rig pa/tib
< rig pa
Welcome to a test page for the Lotsawa Workbench
This page is still in development. More changes coming soon!
If you'd like to review other pages that use this same new template, see these:
Lotsawa Workbench The Lotsawa Workbench is an initiative of the Tsadra Foundation research department. Currently, this is just a test and we welcome any comments and suggestions. We hope to invite collaboration from users and stakeholders from Dharma groups as well as academia. Please contact us if you are interested in developing this project with us: research AT tsadra DOT org.
རིག་པ་
rig pa
| རིག་པ་ | ཤེས་པའམ་རྟོགས་པའི་དོན། Example: དམངས་ལ་དཀའ་ངལ་ཡོད་པར་རིག་པ་ལྟ་བུ། |
|
||||
| རིག་པ་ | དངོས་པོ་ལ་ངོ་བོའི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཉིས་པའི་མཚན་ཉིད། ཡུལ་རིག་པ། ཞེས་གསུངས། དོན་གཅིག་ལ། བློ་དང་། རིག་པ། ཤེས་པ་རྣམས་སོ།། |
|
||||
| རིག་པ་ | མིག་གིས་མཐོང་བའི་དོན། Example: མིག་གིས་གཟུགས་རིག་པ། མཚན་མོ་གཟུགས་རིག་པ་ལྟ་བུ། |
|
||||
| རིག་པ་ | དཀོན་ཅོག་འགྲེལ་ལས། དོན་ལེགས་པར་སྒྲུབ་པར་བྱེད་པའི་ནུས་པ་དང་ལྡན་པ་གང་ཡིན་པ་དེ་ནི་རིག་པ་ཞེས་བྱའོ། །དེ་ལྟ་བུ་ཤེས་པ་གང་གི་དོན་གང་མཚན་མ་དང་རྟགས་སུ་བྱས་པ་དེ་ལ་ཡང་རིག་པ་ཞེས་བྱ་བའི་སྒྲ་འཇུག་སྟེ། འདི་དག་ནི་རིག་པ་ཐམས་ཅད་ཀྱི་སྤྱིར་ཤེས་པར་བྱའོ། །ཞེས་གསུངས་ལ། རྒྱས་པར་ནྱཡ་ལ་གཟིགས། |
|
||||
| རིག་པ་ | བློའམ་ཤེས་པའི་དོན། Example: བློ་དང་རིག་པ་ཤེས་པ་རྣམས་དོན་གཅིག་ལྟ་བུ། |
|
||||
| གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ | མདོ། ཕར་ཕྱིན། ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་ཅིག་ཅར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་གཟུང་བའི་དོན་དུ་སྤྲོས་པ་བཀག་པའི་ཆ་ནས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་འཇོག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱིས། ཐེག་ཆེན་འཕགས་པའི་ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་གཅིག་ཆར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་གཟུང་བ་ཕྱི་རོལ་གྱི་དོན་དུ་ཞེན་པའི་སྤྲོས་པ་བཀག་སྟེ། གཞི་གཟུང་བ་ཆོས་ཀྱི་(བདག་གི་)སྐྱེ་མེད་དུ་རྟོགས་པའི་ལྡོག་ཆ་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སོ། །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། ། |
|
||||
| སྤོང་བའི་ལམ་གྱི་རིགས་འདྲ་ཕྱི་མ་བཞི་ | མདོ། ཕར་ཕྱིན། སྤོང་བའི་ལམ་བཞི་ཡོད་དེ། ཆོས་བཟོད་བར་ཆད་མེད་ལམ་གྱི་རྣམ་པ་ཡུལ་བདེན་བཞིས་བསྡུས་པའི་ཡུལ་ཅན་ཀུན་ནས་ཉོན་མོངས་དང་མི་ལྡན་པའི་མཚན་ཉིད་བཞི་ཡོད་པའི་ཕྱིར། |
|
||||
| སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ | སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ཞེས་པ་ནི། རང་མཚན་དེ་རང་འཛིན་རྟོག་པ་ལ་སྣང་བའི་སྣང་བ་སྤྱི་མཚན་དེ་དང་རང་འཛིན་རྟོག་པ་ལ་སྣང་བའི་རང་མཚན་གཉིས་གཅིག་ཏུ་འཁྲུལ་བའི་རྒོལ་བ་ལ། སྣང་བ་སྤྱི་མཚན་དེ་དངོས་མེད་དུ་སྒྲུབ་པའི་རིགས་པ་ཞིག་སྟེ། དངོས་དང་ཞར་བྱུང་གི་རིགས་པ་བརྒྱད་དུ་ཕྱེ་ནས་རྣམ་འགྲེལ་རྩ་བ་དང་སྦྱར་དུ་ཡོད། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་རྒྱ་ཆེར་བཤད་པ་རིགས་པའི་རྒྱ་མཚོ་ལས། སྤྱི་མཚན་ཡིན་ན་དངོས་པོ་མིན་པའི་སྒྲུབ་བྱེད་བཤད་པ་ནི། གལ་ཏེ་སྤྱི་མཚན་གང་ཡིན་ཐམས་ཅད་རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པས་ཀྱང་སྟོང་པའི་དངོས་མེད་དུ་སྨྲས་ན། དེ་ལ་རིགས་པ་ཅི་ཞིག་ཡོད་ཅེ་ན། དེའི་ལན་ལ་རིགས་པ་རྒྱས་པར་བསྟན་པ་དང་། དེ་གྲུབ་པའི་དོན་བསྡུ་བ་གཉིས། ཞེས་དང། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་འདོད་པ་དག་ཀྱང་། སློབ་དཔོན་ལྷ་དབང་བློའི་འགྲེལ་བ་ལ་སྦྱར་དུ་རུང་བ་ཙམ་སྣང་ངོ་། །ཞེས་གསུངས། |
|
| འདི་རིགས་ 'di rigs |
འདི་གྲས།་གནས་ཚུལ་འདི་རིགས་སྣང་མེད་དུ་འཇོག་མི་རུང། |
| འདོད་ཆགས་རིགས་བཞི་ 'dod chags rigs bzhi |
གཉིས་གཉིས་འཁྱུད་པའི་འདོད་ཆགས་དང།་ལག་པ་བཅངས་པའི་འདོད་ཆགས།་རྒོད་པའི་འདོད་ཆགས།་བལྟས་པའི་འདོད་ཆགས་བཅས་བཞི། |
| འདོད་ཁམས་གནས་རིགས་ཉི་ཤུ་ 'dod khams gnas rigs nyi shu |
ཚ་དམྱལ་བརྒྱད་ཀྱི་གནས་བརྒྱད་དང།་ཡི་དཱགས་དང་དུད་འགྲོའི་གནས་གཉིས་ཏེ་ངན་འགྲོའི་གནས་རིགས་བཅུ་དང།་མིའི་གནས་གླིང་བཞི་དང།་འདོད་ལྷ་རིགས་དྲུག་གི་གནས་དྲུག་བཅས་ཉི་ཤུ། |
| འདོད་ལྷ་རིགས་དྲུག་འདོད་ལྷ་རིས་དྲུག་དང་དོན་གཅིག་འདོད་ལྷ་རིས་དྲུག་རྒྱལ་ཆེན་རིགས་བཞི་ 'dod lha rigs drug 'dod lha ris drug dang don gcig 'dod lha ris drug rgyal chen rigs bzhi |
སུམ་ཅུ་རྩ་གསུམ།་འཐབ་བྲལ།་དགའ་ལྡན།་འཕྲུལ་དགའ།་གཞན་འཕྲུལ་དབང་བྱེད་དེ་དྲུག |
| འགྲོ་བ་རིགས་དྲུག་ལྷ་དང་ 'gro ba rigs drug lha dang |
ལྷ་མ་ཡིན།་མི།་དུད་འགྲོ།་ཡི་དཱགས།་དམྱལ་བ་སྟེ་དྲུག |
| འབངས་འཁོར་གཡོག་རིགས་གཉིས་ 'bangs 'khor g.yog rigs gnyis |
སྤྱི་ཚོགས་རྙིང་པའི་སྐབས་བོད་ཀྱི་མངའ་བདག་ཚོའི་ཕྱིའི་མི་སེར་དང་ནང་གི་བྲན་གཡོག་གི་བསྡུས་མིང |
| འབྲས་བུའི་བོན་རིགས་ལྔ་ 'bras bu'i bon rigs lnga |
འདིའི་འགྲེལ་བཤད་ཞིབ་པ་ཞིག་སྔོན་ཆད་མ་མཐོང་བས་༼ཐུའུ་བཀྭན་གྲུབ་མཐའ་༽ལས་གསུངས་པ་ལྟར་རྐང་གྲངས་ཙམ་སྨོས་ན།༡་དགེ་བསྙེན།༢་ཨ་དཀར།༣་དྲང་སྲོང།༤་ཡེ་གཤེན་བཅས་བཞིའི་སྟེང་ཁྱད་པར་ཆེན་པོའི་ཐེག་པ་གཅིག་བསྣན་པས་ལྔ་ཡིན་པ་དང་དགེ་བསྙེན་ལ་༼སྣོད་བཅུད་འབྱུང་རྫོགས་ཀྱི་མདོ་སྡེ་༽སོགས་དང།ཨ་དཀར་ལ་རྒྱུད་ལུང་དུ་མ་ཡོད་པ་དང།དྲང་སྲོང་ལ་འབུམ་སྡེ་བཞི།ཡེ་གཤེན་ལ་སེམས་ལུང་སྡེ་བཞི།ཁྱད་པར་ཆེན་པོའི་ཐེག་པ་ལ་མན་ངག་སྡེ་ལྔ་ཡོད།རྒྱུའི་བོན་བཞིས་གཟུང་འཛིན་གྱི་རྟོག་པ་ཆ་བཞི་སྤོང།དགེ་བསྙེན་དང་དྲང་སྲོང་གཉིས་ཀྱིས་ཉོན་སྒྲིབ་སྦྱོངས།ཨ་དཀར་དང་ཡེ་གཤེན་གཉིས་ཀྱིས་ཤེས་སྒྲིབ་སྦྱོང།ཁྱད་པར་བླ་ན་མེད་པའི་ཐེག་པས་ལྷན་སྐྱེས་རྩ་བ་ནས་གཅོད།ཡང་ན་རྒྱུའི་བོན་བཞིས་བསྐལ་པ་དུ་མར་སྦྱངས་པས་མོས་སྤྱོད་ཀྱི་ས་བཞི་ཐོབ།དགེ་བསྙེན་དང་དྲང་སོག་གིས་བསྐལ་པ་གྲངས་མེད་གསུམ་ལ་ལམ་བགྲོད་ནས་ཐར་པ་ཐོབ།ཨ་དཀར་དང་ཡེ་གཤེན་གཉིས་ཀྱིས་སྐྱེ་བ་གཅིག་ཤ་ཐར་པ་ཐོབ།ཁྱད་པར་བླ་ན་མེད་པའི་ཐེག་པས་ཚེ་གཅིག་ཉིད་ལ་བོན་སྐུ་ཐོབ་ཅེས་བཤད་དོ་ཞེས་གསུངས་པའི་མཇུག་ཙམ་ལ་ལྟ་སྒོམ་དང་ཐེག་པ་སོགས་ཀྱ་འདོད་ཚུལ་འདི་དག་ཡུལ་མང་མཁར་གསང་བའི་བོན་ཕུག་ཏུ།སྟག་གཟིག་།རྒྱ་དཀར་ནག་།བོད་ལ་སོགས་པའི་རིག་འཛིན་མཁས་པ་མཐའ་དག་འདུས་ནས།བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་བསྡུས་པའི་༼གསང་སྔགས་རྫོང་འཕྲང་ཉི་འོད་རྒྱན་༽ཞེས་བྱ་བ་ལས་འབྱུང་བ་ལྟར་བྲིས་ཞེས་གསུངས་འདུག |
| འཆར་འཕར་ཉིན་འཁྱོངས་རིགས་ 'char 'phar nyin 'khyongs rigs |
ཚོགས་གཞུང་འཆར་ཅན་དང།འཕར་མ་གང་རུང།ཉིན་འཁྱོངས་ནི་ཉིན་གང་ཚོགས་པ་ལ་ཟེར |
| རིག་པ | <བིདྱཱ> 1 (ཡུལ་ཅན) ཤེས་པ། 2 (ཡུལ) རིག་བྱ། (རིག་བྱ་ལ་རིག་པ་ཟེར་བ་དང༌། བསླབ་བྱ་ལ་བསླབ་པ་དང༌། བཟའ་བྱ་ལ་བཟའ་བ་ཟེར་བ་རྣམས་འདྲའོ) ཤེས་བྱ། ཤེས་ཡོན། རྒྱ་གར་གྱི་སྐད་དུ་ “विद्या” ཟེར། ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བུ་ལས། མཁས་པས་རིག་པ་རྣམ་ཀུན་དུ། །ན་ཚོད་ཡོལ་ཡང་བསླབ་པར་བྱ། །གལ་ཏེ་འདིར་འབྲས་མི་སྟེར་ཡང་། །སྐྱེ་བ་གཞན་དུ་རྙེད་པ་སླ། །ཞེས་གསུངས། ས་པཎ་གྱིས། རིག་པ་ནངས་པར་འཆི་ཡང་བསླབ། ཚེ་འདིར་མཁས་པར་མ་གྱུར་ཀྱང༌། །སྐྱ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ཞེས་གསུངས། 3 (བྱ་བ) མཐོང་བ། རྟོགས་པ། བློས་ཡུལ་རིག་པའི་བྱ་བའི་མིང༌། 4 (གཞུང) ཤེས་ཡོན་སྟོན་པའི་གཞུང༌། གསོ་བ་རིག་པ་ཞེས་པ་གཞུང་ལའང་གོ་རུང་བ་ལྟ་བུ། 5 བློ་གྲོས། རྣམ་དཔྱོད། རིག་པའམ་རྣམ་རིག་བཀྲ་བ་ཞེས་པ་ལྟ་བུ། 6 (གསང་སྔགས) འོད་གསལ། རྗེའི་འགྲེལ་པ་བཞི་སྦྲགས་ལས། རིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་ལོ། །ཞེས་གསུངས། 7 (བཀའ་བརྒྱུད) སེམས་ངོ་མཐོང་བ། (རྙིང་མ) མ་རིག་པས་བསླད་པ་མ་ཞུགས་པའི་དབང་གིས་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་ཞིང༌། གསལ་སྟོང་འཛིན་མེད་ཀྱི་སྟོང་པ་ངོས་ཤེས་པ་ལ་རིག་པ་ཟེར། ཞེས་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་གསུང༌། |
No matches in the chos rnam kun btus.