tib

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

Welcome to a test page for the Lotsawa Workbench

This page is still in development. More changes coming soon!

If you'd like to review other pages that use this same new template, see these:

Discussions Start discussion topic

Lotsawa Workbench The Lotsawa Workbench is an initiative of the Tsadra Foundation research department. Currently, this is just a test and we welcome any comments and suggestions. We hope to invite collaboration from users and stakeholders from Dharma groups as well as academia. Please contact us if you are interested in developing this project with us: research AT tsadra DOT org.

ཤེས་བཞིན་
shes bzhin
སྨོན་ལམ་ཚིག་མཛོད་ཆེན་མོ། སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ།
© MONLAM IT 2017
https://monlamit.com/node/156
ཤེས་བཞིན་ སྔ་ས་ནས་རྟོགས་ཟིན་པའམ། ཤེས་ཡོད་པའི་དོན་ཏེ།

Example: གནས་ཚུལ་ཤེས་བཞིན་དུ་འདྲི་བ། ཤེས་བཞིན་དུག་འཐུང་ལྟ་བུ།
Part of Speech མིང་ཚིག
ཤེས་བཞིན་ བསམ་གཟས་ནས་བྱེད་པའི་དོན།

Example: ཤེས་བཞིན་དུ་འགྲན་སློང་བ། ཤེས་བཞིན་སྙོན་འཛུགས་བྱེད་པ་ལྟ་བུ།
Part of Speech མིང་ཚིག
ཤེས་བཞིན་ ལུས་སེམས་ལ་ཡང་ཡང་བརྟག་པ་སྟེ། ཞི་གནས་ཀྱི་སྐབས་ཡིན་ན། དྲན་པ་བསྟེན་པའི་ངང་ནས་བྱིང་རྒོད་འབྱུང་མི་འབྱུང་ལ་བྱ་ར་ཐུ་རེ་བྱས་ནས་སེམས་འཛིན་པའི་ཤེས་རབ་ལ་ཟེར། ཤེས་བཞིན་ནི་གླང་པོ་ཆེ་མ་ཐུལ་བ་འདུལ་བྱེད་ཀྱི་ལྕགས་ཀྱུ་དང་ཆོས་མཚུངས་པ་ཡིན།
Part of Speech མིང་ཚིག
Domain ཆོས་ལུགས།
སྤྲིན་བཞིན་བུ་ བརྒྱ་བྱིན་གྱི་བུ་སྟེ་འདིར་སྲིད་སྒྲུབ་ལ་གོ །
Part of Speech མིང་ཚིག
སྤྲོས་བྲལ་དངོས་པོ་རྣམས་ཀྱི་རང་བཞིན་མཐར་ཐུག་ དངོས་པོ་རྣམས་ཀྱི་རང་བཞིན་མཐར་ཐུག་པ་ནི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། མ་བྱུང་ཡང་རུང། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པའོ། །ཞེས་པའི་ཚུལ་གྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་དུས་ཐམས་ཅད་དུ་མེའི་ཚ་བ་དང། བུ་རམ་གྱི་མངར་བ་ལྟར་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་དེས་ཁྱབ་པ་དང། རིགས་པ་ཡང་དག་གིས་མཐའ་གང་དུའང་མ་གྲུབ་པར་གནས་པ་དང། དེ་ལ་ཇིི་སྐད་བཤད་པའི་རང་བཞིན་གྱི་ཆོས་གསུམ་འཐད་པ་ཉིད་ཀྱི་ཕྱིར་ན་དངོས་པོ་རྣམས་ཀྱི་རང་བཞིན་མཐར་ཐུག་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Part of Speech མིང་ཚིག
Domain ལྟ་གྲུབ།
སླད་བཞིན་ སླར་ཡང༌ངམ་ཡང་བསྐྱར་གྱི་དོན།
Part of Speech བསྣན་ཚིག
དྲན་པ་དང་ཤེས་བཞིན་ སེམས་དམིགས་པ་ལ་རྒྱུན་ལྡན་དུ་ལྷིང་ངེར་སྡོད་པའི་སེམས་བྱུང་ལ། ཏིང་ངེ་འཛིན་ཟེར་ཞིང་། སེམས་རྩ་བའི་དམིགས་པ་དེ་ལས་མི་འཕྲོ་བར་བྱེད་པའི་ཐབས་ལ། དྲན་པ་ཞེས་བྱ་ལ། གལ་ཏེ་སེམས་དམིགས་པ་དེ་ལས་འཕྲོས་ན་དེ་མ་ཐག་ཏུ་ཤེས་པར་བྱེད་པའི་ཐབས་ལ། ཤེས་བཞིན་ཞེས་ཟེར་རོ། །རྗེའི་ལམ་རིམ་ཆེན་མོ་ལས། འདི་ལ་ཏིང་ངེ་འཛིན་ནི་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཆ་ཡིན་ལ་དེ་ཡང་དམིགས་པ་ལ་རྒྱུན་ལྡན་དུ་སྡོད་པ་ཞིག་དགོས་སོ། །དེ་ལ་ནི་སེམས་རྩ་བའི་དམིགས་པ་གང་ཡིན་པ་དེ་ལས་གཡེང་བར་མི་བྱེད་པའི་ཐབས་གཅིག་དང༌། གཡེངས་མ་གཡེངས་དང་གཡེང་བར་འགྱུར་མི་འགྱུར་ཇི་ལྟ་བ་བཞིན་ཤེས་པ་གཉིས་དགོས་པའི་དང་པོ་ནི་དྲན་པ་དང་གཉིས་པ་ནི་ཤེས་བཞིན་ཡིན་ཏེ། མདོ་སྡེའི་རྒྱན་གྱི་འགྲེལ་པ་ལས། དྲན་པ་དང་ཤེས་བཞིན་ནི་ཉེ་བར་གཏོད་པར་བྱེད་པ་སྟེ་གཅིག་གིས་སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་དང༌། གཉིས་པས་སེམས་འཕྲོ་བ་རབ་ཏུ་ཤེས་པའི་ཕྱིར་རོ། །ཞེས་གསུངས། ཏིང་ངེ་འཛིན་དང་དྲན་པ་གཉིས་ཧ་ཅང་འདྲ་བས། དེ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཡིན་ཞེ་ན། ཏིང་ངེ་འཛིན་གོང་དུ་བཤད་པ་ལྟར། སེམས་དམིགས་པ་ལ་རྒྱུན་ལྡན་དུ་ལྷིང་ངེར་སྡོད་པའི་སེམས་ཤིག་ཡིན་ལ། དྲན་པ་ནི་སེམས་དམིགས་པ་ལ་རྒྱུན་ལྡན་དུ་སྡོད་པ་དེ་ལས་མི་འཕྲོ་བར་བྱེད་པ་ལ་ཟེར་བས་ཁྱད་པར་ཆེའོ། །
Part of Speech མིང་ཚིག
Domain ཆོས་ལུགས།
དྲན་པ་དང་ཤེས་རབ་རང་བཞིན་གྱི་གཟུངས་བཞི་ དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་སྟེ། བཟོད་པའི་གཟུངས། ཆོས་ཀྱི་གཟུངས། དོན་གྱི་གཟུངས། སྔགས་ཀྱི་གཟུངས་སོ། །
Part of Speech མིང་ཚིག
Domain ཆོས་ལུགས།
ལམ་ཤེས་རང་བཞིན་གྱི་ཡན་ལག་ མདོ། ཕར་ཕྱིན། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་སེམས་ཀྱི་ལམ་ཤེས་ནི། གཞན་དོན་དུ་སྲིད་པར་སྐྱེ་བའི་རྒྱུ་ཉོན་མོངས་པའི་སྒྲིབ་པ་རྣམ་པ་ཐམས་ཅད་དུ་ཆེད་དུ་གཉེར་ནས་སྤོང་བ་མ་ཡིན་པ་ཞེས་བྱ་བའི་རང་བཞིན་ཅན་ཡིན་ཏེ། བག་ལ་ཉལ་གྱི་ཉོན་མོངས་པའི་རྒྱུ་ལས་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པའི་སྒོ་ནས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་བསམ་སྦྱོར་གཉིས་ཀྱིས་ཞུགས་པ་ཉིད་ཀྱིས་སོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། ལམ་ཤེས་དངོས་སུ་སྐྱེ་བ་ལ་ང་རྒྱལ་གྱིས་བསྡུས་པའི་ཉོན་མོངས་མངོན་གྱུར་པ་བཅོམ་དགོས་ན་ལམ་ཤེས་ཉིད་ཀྱིས་འདོད་སྲེད་ཀྱིས་བསྡུས་པའི་ཉོན་མོངས་ཆེད་དུ་གཉེར་ནས་སྤོང་ངམ་ཞེ་ན། དེའི་ལན་དུ་གཉིས་པ་རང་བཞིན་གྱི་ཡན་ལག་ནི་རང་བཞིན་དང་ཞེས་པས་ལམ་ཤེས་ཀྱིས་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་སྟེ། ཉོན་མོངས་པ་དེ་དག་གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་དགོས་པས་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བ་དེ་ལམ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་སྦས་དོན་ཟབ་མོ་ལས་གསུངས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། མཚན་ཉིད་ནི། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་དེའོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Part of Speech མིང་ཚིག
Domain ཆོས་ལུགས།
All 953 match(es) in expression
བོད་རྒྱ་ཚིག་མཛོད་ཆེན་མོ། Bod rgya tshig mdzod chen mo
1985, Mi dmangs dpe skrun khang, Beijing.
ཤེས་བཞིན་
shes bzhin
༡༽་ཤེས་ཤེས་པ།་ཤེས་བཞིན་དུ་འདྲི་བ།་ཤེས་བཞིན་རྒྱབ་འགལ།་ཤེས་བཞིན་མིན་པ།་༢༽་ལུས་སེམས་ལ་ཡང་ཡང་བརྟག་པ།
འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་
'bras bu dang 'gal ba'i rang bzhin dmigs pa
འགལ་བའི་རང་བཞིན་དམིགས་པ་བཞིའི་ནང་གསེས།་གནོད་བྱེད་ཀྱི་ངོ་བོ་རྟགས་སུ་བཀོད་ནས།་གནོད་བྱའི་འབྲས་བུ་འགོག་པ་སྟེ།་དཔེར་ན།་མེས་ཁྱབ་པར་ནོན་པའི་ཤར་གཞིར་ཆོས་ཅན།་གྲང་འབྲས་སྤུ་ལོང་བྱེད་མེད་དེ།་མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར།་ཞེས་པ་ལྟ་བུ་མེའི་རང་བཞིན་གྱིས་གྲང་བའི་འབྲས་བུ་མེད་པར་སྒྲུབ་པའོ།
འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་
'bras bu rnam dag rang bzhin gyi dkyil 'khor
བརྡའི་དཀྱིལ་འཁོར་དུ་ཞུགས་ནས།་དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་བསྐྱེད་བཟླས་དང།་སྤྲོས་མེད་རྫོགས་རིམ་ཆོས་ཉིད་མངོན་སུམ་དོན་གྱི་དཀྱིལ་འཁོར་ལ་བལྟས་པས་སྣང་བཞི་ཚད་དུ་ཕྱིན་ཏེ།་གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་མངོན་དུ་བྱེད་པའོ།
འབྲས་དུས་ཀྱི་རྣམ་ཤེས་
'bras dus kyi rnam shes
འཕེན་བྱེད་ཀྱི་ལས་ཀྱི་དབང་གིས་བདེ་འགྲོ་དང་ངན་འགྲོ་གང་རུང་གི་སྐྱེ་གནས་སུ་ཉིང་མཚམས་སྦྱོར་བའི་སྐབས་ཀྱི་རྣམ་ཤེས།
འཆལ་པའི་ཤེས་རབ་
'chal pa'i shes rab
ཚུལ་མིན་གྱི་བློ་གྲོས།
འཆི་བའི་འདུ་ཤེས་
'chi ba'i 'du shes
འཆི་བའི་བསམ་བློ།
All 613 match(es)
དུང་དཀར་ཚིག་མཛོད་ཆེན་མོ། Dung dkar tshig mdzod chen mo
Dung dkar blo bzang 'phrin las
Beijing: Krung go'i bod rig pa dpe skrun khang 2002
འབྲེ་ཆེན་པོ་ཤེས་རབ་འབར་
'bre chen po shes rab 'bar
རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་སློབ་མ་གཙོ་བོ་བཞིའི་གྲས་ཡིན་ཅིང།སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་སྤྱི་དང་ལྷག་པར་དུ་ཕར་ཕྱིན་ལ་མཁས་པའི་མཆོག་ཏུ་གྱུར་པ་ཞིག་ཡིན།འདིས་མཛད་པའི་མཆོག་ཏུ་གྱུར་པ་ཞིག་ཡིན།འདིས་མཛད་པའི་༼ཕར་ཕྱིན་གྱི་འགྲེལ་པ་༽དང།༼ཉི་ཁྲིའི་འགྲེལ་པ།༽་༼མདོ་སྡུད་པའི་འགྲེལ་པ་༽བཅས་ཡོད་པར་དཀར་ཆག་ཁག་ཏུ་བཤད།འདིའི་ལོ་རྒྱུས་རྒྱས་པ་མ་མཐོང་ཞིང།མདོར་བསྡུས་ཤིག་༼དེབ་ཐེར་སྔོན་པོ་༽ལེ་ཚན་༼ཆ༽པའི་གྲངས་༢པརགསལ
འབྲོག་མི་ཤཱཀྱ་ཡེ་ཤེས་
'brog mi shAkya ye shes
ཆུ་སྦྲུལ་༼༩༩༣༽ལོར་མང་མཁར་དུ་སྐུ་འཁྲུངས།མཁན་པོ་རྒྱ་ཤཱཀྱ་གཞོན་ནུ།སློབ་དཔོན་སེ་ཡེ་ཤེས་བརྩོན་འགྲུས།གསང་སྟོང་ཉང་རྡོ་རྗེ་སོགས་ལས་གྲམ་པ་རྒྱང་དུ་དགེ་དའུན་གྱི་སྡེ་བཙུགས་པའི་དུས་སུ་རབ་ཏུ་བྱུང།སྐབས་དེར་རབ་བྱུང་སུམ་བརྒྱ་ཙམ་འདུས་པའི་ནང་ནས་འདི་ཉིད་དང།སྟག་ལོ་གཞོན་ནུ་བརྩོན་འགྲུས།ལེང་གཞོན་དུ་གསུམ་མཁན་སློབ་རྒྱལ་པོ་དང་བཅས་པས་རྒྱ་གར་དུ་ཆོས་སློབ་ཏུ་བཏང།འབྲོག་མི་རྒྱལ་གར་དང་བལ་ཡུལ་དུ་ལོ་བཅུ་གསུམ་ཙམ་བཞུགས་ནས་མཁས་པ་སྒོ་དྲུང་དང་དཔའ་བོ་རྡོ་རྗེ་ལས་མདོ་རྒྱུད་ཀྱི་ཟབ་དོན་བཞེས།ཁྱད་པར་ཕྱིས་ག་ཡ་དྷ་ར་བོད་དུ་བྱོན་པ་ལ་གསེར་སྲང་ལྔ་བརྒྱ་ཕུལ་ཏེ་ཀྱཻ་རྡོར་རྒྱུད་གསུམ།ར་ལི།ཨ་ར་ལི་བཞི་ལ་སོགས་པའི་རྒྱུད་དང།གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས་ནས་བསྟན་པ་ལ་བཀའ་དྲིན་ཆེ།དགུང་ལོ་ང་གཉིས་པ་ཆུ་ལུག་༼༡༠༤༣༽ལོར་མང་མགར་ཡ་གུ་ལུང་བཏབ་ཅིང།ག་ཡ་དྷ་ར་དང་མཇལ་ནས་ལོ་གསུམ་རིང་གསུང་ངག་གསན།དགུང་ལོ་དྲུག་ཅུ་རེ་གསུམ་ཡན་ནས་འཆད་ཉན་སྤེལ་བར་མཛད་པ་དང།དེ་ནས་ཞི་བར་མ་གཤེགས་བར་སྒྲུབ་པ་གཙོ་བོར་མཛད།མཐར་རབ་བྱུང་དང་པོའི་ཤིང་སྟག་༼༡༠༧༤༽ལོར་སྐུ་གཤེགས།དགུང་གྲངས་བརྒྱད་ཅུ་གྱ་གཉིས་བཞུགས།འབྲོག་མི་ཤཱཀྱ་ཡེ་ཤེས་འདི་ནི་དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་འཛིན་པའི་ཆོས་རྒྱུད་ཀྱི་ཆུ་འགོ་ཡིན་ནོ། །བསྟན་པ་སྤེལ་བའི་སློབ་མའི་གཙོ་བོ།མན་ངག་ཚར་བ་གསུམ།རྒྱུད་ཚར་བ་ལྔ།གྲུབ་པ་༼༥༠༩༽་ཐོབ་པ་བདུན་སོགས་བྱུང་འདི་ཉིད་གྱི་འགྱུར་ལ་བཀའ་འགྱུར་ལས་༼བཤད་རྒྱུད་ཐུན་མོང་བ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་བརྟག་པ་བཅུ་པ་༽བརྟག་པ་རེ་རེ་ལ་རབ་བྱེད་བཞི་བཞི་ཡོད་པ་དེའི་རྒྱུད་ཕྱི་མ་དང་བཅས་པ་༼དཔལ་གསང་བ་རྡོ་རྗེའི་རྒྱུད་ལེའུ་བཞི་པ།༽་༼དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ།༽་༼དཔལ་འཁོར་ལོ་སྟོན་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ་༽སོགས་དང་བསྟན་འགྱུར་ལས་༼ཀྱཻ་རྡོ་རྗེའི་འགྲེལ་པ་ཀོ་མུ་ནི་༽ཞེས་བྱ་བའི་དཀའ་འགྲེལ་༼གླའི་དེ་ཁོ་ན་ཉིད་ཅེས་བྱ་བ་རྡོ་རྗེ་གླུའི་འགྲེལ་པ།༽་༼མངོན་པར་རྟོགས་པའི་རིམ་པ་༽ཞེས་བྱ་བ་༼ཞར་བྱུང་དབྱུ་གུ་དྲུག་ཅུ་རྩ་བཞིའི་བཤད་པ་༽སོགས་མང་ངོ། །དེ་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་༼དེབ་ཐེར་སྔོན་པོ་ལེ་ཚན་༼ང༽པའི་ནང་གསལ
འདུ་ཤེས་
'du shes
རང་ཡུལ་ལ་རང་སྟོབས་ཀྱིས་མཚན་མར་འཛིན་པའི་ཆ་ནས་བཞག་པའི་སེམས་བྱུང་གང་ཞིག་།རང་གི་ཆ་དུ་མ་འདུས་པ།དེའི་མཚན་ཉིད།འདུ་ཤེས་ཀྱི་ཕུང་པོ་དང་འདུ་ཤེས་གཉིས་དོན་གཅིག་།དེ་ལ་དབྱེ་ན།དོན་ལ་མཚན་མར་འཛིན་པའི་འདུ་ཤེས་དང།ཐ་སྙད་ལ་མཚན་མར་འཛིན་པའི་འདུ་ཤེས་གཉིས་ཡོད།དེ་ལ་ཡང་རྒྱས་པར་དབྱེ་ན།མིག་གི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་འདུ་ཤེས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་འདུ་ཤེས་ཀྱི་བར་དྲུག་ཡོད
All 307 match(es)

སྒོམ་སྡེ་ཚིག་མཛོད་ཆེནམོ། Template:sgom sde tshig mdzod chenmo Info
ཤེས་རང་བཞིན་དུགནས (འདུལ་བ) ལྟུང་བ་སྐྱེ་བའི་ཡན་ལག་ཅིག་སྟེ། སྨྱོ་བ་མ་ཡིན་པ།
ཤེས་བཞིན 1 ཞི་གནས་ཀྱི་སྐབས་ཡིན་ན། དྲན་པ་བསྟེན་པའི་ངང་ནས་བྱིང་རྒོད་འབྱུང་མི་འབྱུང་ལ་བྱ་ར་ཐུ་རེ་བྱས་ནས་སེམས་འཛིན་པའི་ཤེས་རབ་ལ་ཟེར། ཤེས་བཞིན་ནི་གླང་པོ་ཆེ་མ་ཐུལ་བ་འདུལ་བྱེད་ཀྱི་ལྕགས་ཀྱུ་དང་ཆོས་མཚུངས་པ་ཡིན། རྗེའི་ལམ་རིམ་ཆེན་མོ་ལས། ཤེས་བཞིན་ནི། དེ་ལྟར་དྲན་པ་བསྟེན་པའི་ཚེ་ཉོན་མོངས་པ་གང་རུང་བྱུང་ན་དེ་ཤེས་ནས་དང་དུ་མི་ལེན་ཅིང་སྤོང་བར་བྱེད་པའོ། །ཞེས་གསུངས་སོ། །དབུ་མ་སྙིང་པོ་ལས་ཀྱང་། ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ (སྟེ་ཤེས་བཞིན་གྱི) ལྕགས་ཀྱུས་རིམ་དབང་བྱ། །ཞེས་པའི་སྐབས་འདིའི་ཤེས་རབ་ཤེས་བཞིན་ལ་འཇུག་པར་ལམ་རིམ་ཆེན་མོར་གསུངས་པ་ལྟར་རོ། །སྒྲ་བཤད་ནི། བྱིང་རྒོད་འབྱུང་མི་འབྱུང་ཇི་ལྟ་བ་བཞིན་ཤེས་པས་ན་ཤེས་བཞིན་ཞེས་བྱའོ། །འདིའི་སྒྲ་བཤད་པ་ན་ཚིག་སྔ་ཕྱི་གོ་ལྡོག་སྟེ་བཤད་ན་མ་གཏོགས་ཐད་ཀར་བཤད་དུ་མེད། དཔེར་ན་བསྙེན་རྫོགས་ཀྱི་སྒྲ་བཤད་པ་ན། རྫོགས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། བསྙེན་པ་ནི་དེ་ལ་ཉེ་བའི་དོན་ནོ། །ཞེས་པ་ལྟར་ཚིག་སྔ་ཕྱི་བསྒྱུར་ཏེ་སྒྲ་བཤད་དགོས་པ་ཡིན་ནོ། །
ཤེས་བཞིན 2 རྗེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ལས། ཤེས་བཞིན་ནི་དམིགས་པའི་ཚེ་བྱིང་རྒོད་གང་རུང་སྐྱེས་མ་ཐག་ཏུ་ངོ་ཤེས་པར་བྱེད་པའི་སེམས་བྱུང་ངོ༌། །ཞེས་གསུངས།
ཤེས་བཞིན 3 ལུས་སེམས་ལ་ཡང་ཡང་བརྟག་པའི་ཤེས་རབ་ལ་ཡང་ཟེར་ཏེ། སྤྱོད་འཇུག་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་དེ་ཁོ་ནར་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །
ཤེས་བཞིན 4 བཀའ་བརྒྱུད་པའི་ཕྱག་ཆེན་གྱི་ཁྲིད་ཡིག་ཟླ་བའི་འོད་ཟེར་ལས་ཀྱང༌། དྲན་པའི་རྒྱུན་བསྐྱངས་པ་ལས་དེའི་ཁོངས་ནས་ཡིན་མིན་བརྟག་ཅིང་བསྲུང་བའི་བྱ་ར་ཐུ་རེ་བྱེད་པ་ཞིག་ལ་བཞེད་ཅེས་གསུངས།
ཤེས་བཞིན་གྱིསྟོབས རྣམ་རྟོག་དང་ཉེ་ཉོན་གྱི་མཚན་མ་ལ་འཕྲོ་བའི་ཉེས་དམིགས་ཤེས་བཞིན་གྱིས་རིག་ནས་ཉེས་དམིགས་སུ་བལྟས་པས་དེ་གཉིས་ལ་འཕྲོར་མི་སྟེར་བའི་ཤེས་བཞིན་སྟོབས་ཆེ་བ་ཞིག་ལ་ཟེར། སྟོབས་དྲུག་ནི་བཞི་པའོ། །འདིས་སེམས་གནས་ལྔ་པ་དུལ་བར་བྱེད་པ་དང་དྲུག་པ་སེམས་ཞི་བར་བྱེད་པའི་སེམས་གནས་གཉིས་འགྲུབ་པར་བྱེད་དོ། །
ཤེས་བཞིན་ཡིན 1 ཉེ་ཉོན་ཉི་ཤུའི་བཅུ་དགུ་པ་ནི། ཉོན་མོངས་པའི་ཆར་གཏོགས་པའི་ཤེས་རབ་གང་ཞིག སྒོ་གསུམ་གྱི་སྤྱོད་པ་གང་རུང་ལ་མི་ཤེས་བཞིན་དུ་འཇུག་པར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པའོ། །བྱེད་ལས་ནི། དེ་ཡོད་ན་རང་ཤུགས་ཀྱིས་ཉེས་པ་འཕེལ་བར་འགྱུར་བའི་ལས་ཅན་ནོ། །
All 10 fuzzy match(es)
ཆོས་རྣམ་ཀུན་བཏུས། note
དྲན་པ་དང་ཤེས་རབ་རང་བཞིན་གྱི་གཟུངས་བཞི། དེ་ཡང་། དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་སྟེ།

1.བཟོད་པའི་གཟུངས། 2.ཆོས་ཀྱི་གཟུངས། 3.དོན་གྱི་གཟུངས།

4.སྔགས་ཀྱི་གཟུངས་སོ། །
{{#arraymap:Tibetan-Source|;|@@@|@@@

ཤེས༌བཞིན༌དུ༌སྤྱོད༌པ༌ཉིད༌ནི༌གནས༌ལྔ༌ལ༌ཚོད༌རན༌པ༌ཉིད༌ཀྱི༌དབང༌དུ༌བྱས༌ནས༌ཕུན༌སུམ༌ཚོགས༌པ༌ལྔ། དེ༌ཡང༌། རྣལ༌འབྱོར༌སྤྱོད༌པའི༌ས༌རྣམ༌པར༌གཏན༌ལ༌དབབ༌པ༌བསྡུ༌བ༌ལས༌བྱུང༌བ༌སྟེ།

1.འགྲོ༌བས༌ནི། སྤྱོད༌ཡུལ༌མ༌ཡིན༌པར༌ཡེ༌མི༌འགྲོ༌བ༌དང༌། སྤྱོད༌ཡུལ༌དུ༌ཡང༌ཤིན༌ཏུ༌ནམ༌སྲོས༌ནས༌སྡོག༌པར༌མི༌བྱེད༌དོ། ། 2.བལྟ༌བས༌ནི། བློ༌སྔོན༌དུ༌མ༌བཏང༌བའི༌ལྟ༌བ༌ལ༌ནི༌དབང༌པོ༌ཕྱིར༌རློན༌པར༌བྱེད༌ལ། བློ༌སྔོན༌དུ༌བཏང༌བའི༌ལྟ༌བ༌ལ༌ནི། དྲན༌པ༌ཉེ༌བར༌འཇོག༌པར༌བྱེད༌དོ། ། 3.རྙེད༌པ༌དང༌བཀུར༌སྟི༌ལ༌བདག༌གིར༌བྱ༌བས༌ནི། བསླང༌བ༌དང༌། ཕྱག༌འཚལ༌བ༌དག༌ལ༌ལག༌པ༌དང༌། རྐང༌པ༌ཧ༌ཅང༌བརྐྱང༌བ༌དང༌། ཧ༌ཅང༌བསྐུམ༌པར༌མི༌བྱེད༌དོ། ། 4.ཡོ༌བྱད༌ལ༌ལོངས༌སྤྱོད༌པས༌ནི། ཆོས༌གོས༌དང༌། ལྷུང༌བཟེད༌དང༌། བསོད༌སྙོམས༌ཀྱི༌ལོངས༌སྤྱོད༌ལ༌ཚོད༌རིག༌པར༌བྱེད༌དོ། །

5.དགེ༌བའི༌ཕྱོགས༌ལ༌སྦྱོར༌བས༌ནི། ནང༌དུ༌ཡང༌དག༌འཇོག༌ལ༌བརྩོན༌པས༌ཉིན༌མོ༌འཆག༌པ༌དང༌། འདུག༌པ༌དག༌གིས༌འགྲོ༌བ༌དང༌། འགྲེང༌བ༌དང༌། འདུག༌པ༌དང༌། མི༌ཉལ༌བ༌དང༌། མཚན༌མོ༌ཉལ༌བ༌ཚོད༌ཤེས༌པར༌བྱེད༌པ༌དང༌། འབེལ༌བའི༌གཏམ༌རྣམ༌པར༌གཏན༌ལ༌འབེབས༌པ༌ལ༌རྩོན༌པས༌སྨྲ༌བ༌དང༌། མི༌སྨྲ༌བ༌ལ༌ཚོད༌ཤེས༌པར༌བྱེད༌པ༌དང༌། དེ༌གཉི༌ག༌ལ༌ལུས༌སུ༌རུང༌བར༌བྱ༌བའི༌ཕྱིར༌གཉིད༌ཀྱི༌སྙོམ༌པ༌བསང༌བ༌ལ༌ཚོད༌ཤེས༌པར༌བྱེད༌དོ། །
{{#arraymap:Tibetan-Source|;|@@@|@@@

ཤེས་པ་རང་བཞིན་དུ་མི་གནས་པ་བརྒྱད། 1.སྨྱོ་བ།

2. སེམས་འཁྲུགས་པ། 3. ཚོར་བས་གཟིར་བ། 4. འགྲོ་བ་གཞན་གྱིས་རྣམ་པ་བསྟན་པ་ན་དགེ་སློང་གི་འདུ་ཤེས་བརྗེད་པ། 5. གཉིད་ལོག་པ། 6. སྙོམས་པར་ཞུགས་པ། 7. ར་རོ་བ།

8. དེའི་དོད་ཐུབ་པའོ། །
{{#arraymap:Tibetan-Source|;|@@@|@@@

All 3 match(es)