tib

From Rangjung Yeshe Wiki - Dharma Dictionary
< dgongs pa
Revision as of 13:03, 2 August 2021 by Jeremi (talk | contribs) ((by SublimeText.Mediawiker))
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Welcome to a test page for the Lotsawa Workbench

This page is still in development. More changes coming soon!

If you'd like to review other pages that use this same new template, see these:

Discussions Start discussion topic

Lotsawa Workbench The Lotsawa Workbench is an initiative of the Tsadra Foundation research department. Currently, this is just a test and we welcome any comments and suggestions. We hope to invite collaboration from users and stakeholders from Dharma groups as well as academia. Please contact us if you are interested in developing this project with us: research AT tsadra DOT org.

དགོངས་པ་
dgongs pa
སྨོན་ལམ་ཚིག་མཛོད་ཆེན་མོ། སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ།
© MONLAM IT 2017
https://monlamit.com/node/156
དགོངས་པ་ སྔགས། མ་ཧཱ་ཡོ་ག དགོངས་པ་ནི་རྣལ་འབྱོར་གྱི་རྒྱུད་ལ་བྱ་སྟེ། མན་ངག་ལྟ་ཕྲེང་གི་འགྲེལ་པ་ལས། དགོངས་པ་ནི་རྣལ་འབྱོར་གྱི་རྒྱུད་དེ། དེར་གསང་སྔགས་ཀྱི་དགོངས་པ་མ་ལུས་པའི་གཞི་བཅས་ཏེ་བསྟན་པའི་ཕྱིར་ཏེ། འདི་ལྟར་དེར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཀྱི་བཀོད་པའི་རྒྱན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་གཞུང་བཙུགས་ཏེ། རྣལ་འབྱོར་གྱི་ཚུལ་གཙོ་བོར་མཛད་ནས་སྔགས་ཀྱི་ཁོག་པ་བཀྲོལ་ཏེ་བསྟན་ཏོ། །ཞེས་གསུངས།
Part of Speech མིང་ཚིག
Domain ཆོས་ལུགས།
དགོངས་པ་ བསམ་པའམ་བསམ་བློ།

Example: དགོངས་པ་ལྟར་ལེགས་འགྲུབ་བྱུང་། ལྟ་བུ།
Part of Speech མིང་ཚིག
Type ཞེ་ས།
སྤྱི་མདོ་དགོངས་པ་འདུས་པ་ རྙིང་མ། མདོ་དགོངས་པ་འདུས་པ་དང་དོན་གཅིག།
Part of Speech མིང་ཚིག
Domain ཆོས་ལུགས།
ངེས་པ་དོན་གྱི་འཇམ་པའི་དབྱངས་ལ་བསྟོད་པ་རྡོ་རྗེ་རྒྱུད་ཀྱི་དགོངས་འགྲེལ་ འཇམ་པའི་དབྱངས་ལ་བསྟོད་པ་རྡོ་རྗེ་རྒྱུད་ཀྱི་དགོངས་འགྲེལ་དང་དོན་གཅིག
Part of Speech མིང་ཚིག
ཀུན་བཟང་དགོངས་པ་ཟང་ཐལ་གྱི་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་རྒྱན་ རིག་འཛིན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། གཏེར་སྟོན་གྱིས་མཛད་པའི་དགོངས་པ་ཟང་ཐལ་གྱི་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་རྒྱན་གྱི་ཆོས་ཚན།
Part of Speech མིང་ཚིག
All 190 match(es) in expression
བོད་རྒྱ་ཚིག་མཛོད་ཆེན་མོ། Bod rgya tshig mdzod chen mo
1985, Mi dmangs dpe skrun khang, Beijing.
དགོངས་པ་
dgongs pa
༡.་༼ཐ་དད་པ༽་བསམ་བློ་གཏོང་བའམ་སེམས་པའི་ཞེ་ས།་ཐུགས་ལ་དེ་ལྟར་དགོངས་ཏེ་གསུངས་པ་རེད།་ཞུ་དོན་འདི་དག་ཐུགས་ལ་དགོངས་སུ་གསོལ་བ།་འདི་སྙམ་དུ་དགོངས་པ།་༢.་༡༽་སེམས་ཀྱི་ཞེ་ས།་དགོངས་པ་ཆེན་པོ།་དགོངས་པ་དཀྲུགས་པ།་གནས་ལུགས་རྟོགས་པའི་དགོངས་པ་ཟབ་པོ།་རྟག་ཏུ་མི་དམངས་ཀྱི་ཁེ་ཕན་ལ་དགོངས་པ་བཞེས་པ།་གང་འདྲ་བྱེད་དགོས་ཁྱེད་ཀྱིས་དགོངས་པ་ཟབ་བཞེས་ཀྱིས་བརྟག་དཔྱད་གནང་རོགས།་༢༽་བསམ་དོན་སྙིང་པོ།་རྟོགས་དཀའ་བའི་གཞུང་དོན་གྱི་དགོངས་པ་འགྲེལ་བ།་༣༽་གནང་བ།་ནད་དགོངས་ཞུ་བ།་དགོངས་པ་ཁྲོལ་བ།་དགོངས་པ་རྩ་ཡང།་དགོངས་པ་རང་ཞུ།་དེ་རིང་ལས་ཁུངས་སུ་ཡོང་མི་དགོས་པའི་དགོངས་པ་ཞུ་བ།
འཁོར་ཞག་གནས་སྐབས་ཀྱི་དགོངས་ཞུ་
'khor zhag gnas skabs kyi dgongs zhu
ཁོ་ལས་ཁུངས་ནས་འཁོར་ཞག་ཞུས་ཏེ་ཕྱིན་སོང།
བླ་ཆེན་དགོངས་པ་རབ་གསལ་
bla chen dgongs pa rab gsal
རབ་བྱུང་དང་པོའི་མེ་ཡོས་ཡན་གྱི་ལོ་བདུན་ཅུ་དོན་ལྔ་ཆུ་བྱི་ལོར་འཕན་ཡུལ་ཞོགས་པར་འཁྲུངས།་ཆུང་དུས་ནས་མདོ་ཁམས་དན་ཏིག་ཏུ་བྱོན།་རབ་བྱུང་སྒྲུབ་དུས་མཁན་པོ་གཙང་རབ་གསལ་དང།་སློབ་དཔོན་གཡོ་དགེ་འབྱུང་གཉིས་ཀྱི་མིང་དྲས་ཏེ།་དགེ་བ་རབ་གསལ་དུ་བཏགས།་ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས།་རང་ལོ་ཉེར་གཉིས་པ་ས་སྟག་ལོ་ལ་སྔར་གྱི་མཁན་སློབ་གསུམ་དང་རྒྱའི་དགེ་སློང་གེ་ཝང་དང་གྱི་བན་གཉིས་ཁ་སྐོང་བྱས་ཏེ་བསྙེན་པར་རྫོགས།་བུ་སྟོན་ལུགས་ལྟར་ན་བསྟན་པ་ཕྱི་དར་གྱི་མགོ་དེ་ནས་ཚུགས་པ་ཡིན།་ལོ་ཉེར་བདུན་ལ་ཀླུ་མེས་སོགས་དབུས་གཙང་མི་བཅུ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་སྟེ།་དེ་རྣམས་དབུས་གཙང་དུ་ལོག་འབྲོམ་སྟོན་པའི་ལུགས་ལྟར་ན་བསྟན་པ་ཕྱི་དར་གྱི་མགོ་དེ་ནས་ཚུགས་པར་འདོད།་གང་ལྟར་བསྟན་པའི་མེ་རོ་སྨད་ནས་ལངས་ཞེས་པ་ལྟར་འདུལ་བསྟན་རྒྱ་ཆེར་སྤེལ་བས་འདུལ་བ་སྨད་ལུགས་སུ་གྲགས་སོ།
བསྒྱུར་བ་ལྡེམ་དགོངས་
bsgyur ba ldem dgongs
གྲགས་པའི་ཡི་གེ་ངན་པ་མ་གྲགས་པའི་དོན་ཟབ་མོ་སྟོན་བྱེད་དུ
བཞེད་དགོངས་
bzhed dgongs
རེ་འདོད།
དནདིའི་དགོངས་རྒྱན་
dandi'i dgongs rgyan
དུས་རབས་བཅུ་བདུན་པར་བོད་མཁས་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་སྙན་ངག་མེ་ལོང་གི་འགྲེལ་པ།
All 52 match(es)
དུང་དཀར་ཚིག་མཛོད་ཆེན་མོ། Dung dkar tshig mdzod chen mo
Dung dkar blo bzang 'phrin las
Beijing: Krung go'i bod rig pa dpe skrun khang 2002
འཛབ་ཀྱི་དགོངས་པ་བཞི་
'dzab kyi dgongs pa bzhi
རྒྱལ་པོའི་ཕོ་ཉ་ལྟ་བུ་དང།ཟླ་བའི་སྐར་ཕྲེང་ལྟ་བུ།མགལ་མེད་ཀླད་སྐོར་ལྟ་བུ།བུང་༼༦༧༥༽་བ་ཚང་གྲོལ་ལྟ་བུའོ།
བཀའ་དགེ་དགོངས་པ་གཅིག་སྒྲུབ་
bka' dge dgongs pa gcig sgrub
མཁས་གྲུབ་ནོར་བཟང་རྒྱ་མཚོས་༼༡༤༢༣ནས་༡༥༡༣༽མཛད་པའི་༼ཕྱག་རྒྱ་ཆེན་པོ་གསལ་བའི་སྒྲོན་མེ་༽ཞེས་པ་དེར་འགའ་ཞིག་གིས་ཁ་སྣོན་བརྒྱབ་སྟེ་༼བཀའ་དགེ་གདོངས་པ་གཅིག་ཏུ་སྒྲུབ་པའི་མཁས་པ་མང་པོས་གོང་གསལ་ཕྱག་ཆེན་གྱི་འགྲེལ་པ་དེ་བཀའ་དགེ་དགོངས་པ་གཅིག་ཏུ་སྒྲུབ་པའི་གཞུང་ཞིག་ཡིན་པར་དགོངས་ནས་དགག་པ་མཛད་ཀྱང་གཞུང་གི་ནང་དེ་ནོར་བཟང་རྒྱ་མཚོ་ཉིད་ཀྱི་དགོངས་པའི་གཏད་སོ་དེ་རང་མིན་པའི་དབང་དུ་བྱས་ན་ཐབས་མཁས་བླ་ན་མེད་པ་ཡིན་ཏེ།དེ་དང་འདྲ་བའི་དགོངས་ཚུལ་གསུངས་པ་ཡང་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་༼དགེ་ལྡན་བཀའ་བ་རྒྱུད་རིན་པོ་ཆེའི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་རྩ་བ་རྒྱལ་བའི་གཞུང་ལམ་༽ལས།ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང། །ངེས་དོན་ལུང་རིགས་ལ་མཁས་ཤིང། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་རྗེ་སྒམ་པོ་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང།མཁས་གྲུབ་ཕྱུང་པོ་རྣལ་འབྱོར་ནས་བརྒྱུད་པའི་ཕྱག་ཆེན་གའུ་མ།འབྲི་གུང་སྐྱོབ་པ་རིན་པོ་ཆེ་ནས་བརྒྱུད་པའི་ཕྱག་ཆེན་ལྔ་ལྡན།འགྲོ་མགོན་གཙང་པ་རྒྱ་རས་ནས་བརྒྱུད་པའི་རོ་སྙོམས་སྒོར་དྲུག་ཕྱག་ཆེན་ཡིན་བཞི་པ།ཕ་དམ་པ་སངས་རྒྱས་ནས་བརྒྱུད་པའི་ཞི་བྱེད།མ་གཅིག་ལབ་སྒྲོན་ནས་བརྒྱུད་པའི་གཅོད་ཡུལ།སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནས་བརྒྱུད་པའི་རྫོགས་ཆེན།རྗེ་ཙོང་ཁ་པ་ཆེན་པོ་ནས་བརྒྱུད་པའི་དབུ་མའི་ལྟ་ཁྲིད་བཅས་མིང་འདོགས་ཚུལ་མི་འདྲ་བ་ཙམ་ལས།དྲང་དོན་དང་ངེས་དོན་གྱི་དགོངས་པ་ཇི་བཞིན་འབྱེད་པའི་ལུང་རིགས་ལ་མཁས་ཤིང།གདམས་ངག་སོ་སོའི་ཉམས་མྱོང་ངེས་ཅན་ཡོད་པའི་རྣམ་འབྱོར་པ་རྣམས་ཀྱིས་ཞིབ་ཏུ་བ་རྟགས་ཤིང་དཔྱད་ན།མཐར་ཐུག་གི་དགོངས་པའི་གཏད་སོ་འགལ་བ་མེད་པར་གཅིག་ཏུ་འབབ་སྟེ།ཞེས་གསུངས་ཡོད་པ་ལྟར་ཡིན་ཅིང།འདི་སྐོར་ལས་འཕྲོས་པའི་དོགས་གཅོད་མང་པོ་ཞིག་ཀེའུ་ཚང་བློ་བཟང་འཇམ་དབྱངས་སྨོན་ལམ་གྱིས་མཛད་པའི་༼དགའ་ལྡན་སྙན་བརྒྱུད་ཀྱི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་ཟིན་བྲིས་རྣམ་གྲོལ་ཀུན་ཏུ་དགེ་བའི་ལམ་བཟང་༽གྲངས་༧༢དམ་པ་དེའི་གསུང་འབུམ་པོད་༼ཁ༽པའི་ནང་ཡོད་པ་དེར་གཟིགས
བཀའ་དགོངས་པ་ཅན་བཞི་
bka' dgongs pa can bzhi
༡་ཆོས་སྐུ་མཉམ་པ་ཉིད་ལ་དགོངས་ནས་གསུངས་པ་ནི།སངས་རྒྱས་ལ་བརྙས་པ་བྱེད་པའི་གཉེན་པོར།ང་ཉིད་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམས་གཟིགས་སུ་གྱུར་ཏེ།ཞེས་གསུངས་པ་ལྟ་བུ།༢་དུས་གཞན་ལ་དགོངས་ཏེ་གསུངས་པ་ནི།སེམས་ཅན་ལེ་ལོ་ཅན་རྣམས་ཀྱི་གཉེན་པོར།གང་དག་བརྩོན་འགྲུས་བྱས་ཏེ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུ།༣་དོན་གཞན་ལ་དགོངས་ཏེ་གསུངས་པ་ནི།ཆོས་ལ་བརྙས་པའི་གཉེན་པོར་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་རྙེད་ལ་བསྙེན་བཀུར་བྱས་ན་ཆོས་འདི་ཐོས་པར་འགྱུར་རོ།ཞེས་གསུངས་པ་ལྟ་བུ།༤་གང་ཟག་གི་བསམ་ངོ་ལ་དགོངས་ཏེ་གསུངས་པ་ནི།སྦྱིན་པ་ལ་མཆོག་ཏུ་འཛིན་པའི་གཉེན་པོར།སྦྱིན་པ་ནི་དམན་པ།ཚུལ་ཁྲིམས་ནི་མཆོག་ཡིན།ཞེས་གསུངས་པ་ལྟ་བུའོ།
All 19 match(es)

སྒོམ་སྡེ་ཚིག་མཛོད་ཆེནམོ། Template:sgom sde tshig mdzod chenmo Info
ལྡེམ་དགོངས་བཞི བཅོམ་ལྡན་འདས་ཀྱིས་དགག་དགོས་ཀྱི་དབང་གིས་ཐད་ཀར་མ་གསུངས་པར་ལྡེམ་པོ་སྟེ་འཁྱོག་པོར་གསུངས་པའི་མདོ་བཞི་ནི། མཚན་ཉིད་ལྡེམ་དགོངས། མཚན་གཞི་ནི། དགོངས་འགྲེལ་ལས། ངོ་བོ་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་གསུངས་པ་ལྟ་བུའོ། །གཞུག་པ་ལྡེམ་དགོངས། མཚན་གཞི་ནི། གཞན་སྡེ་དང་རང་སྡེ་ཁ་ཅིག་གི་དོན་དུ་གང་ཟག་གི་བདག་ཡོད་པར་གསུངས་པ་ལྟ་བུའོ། །གཉེན་པོ་ལྡེམ་དགོངས། མཚན་གཞི་ནི། དགོངས་པ་ཅན་བཞི་སྟེ། མཉམ་པ་ཉིད་ལ་དགོངས་པ་ནི། སྟོན་པས་ང་དེའི་ཚེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་གསུངས་པ་ལྟ་བུ། དོན་གཞན་ལ་དགོངས་པ་ནི། ཕ་དང་མ་ནི་བསད་བྱས་ཤིང་། །ཞེས་སོགས་གསུངས་པ་ལྟ་བུ། དུས་གཞན་ལ་དགོངས་པ་ནི། ལེ་ལོ་ཅན་གྱི་གཉེན་པོར་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་པ་ཙམ་གྱིས་སྐྱེ་བར་གསུངས་པ་ལྟ་བུ། གང་ཟག་གི་བསམ་པ་ལ་དགོངས་པ་ནི། སྦྱིན་པ་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་སྦྱིན་པ་ལ་སྨད་ནས་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུ། བསྒྱུར་བ་ལྡེམ་དགོངས། མཚན་གཞི་ནི། རབ་ཏུ་གྲགས་པའི་ཡི་གེ་ངན་པ་མ་གྲགས་པའི་དོན་ཟབ་མོ་སྟོན་བྱེད་དུ་བསྒྱུར་བ་སྟེ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཞེས་སོགས་གསུངས་པ་ལྟ་བུའོ། །
གཞུག་པ་ལྡེམ་དགོངས 1 (དགེ་ལུགས) ལྡེམ་དགོངས་བཞིའི་ནང་གསེས། མཚན་གཞི་ནི། གཞན་སྡེ་འགའ་ཞིག་བསྟན་པ་ལ་གཞུག་པའི་དོན་དུ་གང་ཟག་གི་བདག་ཡོད་པར་གསུངས་པ་ལྟ་བུ། སྒྲ་བཤད་ནི། བསྟན་པ་ལ་གཞུག་པའི་དོན་དུ་དགོངས་གཞི་གཞན་ལ་བསམས་ནས་ཐད་ཀར་མ་གསུངས་པར་ལྡེམ་པོར་ཏེ་འཁྱོག་པོར་གསུངས་པས་ན་གཞུག་པ་ལྡེམ་དགོངས་ཟེར།
གཞུག་པ་ལྡེམ་དགོངས 2 (བཀའ་བརྒྱུད) ཉན་ཐོས་ཀྱི་རིགས་ཅན་ཁ་ཅིག་སྟོང་པས་སྐྲག་ནས་ཐེག་ཆེན་དུ་མི་འཇུག་པ་དག་གཞུག་པའི་དོན་དུ་གཟུགས་ཡོད་དོ་ཞེས་སྨོས། ཉན་པ་པོས་དོན་ལ་གྲུབ་པར་གོ་ནས་འཇུག་ལ། འཆད་པ་པོས་སྣང་ཚོད་ལ་རྨི་ལམ་ལྟར་ཡོད་པ་ལ་དགོངས་པ་ཡིན་ནོ། །
ཐུབ་པ་དགོངས་རྒྱན 1 སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི་བསྟན་བཅོས་ཤིག
ཐུབ་པ་དགོངས་རྒྱན 2 ཤོ་ལོ་ཀ་སྟོང་ཕྲག་ཕྱེད་དང་དྲུག་པ་ཞིག་སྟེ། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད།
དགོངས་ (འདུལ་བ) མཚན་མོའི་ཆ་དང་པོའི་མིང་དུ་བཤད། འདུལ་བ་ལུང་རྣམ་འབྱེད་སོགས་སུ་དགོངས་ཀ་ཞེས་གསལ་ལོ། །
དགོངས་ཀར (འདུལ་བ) མཚན་མོའི་ཆ་དང་པོར། འདུལ་བ་རྣམ་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༡བ༡ལས། དགོངས་ཀར་ཞེས་བྱ་བ་ནི་མཚན་མོའི་ཆ་དང་པོར་རོ། །ཞེས་གསུངས་པ་ལྟར་རོ། །
All 29 fuzzy match(es)
ཆོས་རྣམ་ཀུན་བཏུས། note
རྒྱལ་བ་དགོངས་བརྒྱུད་ལ་སྟོན་པས་གསུངས་ཚུལ་སོགས་གསུམ། 1.སྟོན་པས་གསུངས་ཚུལ་ནི། རང་སྣང་རྣམ་དག་འོག་མིན་ཆོས་དབྱིངས་སུ། །ཀུན་ཏུ་བཟང་པོས་ཡེ་ཤེས་རྒྱ་མཚོ་ལ། ། འོད་གསལ་འདུས་མ་བྱས་པའི་དགོངས་པ་ནི། ། བསམ་མི་ཁྱབ་དུས་རང་བཞིན་སྣང་བར་མཛད། ། སྟོན་པ་ལ་ཆོས་སྐུ་གཟུགས་སྐུའི་རྣམ་གཞག་གཉིས་སུ་ཡོད་པ་ལས།

དང་པོ་ནི། ངོ་བོ་ཀ་ནས་དག་ཅིང་གློ་བུར་རང་སྣང་འཁྲུལ་བའི་དྲི་མ་གཞི་ཐོག་ཏུ་རྣམ་པར་དག་པ་ལ་འོག་མིན་ཅེས་སྒྲས་བཏགས་པའི་ཆོས་ཀྱི་དབྱིངས་སྙིང་པོ་བྱང་ཆུབ་ཀྱི་དཀྱིལ་འཁོར་རང་སྣང་བ་ཕྱོགས་བཅུའི་རྒྱུད་དུ་མི་གཏོགས་ཤིང་རྒྱ་ཚད་རིས་སུ་མ་ཆད་པའི་གནས་སུ་སྟོན་པ་རང་བྱུང་རིག་པའི་ངོ་བོ་ཆོས་ཉིད་བྱ་རྩོལ་ལས་འདས་པ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་འཁོར་འདས་ཀུན་གྱི་སྤྱི་དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོས། འཁོར་གདངས་གསལ་མ་འགག་པར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱ་མཚོ་ཅིར་ཡང་སྣང་བ་ལ། འཁོར་འདས་ཐམས་ཅད་ཡེ་ནས་མངོན་པར་བྱང་ཆུབ་པའི་ངོ་བོར་ལྷུན་གྱིས་གྲུབ་པའི་འོད་གསལ་ཟང་ཐལ་འདུས་མ་བྱས་པའི་དགོངས་པ། སྐྱེ་འགག་འཕོ་འགྱུར་མེད་པ་བསམ་གྱིས་མི་ཁྱབ་པའི་དུས་སུ་རང་བཞིན་གྱིས་སྣང་བར་མཛད་པ་སྟེ། འདི་ལྟར་ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ་ལྡན་ནི་དབྱིངས་སྟོང་པ་ངོ་བོ་ཉིད་གཞོན་ནུ་བུམ་པ་སྐུའི་ཡོན་ཏན་གྱི་ཆ་ལ་མིང་གིས་སྒྲོ་བཏགས་པ་ཙམ་ལས་མཚན་མར་བཟུང་བ་གང་ཡང་མ་མཆིས་སོ། ། སྣང་ཆར་སྟུག་པོ་བཀོད་པར་མཚན་རྫོགས་སྐུས། ། རང་སྣང་འཁོར་ལ་དུས་བཞི་མཉམ་ཉིད་དང་། ། རྫོགས་པ་ཆེན་པོ་མིང་ཚིག་རང་མཚན་ལས། ། འདས་པའི་གསུང་གིས་རྒྱུན་མི་འཆད་དུ་བགྲོ། །

གཉིས་པ་གཟུགས་སྐུ་རྣམས་ཀྱི་ཐོག་མར་རང་སྣང་ལོངས་སྐུ་ནི། ཆོས་སྐུའི་དབྱིངས་ལས་གཞི་སྣང་ཡེ་ཤེས་ཆེན་པོའི་སྣང་ཆར་རང་བྱུང་བའི་གནས་ལྷུན་གྲུབ་སྟུག་པོ་བཀོད་པར། སྟོན་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་མཚན་དཔེ་གསལ་རྫོགས་ཀྱི་སྐུར་ཤར་བས་རིགས་ལྔའི་ཚོམ་བུ་ཡེ་ཤེས་ཀྱི་རང་མདངས་སུ་སྣང་བ་གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བའི་འཁོར་ལ། དུས་བཞི་མཉམ་པ་ཉིད་འཕོ་འགྱུར་དང་བྲལ་བའི་བར་དུ་ཆོས་རང་བཞིན་རྫོགས་པ་ཆེན་པོ་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པའི་དགོངས་པ་ཉིད་མིང་ཚིག་རང་མཚན་ལས་འདས་པའི་གསུང་གིས་དུས་གསུམ་རྒྱུན་མི་འཆད་དུ་བགྲོ་བར་མཛད་དེ་གདུལ་བྱ་འདུལ་བྱེད་དུ་ཤར་བ་མ་ཡིན་པས་ས་བཅུ་པ་རྣམས་ཀྱི་སྤྱོད་ཡུལ་ལས་ཀྱང་འདས་པར་བཞུགས་སོ། ། ཐུགས་རྗེའི་གཞན་སྣང་རིགས་ལྔའི་ཁང་བརྩེགས་སུ། ། སྟོན་པ་རྣམ་ལྔས་ཟབ་དབང་གསུམ་ལ་སོགས། ། དགོངས་པ་བརྡ་དང་འཆད་པའི་ཚུལ་དྲུག་གིས། ། ཐབས་ཀྱི་ཐེག་པ་རྒྱལ་ཚབ་རྣམས་ལ་སྟོན། ། དེའི་ངང་ལས་གདུལ་བྱ་རྣམས་ལ་ཡང་དག་པའི་ཐུགས་རྗེའི་དབང་གིས། ས་བཅུའི་དབང་ཕྱུག་རྣམས་ཀྱི་གཞན་སྣང་དུ། དབུས་ན་སྟུག་པོ་བཀོད་པ། ཤར་དུ་མངོན་དགའ། ལྷོར་རིན་པོ་ཆེས་བརྒྱན་པ། ནུབ་ཏུ་བདེ་བ་ཅན། བྱང་ན་ལས་རབ་གྲུབ་པ་སྟེ་རིགས་ལྡན་ཞིང་ཁམས་འོད་ཀྱི་ཁང་བུ་བརྩེགས་པ་རྣམས་སུ། སྟོན་པ་དེ་བཞིན་གཤེགས་པ་རིགས་ལྔའི་རྒྱལ་བ་རྣམ་པ་ལྔས། ལྷན་ཅིག་པའི་འཁོར་རྣམས་ལ་ཟབ་མོའི་དབང་གསུམ་བསྐུར་བས་བརྗོད་བྱ་དོན་གྱི་རྒྱུད་རྟོགས་ཏེ་རང་དོན་དུ་སངས་རྒྱས་སོ། ། དེ་ནས་གཞན་དོན་དུ་ཞུ་བ་ཕུལ་བས་སྟོན་པ་ཐུགས་རྗེ་སྐྱེས་ཏེ་དགོངས་པ་བརྡའི་གསུང་དང་འཆད་པའི་ཚུལ་དྲུག་གིས་ནང་དབང་སྒྱུར་ཐབས་ཀྱི་ཐེག་པའི་ཆོས་སྒོ་རྒྱལ་ཚབ་ཀྱི་ས་ལ་གནས་པའི་འཁོར་རྣམས་ལ་བསྟན་པར་མཛད་དོ། །

འདིར་འཆད་ཚུལ་དྲུག་ནི། སྐུ་དྲང་པོར་བསྲངས། སྨིན་མ་གཟེངས་གཏོད། སྤྱན་ཟིམ་བུར་གཟིགས། ཞལ་གྱི་སྒོ་དབྱེ། དུང་གི་ཚེམས་བར་ནས་ལྗགས་ཀྱི་དབང་པོ་བརྐྱངས་ཏེ་ཚངས་པའི་དབྱངས་སུ་གསུངས་སོ། ། དེ་ཚེ་མ་དག་ཞིང་དུ་བཅའ་གཞི་ཡི། ། སྟོན་པ་དྲུག་གིས་ལམ་སྟེགས་ཆོས་སྒོ་སྤྲོ། ། ཕྱེད་སྤྲུལ་ལོངས་སྐུའི་ཆོས་བསྟན་པ་དེའི་ཚེ་མ་དག་པའི་ཞིང་འགྲོ་བ་རིགས་དྲུག་གི་གནས་རྣམས་སུ་ཐུན་མོང་བཅའ་གཞིའི་སྟོན་པ་དྲུག་སྤྲོས་ཏེ། དེ་དག་གིས་གདུལ་བྱ་རྒྱུད་མ་དག་པ་དང་བློ་དམན་པ་རྣམས་ལ་ཐུན་མོང་ལམ་སྟེགས་ཀྱི་ཐེག་པའི་ཆོས་སྒོ་མཐའ་ཡས་པ་བསྟན་ཅིང་སྤྲོ་བར་མཛད་དོ། ། གཞན་པ་དེ་དག་གི་ཚེ་དྲག་པོ་འཇིགས་བྱེད་གཏུམ་པོ་སོགས་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་ངོར་དཔལ་ཧེ་རུ་ཀའི་རྣམ་པར་སྣང་བས་ཁྲོ་བོའི་དཀྱིལ་འཁོར་སྤྲུལ་པར་མཛད་པ་སོགས་གང་འདུལ་ཞི་ཁྲོའི་རྣམ་པ་དཔག་ཏུ་མེད་པ་སྟོན་པར་གསུངས་སོ། ། 2.འཁོར་གྱིས་བསྡུས་ཚུལ་ནི། གཞན་སྣང་བརྡ་དང་ཚིག་ལས་བྱུང་བའི་རྒྱུད། ། རྡོ་རྗེ་ཆོས་རབ་མི་ཡི་ཐོད་པ་ཅན། ། ཌཱ་ཀི་པུཎྜ་ཉེར་བཞི་སོགས་ཀྱིས་བསྡུས། ། ཐུགས་རྗེས་གཞན་སྣང་དུ་སྣང་བའི་སྟོན་པ་རྣམས་ཀྱིས་གཞན་སྣང་ཙམ་དུ་བརྡ་ཡིས་གོ་བར་མཛད་པ་དང་། རྔ་སྒྲ་དང་སྒྲ་བརྙན་བཞིན་ངག་ཚིག་ཏུ་ཉེ་བར་སྣང་བ་ལས་བྱུང་བའི་རྒྱུད་རྣམས་ནི། གསང་བདག་རྡོ་རྗེ་ཆོས་དང་། བྲམ་ཟེ་མིའི་ཐོད་པ་ཅན། ཌཱ་ཀི་མ་པུ་ཎ་ཉེ་བར་ཞི་བ་དང་། སོགས་ཁོངས་ནས་མན་ངག་རྫོགས་པ་ཆེན་པོ་རྣམས་རྒྱལ་ཚབ་རྡོ་རྗེ་སེམས་དཔའ་དང་། ལུང་ཨ་ནུ་ཡོ་ག་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་སོགས་ཀྱིས་སངས་རྒྱས་རྣམས་ཀྱི་སྐུའི་རྣམ་འགྱུར། གསུང་གི་བརྡ། ཐུགས་ཀྱི་དགོངས་དོན་མ་ལུས་པ་རྒྱུད་ཀྱི་རང་བཞིན་ཏུ་གཏན་ལ་ཕབ་ནས་མི་མངོན་རིག་པ་འཛིན་པའི་གནས་སུ་བསྡུས་ཤིང་སྡུད་པ་པོ་དག་ཀྱང་གདོད་མའི་མགོན་པོའི་ཐུགས་ཡེ་ཤེས་ཆེན་པོའི་རང་རྩལ་བཅོམ་ལྡན་འདས་གསང་བའི་བདག་ པོའི་ངོ་བོར་གཅིག་པས་སྟོན་འཁོར་དབྱེར་མེད་དགོངས་པ་མཉམ་ཉིད་ངང་ལས་གང་ཟག་གཞན་རྒྱུད་ཀྱིས་བསྡུས་པ་མ་ཡིན་ནོ། །

3.བསྟན་པའི་གཉེར་གཏད་ཚུལ་ནི། རིགས་གསུམ་མཁའ་འགྲོ་ཆོས་ཀྱི་སྤྱན་ཅན་ལ། ། བསྟན་པའི་གཉེར་གཏད་མདོར་ན་སྐུ་གསུམ་གྱི། ། སྟོན་པའི་གླེང་གཞི་རྒྱལ་བ་དགོངས་བརྒྱུད་དོ། ། དེ་ལྟ་བུའི་རྒྱུད་སྡེ་ཟབ་མོ་རྣམས་སྡུད་པ་པོ་གསང་བའི་བདག་པོ་གཙོ་བོར་གྱུར་པའི་རྒྱལ་སྲས་རིགས་གསུམ་མགོན་པོ་དང་། འཁོར་འདས་ཐམས་ཅད་ཀྱི་བདག་མོ་སྐུ་གཅིག་ལ་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཚོགས་དང་བཅས་པ་རྣམས་ལ་དངོས་སུ་གཉེར་གཏད་ནས་བཀའ་བསྒོས་ཤིང་། བརྒྱུད་ནས་ཕྱི་རབས་བརྒྱུད་འཛིན་གྱི་གང་ཟག་ཆོས་ཀྱི་སྤྱན་ཅན་རྣམས་ལའང་ལུང་བསྟན་ཅིང་བསྟན་པའི་གཉེར་གཏད་དེ། ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། ། རྣལ་འབྱོར་མིག་ལྡན་སོགས་པའོ། ། ཞེས་གསུངས་པས་སོ། ། དེ་ལྟར་བཤད་པ་དེ་དག་མདོར་བསྡུ་ན། སྟོན་པ་སྐུ་གསུམ་གྱི་གླེང་གཞི་དང་འབྲེལ་བ་དགོངས་པ་རོ་གཅིག་ཏུ་མཉམ་པས་ཆོས་བསྟན་བྱ་སྟོན་བྱེད་མེད་ཀྱང་ཡེ་ཤེས་ཀྱི་རྩལ་ལས་ཚུལ་ཙམ་དུ་སྣང་བས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། །
{{#arraymap:Tibetan-Source|;|@@@|@@@

སངས་རྒྱས་དགོངས་པ་དང་སེམས་ཅན་གྱི་སེམས་བསྲེ་བར་ལྡན་དགོས་པའི་བདེ་བ་བཅོ་ལྔ དེ་ཡང་། གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ།

1.སྣང་སྲིད་སེམས་སུ་ཤེས་པས་ཕྱོགས་རིས་མེད་པར་བདེ༔ 2.སེམས་ཉིད་ཅིར་ཡང་ཤེས་པས་གང་ལྟར་བཏགས་པ་བདེ༔ 3.དེ་ལ་སྤང་བླང་མེད་པས་མཉམ་པ་ཉིད་དུ་བདེ༔ 4.ཕྱོགས་དང་རིས་སུ་མེད་པས་གཉིས་མེད་ཀུན་ཏུ་བདེ༔ 5.ལྷུན་གྱིས་གྲུབ་པས་བཙལ་མེད་ཀུན་ཏུ་བདེ༔ 6.དེ་ལ་དགག་སྒྲུབ་མེད་པས་མཉམ་ཉིད་ངང་དུ་བདེ༔ 7.སྣང་སྲིད་ཡེ་སངས་རྒྱས་པས་བདག་ཉིད་ཆེན་པོར་བདེ༔ 8.རང་བཞིན་ལྷུན་གྱིས་གྲུབ་པས་ཐོབ་བྱ་མེད་པར་བདེ༔ 9.མ་བཅོས་ངང་ལ་གནས་པས་རང་བཞིན་ཀུན་ཏུ་བདེ༔ 10.གཟུང་འཛིན་རྟོག་པ་དང་བྲལ་བས་རྣམ་དག་ངང་ལ་བདེ༔ 11.དེ་ལ་དམིགས་གཏད་མེད་པས་མཉམ་ཉིད་ངང་ལ་བདེ༔ 12.གཞན་ནས་བླང་དུ་མེད་པས་ཐོབ་མེད་ཆེན་པོར་བདེ༔ 13.ལམ་ལ་སྒོ་ཕུགས་མེད་པས་མ་བཀོད་གནས་ན་བདེ༔ 14.གནས་ལ་མཐོ་དམན་མེད་པས་མ་བཙལ་ས་ན་བདེ༔

15.གཞི་ལ་འཕོ་འགྱུར་མེད་པས་རང་བཞིན་གནས་ལ་བདེ༔ བདེ་བ་བཅོ་ལྔ་དང་ལྡན་པའི་གདམས་ངག་འདི་སློབ་དཔོན་པདྨས་ཇོ་མོ་མཚོ་རྒྱལ་ལ་གདམས་པའོ། །
{{#arraymap:Tibetan-Source|;|@@@|@@@

དགོངས་པའི་ཚུལ་མདོར་བསྡུས་ན་རྣམ་པ་བཅུ་དྲུག དེ་ཡང་། འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ།

1.ཡང་དག་པར་སྟོན་པའི་དགོངས་པ། 2.འདུན་པ་བཟློག་པའི་དགོངས་པ། 3.ཡང་དག་པར་འཛིན་དུ་འཇུག་པའི་དགོངས་པ། 4.ཡང་དག་པར་གཟེངས་བསྟོད་པའི་དགོངས་པ། 5.ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་དགོངས་པ། 6.གཟུང་བའི་དགོངས་པ། 7.ཐེ་ཚོམ་བཅད་པའི་དགོངས་པ། 8.ཡོངས་སུ་སྨིན་པར་བྱ་བའི་དགོངས་པ། 9.ཏིང་ངེ་འཛིན་དུ་བྱ་བའི་དགོངས་པ། 10.རྣམ་པར་གྲོལ་བར་བྱ་བའི་དགོངས་པ། 11.དོན་གཞན་དང་འབྲེལ་བའི་དགོངས་པ། 12.རྟོགས་པར་བྱེད་པ་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་དགོངས་པ། 13.མཆོག་ཏུ་དགའ་བའི་དགོངས་པ། 14.སྨྲ་བ་པོ་རྣམས་ལ་ཉན་པ་རྣམས་རིམ་གྲོ་ཆེར་བསྐྱེད་པར་བྱ་བའི་དགོངས་པ། 15.ཆོས་ཀྱི་ཚུལ་འཇུག་པར་བྱ་བའི་དགོངས་པ།

16.དགེ་བ་འཕེལ་བར་བྱང་ཆུབ་ངེས་པ་དང་། མཚན་མ་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པའི་དགོངས་པ་བཅས་སོ། །
{{#arraymap:Tibetan-Source|;|@@@|@@@

All 28 match(es)