངག་དབང་གིས་སྙན་སྒྲོན་ཞུས་པ་འདྲི་བ་བརྒྱ་དང་དྲུག་ཅུ་རེ་གསུམ། དེ་ཡི་ལན་སངས་རྒྱས་རྒྱ་མཚོས་མཛད་པ་གཡའ་སེལ་ལ་བཞི་བརྒྱ་དང་བདུན་ཅུ་དོན་གསུམ། སྨན་གཞུང་བཻཌཱུརྱ་སྔོན་པོ་ལ་སྟོང་དང་བདུན་ཅུ་དོན་གསུམ། མན་ངག་ལྷན་ཐབས་འཆི་ཞགས་གཅོད་པའི་རལ་གྲི་ཟུག་རྔུ་ཚ་གདུང་སེལ་བའི་ག་པུར་གསར་རྙིང་ལ་ཉིས་བརྒྱ་དང་གོ་བདུན། ལྷན་ཐབས་སྤར་གསར་ལ་ཉིས་བརྒྱ་གོ་བརྒྱད། སྨན་གྱི་རྒྱུད་གསུམ་ཁོག་འབུགས་གནད་ཀྱི་ལྡེ་མིག་ལ་ཉིས་བརྒྱ་དང་གོ་གསུམ། སྨན་རྒྱུད་ཀྱི་གསོལ་འདེབས་ཚོགས་གཉིས་ལྗོན་ཤིང་ལ་བཞི། དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ་ལ་བཞི་བརྒྱ་དང་བཅུ་དགུ། འདི་འབྲས་སྤུངས་སྤར་ཁང་དུ་བཞུགས། བརྟན་བཞུགས་མཁྱེན་བརྩེ་མ་དང༌། ཨ་རྟེན་ཚངས་དབྱངས་ལ་གཉིས། ཡེ་གདོད་མ་ལ་གཅིག ངོ་མཚར་བསྐལ་པ་མ་ལ་གཉིས། བདུད་བཞི་རབ་བཅོམ་ལ་གཅིག སྟོང་ཕྲག་བརྒྱ་པ་འབུམ་གྱི་འགྲེལ་རྐང་ལ་དོན་གཅིག ཁྲིམས་ཡིག་དྲང་ཐིག་དྭངས་ཤེལ་མེ་ལོང་ལ་བཞི་བཅུ་ཞེ་གསུམ། འདི་རྣམས་སྤར་ལ་འཁོད་པ་རྣམས་སོ། །སྤར་ལ་མེད་པ་སྒྲ་ཡི་མཆན་འགྲེལ་པོད་གཅིག སྨན་གྱི་པོད་གཅིག རྩིས་ཀྱི་པོད་བཞི་སྟེ་པོད་དྲུག་རྣམས་སོ། །དེང་སང་སྒྲ་ཡི་མཆན་འགྲེལ་སོགས་པོད་གསུམ་པོ་སྤར་ལ་འཁོད་ཡོད་མེད་བརྩད་དགོས། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་རྣམས་རིག་གནས་ལ་མཁས་པར་འདོད་པ་རྣམས་ལ་ཉེ་བར་མཁོ་བར་བཤད་དོ། །ཁས་པར་འདོད་པ་རྣམས་ལ་ཉེ་བར་མཁོ་བར་བཤད་དོ། །)
    • Dictionaries/sgom sde tshig mdzod chenmo/13071  + (རྗེ་བཙུན་ཤེས་རབ་སེང་གེའི་དངོས་སློབ་འདུལ་ནགརྗེ་བཙུན་ཤེས་རབ་སེང་གེའི་དངོས་སློབ་འདུལ་ནག་པ་དཔལ་ལྡན་བཟང་པོས་སྲད་རྒྱུད་བཏབ་པས་རྒྱུད་པ་སྟོད་སྨད་གཉིས་སུ་གྲགས་པ་བྱུང་བ་ནས་བཟུང་སྲད་རྒྱུད་ཅེས་གྲགས་པ་བྱུང་བ་ཡིན་ནོ། །འདིའི་རྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། རྗེ་བློ་བཟང་གྲགས་པ། རྗེ་ཤེས་རབ་སེང་གེ། འདུལ་ནག་པ་དཔལ་ལྡན་བཟང་པོ། འདི་ཡིས་གསང་འདུས་རྒྱུད་ལེའུ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་འགྲེལ་པ་ཡོད། དེ་དབོན་དགེ་འདུན་འཕེལ། བཀྲ་ཤིས་འཕགས་པ། བསམ་གྲུབ་རྒྱ་མཚོ། བརྩོན་འགྲུས་འཕགས། འདི་ཡིས་གསང་འདུས་རྒྱུད་ལེའུ་བཅུ་གཉིས་ཡན་གྱི་ཊི་ཀ། གསང་བ་འདུས་པའི་བསྐྱེད་རིམ་རྫོགས་རིམ་མཛད། རྡོ་རྗེ་བཟང་པོ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། འགའ་ཞིག་གིས་འདིས་དགའ་ལྡན་ལྷ་བརྒྱ་མ་མཛད་པ་ཡིན་ཟེར། དུས་འཁོར་བསྐྱེད་རྫོགས་བདེ་མཆོག་བཞིན་སྐྱེ་ཤི་བར་དོ་གསུམ་ལ་སྦྱར་བ་ཡང་མཛད། དཀོན་མཆོག་རྒྱ་མཚོ། དཀོན་མཆོག་ཡར་འཕེལ། འདི་ཡན་སྲད་རྒྱུད་བླ་མ་དངོས་གཞིའོ། །སྲད་རྒྱུད་པའི་ཆོས་བརྒྱུད་འཛིན་པ་ཆར་གཏོགས་ནི། དཀོན་མཆོག་ཡར་འཕེལ་གྱི་སློབ་མ་ཐང་སག་པ་དངོས་གྲུབ་རྒྱ་མཚོ། ཞོག་གུར་སྨོན་པ་རྗེ་དོན་ཡོད་མཁས་གྲུབ། ཕུར་བུ་ལྕོག་རྗེ་བྱམས་པའི་མཚན་ཅན། དེ་ཡི་སློབ་མ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང༌བཅས་སོ། །དེའི་རྗེས་ཀྱི་བླ་མ་རྣམས་ཀྱི་མཚན་མ་རྙེད། གུང་ཐང་བསྟན་པའི་སྒྲོན་མེའི་ཁྲི་བཤད་སོགས་བཤད་པ་སྣ་ཚོགས་ཞེས་པའི་ཤོག་གྲངས་༣ན༣ན་སྲད་རྒྱུད་སྐོར་ཟུར་ཙམ་འབྱུང་ངོ་། །ངས་༣ན༣ན་སྲད་རྒྱུད་སྐོར་ཟུར་ཙམ་འབྱུང་ངོ་། །)
    • Dictionaries/sgom sde tshig mdzod chenmo/9886  + (རྟོགས་བརྗོད་འདུན་ལེགས་མའི་འགྲེལ་པ་ཕུར་ལྕོག་ངག་དབང་བྱམས་པས་མཛད། གསུང་འབུམ་པོད་དང་པོའི་༼ ཀ་པར ༽བཞུགས།)
    • Dictionaries/sgom sde tshig mdzod chenmo/10013  +
    • Dictionaries/sgom sde tshig mdzod chenmo/7858  + (སྟག་ཚང་ལོ་ཙཱ་བའམ་སྒྲ་པ་ཤེས་རབ་རིན་ཆེན་གྱིསསྟག་ཚང་ལོ་ཙཱ་བའམ་སྒྲ་པ་ཤེས་རབ་རིན་ཆེན་གྱིས། རྗེ་ཙོང་ཁ་པ་ཆེན་པོའི་ལྟ་བའི་ཕྱོགས་ལ་ནང་འགལ་གྱི་ཁུར་ཆེན་པོ་བཅོ་བརྒྱད་འདུག་ཅེས་ཆོས་མཐུན་གྱིས་རྒོལ་ཚུལ་འདི་ལྟར། གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས། །མ་དག་འཁྲུལ་བའི་སྣང་བ་ཚད་གྲུབ་ཏུ། །རིགས་པ་དུ་མས་དཔྱད་ནས་ཁས་ལེན་པ། །འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། །༡ ཡུལ་ཀུན་བརྫུན་དང་ཡུལ་ཅན་བསླུ་མེད་འགལ། །༢ ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ། །༣ རྗེས་དཔག་ཡོད་དང་སྒྲུབ་ངག་མེད་པ་འགལ། །༤ མཐུན་སྣང་མེད་དང་ཆོས་ཅན་ཚད་གྲུབ་འགལ། །༥ ཕྱི་དོན་ཚད་གྲུབ་རྡུལ་ཕྲན་ཆ་བཅས་འགལ། །༦ རིགས་དྲུག་ཚད་མ་རྡོས་བཅས་ཚད་གྲུབ་འགལ། །༧ སྐྲ་ཤད་མེད་དང་ཀླུང་རྣག་ཡོད་པ་འགལ། །༨ རྫས་གྲུབ་མེད་དང་དངོས་པོ་ཡོད་པ་འགལ། །༩ གཞན་སྐྱེ་མེད་དང་ས་མྱུག་རྫས་གཞན་འགལ། །༡༠ བདེན་བརྫུན་ཡོད་དང་ཡང་ལོག་མེད་པ་འགལ། །༡༡ ཡན་ལག་ལ་དཔྱད་བུམ་པ་མི་རྙེད་དང་། །སྐད་ཅིག་ལ་དཔྱད་ཞིག་པ་རྙེད་པ་འགལ། །༡༢ རང་རྒྱུད་སྨྲ་བས་རང་བཞིན་སྨྲས་པ་དང་། །རང་བཞིན་མེད་བློ་དེ་ངོར་གྲུབ་པ་འགལ། །༡༣ ཉོན་མོངས་ཅན་མིན་མ་རིག་ཡོད་པ་དང་། །ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་འགལ། །༡༤ གཞུང་གཞན་ནས་བཤད་ཀུན་གཞི་རང་རིགས་སོགས། །འགོག་ན་དེ་དག་རང་ལུགས་མི་འདོད་དང་། །སྡེ་བདུན་ནས་གསུངས་ཚད་མ་མི་འདོད་ཀྱང་། །རང་ལུགས་ཚད་མའི་རྣམ་གཞག་ཤེས་པ་འགལ། །༡༥ མི་རྟག་སོགས་རྟོགས་རྣལ་འབྱོར་མངོན་སུམ་དང་། །དེ་ཡིས་སྦྱོར་ལམ་རྟོགས་པར་མི་སླེབ་འགལ། །༡༦ གཞན་སེམས་ཤེས་པ་ཡིད་མངོན་ཡིན་པ་དང་། །བདེན་བཞི་ཤེས་པ་རྣལ་འབྱོར་མངོན་སུམ་འགལ། །༡༧ ཀུན་མཁྱེན་ཡེ་ཤེས་ཆོས་ཀུན་འཇལ་བ་དང་། །ཤེས་བྱ་ཕྱེད་ལ་ཚད་མ་མིན་པ་འགལ། །༡༨ རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང་། །རྣམ་ཤེས་བདག་སྨྲའི་དབུ་སེམས་ཡོད་པ་འགལ། །དེ་ལྟར་འགལ་བའི་ཁུར་ཆེན་ཡོད་པའི་རྒྱུ། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་ཞེས། །ཡང་ཡང་སྨྲས་ཀྱང་རྟོག་གེར་གོམས་པས་མཐུས། །འཐད་པ་བཅུག་ནས་དཔྱད་ཅིང་བསྒྲུབས་པས་སོ། །ཞེས་པ་ལྟར་རོ། །སྟག་ཚང་པས་ཕྱིས་སུ་རྗེ་བླ་མའི་ཕར་ཕྱིན་འགྲེལ་པ་ལེགས་བཤད་གསེར་གྱི་ཕྲེང་བ་གཟིགས་ནས་མི་ཕྱེད་པའི་དད་པ་ཐོབ་སྟེ། ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ང་རྒྱལ་ཀུ་མུད་ཟུམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཞེས་དང་། མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། །ཅེས་སོགས་ཀྱིས་དོན་མཐུན་གྱི་བསྔགས་པ་མཛད་པས་གོ་ཤཱཀ་སོགས་ལས་ཁྱད་པར་ཆེ་བར་གསུངས་སོ། །འགལ་བའི་ཁུར་ཆེན་བཅོ་བརྒྱད་ཀྱིས་རྗེའི་ལྟ་བ་ལ་ལུང་རིགས་ཀྱི་སྒོ་ནས་རྒོལ་བའི་གཞུང་འདི་བློ་གཟུ་བོར་གནས་ཤིང་། དེ་ལས་མི་ཉུང་བ་ཞིག་རྟོག་དཔྱོད་འོས་པའི་རྣམ་དཔྱོད་ཅན་གྱི་དོགས་སློང་དུ་སྣང་བས་འདིར་བཀོད་པ་ཡིན། གཞན་དུ་ན་མཁས་པ་གཞན་དག་གིས་རང་གི་བླ་མ་དང་གྲུབ་མཐའ་ལ་ལུང་རིགས་ཀྱི་སྒོ་ནས་རྒོལ་བ་ལ། སྙིང་མི་དགེ་བ་བྱེད་ན་བློ་སྐྱེད་འབྱུང་བའི་སྒོ་འགེགས་ཤིང་རིགས་པ་སྨྲ་བའི་ཞེས་བྱ་བའི་གྲངས་ནས་རང་འབུད་དུ་འགྲོའོ། །བཅོམ་ལྡན་འདས་ཀྱི་རིང་ལུགས་སྤྱི་དང་ལྷག་པར་རིགས་པ་སྨྲ་བ་ཞེས་བྱ་བའི་གྲལ་དུ་འཁོད་པ་ལ་ནི་བློ་གཟུ་བོར་གནས་པ་ཞིག་རྨང་གཞིར་དགོས་ཤིང་། ལར་ནས་དངོས་ཡོད་བདེན་པ་འཚོལ་བ་ནི་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པས་དེ་དང་ཡང་འགལ་ལོ། །རྣམ་དཔྱོད་ཀྱི་རྩལ་ལས་ཐོན་ཞིང་རིགས་ལམ་དཔང་པོར་བཞག་པའི་རྩོད་ཡིག་དང་རྩོད་ལན་སོགས་ནི་ཇི་ཙམ་མང་ཡང་བློ་གྲོས་གོང་དུ་འཕེལ་བའི་རྒྱུ་དང་བསྟན་པའི་བྱི་དོར་དུ་སྣང་ངོ་། །དེ་མིན་གྲུབ་མཐའ་ཕན་ཚུན་ངན་མཚང་འདོན་རེས་བྱེད་པ་ལྟ་བུའི་རྩོད་ཡིག་དང་རྩོད་ལན་དག་ནི་རང་གི་གྲུབ་མཐའི་ཞབས་འདེགས་སུ་རློམ་ཡང་ཞབས་འདྲེན་དུ་གྱུར་པ་མང་ངོ་། །སྟག་ཚང་པའི་རྩོད་ལན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། ཕུར་ལྕོག་ངག་དབང་བྱམས་པ། ལི་ཐང་མཁན་པོ་ཉག་རེ་ཆོས་གྲགས་སོགས་དགེ་ལྡན་པའི་མཁས་པ་མང་པོས་དགག་ལན་དཔྱིས་ཕྱིན་པ་མཛད་འདུག་པ་དེ་དག་ལ་བལྟ་བར་བྱའོ། །ས་ཕྱིན་པ་མཛད་འདུག་པ་དེ་དག་ལ་བལྟ་བར་བྱའོ། །)
    • Dictionaries/sgom sde tshig mdzod chenmo/12437  + (སྟག་ཚང་ལོ་ཙཱ་བས་རྗེ་ཙོང་ཁ་པ་ཆེན་པོའི་ལྟ་བ་སྟག་ཚང་ལོ་ཙཱ་བས་རྗེ་ཙོང་ཁ་པ་ཆེན་པོའི་ལྟ་བ་ལ་མི་འཐད་པའི་འགལ་བའི་ཁུར་ཆེན་བཅོ་བརྒྱད་ཡོད་ཚུལ་གྱི་རྩོད་ཡིག་གྲུབ་མཐའ་ཀུན་ཤེས་ཞེས་བྱ་བ་དེའི་རྩོད་ལན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང༌། ཕུར་ལྕོག་ངག་དབང་བྱམས་པ། ལི་ཐང་མཁན་པོ་ཉག་རེ་ཆོས་གྲགས་སོགས་དགེ་ལྡན་གྱི་མཁས་པ་མང་པོས་དགག་ལན་མཛད།་སོགས་དགེ་ལྡན་གྱི་མཁས་པ་མང་པོས་དགག་ལན་མཛད།)