Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "1 རྣ་བའི་དབང་པོ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/940  + (1 རྒྱུད་པ་འཛིན་མཁན། གདུང་ནི་རིགས་རུས་དང་འཚོབ་པ་ནི་འཛིན་པའི་དོན་དུ། ཁུ་བླ་མ་བསྟན་འཛིན་རྒྱལ་མཚན་གསུང༌།)
  • Dictionaries/sgom sde tshig mdzod chenmo/8772  + (1 རྒྱུད་ལ་ཡིད་ཆེས་པ། བླ་མ་ལ་ཡིད་ཆེས་པ། བདག1 རྒྱུད་ལ་ཡིད་ཆེས་པ། བླ་མ་ལ་ཡིད་ཆེས་པ། བདག་ཉིད་ལ་ཡིད་ཆེས་པ་དང་གསུམ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དུས་འཁོར་རྒྱས་འགྲེལ་ལས། བླ་མའི་མན་ངག་ལ་བརྟེན་ནས་རྒྱུད་དོན་ལུང་རིགས་ཀྱིས་ཚུལ་བཞིན་དུ་ངེས་པ་ན་རྒྱུད་ལ་ཡིད་ཆེས་པ་དང༌། དེ་ལ་བརྟེན་ནས་རྒྱུད་དེ་ན་དེ་ལྟར་སྟོན་པའི་བླ་མ་ལ་ཡིད་ཆེས་པ་དང༌། དེ་ནས་བླ་མས་ཇི་ལྟར་བསྟན་པ་ལྟར་བསྒོམས་པས་རྒྱུད་ལས་ཇི་ལྟར་བཤད་པ་ལྟར་མྱོང་བ་སྐྱེས་པ་ན་བདག་ཉིད་ལ་ཡིད་ཆེས་པ་སྟེ་ཡིད་ཆེས་གསུམ་ཚང་བའི་སྟོབས་ཀྱིས་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་བའི་ཕྱིར། ཞེས་གསུངས། འགྲེལ་ཆེན་དྲི་མེད་དང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་སྨད་ཆ་ལས་ཀྱང་དེ་བཞིན་དུ་གསལ།བྱ་མཛོད་འགྲེལ་སྨད་ཆ་ལས་ཀྱང་དེ་བཞིན་དུ་གསལ།)
  • Dictionaries/sgom sde tshig mdzod chenmo/10549  + (1 རྒྱུད་སྡེ་འོག་མ་ལ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་དང༌། གོང་མ་ལ་བསྐྱེད་རྫོགས་ཀྱི་ལམ་ལྟ་བུ་ལ་བྱའོ། །)
  • Dictionaries/sgom sde tshig mdzod chenmo/9267  + (1 རྒྱུན་པར་སྐུ་མདུན་དུ་སྡོད་མཁན་གྱི་ཞབས་ཕྱི།)
  • Dictionaries/sgom sde tshig mdzod chenmo/4615  + (1 རྒྱུན་པར། བཀའ་གདམས་གླེགས་བམ་༼ ཀ་པ ༽༣༧༦ལས། ཆོས་སྤྱོད་རྣམ་བཅུའི་སྒོ་ནས་ནི། །ཉིན་མཚན་ཕྱད་པར་འབད་པར་བྱ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/4191  + (1 རྒྱུན་ཟས། རྒྱུན་དུ་ཟ་རྒྱུའི་ཟས། ཟས་དཀྱུས་མ། ཟས་ཕལ་པ།)
  • Dictionaries/sgom sde tshig mdzod chenmo/8015  + (1 རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་ལས་བྱུང་བའི་མན་ངག་གམ་གསུང་རྒྱུན།)
  • Dictionaries/sgom sde tshig mdzod chenmo/8035  + (1 རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ།)
  • Dictionaries/sgom sde tshig mdzod chenmo/10573  + (1 རྗེའི་ལམ་རིམ་ལ་མཆན་བཞི་བཏགས་པས་ན་མཆན་བཞི1 རྗེའི་ལམ་རིམ་ལ་མཆན་བཞི་བཏགས་པས་ན་མཆན་བཞི་སྦྲགས་ཟེར། མཆན་བཞི་ནི། ནག་མཆན། སེར་མཆན། དམར་མཆན། བྲ་སྟིའི་མཆན་དང་བཞི་ལ་ཟེར། ལམ་རིམ་ཆེན་མོའི་བརྡ་བཀྲོལ་ལས། ཐོག་མར་ནག་མཆན་འདེབས་པ་པོ་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་སྐུ་བ་སོ་ལྷ་དབང་རྒྱལ་མཚན་ཡིན་གསུངས། བ་སོ་ཆོས་ཀྱི་རྒྱལ་མཚན་དུ་གསུངས་པ་ནི་ལྷ་དབང་ཞེས་པ་ཆད་པའི་ཡིག་ནོར་ཡིན་ནམ་སྙམ། གཙང་གི་བ་སོའི་རི་ཁྲོད་ལྷུན་གྲུབ་བདེ་ཆེན་དུ་བཞུགས་པས་བ་སོ་བ་ཞེས་གྲགས། དེ་མཆན་གྱི་དང་པོ་སྣག་ཚས་བྲིས་པས་ནག་མཆན་དུ་གྲགས། མཆན་གཉིས་པ་ནག་མཆན་དང་མི་ནོར་བའི་ཕྱིར་སེར་གྱིས་ཕྱེ་བས་སེར་མཆན་ཟེར། དེ་འདེབས་པ་པོ་ནི་སྡེ་དྲུག་མཁན་ཆེན་བློ་བཟང་དར་རྒྱས་ཡིན་ཞེས་ཀུན་མཁྱེན་སྐུ་འཕྲེང་གཉིས་པས་གསུངས་ཀྱང་། ཁེ་གསུམ་ཆོས་མཛད་བློ་བཟང་བསྟན་འཛིན་ཞེས་པ་དང་། ཁ་རོག་མཁན་ཆེན་ངག་དབང་རབ་བརྟན་ཞེས་པ་མཚན་གྱི་རྣམ་གྲངས་ཡིན་ནམ་དཔྱད། གང་ལྟར་སྟག་ལུང་བྲག་པས་གུང་རི་ཆོས་འབྱུང་ལ་གསན་ནས་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་ལ་གནང་། དེའི་གསུང་བཤད་གནང་བ་ལྟར་བྲིས་པས་གུང་རིའི་མཆན་དང་། སྟག་ལུང་བྲག་པའི་མཆན་ཞེས་ཀྱང་གྲགས། མཆན་གསུམ་པ་ནི་མཆན་སྔ་མ་གཉིས་དང་མི་ནོར་བའི་ཕྱིར། སྐག་དང་མཚལ་གྱིས་བྲིས་པས་དམར་མཆན་དུ་གྲགས། མཆན་འདི་ནི་གཙོ་བོ་ས་བཅད་དང་། དཀའ་གནད་ལ་མཆན་བུ་ཕྲན་ཚེགས་ཡོད་པ་འདེབས་པ་པོ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡིན་པར་མཛད་བྱང་ལས་གསལ་ཀྱང་། ཕྱིས་མཛད་བྱང་ནག་མཆན་གྱིས་བྲིས་པ་ནི་མ་དག་པ་ཡིན་པར་མཁས་པ་རྣམས་ཞལ་འཆམ་པར་སྣང་། དམར་མཆན་འདི་ཉིད་གཞིར་བཞག་ནས་བྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་སུམ་རྟགས་སོགས་སྒྲའི་འཇུག་པ་དང་མཐུན་པར་མཆན་ཟུར་དུ་བཏབ་པ་ལྟར་ཡིན་ཀྱང་། ད་ལྟ་མཆན་བཞི་བསྲེས་པར་དུ་བཀོད་པར་བ་སོའི་མཆན་ལ་༼ བ ༽ཡིག། ཁ་རོག་མཁན་ཆེན་གྱི་མཆན་ལ་༼ ང ༽ཡིག། ཀུན་མཁྱེན་བླ་མའི་མཆན་ལ་༼ ཇ ༽ཡིག། བྲ་སྟིའི་མཆན་ལ་༼ ར ༽ཡིག། གསུང་ཕྱོགས་གཉིས་གཅིག་ཏུ་བབས་པའི་མཆན་ལ་རྟགས་ཉིས་འདེབས་ཡོད་ཀྱང་དཔེ་རྙིང་དང་བསྡུར་ན་མ་དག་པ་མང་དུ་སྣང་། བྲ་སྟི་དགེ་བཤེས་ཆུན་བའི་མཚན་བློ་བཟང་དཔལ་ལྡན་དང་བློ་བཟང་དགེ་ལེགས་ཡང་ཟེར་བ་ཡིན་པས་ཐུགས་ལ་དགོངས་པར་ཞུ། ཞེས་རཏྣ་དྷཱ་ཛས་གསུངས་པ་ལྟར་རོ། །རཏྣ་དྷཱ་ཛ་ཞེས་པ་ནི། རཏྣ་ནི་རིན་ཆེན། དྷཱ་ཛ་ཞེས་པ་རྒྱལ་མཚན་དང་ཏོག་སོགས་དོན་མང་པོ་ལ་འཇུག་པར་བཤད་པས། རིན་ཆེན་རྒྱལ་མཚན་ནམ་རིན་ཆེན་ཏོག་ཅེས་པ་ཡིན་ནམ་སྙམ་མོ། །་མཚན་ནམ་རིན་ཆེན་ཏོག་ཅེས་པ་ཡིན་ནམ་སྙམ་མོ། །)
  • Dictionaries/sgom sde tshig mdzod chenmo/6518  + (1 རྗེས་མ། རྗེས་སུ། ཐ་མ།)
  • Dictionaries/sgom sde tshig mdzod chenmo/9765  + (1 རྗེས་ལ་འགྲོ་བ། ཕྱུགས་རྫི་ཕྱུགས་ཀྱི་རྗེས་སུ་འགྲོ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/11350  + (1 རྗེས།)
  • Dictionaries/sgom sde tshig mdzod chenmo/9785  + (1 རྙེད་པས་རྙེད་པ་འཚོལ་བ་ནི། བདག་ལ་རྒྱལ་པོ་1 རྙེད་པས་རྙེད་པ་འཚོལ་བ་ནི། བདག་ལ་རྒྱལ་པོ་སོགས་ཁ་ཅིག་གིས་ལྷུང་བཟེད་བྱིན་པ་མ་བླངས་སོ་འདི་ནི་བདག་ལ་རྒྱལ་པོ་ཆེ་གེ་མོ་ཞིག་གིས་བྱིན་པའོ་ཞེས་སྨྲ་ཞིང༌། འདི་ནི་སྦྱིན་པར་བྱ་བའི་ཡུལ་ཁྱད་འཕགས་པའོ་སྙམ་དུ་སེམས་ན་ཅི་མ་རུང་སྙམ་པས་སྨྲ་བའོ། །ཞེས་རིན་ཆེན་དར་ཊཱིཀ་ལས་གསུངས་པ་ལྟར་རོ། །ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་འཕྲེང་བ་ལས། རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་གསུངས།། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/3971  + (1 རྙོག་པ་དང་བྲལ་བ། ཆུ་དྭངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/2990  + (1 རྟ་དང་དྲེའུ་སོགས་གཟུགས་བོངས་ཐུང་བ་དང་ཆུང་ངུ་རྣམས་ལ་ཐོ་ལོག རྟ་ཐོག་ལོག་དང་དྲེའུ་ཐོ་ལོག་ཟེར་བ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/808  + (1 རྟག་པ། གདོད་མ། དང་པོ་ནས་ཡོད་ཡོད་པ། ཐོག་མ1 རྟག་པ། གདོད་མ། དང་པོ་ནས་ཡོད་ཡོད་པ། ཐོག་མ་ནས་ཡོད་པ། རྒྱུན་ཆགས། བར་མ་ཆད། རྟག་ཏུ། གཏན་དུ། གནས་སྐབས་པ་དང་གློ་བུར་གྱི་ལྡོག་ཕྱོགས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གཉུག་མར་གནས་པ་ཞེས་བྱ་བ་ནི་རྟག་ཏུ་གནས་པའོ། །ཞེས་གསུངས། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། གཉུག་མར་གནས་པ་ཞེས་བྱ་བ་ནི་དུས་ཡུན་རིང་དུ་གནས་པ་ཕྱི་ནང་གིས་རྒྱུས་ཤེས་པའོ། །ཞེས་གསུངས། རྗེའི་རིམ་ལྔ་གསལ་སྒྲོན་ལས། འདི་ལྟར་སེམས་ཅན་གྱི་ལུས་ནི་གཉིས་ཏེ། གནས་སྐབས་པ་དང༌། གཉུག་མ་བའི་ལུས་སོ། །ཞེས་གསུངས། མཚོ་ཊཱིཀ་ལས། དུད་འགྲོ་གཉུག་མ་བའི་དབང་དུ་བྱས་པ་ནི། ཞེས་གསུངས་པ་ལྟ་བུ།་མ་བའི་དབང་དུ་བྱས་པ་ནི། ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/1314  + (1 རྟག་པ། བརྟན་པ། མི་འགྱུར་བ། ཐེར་ཟུག རྒ་ཤི་མེད་པ། རྒ་ཤིས་མ་བཅོམ་པ། གཡུང་དྲུང་རྣམས་མིང་གི་རྣམ་གྲངས་ཡིན། འདུལ་བ་གཞིི་རྒྱ་ཆེར་འགྲེལ་ལ་གཞི་བྱས།)
  • Dictionaries/sgom sde tshig mdzod chenmo/6730  + (1 རྟགས། མི་ནོར་བའི་མཚན་མ་བཏབ་ཅེས་པ་ལྟ་བུ། མཚན་མའི་སྒྲ་བཤད་ནི། དོན་དེ་མཚོན་པར་བྱེད་པས་ན་མཚན་མ་ཞེས་བྱའོ། །འཇམ་མགོན་ཀོང་སྤྲུལ་གྱི་ཤེས་བྱ་མཛོད་འགྲེལ་གླེགས་བམ་བར་ཆ་༢༡༨ན་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/8984  + (1 རྟེན་ཁྱིམ་པ་དང་རབ་བྱུང་གང་གིས་ཀྱང་གཞི་དེ་ལ་ཞུགས་ན་སྡིག་ཏུ་འགྱུར་བའི་ཉེས་ལྟུང༌།)
  • Dictionaries/sgom sde tshig mdzod chenmo/10110  + (1 རྟོག་པ་དང་དོན་གཅིག སེམས་ཀྱི་འཆར་སྒོ་སྣ་ཚོགས་པ།)
  • Dictionaries/sgom sde tshig mdzod chenmo/10425  + (1 རྡུང་བ། འཐག་པ། ཞིབ་མོར་བཟོ་བ། སྒོག་པ་རྫོག་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4526  + (1 རྡུང་འོས་ཀྱི་རོལ་མོ་སྤྱིའི་མིང་དུ་བཤད།)
  • Dictionaries/sgom sde tshig mdzod chenmo/4630  + (1 རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/4253  + (1 རྡོ་རིགས་ཀྱི་རིན་པོ་ཆེའི་སྤྱིའི་མིང༌།)
  • Dictionaries/sgom sde tshig mdzod chenmo/6686  + (1 རྡོ་ལས་བྱུང་བའི་དྭངས་ཤེལ། ཆུ་ཤེལ། ཟླ་བ་ནོར་བུ། ནོར་བུ་དཀར་པོ་སོགས་ཟེར། རིན་པོ་ཆེའི་རིགས་ཤིག་སྟེ། ཁྱིམ་གང་ན་ཡོད་པ་དེར་འབྱོར་བ་རྣམས་རྒྱས་པར་འགྱུར་བར་གྲགས། ཕྱི་རྒྱལ་བས་ (Crystal) ཟེར་བ་དེའོ། །)
  • Dictionaries/sgom sde tshig mdzod chenmo/8188  + (1 རྣམ་གཡེང་གི་ཡུལ། དབེན་པའི་ལྡོག་ཕྱོགས། འདུ་འཛོམ། མཛའ་བརྩེའི་འདུ་འཛོམ།)
  • Dictionaries/sgom sde tshig mdzod chenmo/9393  + (1 རྣམ་འཕྲུལ། སྤྲུལ་པ། དཔེར་ན་མིའི་རྣམ་རོལ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10083  + (1 རྣམ་རྟོག རྟོག་པ། ཀུན་རྟོག་རྣམས་དོན་གཅིག དཔེར་ན་རྣམ་པར་རྟོག་པ་ནི་ཤིན་ཏུ་མང་ལྟ་བུ། སྒྲ་བཤད་ནི། འདིའི་རྣམ་པར་ཞེས་པ་དོན་གཞན་མི་སྟོན་པར་ཚིག་རྒྱན་ཙམ་ཡིན་ལ། རྟོག་པ་ནི་འདིར་སྒྲ་དོན་འདྲེར་རུང་དུ་འཛིན་པའི་ཞེན་རིག་གོ།)
  • Dictionaries/sgom sde tshig mdzod chenmo/8799  + (1 རྣམ་རྟོག་གམ་ཀུན་རྟོག སེམས་ལ་དྲན་པར་བྱེད་1 རྣམ་རྟོག་གམ་ཀུན་རྟོག སེམས་ལ་དྲན་པར་བྱེད་པ། བསམ་བློ་གཏོང་བ། བློ་ཡུལ་ལམ་ཡིད་ཡུལ་དུ་བྱེད་པ། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། རྣམ་རྟོག་གི་མིང༌། ཀུན་རྟོག་ཡིད་གཞུངས་ཡིད་ཀྱི་ལས། །སེམས་ཀྱི་ལོངས་སྤྱོད་ཡང་དག་རྟོག །ཡིད་ལ་བྱེད་པ་རྟོག་དཔྱོད་དེ། །རྟོག་དང་དྲན་པ་བསམ་མནོའོ། །རྟོག་དཔྱོད་དེ། །རྟོག་དང་དྲན་པ་བསམ་མནོའོ། །)
  • Dictionaries/sgom sde tshig mdzod chenmo/3451  + (1 རྣམ་ཤེས་ཀྱི་རྟེན་བྱེད་པའི་གཟུགས་ཅན་ཤིན་ཏུ་དྭངས་པ་ཞིག་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/1253  + (1 རྣམ་ཤེས་གྲངས་མཉམ་པ་སྟེ། རྣམ་པ་དུ་མ་ཤར་བ་ན་ཤེས་པ་ཡང་དུ་མ་ཁས་ལེན་པའི་སེམས་ཙམ་རྣམ་བདེན་པའོ། །)
  • Dictionaries/sgom sde tshig mdzod chenmo/10143  + (1 རྣལ་མའི་བསྡུས་ཚིག་སྟེ། ཡང་དག་པ།)
  • Dictionaries/sgom sde tshig mdzod chenmo/10283  + (1 རྩ་རྒྱུད་དང་། བཤད་རྒྱུད།)
  • Dictionaries/sgom sde tshig mdzod chenmo/2737  + (1 རྩེ་མོ། ཞྭའི་ཏོག་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/7702  + (1 རྩེ་མོའམ་སྣེ་མོ། དཀྱིལ།)
  • Dictionaries/sgom sde tshig mdzod chenmo/11093  + (1 རྩོལ་མེད་རང་ཤུགས་ཀྱིས་འབྱུང་བ་ལྟ་བུའི་ཚོར་སྣང་གསལ་ལ་ཤུགས་ཆེ་བ་ཞིག དཔེར་ན་དད་པ་ལྷང་ལྷང་སྐྱེས། དགའ་ལྷང་ལྷང་། སྐྱོ་ལྷང་ལྷང་། ཡིད་བདེ་ལྷང་ལྷང་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10378  + (1 རྩྭ་ཀུ་ཤ།)
  • Dictionaries/sgom sde tshig mdzod chenmo/9322  + (1 རྩྭ་གདན་ལྷས་མ་སྟེ། སྨྱུག་མའམ་རྩྭས་ལྷས་པའ1 རྩྭ་གདན་ལྷས་མ་སྟེ། སྨྱུག་མའམ་རྩྭས་ལྷས་པའི་སྟན་དང་ཡོལ་བ་སོགས་ལ་ཟེར། ཕྱར་བ། སྣམ་བུ་སོགས་ལའང་འཇུག་པར་བཤད། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། སེག་ཅེས་བྱ་བ་ནི་སྨྱིག་མ་ལ་སོགས་པའི་ཐགས་མ་གྲུ་བཞིའོ། །རེ་ལྡེ་ཞེས་བྱ་བ་ནི་དེ་ཉིད་ཁྲུན་རིང་བའོ། །ཞེས་གསུངས། རེ་ལྡེ་ལྗོངས་རིང༌། དཀྱུས་སུ་རིང་བའི་རེ་ལྡེ། མདོ་རང་འགྲེལ་གསུང༌། རེ་ལྡེ་འཇོང་འཇོང་རིང་པོ། རེ་ལྡེ་འཇོང་རིང་ཟེར་བ་དང་འདྲ་བ་ཡིན་སྙམ། དབུ་མ་ལ་འཇུག་པར། རེ་ལྡེ་དམག་དང་ནགས་ཚལ་དང་། ཞེས་པའང་རྩྭའམ་སྨྱུག་མས་ལྷས་པའི་སྣོད་སྤྱད་དམ། སྟན་དང་ཡོལ་བ་སོགས་ལ་གོ་དགོས་ཀྱི་རྩིད་པས་བཟོས་པའི་རེ་བ་ནི་བོད་ལ་མ་གཏོགས་རྒྱ་གར་ལ་མེད་པས་དེ་ལ་དོགས་པ་མི་དགོས་པའི་ཕྱིར་རོ། །མི་ཚངས་སྤྱོད་ཀྱི་ཕམ་པའི་ཐད་ཀྱི་འདུལ་བ་ལུང་རྣམ་འབྱེད་༼ ཅ་པ ༽༤༨ན༣ལས། དགེ་སློང་དགོན་པ་བ་ཉིན་པར་གློས་ཕབ་སྟེ། གཉིད་ལོག་པས་ཕྱོགས་དེ་ཡལ་ག་དག་གམ། སེག་དག་གམ། རེ་ལྡེ་དག་གིས་བསྐོར་བར་བྱ་བའམ། སྲུང་མ་དགེ་སློང་གཞག་པར་བྱ་བའམ། ཞེས་གསུངས་སོ། །་མ་དགེ་སློང་གཞག་པར་བྱ་བའམ། ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/8814  + (1 རྩྭ་ཞིག་གི་མིང་དུ་བཤད།)
  • Dictionaries/sgom sde tshig mdzod chenmo/10403  + (1 རྫ་མ་ཆུང་ངུའི་ནང་གཟབ་གཟབ་བྱས་ཏེ་བཙོས་པའི1 རྫ་མ་ཆུང་ངུའི་ནང་གཟབ་གཟབ་བྱས་ཏེ་བཙོས་པའི་རྣམ་གྲངས་མང་ལ་ཟས་བཅུད་ཆེ་བའི་ཁ་ཟས་ཀྱི་མིང་། རིན་ཆེན་ཕྲེང་བ་ལས། རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་བྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་ཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ཅེས་གསུངས། དེའི་ཐད་ཀྱི་རྒྱལ་ཚབ་ཆོས་རྗེའི་རིན་ཆེན་དར་ཊཱིཀ་༥༠བ༦ལས། འབྲས་ཐུག་གི་ཕྲུ་བ་བྲེ་བཅུ་ལྷག་བཙོར་བཏུབ་པ་སུམ་བརྒྱ་བཙོས་པ་དེ་ལ་ཚོད་མའི་སྣ་གྲངས་ཀྱང་དྲུག་ཅུ་དང་ལྡན་པའི་རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་དག་ཉིན་རེ་དུས་གསུམ་དུ་བྱིན་པས་ཀྱང་སེམས་ཅན་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ཡུད་ཙམ་དང་ཐང་གཅིག་གི་བསོད་ནམས་དག་ནི་ཆར་མི་ཕོད་དོ། །ཞེས་གསུངས་སོ། །ད་ནམས་དག་ནི་ཆར་མི་ཕོད་དོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/4785  + (1 རྫ་སྣོད་ཀྱི་མིང་། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། རྫེའུ་ནི་ཕྲུ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །རྣམ་འགྲེལ་རྩ་བ་ལས། མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འཁྲུལ་པ་མེད་པ་མིན། །འཁྲུལ་པར་སྲིད་པ་ཅན་ཉིད་ཕྱིར། །ཕྲུ་བའི་འབྲས་ནི་ཚོས་པ་བཞིན། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/3292  + (1 རྫིང་བུའི་མིང་དུ་བཤད།)
  • Dictionaries/sgom sde tshig mdzod chenmo/8912  + (1 རྫོགས་པར། ཆ་ཚང་། ཆ་ཐམས་ཅད་ནས། དཔེར་ན་ཡོངས་སུ་ཤེས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10471  + (1 རླུང་གིས་འཁྱེར་དུ་བཅུག་པ།)
  • Dictionaries/sgom sde tshig mdzod chenmo/10460  + (1 རླུང་འཇམ་པོའི་མིང་དུ་གྲགས། སྤྱིར་བཏང་བསེ1 རླུང་འཇམ་པོའི་མིང་དུ་གྲགས། སྤྱིར་བཏང་བསེར་བུ་ནི་རླུང་གི་ཞེ་ས་ཡིན་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་གསལ། དུ་ཀཱུ་ལའི་གོས་བཟང་ལས། ལྔ་མཆོད་ཆེན་མོའི་ནུབ་མོའི་ནུབ་གླིང་མེ་མང་ཞིང་གསལ་བས་མཚན་མོའི་སྨག་རུམ་སངས་པ་སྙམ་བྱེད་ཅིང་རླུང་བསེར་བུ་ཙམ་ཡང་མི་ལྡང་བ་ཕྱོགས་དེར་སླར་ཡང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པ་འཕེལ་བའི་ལྟས་ཡིན་ནམ་སྙམ། ཞེས་གསུངས་པ་ལྟ་བུ།ཕེལ་བའི་ལྟས་ཡིན་ནམ་སྙམ། ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4078  + (1 ལ་དོན་གྱི་ཕྲད་ཅིག)
  • Dictionaries/sgom sde tshig mdzod chenmo/3728  + (1 ལ་དོན་གྱི་སྒྲ། དཔེར་ན་གང་དུ་འགྲོ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/13333  + (1 ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅིག་གི་མིང༌། 1 ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅིག་གི་མིང༌། རི་རབ་ཀྱི་རྩེ་མོ་ན་སུམ་ཅུ་རྩ་གསུམ་གྱི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ཡོད་ལ། དེའི་ཕྱི་རོལ་གྱི་བྱང་ཤར་གྱི་མཚམས་ན་དཔག་བསམ་གྱི་ཤིང་ཡོད་ཅིང༌། དེའི་དྲུང་ན་རྡོ་ལེབ་འདི་ཡོད་པར་མཆིམས་མཛོད་དུ་བཤད་དོ། །རྡོ་ལེབ་འདིའི་ཁྱད་ཆོས་ནི། མཆིམས་མཛོད་༣༠༨ལས། དཔག་བསམ་གྱི་ཤིང་གི་དྲུང་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་མཐའ་དཔག་ཚད་ཉིས་བརྒྱས་འཁོར་བའི་གྲུ་བཞི་པ་འཕང་དུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་བཅོ་བརྒྱད་ཆ་གཅིག་ཡོད་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་ཞིང་རེག་ན་འཇམ་པ་མེ་ཏོག་མན་ད་ར་བས་པུས་ནུབ་ཙམ་དུ་ཁེབས་པ་ཡོད་དེ། དེའི་དབུས་སུ་བརྒྱ་བྱིན་གྱི་སེང་གེའི་ཁྲི་དང་དེའི་དྲུང་ན་ཉེ་དབང་ལ་སོགས་པ་རྣམས་ཀྱི་སེང་གེའི་ཁྲི་བཤམས་པ་ལ་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་དབྱར་ཟླ་བ་བཞིར་ལྷའི་འདོད་ཡོན་ལ་རྩེ་ཞིང་རང་རང་གི་ལས་ཀྱི་འབྲས་བུ་མྱོང་བར་བྱེད་དོ་ཞེས་གདགས་པ་ལས་བཤད་དོ། །ཞེས་གསུངས། རྒྱ་གར་གྱི་སློབ་དཔོན་ཚུལ་ཁྲིམས་ཀྱི་ལུང་ཕྲན་ཚེགས་ཀྱི་རྣམ་བཤད་ལས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཨར་མོ་ནིག་ལྟ་བུའི་རྡོ་ལེབ་ནི་རབ་ཏུ་བྱུང་བ་དང་རྗེས་སུ་མཐུན་པའི་བདེ་བའི་གནས་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང༌། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐརསོགས་མཁས་པ་གཞན་གྱིས། ཨར་མོ་ནིག་སྟེ་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅེས་གསུངས།་སྟེ་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅེས་གསུངས།)
  • Dictionaries/sgom sde tshig mdzod chenmo/10493  + (1 ལ་ལམ། ལ་སྟེང་གི་ལམ།)
  • Dictionaries/sgom sde tshig mdzod chenmo/2976  + (1 ལག་ཏུ་ལོན་པའི་དོན། དཔེར་ན་རྐུན་མ་ལག་པ་ལ་ཐེབས།)