Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "definition" with value "མཐོ་ཚད་ཀྱི་དཔངས་དང་འབོར་ཏེ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Monlam Grand/929  + (ལྷ་སའི་རྫོང་རྒྱབ་ཀླུ་ཁང་གི་མིང་སྟེ། ངག་རྒྱལྷ་སའི་རྫོང་རྒྱབ་ཀླུ་ཁང་གི་མིང་སྟེ། ངག་རྒྱུན་ལྟར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས། མལ་གྲོ་གུང་དཀར་ནས་ཀླུ་རྒྱལ་མལ་གྲོ་གཟི་ཅན་དང་བཅས་པའི་ཀླུ་ཆེན་བརྒྱད་འདིའི་ནང་དུ་སྤྱན་དྲངས་པ་ལས་མིང་ལ་ཀླུ་ཁང་ཞེས་གསོལ། ཀླུ་ཁང་གི་ཆུ་དཀྱིལ་ཕོ་བྲང་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པའི་བཀའ་བཀོད་ལྟར་སྐབས་དེར་བཞེངས་པ་དང༌། དེའི་ཆུ་རྣམས་ནི་དེ་བས་སྔ་བ་ཡོད་པ་སྟེ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སུ་རྩེ་པོ་ཏ་ལའི་ཕོ་བྲང་དཀར་པོ་བཞེངས་སྐབས་དང་། དེ་རྗེས་ཀྱི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་བཞེངས་སྐབས་གཉིས་སུ་ད་ལྟའི་ཀླུ་ཁང་གི་ས་ཆ་འདི་ནས་འཛུགས་སྐྲུན་ལ་མཁོ་བའི་ས་འབོར་ཆེན་བཏོན་སྟབས་དེར་གཞི་རྒྱ་ཆེ་ཙམ་གྱི་ས་དོང་ཆགས་པ་ལས་ད་ལྟའི་ཆུ་འཁྱིལ་ཡུལ་འདི་ཆགས་ཚུལ་འདུག ཀླུ་ཁང་འདིར་ལོ་ལྟར་ས་ཟླའི་ཚེས་ ༡༥ ཉིན་མང་ཚོགས་ཀྱིས་དགའ་སྤྲོའི་རྣམ་པས་ཀོ་གྲུར་བསྡད་དེ་སྐོར་བ་བྱེད་པ་དང་གླུ་གར་གྱིས་མཆོད་བཞིན་འགྲོ་བ། ལོ་ལྟར་ཆར་ཆུ་དུས་སུ་འབབ་ཆེད་ཀླུའི་བུམ་པ་སྣ་ཚོགས་སྦ་ཆོག་བྱེད་པ་དང་། བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པ་དང་སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཁག་ཁེལ་བས། དེ་ཉིན་ལྷ་སའི་མི་མང་གིས་སྔ་དྲོར་དགེ་བའི་ལས་ལ་བརྩོན་ཞིང་ཕྱི་དྲོར་གླིང་ཁ་གཏོང་བའི་སྲོལ་ཡོད།ྩོན་ཞིང་ཕྱི་དྲོར་གླིང་ཁ་གཏོང་བའི་སྲོལ་ཡོད།)
  • Dictionaries/Monlam Grand/88077  + (ལྷ་སྐུ་སོགས་འབྲི་བཞེངས་བྱེད་སྐབས་ལྷ་སྐུའི་དཔངས་ཞེང་ཆེ་ཆུང་གི་ཐིག་ཚད།)
  • Dictionaries/Monlam Grand/15703  + (ལྷའི་ཕྱག་མཚན་ཌ་མ་རུའི་བྱེ་བྲག་དཔངས་མཐོ་ལ་ངལྷའི་ཕྱག་མཚན་ཌ་མ་རུའི་བྱེ་བྲག་དཔངས་མཐོ་ལ་ངོས་གཉིས་ཀྱི་པགས་པའི་བར་སྐུད་པས་ཕན་ཚུན་སྦྲེལ་བ་ཞིག་སྟེ། སྐྱེས་པ་ལོ་བཅུ་དྲུག་པ་དང༌། བུད་མེད་ལོ་བཅུ་གཉིས་པའི་ཐོད་པ་སྤྱི་སྤྲད་ལ་སྤྲེའུའི་པགས་པས་གཡོགས་པའི་ཕྱི་ནང་ལ་འདོད་ལྷའི་སྔགས་དང་ཕྱག་མཚན་སོགས་བྲིས་ཏེ་སྟེང་འོག་མི་ནོར་བ་བྱས། དེའི་སྟེང་དུ་སྐྲའི་སྐུད་པའི་རེའུ་མིག་ཆོས་འབྱུང་ལྟ་བུ་སྟེང་འོག་ཏུ་བཅུ་དྲུག་རེ་བྱེད་དགོས་ཏེ། དེ་དག་གིས་རང་གི་འདོད་ལྷ་ཡབ་ཡུམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་དག་པ་བཅུ་དྲུག་སོགས་མཚོན་པ་ཡིན་ནོ། །ཁོར་དང་དག་པ་བཅུ་དྲུག་སོགས་མཚོན་པ་ཡིན་ནོ། །)
  • Dictionaries/Monlam Grand/90130  + (ཤོ་རྒྱག་པའི་སྐབས་སུ་གྲངས་འབོར་འཛིན་བྱེད་ཀྱི་རྡེའུ།)
  • Dictionaries/Monlam Grand/28512  + (ས་ངོས་ནས་ཡར་འཕང་ངམ་དཔངས་མཐོན་པོ་མེད་པའི་རྣམ་པ་སྟེ།)
  • Dictionaries/Monlam Grand/93706  + (སོར་མོའི་གྲངས་འབོར་མཐོ་དང་ཁྲུ་འདོམ་བཅས་རིམ་བཞིན་གོང་དུ་བསྒྲིལ་བ་སྟེ།)
  • Dictionaries/Monlam Grand/94177  + (སྐར་མའི་གྲངས་འབོར་སྲང་ལ་བསྒྲིལ་བ་སྟེ།)
  • Dictionaries/Monlam Grand/6222  + (སྐྱུག་ལོག་བསམ་པས་འཁོར་བ་གཅུད་ལ་བོར། །བརྩོནསྐྱུག་ལོག་བསམ་པས་འཁོར་བ་གཅུད་ལ་བོར། །བརྩོན་འགྲུས་བསྟེན་ནས་ཉམས་ལེན་གཅུད་ལ་བོར། །མོས་གུས་གསོལ་བས་བླ་མ་གཅུད་ལ་བོར། །དམ་ཚིག་བསྙེན་སྒྲུབ་ཡི་དམ་གཅུད་ལ་འབོར། །གཏོར་ཚོགས་བརྩོན་པས་མཁའ་འགྲོ་གཅུད་ལ་འབོར། །ཡང་ཟབ་གདམས་པས་ལྟ་སྒོམ་གཅུད་ལ་འབོར། །དེ་ལྟར་སུས་བྱས་དངོས་གྲུབ་མྱུར་དུ་ཐོབ། །། །དེ་ལྟར་སུས་བྱས་དངོས་གྲུབ་མྱུར་དུ་ཐོབ། །)
  • Dictionaries/Monlam Grand/79680  + (སྐྱོ་བྲག་ཁང་ནེ་དགོན་པའི་ཐབས་གྲོལ་གྱི་སྒྲུབ་གྲྭ་ཡིན། འདི་དང་གཞན་ཡང་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་སྡེ་ཁག་བདུན་ཡོད་ཅིང་འདག་སྦྱར་དང་མཚམས་སྒྲུབ་ལ་གནས་པ་འབོར་གྲངས་བརྒྱ་ཕྲག་ཁ་ཤས་ཡོད།)
  • Dictionaries/Monlam Grand/78038  + (སྐྲངས་ནད་ཀྱི་རྣག་ཁྲག་སོགས་འདྲེན་བྱེད་ཀྱི་སྨན་གྱི་ཡོ་བྱད་ཅིག་སྟེ། རྔབ་རུ་ཡང་ཟེར། གླང་དམར་པོ་འོག་ཅན་གྱི་རྭ་གཡས་པ་ལ་འཆོས་པའི་དཔངས་སུ་སོར་ལྔ་དང༌། ཁ་སོར་གསུམ་ཅན་ཁྲག་རྣག་ཆུ་སེར་འཇིབ་པར་བྱེད་པའི་དཔྱད་ཀྱི་ཡོ་བྱད་ཅིག)
  • Dictionaries/Monlam Grand/98282  + (སྒ་དྲུག་གི་ཆར་གཏོགས་སྤོ་འབོར་སྒང་། ཁམས་འདབསྒ་དྲུག་གི་ཆར་གཏོགས་སྤོ་འབོར་སྒང་། ཁམས་འདབ་པ་སྟོང་ཉིད་སྡེ་པའི་ནང་ཚན་ཀ་ར་གྲོང་དུ་ཆགས་ཡོད་པའི་སྟག་ལུང་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པའི་དགོན་པ་ཞིག་ཡིན། སྟག་ལུང་པའི་གདན་རབས་བཅུ་གཅིག་པ་གར་དབང་བྱང་ཆུབ་རྒྱ་མཚོས་དུས་རབས་བཅུ་བཞི་པའི་སྟོད་ཙམ་དུ་ཕྱག་བཏབ་ཅིང་མིང་ལ་སྟོང་ཉིད་ཀ་ར་རཏྣ་གླིང་ཞེས་བཏགས་པར་གྲགས། སྔོན་དུས་སུ་འདུས་པའི་གྲངས་བརྒྱ་ལྷག་ཙམ་ཡོད་པ་དང་། དུས་འགྱུར་གོད་ཆགས་ཁྲོད་རྩ་གཏོར་ཐེབ་མོད ། དེང་སྐབས་བསྐྱར་བཞེངས་བྱེད་བཞིན་པ་དང་། དགེ་འདུན་པ་བཅུའི་སྐོར་ཞིག་དང་མཆོད་སྡེ་ཁྱིམ་དུད་བདུན་བརྒྱ་ལྷག་ཙམ་ཡོད་འདུག་ཅིང་། མ་ཟད་དགོན་འདིའི་བུ་དགོན་དུ་གྱུར་པའི་བཀྲ་ཤིས་བསྒྲུབ་བརྒྱུད་ཆོས་གླིང་ཞེས་པའི་རི་ཁྲོད་དགོན་དེ་ཡང་བླ་མ་རྒྱལ་མཚན་རིན་པོ་ཆེས་དེང་སྐབས་བསྐྱར་བཞེངས་མཛད་བཞིན་ཡོད་འདུགཆེས་དེང་སྐབས་བསྐྱར་བཞེངས་མཛད་བཞིན་ཡོད་འདུག)
  • Dictionaries/Monlam Grand/97837  + (སྒའི་རྨེད་འབོར།)
  • Dictionaries/Monlam Grand/4315  + (སྔ་ཕྱི་དང་གོང་འོག་སོགས་ཀྱི་གྲངས་འབོར་དང་སྡེ་ཚན་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དོན་ཏེ།)
  • Dictionaries/Monlam Grand/397  + (སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་ཡ་གྱལ་ཏེ།སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་ཡ་གྱལ་ཏེ། རབ་བྱུང་གསུམ་པའི་ས་ཡོས་ཕྱི་ལོ་ ༡༡༥༩ ལོར་ཀ་དམ་པ་བདེ་གཤེགས་ཀྱིས་འབྲི་ཆུའི་ཉེ་འགྲམ་སྤོམ་འབོར་དང་ཉེ་ས་ཀཿཐོག་ཅེས་པའི་སར་ཕྱག་བཏབ། དམ་གཙང་སྤྱན་གསུམ། བླ་རབས་བཅུ་གསུམ། དྲུང་རབས་བཅུ་གསུམ། འཆད་ཉན་མཁན་རབས་བཅུ་གསུམ། མན་ངག་འཛིན་པ་བཅུ་གསུམ་སོགས་རིམ་བྱོན་གྱིས་བསྐྱངས་ཤིང་། སྔ་འགྱུར་བཀའ་མའི་བསྟན་པ་འཆད་ཉན་སྒོམ་སྒྲུབ་ཀྱིས་སྒོ་ནས་དར་རྒྱས་མཛད། ཕྱིས་སུ་ཡང་གཏེར་ཆེན་བདུད་ཀློང་རྣམ་གཉིས་དང་། གསེར་ཁྲི་འཛིན་པ་དག་གིས་ཁྲིད་ཆེན་བཅུ་གསུམ་སོགས་རྒྱུད་འཛིན་དར་སྤེལ་གནང་ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་། ཁྱད་པར་བོད་ཀྱི་ལོ་རྒྱུས་སྟེང་འཇའ་ལུས་འོད་སྐུར་གྲུབ་པའི་དམ་པ་ཆེས་མང་པོ་བྱོན་པའི་གདན་ས་ཞིག་ཡིན།པའི་དམ་པ་ཆེས་མང་པོ་བྱོན་པའི་གདན་ས་ཞིག་ཡིན།)
  • Dictionaries/Monlam Grand/103204  + (སྔགས། རྣལ་འབྱོར་བླ་མེད་རྒྱུད། འགལ་རྐྱེན་འགསྔགས། རྣལ་འབྱོར་བླ་མེད་རྒྱུད། འགལ་རྐྱེན་འགོག་པ་བསྲུང་བའི་འཁོར་ལོ་བསྒོམ་པའི་ཚུལ་བཤད་པ་ལ། སྔར་ཡོད་ཀྱི་བགེགས་བསལ་བའི་ཕྱིར་ཁྲོ་བོ་བཅུ་བསྐྱེད་ནས་ཕུར་གདབ་བྱ་བ་དང་། ཕྱིས་བགེགས་མི་འཇུག་པར་བྱ་བའི་ཕྱིར་དུ་རྡོ་རྗེའི་ར་གུར་བསྒོམ་པ་གཉིས་ལས་ར་བའི་དབྱིབས་དང་རྒྱ་དཔངས་ཀྱི་ཚད་ལ་མཁས་གྲུབ་སོ་སོའི་གསུངས་ཚུལ་མང་ཡང་འདིར་ནི་སྒྲུབ་པ་པོ་རང་གི་བློ་ལ་ཇི་ལྟར་འཚམ་པར་བསྒོམ་པར་བྱ་བ་ཡིན་ནོ། །དེ་ནས་རང་གི་སྤྱི་བོ་མགྲིན་པ་སྙིང་གའི་གནས་གསུམ་དུ་ཟླ་བ་པདྨ་ཉི་མའི་གདན་གསུམ་གྱི་སྟེང་དུ་རང་གི་ལུས་ངག་ཡིད་གསུམ་དང་ལྷ་ཡེ་ཤེས་སེམས་དཔའི་སྐུ་གསུམ་ཐུགས་ངོ་བོ་དབྱེར་མེད་དུ་མོས་པ་ཡི་གེ་འབྲུ་གསུམ་གྱི་རྣམ་པར་ཤར་བ་བཀོད་ནས། ངག་ཏུ་ཡང་ཡི་གེ་འབྲུ་གསུམ་ལན་གསུམ་བརྗོད་པ་ནི་གོ་ཆའི་བསྲུང་བ་དང་། སྔར་བཤད་པའི་སྟོང་ཉིད་བསྒོམ་པ་ནི་རྣལ་འབྱོར་བསྲུང་བ་དང་། རྡོ་རྗེའི་ར་གུར་བསྒོམ་པ་ནི་གནས་བསྲུང་བ་དང་། ཡི་གེ་འབྲུ་གསུམ་གྱི་གོ་ཆའི་བསྲུང་བ་ནི་བདག་བསྲུང་བ་ཡིན་པར་བླ་མ་སྔ་མ་ཁ་ཅིག་གིས་བཤད་དོ། །དེ་ཡང་མངོན་རྟོགས་ཐུན་བཞིར་བྱས་ནས་བསྒོམ་པའི་ཚེ་བསྲུང་འཁོར་ཡང་ཐུན་བཞིར་བྱས་ནས་བསྒོམ་དགོས་པ་ཡིན་ཏེ། རྩ་རྒྱུད་ལེའུ་བཅུ་གསུམ་པ་ལས། བསམ་གཏན་ལས་བྱུང་དམ་བཅས་པ། །གནས་གང་དུ་ནི་ཡང་དག་སྤྱད། །ཅེས་པས་བསྟན་པར་སྒྲོན་གསལ་ལས་བཤད་དོ། །ྱད། །ཅེས་པས་བསྟན་པར་སྒྲོན་གསལ་ལས་བཤད་དོ། །)
  • Dictionaries/Monlam Grand/105683  + (སྔར་དགའ་ལྡན་ཕོ་བྲང་སྲིད་གཞུང་སྐབས། འབྲོག་པའི་ཕྱུགས་རིགས་སྤྱིའི་ཨ་མཆོག་གི་གྲངས་འབོར་ལ་གཞིགས་ནས་ཁྲལ་བསྡུ་བའི་ལམ་ལུགས་ཤིག)
  • Dictionaries/Monlam Grand/95243  + (སྔར་འབྲོག་པ་ལ་གནག་ཕྱུགས་ཤེ་ལ་གཏོང་སྐབས་ལོ་སྔར་འབྲོག་པ་ལ་གནག་ཕྱུགས་ཤེ་ལ་གཏོང་སྐབས་ལོ་རེ་འཕེལ་ཤི་གང་བྱུང་ཞིབ་རྩིས་བརྒྱབ་སྟེ་ཤེ་མར་བསྡུ་བའི་ལམ་ལུགས་ཤིག མ་གསུམ་བུ་གཉིས་དང༌། མ་ལྔ་བུ་གཉིས་སོགས་གྲངས་ཀ་བརྩིས་པའི་འབབ་ལ་གཞིགས་ཏེ་ཤེ་མར་བསྡུ་བའི་ལུགས་ཤིག་དང༌། ལོ་རེ་གནག་ཕྱུགས་ཀྱི་རྩ་འབོར་ནས་བཅུ་ཟུར་ཤི་བར་ཆ་འཇོག་བྱེད་སྲོལ་ཡང་ཡོད།་ནས་བཅུ་ཟུར་ཤི་བར་ཆ་འཇོག་བྱེད་སྲོལ་ཡང་ཡོད།)
  • Dictionaries/Monlam Grand/52182  + (སྟག་ལུང་པའི་མཆོད་ཁང་དམར་ནག་ཁྲ་གསུམ་གྱི་ཡ་གསྟག་ལུང་པའི་མཆོད་ཁང་དམར་ནག་ཁྲ་གསུམ་གྱི་ཡ་གྱལ་ཏེ། སྟག་ལུང་མར་ཐང་རི་བོ་ཆེའི་གདན་རབས་གཉིས་པ་ཆོས་སྐུ་ཨོ་རྒྱན་མགོན་པོས། རབ་བྱུང་ལྔ་པའི་ལྕགས་པོ་སྤྲེལ་ཕྱི་ལོ་ ༡༣༢༠ ལོར་བཞེངས་སྐྲུན་མཛད་པ་དང་། ཕྱོགས་མཚམས་དབུས་དགུར་གཏེར་བུམ་རྣམས་བཞགས་ཏེ། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཐིག་བཏབ། བལ་པོའི་བཟོ་བོ་ཛ་ཡ་དང་གུང་ཐང་དབང་ཕྱུག་འབུམ། མདོ་ཁམས་པ་དཔོན་བསོད་ནམས་སོགས་ཀྱིས་ལག་རྩལ་པ་བྱས་ཏེ། འོག་ཁང་གི་ཕྱི་ཁོག་ལ་ལོགས་རེར་སྲིད་དུ་གཞུ་འདོམ་སོ་བརྒྱད་དང་དཔངས་སུ་དྲེའུ་གཟུགས་བཅུ་གཉིས་ཀྱི་ཚད་ལྡན་པའི་གྱང་དང་། ནང་ཁོག་ངོས་སྙོམས་པའི་རྡོ་སྐྱའི་ཁྲོབ་བརྩེགས་ཁྱམས་དང་བཅས་པར་ཀ་བ་བརྒྱ་དང་བརྒྱད་ཅུའི་རྒྱ་ཁྱོད་ལྡན་པའི་མ་ཁང་དང་། མ་ཁང་གི་རྒྱ་ཁྱོན་ནས་ཅུང་ཟད་བསྐུམས་པའི་བར་ཁང་དང་། དེའི་རྒྱ་ཁྱོན་ནས་ཅུང་ཟད་བསྐུམས་པའི་སྟེང་ཁང་ཞ་ཉེའི་བད་ཁེབས་བཀོད་པ་བཅས། སུམ་ཐོག་གིས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་མཚོན་དོན་ཅན་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པར་མཛད་ནས། གཙུག་ལག་ཁང་ཆེན་བཀྲ་ཤིས་དཔལ་གྱི་ལྷུན་པོ་འཛམ་གླིང་རྒྱན་གཅིག་ཅེས་མཚན་གསོལ། ཕྱིས་སུ་གོང་མ་གཡུང་ཏྲིང་གིས་དགེ་འཕེལ་ལྷ་ཁང་ཞེས་པའི་གསེར་ཡིག་གི་སྒོ་པཎ་ཞིག་ཕུལ་ཚུལ་ཡང་གསལ་ལ། ཤོད་ཁང་སྐུ་ཡི་འཁོར་ལོ་ཁྲ་བོ། བར་ཁང་གསུང་གི་འཁོར་ལོ་དམར་པོ། སྟེང་ཁང་ཐུགས་ཀྱི་འཁོར་ལོ་དཀར་པོ་བཅས་ཀྱི་མདངས་ཅན་ཡིན་པས་ཡོངས་གྲགས་སུ་མཆོད་ཁང་ཆེན་མོ་ཁྲ་འགྱེད་མ་ཞེས་གྲགས་སོ། །ུ་མཆོད་ཁང་ཆེན་མོ་ཁྲ་འགྱེད་མ་ཞེས་གྲགས་སོ། །)
  • Dictionaries/Monlam Grand/99270  + (སྣའི་དཔངས་མཐོན་པོ།)
  • Dictionaries/Monlam Grand/10665  + (སྤུས་ཀ་ལེགས་ཤིང་གྲངས་འབོར་མང་པའི་རྣམ་པ་སྟེ།)
  • Dictionaries/Monlam Grand/102055  + (སྤོ་འབོར་སྒང་། མི་ཉག་སྒང་། སྨར་ཁམས་སྒང་།)
  • Dictionaries/Monlam Grand/33355  + (སྤྱན་སྔ་བ་མང་ཕུ་བསོད་ནམས་འབུམ་གྱི་དབོན་བརྒསྤྱན་སྔ་བ་མང་ཕུ་བསོད་ནམས་འབུམ་གྱི་དབོན་བརྒྱུད་ལས་འཁྲུངས་པ་དྲུང་རབས་དང་པོ་ནམ་མཁའ་སེངྒེའམ་བརྩོན་འགྲུས་འབུམ་པ་ནི། ཀཿཐོག་སྔ་རབས་པའི་ཕྱག་རྫོགས་ཀྱི་གདམས་ཁྲིམས་མ་ལུས་པ་གསན། གཏེར་ཆེན་རཏྣ་གླིང་པའི་མདུན་དུ་ཕེབས་ནས་ཆོས་བདག་དཀྱིལ་འཁོར་འཛིན་པའི་བུ་ཆེན་བརྒྱད་ཀྱི་གཙོ་བོར་ངོས་བཟུང། རང་གཏེར་ཡོངས་རྫོགས་ཀྱི་དབང་གདམས་གསན། རྒྱ་ར་བ་ན་མཁའ་ཆོས་ཀྱི་རྒྱ་མཚོ་ལས་ཀར་གླིང་ཞི་ཁྲོ་བར་དོ་དྲུག་གི་ཁྲིད་བཅས་གསན། གཏེར་སྟོན་རཏྣ་གླིང་པས་སྔགས་འཆང་དུ་ལུང་བསྟན་ནས་རིམ་བཞིན་ཁྱོད་ཀྱི་བརྒྱུད་ལས་དག་པའི་བླ་རབས་བཅུ་གསུམ་འབྱུང་ཞེས་ལུང་གསུངས་ནའང་སྙན་གྲགས་ལ་ཅུང་ཟད་གཡེང་བས་རྟེན་འབྲེལ་འཆུགས་ཏེ་དེ་ཚུན་དྲུང་རབས་རྣམས་དགོངས་པ་སངས་རྒྱས་སུ་བཞུགས་ཀྱང་སྣང་ཚུལ་ལ་སྒྲུབ་པ་གཙོ་བོར་མཛད་པ་ལས་འཆད་ཉན་ཆེར་མ་མཛད་དོ། །དྲུང་པ་འདིས་གདན་སར་འདུས་པ་ལོ་མང་དུ་བསྐྱངས་ནས་སྔ་སྲོལ་བཀའ་མ། ཉང་དང་ཆོས་དབང་སོགས་ཀྱི་གཏེར་ཆོས་དང༌། ཁྱད་པར་གཏེར་ཆེན་རཏྣ་གླིང་པའི་ཟབ་གཏེར་རྣམས་ཀྱི་སྨིན་གྲོལ་འཆད་སྤེལ་རྒྱ་ཆེར་མཛད། དེ་སྐབས་ཕྱོགས་ཐམས་ཅད་ནས་གྲྭ་རྒྱུན་ཤིན་ཏུ་མང་ཆེས་པས་རོང་པོ་དང་གསེར་པས་དགོན་ཉིན་དུ་གསེར་ཁང་དང༌། རྡོ་པའི་རི་རྩིབ་ཏུ་རྡོ་ཁང་གོང་འོག་བར་གསུམ། བུ་འབོར་དང༌། ཉག་རོང༌། གཞག་སར་གསུམ་གྱིས་ཀེ་ཐག་ཕུར་ཁང་ཚན་རྣམ་རྒྱབ། མགོན་ཁང་ཞིག་གསོ་དང༌། གསར་དུའང་རྟེན་གསུམ་ངོ་མཚར་ཅན་མང་དུ་བསྐྲུན། བསྟན་པའི་སྙིང་པོ་བཤད་སྒྲུབ་གཉིས་ཀྱི་འཕྲིན་ལས་མི་ནུབ་པར་སྤེལ་བར་མཛད་དོ། །ས་ཀྱི་འཕྲིན་ལས་མི་ནུབ་པར་སྤེལ་བར་མཛད་དོ། །)
  • Dictionaries/Monlam Grand/56982  + (སྦོམ་པོ་སྟེ། དག་ཡིག་ཤེས་བྱ་རབ་གསལ་ལས། མོད་མི་དམའ་བ་དཔངས་མཐོ་དང༌། །ཕྲ་མོ་མ་ཡིན་པ་ཡི་དོན། །ཞེས་གསུངས།)
  • Dictionaries/Monlam Grand/67379  + (སྲིད་དམ་དཔངས་ཏེ།)
  • Dictionaries/Monlam Grand/96093  + (ཨ་གཟི་བསོད་ནམས་འབུམ་པས་རབ་བྱུང་བརྒྱད་པའི་མཨ་གཟི་བསོད་ནམས་འབུམ་པས་རབ་བྱུང་བརྒྱད་པའི་མཇུག་འདིར་ཞབས་ཀྱིས་བཅགས་ཏེ་སྒྲུབ་པ་ལོ་མང་བཞུགས་པས་གོ་ཆེན་ཟེར་བའི་ས་དེར་སྒྲུབ་ཕུག་དང་། གང་ཟག་གི་མིང་གནས་ལ་ཐོག་སྟེ། ད་ལྟ་གོ་ཆེན་བསོད་ནམས་འབུམ་ཞེས་ཟེར་སྲོལ་ཡོད། དེའི་གནས་རྒྱབ་ཏུ་བསོད་ནམས་འབུམ་པའི་སློབ་མ་ལྔ་ཚོ་ཀུན་དགའ་འབུམ་གྱི་སྒྲུབ་ཕུག་དང་། རྡོ་ངོས་ལ་རྫུ་འཕྲུལ་གྱིས་ཕྱག་བྲིས་མ་ཎི་འབྲུ་དྲུག་མཇལ་རྒྱུ་ཡོད། ཀཿཐོག་པའི་སློབ་བརྒྱུད། མགོ་ཡོད་ཐོགས་བཟུང་བླ་མ་དང་། འབོར་རྔ་ཆིབས་བླ་མ་སོགས་བྱ་བྲལ་གྲུབ་ཐོབ་མང་པོའི་སྒྲུབ་གནས་ཡིན་པས་སྒོམ་ཕུག་ཞེས་མིང་དུ་གྲགས། ཕྱིས་རབ་བྱུང་བཅུ་གསུམ་པའི་ས་ཡོས་ལོར་སྒྲུབ་སྡེ་དངོས་སུ་བཙུགས་ནས་བཤད་པ་དང་སྒྲུབ་པའི་སྡེ་འདི་བཏབ། དགོན་པ་འདིར་གཙོ་ཆེར་ཀཿཐོག་པའི་བླ་མ་རིམ་བྱོན་སྤྱི་དང་། ཁྱད་པར་རྨོག་སྤྲུལ་སྐུ་ཕྲེང་རྣམས་ཀྱིས་དགོན་བདག་མཛད། ཕྱིས་རྨོག་རྩ་འཇིགས་བྲལ་ཕྱོགས་ཀྱི་གླང་པོ་དང་། སྲས་ཀུན་བཟང་གཉིས་ཀ་དགོན་འདིར་ཡུན་རིང་བཞུགས། སྔོན་དུས་བླ་སེར་ལྔ་བཅུ་ཁ་ལྷག་རེ་བཞུགས་པ་དེ་རྣམས་ཀྱིས་རྨོག་གྲུབ་བཀའ་བརྒྱད་དང་། མཁའ་འགྲོ་དགོངས་འདུས། ཀར་གླིང་ཞི་ཁྲོ་མ་ཎི་དུང་སྒྲུབ་སོགས་དང་། ཚེས་བཅུའི་དུས་མཆོད་དང་ལོ་མཇུག་དགུ་གཏོར་སོགས་དགོན་པ་གཞན་རྣམས་ཀྱི་སྲོལ་རྒྱུན་ལྟར་གནང་། དུས་འགྱུར་ཆེན་པོའི་རྗེས་རྨོག་སྤྲུལ་རིན་པོ་ཆེ་འཇིགས་བྲལ་ཕྱོགས་ལ་རྣམ་རྒྱལ་གྱི་བཀའ་དྲིན་དང་། མཁས་བཙུན་གྲུབ་པའི་རྣལ་འབྱོར་པ་བླ་མ་དཔལ་ལྡན་སོགས་ཀྱི་ཐུགས་བསྐྱེད་དང་ཆོས་དད་མང་ཚོགས་བཅས་ཀྱི་བཀའ་དྲིན་ལས། འདུ་ཁང་སྔར་མུས་ལྟར་གསར་བཞེངས་དང་། རྨོག་གྲུབ་འདྲ་ཞལ། མགོན་ཁང་ཇ་ཁང་། དུང་འཁོར་ཁང་བཅས་གྲུབ་པ་དང་། བླ་གྲྭ་ཇོ་སེར་བཞི་བཅུ་ཁ་ལྷག་གིས་རྨོག་གྲུབ་བཀའ་བརྒྱད་དང་། མཁའ་འགྲོ་དགོངས་འདུས་ཀྱི་སྒྲུབ་ཆེན། ཀར་གླིང་ཞི་ཁྲོ་དང་སྨྱུང་གནས། ཡུལ་དགོན་ཀུན་ནས་མ་ཎི་དུང་སྒྲུབ་བཅས་ཀྱི་སྒོ་ནས་སྔར་སྲོལ་ཉམས་གསོ་བྱེད་བཞིན་ཡོད།ཀྱི་སྒོ་ནས་སྔར་སྲོལ་ཉམས་གསོ་བྱེད་བཞིན་ཡོད།)
  • Dictionaries/Monlam Grand/68826  + (༡ ཀོང་པོ། ༢ ཕོ་ཁང༌། ༣ ཚ་བ། ༤ ཏྲེ་བོ། ༥ སྤོ༡ ཀོང་པོ། ༢ ཕོ་ཁང༌། ༣ ཚ་བ། ༤ ཏྲེ་བོ། ༥ སྤོ་འབོར། ༦ མི་ཉག ༧ ལྡན་མ། ༨ གླིང་བ། ༩ གཙང་པ། ༡༠ དབུས་སྟོད། ༡༡ རོང་པོ་ཤར། ༡༢ རོང་པོ་ནུབ། ༡༣ གོ་བོ། ༡༤ ཉག་རེ། ༡༥ ལྷོ་པ། ༡༦ མངའ་རིས་དཔེ་ཐུབ། ༡༧ རྒྱལ་པ། ༡༨ ཉང་པོ། ༡༠ འཕར་ར། ༢༠ སྡིངས་ཁ། ༢༡ ཚུལ་ཁང༌། ༢༢ རྩེད་ཁང༌། ༢༣ མངའ་རིས། ༢༤ གུ་གེ། ༢༥ རྒྱ། ༢༦ གྲགས་པ་བཅས་སོ། །རིས། ༢༤ གུ་གེ། ༢༥ རྒྱ། ༢༦ གྲགས་པ་བཅས་སོ། །)
  • Dictionaries/Monlam Grand/24242  + (༡ གནས་བརྟན་རིན་རྒྱལ་བ། ༢ དབོན་ཟླ་གྲགས། ༣ ཉ༡ གནས་བརྟན་རིན་རྒྱལ་བ། ༢ དབོན་ཟླ་གྲགས། ༣ ཉི་མ་གྲགས། ༤ དྲུང་ཆོས་དཔལ་རྒྱལ་མཚན། ༥ རབ་འབྱམས་སྨོན་ལམ་དཔལ། ༥ ལྡན་མ་ཡེ་ཤེས་བཟང་པོ། ༧ མདར་སྟོན་བློ་བཟང་གྲགས། ༨ ཆོས་རྗེ་ཆོས་ཀྱི་བཤེས་གཉེན་པ། ༩ པཎྜི་ཏ་བཟང་པོ། ༡༠ པཎ་ཆེན་བསོད་ནམས་གྲགས་པ། ༡༡ ཆོས་རྗེ་དཀོན་ཅོག་དར། ༡༢ མི་ཉག་རྡོ་རྗེ་བཟང་པོ། ༡༣ སྟོད་ལུང་པ་ངག་དབང་ཆོས་གྲགས། ༡༤ འོལ་དགའ་བ་དགེ་ལེགས་དཔལ་བཟང་། ༡༥ རྩེས་དང་པ་ཚེ་བརྟན་རྒྱ་མཚོ། ༡༦ ཉན་པོ་ཤཱཀྱ་རིན་ཆེན། ༡༧ རྒྱལ་ཁང་རྩེ་པ་ཆོས་རྗེ་དཔལ་འབྱོར་རྒྱ་མཚོ། ༡༨ སྒོམ་སྡེ་ནམ་མཁའ་རྒྱལ་མཚན། ༡༩ རིན་གླིང་པ་སངས་རྒྱས་རིན་ཆེན། ༢༠ གུང་རུ་དོན་གྲུབ་སེང་གེ༢༡ ཅོ་ནེ་ཆོས་རྗེ་དགེ་བཤེས་གྲགས་པ། ༢༢ མངའ་རིས་པ་ཉི་མ་བཟང་པོ། ༢༣ ལྗང་པ་དམ་ཆོས་དཔལ། ༢༤ གྱེ་རེ་རབ་འབྱམས་པ་གྲགས་པ་རྒྱ་མཚོ། ༢༥ གསང་ཕུ་གླིང་སྨད་པ་ཆོས་རྗེ་དཀོན་མཆོག་ཆོས་འཕེལ། ༢༦ གུང་རུ་ཆོས་རྗེ་སངས་རྒྱས་བཀྲ་ཤིས། ༢༧ ལྗང་རམས་པ་དགེ་འདུན་རིན་ཆེན། ༢༨ རིན་ཆེན་གླིང་པ་ངག་དབང་རིན་ཆེན། ༢༩ ཆུ་བཟང་དཀོན་ཅོག་ཆོས་བཟང་། ༣༠ འོལ་དགའ་བློ་བཟང་རྣམ་རྒྱལ། ༣༡ རྩེས་དང་བློ་བཟང་རྒྱལ་མཚན། ༣༢ ཚ་རྡོར་བློ་བཟང་དཔལ་འབར། ༣༣ རྒྱལ་བ་བྱམས་པ་བཀྲ་ཤིས། ༣༤ ཉག་རེ་དགེ་འདུན་གྲགས་པ། ༣༥ ཅོ་ནེ་ཚུལ་ཁྲིམས་དར་རྒྱས། ༣༦ སྤོམ་འབོར་བློ་བཟང་ཆོས་འཕེལ།མས་དར་རྒྱས། ༣༦ སྤོམ་འབོར་བློ་བཟང་ཆོས་འཕེལ།)
  • Dictionaries/Monlam Grand/77780  + (༡ རྗེ་ཤེས་རབ་སེང་གེའི་དངོས་སློབ་རྒྱུད་པ་ཀུ༡ རྗེ་ཤེས་རབ་སེང་གེའི་དངོས་སློབ་རྒྱུད་པ་ཀུན་དགའ་དོན་གྲུབ། ༢ རྒྱ་མ་བ་ལྷ་དབང་རིན་ཆེན། ༣ སློབ་དཔོན་ཆོས་ལྡན་བློ་གྲོས། ༤ པཎ་ཆེན་བསོད་ནམས་གྲགས་པ། ༥ ཆོས་རྗེ་དཀོན་ཅོག་དར། ༦ ཆོས་རྗེ་ངག་དབང་ཆོས་གྲགས། ༧ ཆོས་རྗེ་དགེ་ལེགས་དཔལ། ༨ རྗེ་ཚེ་བརྟན་རྒྱ་མཚོ། ༩ ཉན་པོ་ཤཱཀྱ་རིན་ཆེན། ༡༠ ཆོས་རྗེ་དཔལ་འབྱོར་རྒྱ་མཚོ། ༡༡ སྒོམ་སྡེ་ནམ་མཁའ་རྒྱལ་མཚན། ༡༢ སྒོམ་སྡེ་བྱང་ཆུབ་འོད་ཟེར། ༡༣ ཐོགས་མེད་འཇམ་དབྱངས་འོད་ཟེར། ༡༤ གྱེ་རེ་གྲགས་པ་རྒྱ་མཚོ། ༡༥ བྱམས་གླིང་པ་ཆོས་རྗེ་དཀོན་ཅོག་ཆོས་འཕེལ། ༡༦ གུང་རུ་རབ་འབྱམས་པ་སངས་རྒྱས་བཀྲ་ཤིས། ༡༧ ལྗངས་རམས་པ་དགེ་འདུན་རིན་ཆེན་རྒྱ་མཚོ། ༡༨ འོལ་དགའ་བློ་བཟང་བསྟན་འཛིན། ༡༩ ངག་དབང་ཆོས་འཕེལ། ༢༠ སྟོད་ལུང་དཀོན་ཅོག་ཆོས་བཟང་། ༢༡ འོལ་དགའ་བྱམས་པ་རྣམ་རྒྱལ། ༢༢ རྩེས་དང་བློ་བཟང་རྒྱལ་མཚན། ༢༣ ཅོ་ནེ་བློ་བཟང་དཔལ་འབར། ༢༤ རྒྱལ་བ་བྱམས་པ་བཀྲ་ཤིས། ༢༥ ཉག་རེ་དགེ་འདུན་གྲགས་པ། ༢༦ རྩེས་དང་བློ་བཟང་དགེ་ལེགས། ༢༧ སྦོམ་འབོར་བློ་བཟང་ཆོས་འཕེལ། ༢༨ འོལ་དགའ་བློ་བཟང་ཆོས་འཕེལ།བཟང་ཆོས་འཕེལ། ༢༨ འོལ་དགའ་བློ་བཟང་ཆོས་འཕེལ།)
  • Dictionaries/Monlam Grand/26375  + (ཀཿཐོག་པའི་འཆད་ཉན་མཁན་རབས་གསུམ་པ་སྟེ། དཔལ་འཀཿཐོག་པའི་འཆད་ཉན་མཁན་རབས་གསུམ་པ་སྟེ། དཔལ་འབར་བ་ནམ་མཁའ་རྡོ་རྗེ་ནི། དབོན་པོ་གྲགས་པ་དབང་འབྱོར་གྱི་སྲས་སུ་འཁྲུངས། ཀཿཐོག་རྡོ་རྗེའི་གདན་དུ་བྱོན་ནས། བླ་མ་གཡེན་པ་དང་རྡོ་རབ་རྒྱལ་དཔོན་པ་སྟོན་པ་དབང་འབྱོར་གཉིས་ཀྱི་ཞལ་མཇལ། མཁས་གྲུབ་ཆེན་པོ་བྱང་ཆུབ་དཔལ་དང་གནམ་སྟེང་པ་རྡོ་རྗེ་དཔལ་བ་གཉིས་ཀྱི་མདུན་ནས་མདོ་སྔགས་སྤྱི་དང་ཁྱད་པར་གསང་སྙིང་མ་བུ། ལམ་རིམ། ཐུགས་ཏིག དམ་ཚིག་གསལ་བཀྲ། ལུང་ཆེན་རྩ་མདོ་བདུན་དང་ཕྱི་མདོ་བདུན། ཨ་ཏི་ཀུན་བྱེད། ཀློང་དགུ། མན་ངག་གསང་བརྒྱུད། བླ་མེད་རྒྱུད་བཅུ་བདུན་བཅས་ཀྱི་བཤད་འགྲེལ་ངོ་སྤྲོད་ཡོངས་རྫོགས། སྒྱུ་འཕྲུལ་དང་མདོ་དབང༌། རིམ་དགུའི་སྤྱི་ཁྲིད། ཕྱག་ཆེན་དོན་ཁྲིད། རྫོགས་ཆེན་ཁྲེགས་ཐོད་པྲ་ཁྲིད་སོགས་རྫོགས་པར་གསན། དགེ་འདུན་སྟོང་ཕྲག་མང་པོ་འདུས་པའི་དབུས་མངའ་གསོལ་གཟེངས་བསྟོད་བྱེད་དུ་སྒྲུབ་སྡེའི་མཁན་པོར་མཛད། ཁམས་དབུས་ཀུན་ནས་འདུས་པའི་དགེ་འདུན་རྣམས་ལ་ཐོས་བསམ་སྒོམ་འཛུགས་རྩ་རླུང་གསང་ཁྲིད་དབང་ཁྲིད་མན་ངག་ངོ་སྤྲོད་བཅས་དཔག་མེད་མཛད། དབྱར་སྣང་ཁྲིད་དང་དགུན་དུས་མུན་མཚམས་བཅད། འཁོར་གྲྭ་སློབ་བརྒྱ་ཕྲག་དང་བཅས་རྒྱལ་མོ་ཚ་བ་རོང་དུ་བཻ་རོའི་སྒྲུབ་སྡེ་བདེ་ཆེན་གླིང་སོགས་དང༌། སྤོ་འབོར་དང་ཚ་ཤོད་ལྗང་ནག་རྒྱལ་པོ་སོགས་ཀྱིས་གདན་དྲངས། སྒྱུ་འཕྲུལ་དབང་ཆེན་སོགས་གསུངས་ནས་གདུལ་བྱ་མང་པོ་རྗེས་སུ་འཛིན། སྒྲུབ་པའི་རྒྱལ་མཚན་ཕྱོགས་མེད་དུ་རྒྱས། རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་མན་ངག་བཅས་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ་ལས་དར་མ་རྡོ་རྗེས་གསན། དེའི་མདུན་ནས་ཀཿཐོག་པ་ནམ་མཁའ་རྡོ་རྗེ་འདིས་ཞུས་ཏེ་རིམ་པར་བརྒྱུད་པ་ལས། ཡང་ཁྲོད་ཚུལ་ཁྲིམས་འབུམ། དེས་བྲའོ་ཆོས་ཀྱི་འབུམ། དེས་བླ་མ་སངས་རྒྱས་དཔལ། དེས་ཨ་གཟི་བསོད་ནམས་འབུམ། དེས་དབོན་པོ་དར་མ་བཟང་པོནས་རིམ་པར་བརྒྱུད་ཚུལ་མཁའ་འགྲོ་སྙིང་ཐིག་རང་གི་ལོ་རྒྱུས་ལས་གསལ་བ་ལྟར་རོ། །སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་སེམས་པྲ་ཁྲིད་ཀྱི་མན་ངག་ཡིག་ཆ་གསར་དུ་མཛད་དེ་སྙན་བརྒྱུད་ཀྱི་རྒྱུན་མི་ནུབ་པར་བསྐྱངས། ཡང་ཁྲོད་པ་སྟོན་པ་མགོན་པོ་རྒྱལ་མཚན་འབུམ་དང་དབོན་པོ་ཚུལ་ཁྲིམས་འབུམ་སོགས་སློབ་མ་མང་དུ་བྱོན། །ོ་ཚུལ་ཁྲིམས་འབུམ་སོགས་སློབ་མ་མང་དུ་བྱོན། །)
  • Dictionaries/Monlam Grand/48727  + (ཀཿཐོག་བླ་རབས་སྐབས་ཀྱི་འཆད་ཉན་མཁན་རབས་བདུན་ཀཿཐོག་བླ་རབས་སྐབས་ཀྱི་འཆད་ཉན་མཁན་རབས་བདུན་པ་སྟེ། བུ་འབོར་བྲའོ་ཟེར་བའི་ཁྱིམ་དུ་སྐུ་འཁྲུངས། ཀཿཐོག་གི་གདན་སར་བྱོན་ནས་ཡང་ཁྲོད་དབོན་པོ་ཚུལ་ཁྲིམས་འབུམ་པ་སོགས་ལས་མདོ་རྒྱུད་སྤྱི་དང་སྔ་འགྱུར་མདོ་དང་སྒྱུ་འཕྲུལ་རྫོགས་ཆེན་སྐོར་རྣམས་ཀྱི་དབང་ཁྲིད་བཤད་འགྲེལ་མན་ངག་བཅས་ཀྱི་བརྒྱུད་པའི་ཆུ་བོ་མ་ལུས་པ་རྒྱལ་བ་ཡབ་སྲས་གསུམ་ནས་ཙ་སྡེ་བ་ནམ་མཁའ་རྡོ་རྗེ། ཉ་བྲོ་བ་དྲུང་ཐུགས་རྗེ་ཡེ་ཤེས། རྡོ་རེབ་སྟོན་པ་དབང་འབྱོར། དཔལ་འབར་ནམ་མཁའ་རྡོ་རྗེ། སྟོན་པ་མགོན་རྒྱལ། ཚུལ་ཁྲིམས་རྒྱལ་མཚན་བར་བརྒྱུད་པའི་ཆུ་བོ་ཐམས་ཅད་བུམ་པ་གང་བྱོས་ཀྱིས་ཚུལ་དུ་གསན། སླར་ཡང་དབུས་གཙང་དུ་ཕེབས་ནས་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེའི་སློབ་མ་ཟུར་མོ་དགེ་འདུན་འབུམ། དེ་ལས་ཟུར་ཤཱཀྱ་བཤེས་གཉེན་གྱིས་གསན། དམ་པ་དེ་ལས་ཟུར་པ་ཡབ་སྲས་ཀྱི་བརྒྱུད་སྲོལ་ཟུར་པའི་གདུང་བརྒྱུད་ལས་བརྒྱུད་པ་ལྟར་མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་བཅས་ཀྱི་སྨིན་གྲོལ་གདམས་ཁྲིད་ཡོངས་རྫོགས་ཐུན་མིན་སྙན་བརྒྱུད་བསྐོར་བཅས་ལེགས་པར་ཐུགས་སུ་ཆུད། སླར་ཀཿཐོག་ཏུ་བྱོན་ནས་འཆད་ཉན་གྱི་ཁུར་བཞེས། མཁས་དང་གྲུབ་པའི་སྙན་པས་ཁམས་དབུས་གཙང་གསུམ་དུ་ཁྱབ། བསྟན་དོན་རླབས་ཆེན་མཛད་པའི་སློབ་མ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན། མོན་ཀཿཐོག་པ་དཀོན་མཆོག་བཟང་པོ། ཀུ་སུ་ལུ་རིན་ཆེན་དཔལ། རྔུ་པ་ཆོས་ཀྱི་རྡོ་རྗེ་སོགས་མཁས་དང་གྲུབ་པ་བསྙེས་བརྙེས་པའི་སློབ་ཚོགས་མང་དུ་བྱོན། དུས་གཅིག་ལ་དགེ་འདུན་པ་ཁྲི་ཕྲག་ལས་བརྒལ་བར་འདུས། གསང་ཆེན་བསྟན་པའི་སྙིང་པོ་མདོ་སྒྱུ་སེམས་གསུམ་གྱི་སྨིན་གྲོལ་འཆད་ཉན་གྱི་རྒྱུན་མ་ཉམས་པར་སྤེལ་ལྗོངས་འདིར་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པ་བཞུགས་སོ་ཅོག་ཐམས་ཅད་ཀུན་མཁྱེན་ཀཿཐོག་པའི་ཆོས་བརྒྱུད་ལས་མ་འཕྲོས་པ་གཅིག་ཀྱང་མེད་པ་ལྟ་བུ་བྱུང་བ་འདི་ནི་ཕལ་ཆེར་རྗེ་འདིའི་ཕྲིན་ལས་ཀྱི་མཐུ་ཡིན་པར་ཤེས་པར་བྱའོ། །དིའི་ཕྲིན་ལས་ཀྱི་མཐུ་ཡིན་པར་ཤེས་པར་བྱའོ། །)
  • Dictionaries/Monlam Grand/40197  + (ཁ་གྲངས་བཅུ་ཡོད་པའི་གྲངས་འབོར་ཆ་ཚང༌གི་དོན་ཏེ།)
  • Dictionaries/Monlam Grand/68248  + (ཁ་གྲངས་ཡོངས་རྫོགས་ཀྱི་བསྡོམས་འབོར།)
  • Dictionaries/Monlam Grand/11132  + (ཁ་གྲངས་སམ་གྲངས་འབོར་མང་དྲགས་ནས་བགྲང་དུ་མེད་པ་ལ་ཟེར།)
  • Dictionaries/Monlam Grand/61276  + (ཁ་ཟས་ཟ་བའི་ནུས་ཤུགས་སམ། ཟས་ཟ་འབོར་མང་ཉུང་གི་ཚོད་དེ།)
  • Dictionaries/Monlam Grand/3634  + (ཁམས་ཀྱི་རི་བོ་བཀྲ་བཟང་ནི། དེ་ཡང་ལུང་བསྟན་ཉཁམས་ཀྱི་རི་བོ་བཀྲ་བཟང་ནི། དེ་ཡང་ལུང་བསྟན་ཉི་ཟླ་ཁ་སྦྱར་ལསཿ ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུཿ ཞེས་སོགས་ལུང་བསྟན་དང་མཐུན་པ་ཀཿཐོག་རྡོ་རྗེ་གདན་གྱི་ལྷོ་ཕྱོགས། སྤོ་འབོར་སྒང་གི་ཆ་ཤས། གསེར་ལྡན་འབྲི་ཆུ་དང་ཉེ་བར་འཕགས་མ་དམ་ཚིག་སྒྲོལ་མའི་སྐུ་བརྙན་བྲག་ལ་རང་བྱོན་དུ་ཤར་བ་ལས་ཆུ་རྒྱུན་སྔོན་པོ་འབབ་པས་མིང་སྒ་རྗེ་ལྗང་ཆུ་གཤིས་ཞེས་ཡོངས་སུ་གྲགས་པ། དེའི་ནུབ་བྱང་མཚམས་ཀྱི་བྲག་རིའི་ངོས་སུ་མཁའ་ལྡིང་གི་གཟུགས་བརྙན་ཤིན་ཏུ་གསལ་བར་རི་བོ་བྱ་ཁྱུང་དུ་གྲགས་པ་དེའི་ཉེ་བར་བྲག་དུང་དཀར་འཁྱིལ་བ་འདྲ་བར་རྣལ་འབྱོར་པ་དུ་མའི་སྒྲུབ་གནས། དུང་དཀར་རི་ཁྲོད་ཅེས་ཀཿཐོག་པ་ཚེ་དབང་ནོར་བུ་སྐུ་བལྟམས་སའི་གནས་དང་། པདྨ་བདེ་ཆེན་གླིང་པ་སོགས་སྔོན་གྱི་དམ་པ་རྣམས་ཀྱི་གཏེར་གནས་ཡིན་ནོ། །གཞན་ཡང་ཤར་ན་རིགས་གསུམ་མགོན་པོའི་གནས་ངམ་ཐོ་ལྷ་རི་དེའུ་དཀར་དང་། ནུབ་སྐུ་ལྷ་ངར་སེང་། དབུས་སུ་སྤྱི་ཤོག་དཀར་མོ་གནས་ཞེས་རྡོ་རྗེ་ཕུར་པའི་གནས་སོགས་ཡུལ་ལྷ་དང་གཞི་བདག་གནས་དང་གནས་ཕྲན་མང་དུ་ཡོད་དོ། །ཚེ་དབང་ནོར་བུའི་གསུང་རི་ཐང་མཚམས་ཀྱི་སྨན་མཆོག་ལས་བཏུས་པའོ། །སུང་རི་ཐང་མཚམས་ཀྱི་སྨན་མཆོག་ལས་བཏུས་པའོ། །)
  • Dictionaries/Monlam Grand/8470  + (ཁོང་གཙང་གཤིས་སུ་སྐུ་འཁྲུངས། ཐོག་མར་ཀཿཐོག་ཏཁོང་གཙང་གཤིས་སུ་སྐུ་འཁྲུངས། ཐོག་མར་ཀཿཐོག་ཏུ་བྱོན་ནས་དྲུང་ཚོ་བ་བློ་གྲོས་བཟང་པོ་ལས་ཀཿཐོག་སྔ་རབས་པའི་ཕྱག་སྲོལ་མདོ་སྒྱུ་སེམས་གསུམ་དང༌། ཉང་དང་གུ་རུ་ཆོས་དབང་སོགས་ཀྱི་ཟབ་གཏེར་བླ་རྫོགས་ཐུགས་གསུམ་གྱི་ཆོས་སྐོར་རྣམས་རྫོགས་པར་གསན། སླར་དབུས་སུ་ཐེགས་ཏེ་མཁས་གྲུབ་ཆེན་པོ་སོག་ཟློག་པ་བློ་གྲོས་བཟང་པོ་དང༌། གཏེར་ཆེན་ཞིག་པོ་གླིང་པ་རྣམས་ལས་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བཀའ་གཏེར་ཡོངས་ཀྱི་སྨིན་གྲོལ་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གསན། ཀཿཐོག་ནས་བུ་འབོར་པ་བཀྲ་ཤིས་རྒྱ་མཚོས་ཞིག་གླིང་མདུན་མུན་གླིང་དུ་སྒྲོན་མེ་ལྟ་བུའི་བླ་མ་ཞིག་གཏང་རོགས་ཞུ་ཞེས་ཞུས་པའི་ལན་དུ་གཙང་པ་སླར་ཀཿཐོག་ཏུ་བྱོན། དེ་སྐབས་བཀའ་བརྒྱད་དང་དགོངས་འདུས་སོགས་ཀྱི་ཆོས་དཔེ་མང་པོ་བྱ་རྒོད་ཀྱིས་དངོས་སུ་ཀཿཐོག་ཏུ་གདན་དྲངས་པར་གྲགས། གཙང་པ་བར་ཁྲོད་སྤང་ངོས་སུ་བཞུགས། བཀའ་དགོངས་སོགས་ཀྱི་དབང་ལུང་སྤྱི་དང༌། ཁྱད་པར་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་དབང་དང་ཁྲིད་བཅས་རྩལ་དུ་བཏོན་ནས་གསུང༌། ཀཿཐོག་ཏུ་ཨ་གྲོ་བ་ནམ་མཁའ་རྡོ་རྗེ་བཞུགས་པ་དང་ཕན་ཚུན་ཆོས་སྐྱེས་འབུལ་རེས་མཛད་པས་ཐུགས་ཡིད་གཅིག་ཏུ་འདྲེས། དྲུང་རྟ་མགྲིན་སྐུ་དུས་སྡེ་དགེ་བླ་མ་ཚེ་མདོ་རྒྱ་གྱིས། བར་ཁྲོད་དུ་གཙང་པ་ལས་ཡང་ཏི་དང༌། རི་རྩིབ་ཏུ་རྒྱལ་ཐང་པ་ལས་རྫོགས་ཆེན་དགོངས་པ་ཟངས་ཐལ་གསན། ཁོང་གཉིས་ལ་བར་ཁྲོད་དང་རི་རྩིབ་ཏུ་གཟིམ་ཁང་རེ་རེ་བརྒྱབ། དེ་སྐབས་ཀཿཐོག་ནང་སོ་ལ་མ་ལ་བླ་མ་ཞེས་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཞིག་ཀྱང་ཡོད་དོ། །ུབ་པ་ཐོབ་པའི་རྣལ་འབྱོར་པ་ཞིག་ཀྱང་ཡོད་དོ། །)
  • Dictionaries/Monlam Grand/76926  + (ཁོང་གིས་གནམ་གཟིགས་བསོད་ནམས་རྡོ་རྗེ་དང་བུ་འཁོང་གིས་གནམ་གཟིགས་བསོད་ནམས་རྡོ་རྗེ་དང་བུ་འབོར་པ་བཀྲ་ཤིས་རྒྱ་མཚོ་སོགས་རྩ་བའི་བླ་མར་བསྟེན་ནས་ཀཿཐོག་སྔ་རབས་པའི་ཁྲིད་རྒྱུན་ཕྱག་རྫོགས་རྣམས་ཀྱི་གདམས་པ་དང་དགོངས་པ་ཟངས་ཐལ་གྱི་སྨིན་ཁྲིད་རྣམས་རྫོགས་པར་གསན། ཀཿཐོག་ཏུ་བཞུགས་ནས་ཕྱོགས་ཀྱི་འདུས་པ་རྣམས་ལ་སྔ་རྒྱུན་བཀའ་གཏེར་རྣམས་ཀྱི་བཤད་སྲོལ་འཆད་ཉན་དང་རྫོགས་པ་ཆེན་པོའི་སྨིན་ཁྲིད་བཅས་ཀྱིས་འཁོར་སློབ་སྐྱོང་བ་ལས། ནག་ཚ་ཚུལ་ཁྲིམས་རྒྱལ་མཚན་དང༌། དབོན་བཀྲ་ཤིས་རིན་ཆེན། ཨ་རྡོ་དཀོན་མཆོག་སེངྒེ། གསེར་ལོ་སྟོན་པ་རྒྱལ་མཚན། ཧོར་པོ་བླ་མ་ཚེ་རྒྱལ། མེ་ཚ་བླ་མ་དགེ་འདུན་སེངྒེ། ཨ་གྲོ་བ་ནམ་མཁའ་རྡོ་རྗེ། རྟའུ་བླ་མ་རྡོ་རྗེ་རྒྱལ་མཚན་སོགས་ཁྲིད་རྒྱུན་ཞུས་པའི་སློབ་མ་ཤིན་ཏུ་མང་ངོ༌། །ཁྲིད་རྒྱུན་ཞུས་པའི་སློབ་མ་ཤིན་ཏུ་མང་ངོ༌། །)
  • Dictionaries/Monlam Grand/2977  + (ཁོང་ནི་ཚ་བ་སྒང་གི་ཕྱོགས་སུ་སྐུ་འཁྲུངས། སྐུཁོང་ནི་ཚ་བ་སྒང་གི་ཕྱོགས་སུ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་སྔོན་སྦྱོང་གི་བག་ཆགས་སད། རིང་པོ་མ་ཐོགས་པར་མདོ་སྔགས་ཀྱི་ཆོས་ཀུན་ལ་མཁྱེན་པ་རྒྱས། ཀཿཐོག་ཏུ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང༌། ནམ་མཁའ་དཔལ་གཉིས་ཀྱིས་རྗེས་སུ་བཟུང་སྟེ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་མངའ་བདག་ཏུ་གྱུར། སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། རོང་བཙན་ཁ་བ་དཀར་གྱི་གནས་སྒོ་ཐོག་མར་ཕྱེས། ཁ་བ་དཀར་པོའི་གངས་ཁྲོད་དུ་སྒྲུབ་སྡེ་གསར་དུ་བཙུགས། སྐུ་རྟེན་ཇོ་བོ་ནམ་མཁའ་བཀྲ་ཤིས་སྒྲུབ་སྡེ་དེར་དྲངས་རྟེན་གཙོར་བཞུགས་སུ་གསོལ། བུ་འབོར་དང་ཚ་བ་སྒང༌། འཇང་ཡུལ་རྣམས་སུ་དགོན་སྡེ་མང་པོ་གསར་དུ་བཏབ། བསྟན་པའི་བྱ་བ་འགྲན་ཟླ་མེད་པའི་ཕྲིན་ལས་ཡུན་དུ་བསྐྱངས་ནས་སྐུ་ཚེ་མཐར་ཕྱིན་པའོ། །ལས་ཡུན་དུ་བསྐྱངས་ནས་སྐུ་ཚེ་མཐར་ཕྱིན་པའོ། །)
  • Dictionaries/Monlam Grand/8521  + (ཁོང་ནི་རབ་བྱུང་གཉིས་པའི་མེ་སྦྲུལ་ཕྱི་ལོ་ ༡ཁོང་ནི་རབ་བྱུང་གཉིས་པའི་མེ་སྦྲུལ་ཕྱི་ལོ་ ༡༡༣༧ ལོར་བུ་འབོར་སྒང་གི་ས་ཆ། འབའ་རོང་གཙང་ཆེན་ཟེར་བའི་ཁྱིམ་དུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། ཆུང་ནས་རང་ཡུལ་དུ་འབྲི་ཀློག་སོགས་ལ་མཁས་པར་བསླབ། དགུང་ལོ་བཅུ་བདུན་ཐོག་ཚེ་རབས་ཀྱི་དམ་པ་རིན་པོ་ཆེ་མཇལ། དེ་ནས་བཟུང་བླ་མའི་ཆག་ཕྱིར་མེ་ཉག་དང༌། གླིང་སོགས་ལ་ཕེབས། སློབ་གཉེར་དང༌། ཞབས་ཏོག་ཟུང་འབྲེལ་མཛད། དགུང་ལོ་ཉེར་གཅིག་ཐོག་འབྲི་དུས་རིར་འབྲི་ཏི་ར་དགོན་དུ་བཞུགས། ལོ་ཉི་ཤུ་རྩ་གསུམ་པར་ཀུན་མཁྱེན་དམ་པ་རིན་པོ་ཆེ་དང་ལྷན་དུ་ཀཿཐོག་འཚོལ་བར་བྱོན། གཙུག་ལག་ཁང་བཞེངས་པའི་གཙོ་བའི་ཁུར་གནང༌། ཐོས་བསམ་གྱི་སྒྲོ་འདོགས་དང༌། གདམས་ངག་ཞུན་ཐར་བཅད། བསྙེན་སྒྲུབ་སྒོམ་པའི་རྟགས་ཚད་བརྙེས། ཀུན་མཁྱེན་དམ་པ་རིན་པོ་ཆེས་འདའ་ཁར་པཎ་ཞུ་དང་བེར་ཐུལ་གནང་ནས་སློབ་ཚོགས་ཡོངས་ཀྱི་ནང་ནས་ཐུགས་ཀྱི་སྲས་དམ་པར་མངའ་གསོལ་བས་གདན་ཚབ་ཏུ་བཞུགས། ཆོས་རྗེ་ཉིད་ཀྱིས་ཀྱང༌། དབུ ས་གཙང་དང༌། མདོ་ཁམས་སྟོད་སྨད་ནས་བྱུང་བའི་སྐལ་ལྡན་སློབ་མ་སྟོང་ཕྲག་མང་པོ་ལ་སྣེ་ལེན་དང༌། བརྩེ་བ་ཆེན་པོས་རྗེས་སུ་བཟུང༌། རབ་བྱུང་དང་དབྱར་གནས་ཀྱི་མཁན་པོ་མཛད། ཚོགས་སྒྲུབ་ཀྱི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱི་ཁུར་གནང༌། སློབ་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ། ཕྱི་འདུལ་བ་དང་མཐུན་པའི་ཀུན་སྤྱོད་དུལ་ཞིང་ངུར་སྨྲིག་རྒྱན་གྱིས་མཛེས། ནང་བྱང་ཆུབ་སེམས་ཀྱིས་རྒྱུད་འབྱོངས་བས་གདུལ་བྱ་རྗེས་སུ་བཟུང་བའི་སྤོབས་པ་མཐོ། གསང་བ་སྔགས་ཀྱི་ལྟ་སྒོམ་རྣམ་པར་དག་པས་ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས། གྲུབ་མཐའ་རིས་སུ་མ་ཆད་པ་ལ་དག་སྣང་ཡུག་གཅིག་ཏུ་བརྡལ་བས་ཀུན་གྱི་གཙུག་ན་མངོན་པར་མཐོ། ཁྱད་པར་མདོ་སྒྱུ་དང་སེམས་ཕྱོགས་ཀྱི་བཤད་ཁྲིད་གནང་སྐབས། ཁོག་བཀྲོལ་དང༌། དོགས་གཅོད་གཏིང་ཟབ་མཛད་པས་མཁས་དབང་ཀུན་གྱི་ཡིད་འཕྲོག དགུང་ལོ་ང་དྲུག་ནས་དགུ་བཅུའི་བར་གདན་ས་བསྐྱངས། ཀཿཐོག་པ་ཆོས་རྗེ་རིན་པོ་ཆེ་ཞེས་གངས་ཅན་གྱི་ལྗོངས་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ། རྗེ་སྤོམ་བྲག་པས་ཀཿཐོག་པ་ཆོས་རྗེ་རིན་པོ་ཆེའི་སྙན་གྲགས་ཤིན་ཏུ་ཆེ་གྲགས་པ་མ་བཟོད་ནས་དགོངས་པ་གཏད་དེ་བརྟགས་པས་ཐུགས་རབ་ཏུ་འཚེངས་ཏེ་ཀཿཐོག་ཏུ་བྱོན། ཆོས་རྗེ་རིན་པོ་ཆེ་ལས་སྒྱུ་འཕྲུལ་གྱི་དབང་གསན། བླ་སློབ་ཐུགས་ཡིད་གཅིག་ཏུ་འདྲེས། མཁས་དང་གྲུབ་པའི་ཡོན་ཏན་ངོ་མཚར་ཆེ་བའི་ལོ་རྒྱུས་ཀརྨ་པ་དུས་གསུམ་མཁྱེན་པའི་རྣམ་ཐར་གར་གྱི་ཕྲེང་བ་ལས་གསལ་བ་ལྟར་རོ། །དེ་ནས་ཐུགས་ཀྱི་སྲས་བྱམས་པ་རིན་པོ་ཆེ་ལ་གདན་ས་གཏད་དེ། དགུང་ལོ་དགུ་བཅུ་པ་རབ་བྱུང་བཞི་པའི་མེ་ཁྱི་རྒྱལ་ཟླ་ཚེས་ཉི་ཤུ་ཕྱི་ལོ་ ༡༢༢༦ ལ་ཡ་མཚན་གྱི་ལྟས་དང་བཅས་ཞི་བར་གཤེགས་པ་ལ་སྐུ་གདུང་ཀུན་མཁྱེན་དམ་པ་རིན་པོ་ཆེའི་གདུང་འབུམ་དང་ལྷན་དུ་བཞེངས་པའོ། །ན་པོ་ཆེའི་གདུང་འབུམ་དང་ལྷན་དུ་བཞེངས་པའོ། །)
  • Dictionaries/Monlam Grand/50889  + (ཁོང་ནི་ལི་ཐང་ཐང་སྒང་ཞེས་པར་རབ་བྱུང་བདུན་པའཁོང་ནི་ལི་ཐང་ཐང་སྒང་ཞེས་པར་རབ་བྱུང་བདུན་པའི་ཤིང་ཕག་ཕྱི་ལོ་ ༡༣༩༥ ལོར་ངོ་མཚར་བའི་མཚན་ལྟས་དང་བཅས་སྐུ་བལྟམས། སྐུ་ཆུང་དུས་ནས་ཆོས་རྗེ་བྱང་ཆུབ་རྒྱལ་མཚན་ཞབས་ལ་གཏུག གཉགས་ལོ་ཡེ་ཤེས་གཞོན་ནུའི་སྐུ་སྐྱེ་དམ་པ་རིན་པོ་ཆེའི་སྤྲུལ་བར་གྲགས། འཆད་རྩོད་རྩོམ་གསུམ་གང་ལའང་ཆགས་ཐོགས་མེད་པ་དང་། སོ་བྱང་སྔགས་ཀྱི་སྡོམ་པ་དང་དམ་ཚིག་རྣམ་པར་དམ་པས་གེགས་དང་གོལ་སའི་དྲི་མས་མ་གོས། ཁྱད་པར་མཁས་གྲུབ་ཆེན་པོ་བྲའོ་ཆོས་ཀྱི་འབུམ་པ་ལས་མདོ་དང་སྒྱུ་འཕྲུལ་རྫོགས་ཆེན་བཅས་ཀྱི་བཀའི་ཆུ་བོ་བཞི་བུམ་པ་གང་བྱོས་ཀྱི་ཚུལ་དུ་ཡོངས་རྫོགས་གསན། གསང་བ་སྙིང་པོ་དང་སེམས་ཀློང་མན་ངག་སྡེ་རྣམས་ཆུ་བོ་གཅིག་འདྲེས་སུ་བཀའ་བབས་པས་མན་ངག་ཉེར་བརྒྱུད་ཀྱི་མངག་བདག་ཏུ་གྱུར། ཀཿཐོག་ཏུ་གདན་སའི་ཁུར་ལོ་མང་དུ་བཞེས་ནས་འཁོར་སློབ་རྣམས་ལ། དབུ་ཚད། ཕར་ཕྱིན། མངོན་པ། དུས་འཁོར། བཀའ་གདམས། ལམ་རིམ། བདེ་དགྱེས་གསང་གསུམ། མདོ་སྒྱུ་སེམས་གསུམ་སོགས་དང༌། ཁྱད་པར་རྫོགས་པ་ཆེན་པོ་མན་ངག་སྡེའི་རྒྱུད་བཤད་དབང་ཁྲིད་བཅས་སོ་སོའི་རྒྱུད་ཚོད་དང་མཐུན་པར་གསུངས། གསོ་རིག་དང༌། རྩིས་དཀར་ནག སྙན་དངགས། ཟློས་གར། སྒྲ་ཚད་སོགས་ཐུན་མོང་རིག་གནས་ཀྱི་བཤད་པའང་མང་དུ་གནང༌། མདོར་ན་དམ་པ་འདི་ཉིད་ཀྱི་སྐུ་དུས་འཁོར་སློབ་ཤིན་ཏུ་མང་ཞིང་མཁས་དང་གྲུབ་པ་བརྙེས་པའི་གདུགས་ཐོགས་ཀྱི་སྐྱེས་ཆེན་མང་དུ་བྱོན། འཇའ་ལུས་གྲུབ་པའི་སློབ་མའང་བརྒྱད་ཕྲག་ལས་བརྒལ་བར་བྱུང༌། ཆོས་བརྒྱུད་འཛིན་པའི་སློབ་ཚོགས་གྲངས་མེད་པས་གངས་ཅན་གྱི་མཐའ་དབུས་ཀུན་ཏུ་ཁྱབ། སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ཉི་མ་ཤར་ལྟར་མཛད། སློབ་མའི་གཙོ་བོ། རྡོ་རྗེ་འཛིན་པ་ནམ་མཁའ་སེངྒེ་དང༌། ཁ་བ་དཀར་པོ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ། དཔལ་འབར་བ་ནམ་མཁའ་རྒྱལ་མཚན། ལབ་སྟོན་ནམ་མཁའ་རིན་ཆེན། ཕྱོགས་མེད་བྱང་སེམས་ཆོས་རྗེ། ཁ་བ་དཀར་པོ་ཀུན་དགའ་ཟླ་བ། སྡེ་དགེ་གྲུབ་ཐོབ་རྔུ་པ་ཆོས་ཀྱི་རྡོ་རྗེ་སོགས་མཁས་དང་གྲུབ་པའི་གོ་སར་གཤེགས་པ་ཤ་སྟག་བྱུང༌། ལམ་རིམ་འགྲེལ་པ་མུ་ཏིག་ཕྲེང་བ། ཕྱག་ཆེན་སྨར་ཚང་ལུགས་ཀྱི་ཁྲིད་ཡིག་མན་ངག་རྒྱ་མཚོ། ཀཿདམ་པའི་ཐེག་སྤྱི་འགྲེལ། ཞི་ཁྲོ་ཕུར་གསུམ་འགྲེལ་བཤད་སྐོར། སློབ་དཔོན་སྒེག་རྡོར་གྱི་དམ་ཚིག་གསལ་བཀྲའི་འགྲེལ་གསལ་མེ་ལོང་སོགས་བསྟན་བཅོས་མང་དུ་མཛད། སྐུ་ཚེའི་སྨད་ལ་བུ་འབོར་ཕག་མཚོ་རི་ཁྲོད་དུ་སྒྲུབ་པ་ཁོ་ན་ལ་བཞུགས། བུ་འབོར་དང༌། ཁ་བ་དཀར། འཇང་ཡུལ་སོགས་སུ་གདུལ་བྱ་རྒྱ་ཆེར་བསྐྱངས། མཐར་མྱ་ངན་ལས་འདས་པའི་ཚེ། སྐུ་གདུང་རིན་པོ་ཆེ་མེར་བསྲེག་པས་དབུ་ཐོད་ལ་རྡོ་རྗེ་དང་དམ་ཚིགས་ཚིག་རྣམས་སུ་འོད་དཔག་མེད། མི་གཡོ་བ། ཐུགས་རྗེ་ཆེན་པོ་རྣམས་ཀྱི་སྐུ་རང་བྱོན་དང༌། ལྗགས་ལ་ཡི་གེ་ཨ་རང་བྱོན། ཐུགས་ལ་ཁ་དོགས་དོག་ལྔ་ལྡན་གྱི་གདུང་དང༌། རིང་བསྲེལ་གྱི་ཕྱུར་བུར་གཏམས་གཏམ་པས་གདུལ་བྱ་ཀུན་དྭངས་པ་འདྲེན་པར་གྱུར་ཏོ། །་པས་གདུལ་བྱ་ཀུན་དྭངས་པ་འདྲེན་པར་གྱུར་ཏོ། །)
  • Dictionaries/Monlam Grand/104381  + (ཁོང་བུ་འབོར་ཉག་རོང་ཨ་གཟི་ཟེར་བའི་སར་འཁྲུངསཁོང་བུ་འབོར་ཉག་རོང་ཨ་གཟི་ཟེར་བའི་སར་འཁྲུངས། གཏེར་ཆེན་རཏྣ་གླིང་པའི་ཆོས་བདག་དཀྱིལ་འཁོར་འཛིན་པའི་བུ་ཆེན་བརྒྱད་ཀྱི་གྲས་ཡིན། མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པས་དྲུང་རྡོ་རྗེ་བློ་གྲོས་དུས། མདོ་སྒྱུ་དང་རྫོགས་ཆེན། རིགས་ལྔའི་གསང་ཁྲིད་སོགས་འཆད་སྤེལ་གྱི་མཁན་པོར་གནང༌། ཁྱད་པར་རཏ་གླིང་གཏེར་ཆོས་རྣམས་དར་བར་མཛད། ཉག་གྱང་ངོས་དགོན་གསར་དུ་བཏབ་པ་སོགས་བསྟན་པའི་བྱ་བ་རླབས་ཆེན་མཛད་དོ། །ཏབ་པ་སོགས་བསྟན་པའི་བྱ་བ་རླབས་ཆེན་མཛད་དོ། །)
  • Dictionaries/Monlam Grand/76457  + (ཁྱབ་ཆུང་བ་དང་། གྲངས་འབོར་ཉུང་བ།)
  • Dictionaries/Monlam Grand/76459  + (ཁྱབ་ཆེ་བ་དང་། གྲངས་འབོར་མང་བ།)
  • Dictionaries/Monlam Grand/100361  + (ཁྱོན་འབོར་ཆེན་པོ།)
  • Dictionaries/Monlam Grand/100366  + (ཁྱོན་འབོར།)
  • Dictionaries/Monlam Grand/16349  + (ཁྲལ་དང་བུ་ལོན་སོགས་ཀྱི་གྲངས་འབོར་མ་ཚང་བའི་འཛིན་ཡིག།)
  • Dictionaries/Monlam Grand/4611  + (ཁྲིའི་དཔངས་སམ་སྟེང་།)
  • Dictionaries/Monlam Grand/5807  + (གང་གཱའི་ཀླུང་གི་བྱེ་མའང་ཟེར། ཆུ་འགོ་བོད་ནསགང་གཱའི་ཀླུང་གི་བྱེ་མའང་ཟེར། ཆུ་འགོ་བོད་ནས་འབབ་ཅིང་རྒྱ་གར་བརྒྱུད་བྷང་ག་ལའི་མཚོ་ཁུལ་དུ་འབབ་པའི་ཆུ་བོ་གང་གཱའི་ནང་དུ་ཡོད་པའི་བྱེ་མ་ཇི་སྙེད་ཀྱི་གྲངས་འབོར་ཏེ་གྲངས་ཧ་ཅང་མང་པའི་དཔེ། འདི་ཉིད་སྔར་རྒྱ་གར་གྱི་གྲངས་གནས་ཆེན་པོ་ཞིག་ཡིན་པར་བཤད། བཀའ་འགྱུར་སོགས་རྒྱ་གར་ནས་བསྒྱུར་པའི་ཆོས་ཀྱི་བསྟན་བཅོས་སོགས་ཀྱི་ནང་དུ་ཚིག་འདི་བེད་སྤྱོད་མང་པོ་བཏང་ཡོད།ཀྱི་ནང་དུ་ཚིག་འདི་བེད་སྤྱོད་མང་པོ་བཏང་ཡོད།)
  • Dictionaries/Monlam Grand/59192  + (གཉིས་ཡན་གྱི་གྲངས་འབོར་མཚོན་བྱེད་ཅིག་སྟེ།)
  • Dictionaries/Monlam Grand/22803  + (གཏོང་རྩའམ། ཚོང་རྩའི་མ་འབོར།)