Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "definition" with value "རྔ་ཡབ་སྟེ། ལྕུག་ཕྲན་དུ་བྱ་སྤུ་བསྡམས་པའི་ཕོན་པོ་ཡིན་པས་ནའོ། །". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/Monlam Grand/79851  + (སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་བསྡམས་པ་བརྐསྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་བསྡམས་པ་བརྐྱང་པ་ས་ལ་བཞག་ཏེ། ཨོཾ་བཛྲ་དྲི་ཌྷོ་མེ་བྷ་ཝ་བདག་ལ་རྡོ་རྗེ་བརྟན་པའི་རང་བཞིན་དུ། བནྡྷ་འཆིང་བ། རཀྵ་སརྦཱ་ན་ཐམས་ཅད་སྲུངས་ཤིག་སྭ་ཧཱ་ཞེས་པའི་ཚེ། འོག་ཕྱོགས་ཐམས་ཅད་རྡོ་རྗེའི་ས་གཞི་ནས་ཐང་བརྡལ་བ་ལྟ་བུ་ཤིན་ཏུ་རྒྱ་ཆེན་པོ་ཞིག་གྲུབ་པར་བསམ་མོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། འོག་བཅིང་བ་ལ། ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་བརྐྱངས་པ་ས་ལ་མར་ལེབ་ཆགས་སུ་བཞག་པ་རྡོ་རྗེ་བརྟན་པའི་ཕྱག་རྒྱ། བཛྲ་དྲི་ཌྷོ་ནི་རྡོ་རྗེ་བརྟན་པ། མེ་བྷ་ཝ་བདག་ལ་མཛོད་ཅིག བནྡྷ་རཀྵ་སརྦཱན་ཐམས་ཅད་སྲུངས་ཤིག སྭཱ་ཧཱ་ནི་རྡོ་རྗེ་རྩེ་མོར། སྭཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། དམིགས་པ་ནི་རང་མེ་ལྟར་འབར་བའི་གསལ་བའི་ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་དཔག་ཏུ་མེད་པ་སྤྲོས་ཏེ། འོག་རྡོ་རྗེའི་ས་གཞི་ནས་ཕུང་ཐང་ལ་བརྡལ་བ་ལྟ་བུར་བསམ་མོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །)
  • Dictionaries/Monlam Grand/88313  + (སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་བསྡམས་པ་ལས།སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་བསྡམས་པ་ལས། མཛུབ་མོ་གཉིས་རྩེ་སྦྱར་ཏེ་ཚིགས་བར་མ་བཅག་པ་ནི་རིན་ཆེན་གྱིའོ། །དེ་ཉིད་ལས་སོར་མོ་ལྷག་མ་རྣམས་འབར་བ་ལྟར་བྱས་པ་ནི་གཟི་བརྗིད་ཀྱིའོ། །དེ་ཉིད་སྤྱི་བོར་བཞག་པ་ནི་རྒྱལ་མཚན་གྱིའོ། །དེ་ཉིད་ཁའི་ཐད་ཀར་བསྐོར་ཏེ་བཞག་པ་ནི་བཞད་པའི་འོ་ཞེས་ངོར་ཆེན་ཀུན་དགའ་བཟང་པོའི་ཀུན་རིག་གི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ་ལས་སོ། །་རིག་གི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ་ལས་སོ། །)
  • Dictionaries/Monlam Grand/92972  + (སྔགས། རྣལ་འབྱོར་རྒྱུད། སྤྱིར་དཀྱིལ་འཁོར་གངསྔགས། རྣལ་འབྱོར་རྒྱུད། སྤྱིར་དཀྱིལ་འཁོར་གང་བསྒོམས་ཀྱང་བྱང་གི་ལྷ་གང་ཡིན་པ་དེས་ཕྲིན་ལས་རྣམས་བྱེད་པ་ལྟར། འདིར་ཡང་བྱང་གི་སེམས་དཔའ་བཞིས་ལས་བྱེད་པ་ཡིན་པས་བདག་ཉིད་བསྲུངས་ཤིང་བར་ཆད་མི་འབྱུང་བར་བྱེད་པ་ཡིན། རྡོ་རྗེ་བསྡམས་པ་ལས་མཐེ་བོང་དང་མཐེའུ་ཆུང་རྩེ་སྤྲད་དེ་བསྐྱེད་པ་ལས་ཀྱི་རྒྱ། དེ་ཉིད་ལས་མཛུབ་མོ་གཉིས་རྩེ་སྤྲད་སྲུང་བའི་རྒྱ། དེ་ཉིད་ལས་མཐེ་བོང་གཉིས་བསྣོལ་ཏེ་བཞག་པ་གནོད་སྦྱིན་གྱི་རྒྱ། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་ནང་དུ་བཅུག་པའི་རྒྱབ་མཛུབ་མོ་གཉིས་ཀྱིས་མནན་པ་ནི་ཁུ་ཚུར་གྱི་རྒྱའོ། །ཨོཾ་བཛྲ་ཀརྨ་ཀཾ་རྡོ་རྗེ་ལས། ཨོཾ་བཛྲ་རཀྵ་ཧཾ་རྡོ་རྗེ་སྲུང་བ། ཨོཾ་བཛྲ་ཡཀྵ་ཧུྃ་རྡོ་རྗེ་གནོད་སྦྱིན། ཨོཾ་བཛྲ་སནྡྷི་བཾ་རྡོ་རྗེ་ཁུ་ཚུར་རོ། །ཡོ་ག་ཆེན་པོ་རྣམས་སུ་སྲུང་བྱེད་དང་བརྟེན་བྱེད་དུ་བཤད་གསུངས། ཁ་ཅིག་རྣལ་འབྱོར་སྲུང་བར་ཡང་འགྲོའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །)
  • Dictionaries/Monlam Grand/90034  + (སྔགས། ཨ་ནུ་ཡོ་ག རྙིང་མ། མི་འདའ་བ་རྒྱན་གྱི་སྔགས། ཨ་ནུ་ཡོ་ག རྙིང་མ། མི་འདའ་བ་རྒྱན་གྱི་ལུང་གི་ནང་གསེས་ཤིག་སྟེ། འདིའི་དོན་ནི་དབྱིངས་ཤེས་རབ་ལས་མི་འདའ་བ་ཐུགས་ཀྱིས་གཉིས་མེད་དུ་མཁྱེན་པས་མཐའ་རིལ་འཇོམས་པའི་བརྡར་ཤར་བ་སྦྲུལ་གྱི་ཆུན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ་སྟེ། ལྷ་རྒྱུད་ལས། སྦྲུལ་ཆུན་དཔའ་བརྗིད་མཉེན་ལྕུག་རྒྱན། །ཞེས་དང་འགྲེལ་པ་ལུང་བསྟན་མ་ལས། ཟབ་མོ་ཡུམ་གྱི་རྟགས་སྦྲུལ་བཞི། །ཞེས་གསུངས་སོ། །ོ་ཡུམ་གྱི་རྟགས་སྦྲུལ་བཞི། །ཞེས་གསུངས་སོ། །)
  • Dictionaries/Monlam Grand/52563  + (སྔགས། ཨ་ནུ་ཡོ་ག རྙིང་མ། ཡོ་བྱད་བརྒྱད་ཀྱང་བསྔགས། ཨ་ནུ་ཡོ་ག རྙིང་མ། ཡོ་བྱད་བརྒྱད་ཀྱང་བརྗོད། སློབ་མ་བཟང་པོས་བླ་མ་ལ་མཉེས་པར་བྱེད་པའི་ཚུལ་བརྒྱད་གསུངས་པ་ནི། སྐྱོ་དུབ་མེད་པའི་དད་པ། གྱོང་ཁེངས་མེད་པའི་མཉེན་ལྕུག། སེར་སྣ་མེད་པའི་ཟང་ཟིང་། སོམ་ཉི་མེད་པའི་སྲི་ཞུ། གཡོ་སྒྱུ་མེད་པའི་དྲང་རྐང་། ཁ་གསག་མེད་པའི་རང་རྒྱུད། རྨོངས་པ་མེད་པའི་ཤེས་རབ། དྲི་མ་མེད་པའི་ལྷག་སེམས་བཅས་བརྒྱད་དོ། །མདོ་དགོངས་པ་འདུས་པ་ལས། བློ་གྲོས་ལྡན་པའི་ཉི་མ་དེས། །དམ་པ་ལྷ་ལྟར་མཆོད་བྱའི་ཕྱིར། །མཉེས་པར་བྱ་བའི་ཡོ་བྱད་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །སྐྱོ་དུབ་མེད་པའི་དད་པ་དང༌། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང༌། །སེར་སྣ་མེད་པའི་ཟང་ཟིང་དང༌། །སོམ་ཉི་མེད་པའི་སྲི་ཞུ་དང༌། །གཡོ་སྒྱུ་མེད་པའི་དྲང་རྐང་དང༌། །ཁ་གསག་མེད་པའི་རང་རྒྱུད་དང༌། །རྨོངས་པ་མེད་པའི་ཤེས་རབ་དང༌། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །ཞེས་གསུངས། ཡང་མདོ་འགྲེལ་མུན་པའི་གོ་ཆ་ལས། ངང་རིང་དད་ལྡན་གདུང་སེམས་ཅན། །སྒྱུ་མེད་སྲོག་འདོར་ཆོས་ལ་སེམས། །བརྒྱུད་འཛིན་རིགས་འཚོབ་ཚུལ་ཤེས་པ། །ཡོ་བྱད་བརྒྱད་ལྡན་བུ་མཆོག་ཉིད། །ཅེས་པའི་གྲངས་ངེས་བྱ་ཚུལ་གོང་དང་ཅུང་མ་འདྲ་བ་འདུགའི་གྲངས་ངེས་བྱ་ཚུལ་གོང་དང་ཅུང་མ་འདྲ་བ་འདུག)
  • Dictionaries/Monlam Grand/48698  + (སྔོན་གྱི་དུས་སུ་བྱུང་བའི་གསང་སྔགས་ལ་མོས་པའསྔོན་གྱི་དུས་སུ་བྱུང་བའི་གསང་སྔགས་ལ་མོས་པའི་བྲམ་ཟེ་ཞིག་སྟེ། སྔོན་རྒྱལ་པོ་དབང་ཕྱུག་འོད་ལྡན་ཞེས་བྱ་བ་ཞིག་ལ་རྣལ་འབྱོར་ཅན་གྱི་འཁོར་ཚོམ་བུ་བཅུ་དང་བཅས་པ་ཐེག་ཆེན་ཟབ་མོའི་དོན་ལ་ཞུགས་པས་གསང་སྔགས་གསང་བའི་བྱིན་རླབས་དག་ལས། ངོ་མཚར་བའི་ཆོ་འཕྲུལ་མང་དུ་ཐོབ་པ་ཕྱོགས་ཀུན་ཏུ་གྲགས་པར་གྱུར། སྐབས་དེར་གཞན་ནས་ཡིན་པའི་རྣལ་འབྱོར་པ་བྲམ་ཟེ་དགེ་སློང་བྱ་བ་འདི་ཉིད། ཤིན་ཏུ་དགའ་བའི་སེམས་བསྐྱེད་ནས་གསང་བ་དམ་པར་ངེས་པའི་བསླབ་པ་རྣམས་ཞུ་བ་ལ་རྒྱལ་པོ་དབང་ཕྱུག་འོད་ལྡན་གྱིས་གསང་སྔགས་ཐེག་པའི་མཐར་ཐུག་འདི་ཉིད་བྱིས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་ཆེན་གསང་བ་དམ་པ་ནི་རབ་ཏུ་གསང་བར་གསུངས་སོ་ཞེས་བརྗོད་དེ་གསང་སྒོ་བསྡམས་ནས་མ་གནང་། བྲམ་ཟེ་འདི་ཉིད་དད་པ་མ་ལོག་པར་འབྱོར་པའི་ཡོ་བྱད་ཅི་ཡོད་པ་ཀུན་རྒྱལ་པོ་དེ་ལ་ཕུལ་ཏེ་གསང་ཆེན་དེ་ཡི་ཡོ་བྱད་དུ་བསྔོས་ནས་ཡང་དག་པར་སྦྱར་ཞིང༌། སྐྱེས་བུ་དམ་པ་དེ་ཉིད་བཞུགས་པའི་ཡུལ་དུ་ཡིད་ཀྱིས་མངོན་པར་ཕྱོགས་ནས་དེར་དམིགས་ཏེ་རྩེ་གཅིག་པའི་སེམས་ཀྱིས་སྨོན་ལམ་མང་པོ་བརྗོད་པའི་བྱིན་རླབས་ཀྱིས། སྙིང་པོར་ངེས་པའི་རྒྱལ་པོ་དམ་པ་དང༌རྗེས་སུ་ཡི་རང་བྱེད་པའི་བྲམ་ཟེ་དམ་པ་འདི་གཉིས་འབྲས་བུ་ཐོབ་པ་ལ་མཐོ་དམན་མེད་པར་མཉམ་པ་ཉིད་དུ་གྱུར་པའི་ཚུལ། མདོ་དགོངས་པ་འདུས་པར་གསང་སྔགས་གཞུང་དུ་སྤྱོད་པ་ལ་མོས་པ་མ་བྲལ་བ་ཙམ་གྱིས་འབྲས་བུ་མཉམ་པོར་ཐོབ་པའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། །མ་པོར་ཐོབ་པའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། །)
  • Dictionaries/Monlam Grand/76976  + (སྔོན་གྱི་དུས་སུ་བྱུང་བའི་གསང་སྔགས་ཀྱི་རྣལ་སྔོན་གྱི་དུས་སུ་བྱུང་བའི་གསང་སྔགས་ཀྱི་རྣལ་འབྱོར་པ་ཞིག་སྟེ། སྔོན་རྒྱལ་པོ་དབང་ཕྱུག་འོད་ལྡན་ཞེས་བྱ་བ་འདི་ཉིད། རྣལ་འབྱོར་ཅན་གྱི་འཁོར་ཚོམ་བུ་བཅུ་དང་བཅས་པ་ཐེག་ཆེན་ཟབ་མོའི་དོན་ལ་ཞུགས་པས་གསང་སྔགས་གསང་བའི་བྱིན་རླབས་དག་ལས། ངོ་མཚར་བའི་ཆོ་འཕྲུལ་མང་དུ་ཐོབ་པ་ཕྱོགས་ཀུན་ཏུ་གྲགས་པར་གྱུར། སྐབས་དེར་གཞན་ནས་ཡིན་པའི་རྣལ་འབྱོར་པ་བྲམ་ཟེ་དགེ་སློང་བྱ་བ་ཞིག་གིས། ཤིན་ཏུ་དགའ་བའི་སེམས་བསྐྱེད་ནས་གསང་བ་དམ་པར་ངེས་པའི་བསླབ་པ་རྣམས་ཞུ་བ་ལ་རྒྱལ་པོ་དབང་ཕྱུག་འོད་ལྡན་གྱིས་གསང་སྒོ་བསྡམས་ནས་མ་གནང་ཡང་བྲམ་ཟེ་དེ་ཉིད་དད་པ་མ་ལོག་པར་འབྱོར་པའི་ཡོ་བྱད་ཅི་ཡོད་ཀུན་ཕུལ་ཏེ་གསང་ཆེན་དེ་ཡི་ཡོ་བྱད་དུ་བསྔོས་ནས་ཡང་དག་པར་སྦྱར་ཞིང༌། སྐྱེས་བུ་དམ་པ་དེ་ཉིད་བཞུགས་པའི་ཡུལ་དུ་ཡིད་ཀྱིས་མངོན་པར་ཕྱོགས་ནས་དེར་དམིགས་ཏེ་རྩེ་གཅིག་པའི་སེམས་ཀྱིས་སྨོན་ལམ་མང་པོ་བརྗོད་པའི་བྱིན་རླབས་ཀྱིས། སྙིང་པོར་ངེས་པའི་རྒྱལ་པོ་དམ་པ་དང༌རྗེས་སུ་ཡི་རང་བྱེད་པའི་བྲམ་ཟེ་དམ་པ་གཉིས་འབྲས་བུ་ཐོབ་པ་ལ་མཐོ་དམན་མེད་པར་མཉམ་པ་ཉིད་དུ་གྱུར་པའི་ཚུལ། མདོ་དགོངས་པ་འདུས་པར་གསང་སྔགས་གཞུང་དུ་སྤྱོད་པ་ལ་མོས་པ་མ་བྲལ་བ་ཙམ་གྱིས་འབྲས་བུ་མཉམ་པོར་ཐོབ་པའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། །མ་པོར་ཐོབ་པའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། །)
  • Dictionaries/Monlam Grand/70483  + (སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ། ཀུན་འབྱུང་བ། འགོག་པ། ལམ་མཐོང་བས་སྤང་བར་བྱ་བ། སྒོམ་པས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པའོ། །)
  • Dictionaries/Monlam Grand/92464  + (སྣོད་སོགས་ཁ་བསྡམས་པར་བྱས་པའི་དོན།)
  • Dictionaries/Monlam Grand/75468  + (སྤུའི་ལྕུག་ཕོན།)
  • Dictionaries/Monlam Grand/56650  + (སྤོས་དཀར་ཏེ། མེ་ལ་སྦྱར་ན་གློག་གི་ལྕུག་མ་བཞིན་དུ་མེ་ལྕེ་མཆེད་པས་ནའོ། །)
  • Dictionaries/Monlam Grand/100864  + (སྤྱོད་རྒྱུད་ཀྱི་ཐེག་པ་ནི། དཀའ་ཐུབ་རིག་བྱེདསྤྱོད་རྒྱུད་ཀྱི་ཐེག་པ་ནི། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ་ཕྱི་རྒྱུད་སྡེ་གསུམ་གྱི་ཡ་གྱལ་ལས་གཉིས་པ་སྟེ། འདི་ལ་ཨུ་པ་ཡའི་ཐེག་པ་དང་། ཨུ་པ་ཡོ་ག་དང་། གཉིས་ཀའི་རྒྱུད་ཀྱི་ཐེག་པ་ཞེས་ཀྱང་བྱ་ཞིང་། འདིའི་འཇུག་སྒོ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་ནི། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། སྤྱོད་རྒྱུད་ཀྱི་འཇུག་སྒོ་རིག་པའི་དབང་ལྔས་སྨིན་པར་བྱས་ནས། ལྟ་བ་རྣལ་འབྱོར་གྱི་རྒྱུད་དང་འདྲ་ཞིང་། སྒོམ་པ་ནི་རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་ཉིད། །ཤིན་ཏུ་བསྡམས་པའི་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་པ་ལྟར། ཡི་གེ་དང་པོ་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་དེའི་སྣང་ཆ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་དཀྱིལ་སྒོམ་པ་དང་། ཡི་གེ་གཉིས་པ་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་དང་བཅས་པ་སྒོམ། དེ་ཐམས་ཅད་ལས་གཞིའི་ཡན་ལག་དང་པོ་བདག་ཉིད་ལྷར་བསྐྱེད། དེ་ནས་གཞིའི་ཡན་ལག་གཉིས་པ་མདུན་བསྐྱེད་བསྒོམས་ནས་སྤུན་གྲོགས་ཀྱི་ཚུལ་དུ་དངོས་གྲུབ་སྒྲུབ་པ་མཚན་བཅས་དང་། ཕུང་སོགས་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་དཔྱད་དེ་སྐྱེ་མེད་དུ་རྟོགས་པ་ལ་འཇུག་པ་དང་། མི་རྟོག་པའི་ངོ་བོ་མངོན་དུ་གྱུར་པ་གནས་པ་དང་། དེ་ལས་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་ལྷག་པར་འཇུག་པ་ནི་ལྡང་བ་སྟེ། འཇུག་གནས་ལྡང་གསུམ་གྱིས་ཁྱད་པར་དུ་བྱས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་མཚན་མེད་ཀྱི་རྣལ་འབྱོར་རོ། །སྤྱོད་པ་ནི་བྱ་རྒྱུད་དང་འདྲ་ལ། དེ་ལྟར་བསྒྲུབས་པས་འབྲས་བུ་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དོ། །ཞེས་གསུངས།རྗེ་འཛིན་པའི་ས་ཐོབ་པར་འདོད་དོ། །ཞེས་གསུངས།)
  • Dictionaries/Monlam Grand/101238  + (སྦའི་ལྕུག་ཕྲན་བསྒྲིམས་ནས་བཟོས་པའི་ཟམ་པ།)
  • Dictionaries/Monlam Grand/101228  + (སྦའི་ལྕུག་ཕྲན་བསྒྲིམས་ནས་བཟོས་པའི་ཟམ་པ།)
  • Dictionaries/Monlam Grand/86254  + (སྨད་འཚོང་མའི་གཙོ་མོ་སྟེ། ལུས་པོ་མཉེན་ལྕུག་དང་ལྡན་པས་ནའོ། །)
  • Dictionaries/Monlam Grand/23644  + (སྨྱུག་ཕྲན་དང་ལྕང་ལྕུག་ཤུན་ལྤགས་བཤུས་ནས་བཟོས་པའི་སླེ་པོ།)
  • Dictionaries/Monlam Grand/12143  + (སྨྱུག་མ་དང་ལྕུག་མ་སོགས་ཀྱིས་བཟོས་པའི་སླེ་བོ་ཡི་འབྲི་ཚུལ་གཞན།)
  • Dictionaries/Monlam Grand/83627  + (སྨྱུག་མ་དང་ལྕུག་མ་སོགས་ཀྱིས་བསླེས་པའི་ས་རྡོ་འཁུར་བྱེད་དམ་ཕྱུགས་ལ་འགེལ་ཆོག་པའི་ཡོ་བྱད་ཆུང་ངུ་ཞིག)
  • Dictionaries/Monlam Grand/103747  + (སྨྱུག་མ་དང་ལྕུག་མས་སླས་པའི་ཟས་སོགས་འཇོག་སྣོད་ཀྱི་མིང་སྟེ། སློ་མའི་བསྡུས་ཚིག)
  • Dictionaries/Monlam Grand/10116  + (སྨྱུག་མ་དང་ཤིང་གི་ལྕུག་མ་སོགས་ལས་བཟོས་པའི་གཟེབ་སྣོད་ཀྱི་མིང་།)
  • Dictionaries/Monlam Grand/10118  + (སྨྱུག་མའམ་ཤིང་གི་ལྕུག་མའི་སྒམ་སྒྲོམ་ཁ་སྦྱར་ལྟ་བུའི་སློ་མ།)
  • Dictionaries/Monlam Grand/98929  + (སྨྱུག་མའི་ལྕུག་ཕྲན་དང་རྩྭ་ཀུ་ཤའི་གཞུང་རྟ་སོགས་ཀྱིས་བཟོས་པའི་ས་རྡུལ་འཕྱག་བྱེད་ཀྱི་ཕྱགས་མ།)
  • Dictionaries/Monlam Grand/67625  + (སྲོག་ཆག་ཞིང་རྐང་ལག་བཞི་ཅུང་ཟད་སྦོམ་ལ་ཐུང་བསྲོག་ཆག་ཞིང་རྐང་ལག་བཞི་ཅུང་ཟད་སྦོམ་ལ་ཐུང་བ་དང༌། ལག་པར་མཛུབ་མོ་བཞི་རེ་དང་རྐང་པར་མཛུབ་མོ་ལྔ་རེ་ཡོད་པ། མགོ་བོ་ཆུང་ལ་མཇིང་པ་ཐུང་ཞིང་རྣ་བ་གཉིས་ཆུང་བ་ཁ་དོག་སེར་ནག་ཡིན། འགྲམ་པ་གཡས་གཡོན་གཉིས་ལ་སྤུ་སེར་ཐིག་ཅན་དང་གདོང་དང་མཆུ་གཉིས་ལ་ནག་ཐིག་ཡོད་པ་མཐའ་དཀར་པོ། མཇུག་མ་ཐུང་ལ་ལེབ་ཅིང་སྤུ་མདོག་སེར་ནག་ཡིན་པ་དང༌། ལུས་སྤྱིའི་སྤུ་མདོག་སེར་སྐྱའམ་སེར་ཁྲ་སོགས་ས་ཆ་སོ་སོའི་ཁྱད་པར་གྱིས་མདོག་མི་འདྲ་བ་འབྱུང་བར་མ་ཟད། ས་གནས་གཅིག་གི་འཕྱི་བ་ལའང་སྤུ་མདོག་མི་འདྲ་བའི་ཁྱད་པར་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་ནི་ཉི་འོད་ཕོག་ཆེ་བའི་ཡུལ་ལྗོངས་ཀྱི་སྤང་རི་དང༌། རི་ཐང་མཚམས་སུ་ཡིན་ཞིང༌། སྤང་ལ་ཁུང་བུ་བཟོས་པའི་ནང་དུ་མ་བུ་མཉམ་དུ་སྡོད་ཀྱི་ཡོད། ཁུང་སྦུབས་ཀྱི་ཚང་ལའང་གཙོ་ཕལ་གྱི་དབྱེ་བ་ཡོད་ཅིང༌། གཙོ་བོའི་ཚང་གི་ནང་དུའང་ཁུང་བུ་ཁ་ཤས་ཡོད་པ་ནི་འགའ་རེ་དགུན་དུས་ཉལ་ས་དང་འགའ་རེ་ཕྲུ་གུ་བཙའ་ས་ཡིན་ཞིང༌། ཚང་ཕལ་པ་ལ་སྤྱིར་བཏང་ཁུང་བུ་གཅིག་མ་གཏོགས་མེད་ཀྱང་འགའ་ཞིག་ལ་ཁུང་བུ་ཁ་ཤས་བྱས་པ་ཡང་ཡོད། མིག་གསལ་ཞིང་རྣ་བ་གསང་པོ་ཡོད་པར་མ་ཟད། ཉེན་ཁ་ཡོད་པའི་སྐབས་སུ་སྐད་བཏང་ནས་ཕན་ཚུན་བརྡ་གཏོང་ཡང་བྱེད་ཤེས། དགུན་དུས་གོང་བརྗོད་ཀྱི་ཁུང་སྦུབས་སུ་མང་པོ་མཉམ་དུ་དགུན་ཉལ་བྱེད་པ་དང༌། ཕྱི་ལོའི་དཔྱིད་དུས་སུ་ཡར་ལངས་ཏེ་རྒྱུ་བ་དང་ཡུན་རིང་མ་སོང་བར་འཁྲིག་སྦྱོར་བྱེད་ཅིང་མངལ་སྦྲུམ་གྱི་ཡུན་ཚད་ཟླ་བ་གསུམ་ཡིན། བཙའ་ཐེངས་རེ་ལ་ཕྲུ་གུ་བཞི་ལྔ་ཙམ་བཙའ་བ་དང༌། རེ་འགར་བཙའ་ཐེངས་རེ་ལ་ཕྲུ་གུ་བརྒྱད་དགུ་ཙམ་བཙའ་བ། ཟས་སུ་རྩྭ་ལྡུམ་གྱི་རིགས་དང༌། ལྕུག་མ། དེ་མིན་ཞིང་གི་ལོ་ཏོག་ཀྱང་ཟ་བ་ཡིན་ནོ། །་མ། དེ་མིན་ཞིང་གི་ལོ་ཏོག་ཀྱང་ཟ་བ་ཡིན་ནོ། །)
  • Dictionaries/Monlam Grand/93319  + (སླེ་བོ་དང་དོན་གཅིག་སྟེ། སྨྱུག་མ་དང་ལྕུག་ཕྲན་སོགས་ཀྱིས་བསླེས་པའི་ས་རྡོ་སོགས་འཁུར་བྱེད་ཀྱི་ཡོད་བྱད་ཅིག)
  • Dictionaries/Monlam Grand/93454  + (ཨམ་གཙིགས་བསྡམས་པ་སྟེ། ཡ་སོས་མ་མཆུ་མནན་ནས་ཁ་འཐམ་པའི་རྣམ་འགྱུར།)
  • Dictionaries/Monlam Grand/100135  + (རྔ་ཡབ་སྟེ། ལྕུག་ཕྲན་དུ་བྱ་སྤུ་བསྡམས་པའི་ཕོན་པོ་ཡིན་པས་ནའོ། །)
  • Dictionaries/Monlam Grand/3824  + (༡ གཅན་གཟན་རྒྱལ་པོ་སེང་གེ་མི་བསད་ཅེས་སློབ་ད༡ གཅན་གཟན་རྒྱལ་པོ་སེང་གེ་མི་བསད་ཅེས་སློབ་དཔོན་ལ་མི་བསྡོ། ༢ རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་དུག་མི་བྱོ་ཅེས་པ་སློབ་དཔོན་གྱི་ཡུམ་ལ་མི་སྤྱད། ༣ རིན་པོ་ཆེའི་ལྕུག་ཕྲན་མི་བྲེག་ཅེས་པ་དད་པ་ཅན་གྱི་ཚོགས་དང་དུས་མཆོད་མི་བཅག ༤ གངས་ཀྱི་ཞུན་ཆུ་ཁོལ་མ་མི་བཏུང་ཞེས་པ་དཀོན་མཆོག་གི་དཀོར་དང་བླ་མའི་རྫས་མི་སྤྱད། ༥ པདྨའི་ཟེའུ་འབྲུ་ཁ་མི་དབྱེ་ཞེས་པ་མཆེད་ཀྱི་ཡུམ་མི་སྤྱད། ༦ སྣོད་བུག་རྡོལ་ནང་དུ་བཅུད་མི་བླུག་ཅེས་པ་གཟུངས་མ་མཚན་ངན་ལ་མི་སྤྱད། ༧ མ་བརྟགས་པའི་རྫས་མི་འཆང་ཞེས་པ་སློབ་མ་ངན་པ་དང་བཀྲ་མི་ཤིས་པའི་རྫས་མི་འཆང༌། ༨ ཤེལ་གོང་དཀར་པོ་འདམ་དུ་མི་འཇུག་ཅེས་པ་ཤེས་རབ་ཅན་གྱི་གང་ཟག་སྨད་པར་མི་བྱ། ༩ སེང་གེའི་འོ་མ་སྣོད་ངན་དུ་མི་བླུག་ཅེས་སྔགས་ཀྱི་དབང་ཆོས་དམ་ཉམས་ལ་མི་བཤད། ༡༠ ཡིད་བཞིན་ནོར་བུ་མི་སྲེག་ཅེས་པ་གསང་སྔགས་ཀྱི་བཀའ་ལོག་སྟེ་ཐེག་དམན་དུ་མི་འཇུག ༡༡ བྱ་ཁྱུང་གི་གཤོག་པ་མི་བཅག་ཅེས་པ་ཐབས་ཤེས་བསྐྱེད་རྫོགས་ཡ་མི་བྲལ། ༡༢ གནམ་ལྕགས་ཨུར་མོ་ས་ལ་མི་བརྡབ་ཅེས་པ་རྣལ་འབྱོར་པ་ནང་དུ་དམེ་མི་བྱ། ༡༣ སྟག་གཟིག་རོལ་པའི་ཟས་ལྷག་མི་ཟ་ཞེས་དམ་ཉམས་དང་ཡུགས་པའི་ཟས་མི་ཟ། ༡༤ རྡོ་རྗེ་གདམས་པའི་བྲག་མི་གཤག་ཅེས་པ་སློབ་དཔོན་གྱི་སྟན་མི་འགེང༌། ༡༥ མུན་པ་སེལ་བའི་སྒྲོན་མེ་བསད་ཅེས་པ་བསྐྱེད་རྫོགས་དུས་བྱིང་རྨུགས་སྤང༌། ༡༦ རྡོ་རྗེ་ར་བའི་སྒོ་མི་ཧྲལ་ཞེས་པ་བསྒྲུབ་པའི་མཚམས་མི་ཧྲལ། ༡༧ རྡོ་རྗེའི་ལམ་བར་མི་གཅོད་ཅེས་པ་འཛབ་རྒྱུན་མི་བཅད། ༡༨ རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་མི་སྦྱིན་ཞེས་པ་བསྒྲུབ་རྫས་མི་སྦྱིན། ༡༩ རྡོ་རྗེ་མཁར་རྫོང་རྨང་ནས་མི་བཤིག་ཅེས་པ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པར་མི་བྱ། ༢༠ ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་ནས་མི་འབེབས་ཞེས་པ་སློབ་དཔོན་ལ་མ་གུས་པ་སྤང་ཞིང༌། སྤྱི་བོར་བསྒོམ་ལ་ལུས་ངག་ཡིད་གསུམ་གུས་པར་བྱ་བ་བཅས་སོ། །ོམ་ལ་ལུས་ངག་ཡིད་གསུམ་གུས་པར་བྱ་བ་བཅས་སོ། །)
  • Dictionaries/Monlam Grand/47118  + (༡ དཀོན་མཆོག་ལ་མོས་པ། ༢ སྔགས་ལ་མོས་པ། ༣ ཐེག༡ དཀོན་མཆོག་ལ་མོས་པ། ༢ སྔགས་ལ་མོས་པ། ༣ ཐེག་པ་ཆེ་ལ་མོས་པ། ༤ ལྷ་ལ་དུས་མཚམས་མཆོད་པ། ༥ མགྲོན་ལ་གློ་བུར་མཆོད་པ། ༦ བསོད་ནམས་བསགས་པ། ༧ ཚོགས་བསགས་པ། ༧ བཟླས་བརྗོད་ཚུལ་བཞིན་དུ་བྱེད་པ། ༩ སྤྱི་དང༌། བྱེ་བྲག་གི་དམ་ཚིག་བརྟན་པ། ༡༠ རྒྱུད་སྲུང་རྟོགས་པ། ༡༡ སྒོ་གསུམ་ཉེ་བར་ཞི་བ། ༡༢ ཁྲུས་དང་གཙང་སྦྲ་དང་བཅུ་གཉིས་ནི་སྒྲུབ་ཕྱོགས་སོ། །༡༣ ལྷ་ལ་མི་སྡང་བ། ༡༤ གཞན་གྱི་གཞུང་མི་མཆོད་པ། ༡༥ མ་གནང་བ་མི་ལེན་པ། ༡༦ གསང་སྔགས་རང་བཟོར་མིན་པ། ༡༧ གདོན་གྱི་ལས་མིན་ལས་སྒྲུབ་པ། ༡༨ གཞན་མི་བསྒྱུར་བ། ༡༩ དམ་མེད་མི་སྦྱིན་པ། ༢༠ ཕྱག་རྒྱ་སོགས་མི་འགོངས་པ། ༢༡ མ་བསྡམས་པ་མིན་པ། ༢༢ མ་གནང་བའི་ཟས་མི་ཟ་བ། ༢༣ བྱམས་པ་མི་གཏོང་བ། ༢༤ མ་ཟིན་སྨྲ་བ་མིན་པ། ༢༥ ཁྲོས་ནས་དྲག་ཤུལ་མི་སྤྱོད་པ། ༢༦ བདག་ལ་མི་བརྙས་པ། ༢༧ གཞན་སུན་མི་འབྱིན་པ། ༢༨ གནས་ངན་ལེན་རྣམས་སྤངས་པ། ༢༩ ལྟད་མོ་མི་ལྟ་བ། ༣༠ བཤང་གཅི་ཆུར་མི་དོར་བ་དང་བཅོ་བརྒྱད་ནི་དགག་པའི་སྒོ་ནས་གསུངས་པ་དང་བཅས་སུམ་ཅུའོ། །་དགག་པའི་སྒོ་ནས་གསུངས་པ་དང་བཅས་སུམ་ཅུའོ། །)
  • Dictionaries/Monlam Grand/103440  + (༡ དུས་དེ་ཙ་ན་ཚན་བཅུ་སྡེ་བཅུ་ལགས་པའི་ཁྲིམས་༡ དུས་དེ་ཙ་ན་ཚན་བཅུ་སྡེ་བཅུ་ལགས་པའི་ཁྲིམས་ཆོས་ནི་བོད་ཀྱི་སྤྱི་ཆིངས་བྱས། ༢ ཞལ་མཆུ་རྣམས་པ་ལྔས་ནང་གི་འཁོན་སྦྱངས། ༣ དམག་རྣམ་པ་ལྔས་ཕྱིའི་དགྲ་འདུལ། ༤ གོ་རྣམ་པ་དྲུག་གིས་ནང་གི་སྲོག་སྐྱབས། ༥ ཚིག་དྲུག་དྲུག་སུམ་ཅུ་རྩ་དྲུག་གིས་བོད་བདེ་ལ་བཀོད། ༦ བླའི་རྐྱེན་དྲུག་གིས་འགྲོ་བའི་དོན་བྱེད། ༧ འབྲོག་ཐུལ་གྱིས་བགོས། ༨ ཞིང་ཐེ་གུས་བཅལ། ༩ གུང་བློན་ཆེན་པོ་བ་བདུན་གྱིས་རིང་ལ། ཆུ་ལ་གྲུ་བཙུགས། ལ་ལ་ལ་བཙས་བརྩིགས། དམག་མིའི་དཔོན་བསྡུས། ༡༠ མཐའི་རྒྱ་དྲུག་བཏུལ་ནས་བོད་ཀྱི་སྟོང་སྐྱེད། ༡༡ བཀའ་ཁྲིམས་ཀྱི་ནན་བསྡམས། ༡༢ རྗེའི་བཀའ་བསྩལ་ལ་གྲོས་ཀྱི་རྒྱུ་བྱས། འབངས་ཀྱི་མཆིད་ཚིག་ལ་གྲོས་ཀྱི་སྤུན་བྱ་བགྱིས་པ་བཅས་སོ། །ད་ཚིག་ལ་གྲོས་ཀྱི་སྤུན་བྱ་བགྱིས་པ་བཅས་སོ། །)
  • Dictionaries/Monlam Grand/85190  + (༡ བྱང་ཆུབ་སེམས་དཔའ་ཆོ་ག་དམན་པ་ནི། ལུས་དང་།༡ བྱང་ཆུབ་སེམས་དཔའ་ཆོ་ག་དམན་པ་ནི། ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་མ་བསྡམས་ཤིང་ཚུལ་ཁྲིམས་འཆལ་བ། ༢ ཆོ་ག་དམན་པ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་བའི་སེམས་ཅན་ཐམས་ཅད་དང་ལྷན་ཅིག་འགྲོགས་ཤིང་རྒྱུ་བ། ༣ ཡོངས་སུ་གཏོང་བ་དམན་པ་ནི། ཐམས་ཅད་ཡོངས་སུ་མི་གཏོང་ཞིང་ཀུན་ལའང་ཡོངས་སུ་མི་གཏོང་བ་ལྷ་དང་མིའི་དཔལ་དང་བདེ་བ་འདོད་པའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་པ། ༤ སྨོན་ལམ་དམན་པ་ནི། ལྷག་པའི་བསམ་པས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་མི་ལེན་ཅིང་འདུལ་བ་ལ་རྟོག་པའི་སྨོན་ལམ་ཡང་ཡོངས་སུ་མི་ལེན་པ་ཡིན་པའོ། །པའི་སྨོན་ལམ་ཡང་ཡོངས་སུ་མི་ལེན་པ་ཡིན་པའོ། །)
  • Dictionaries/Monlam Grand/39315  + (༡ རྒྱལ་པོ་ཨིནྡྲ་བོ་དྷིས་ཡབ་མཛད་པ་དང་རྒྱལ་ས༡ རྒྱལ་པོ་ཨིནྡྲ་བོ་དྷིས་ཡབ་མཛད་པ་དང་རྒྱལ་སྲིད་བཟུང་བའི་ལེའུ། ༢ དུར་ཁྲོད་དུ་སྤྱོད་པ་མཛད་པས་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ལེའུ། ༣ བླ་མ་བསྟེན་ཅིང་ཆོས་ཞུས་པ་ལ་བློ་སྦྱོང་ཚུལ། ༤ མུ་སྟེགས་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀའ་དྲིན་ཆེ་བ། ༥ ཡང་ཕུར་གཉིས་ཀྱི་སྒོ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་སྒྲུབ་པ། ༦ བོད་རྒྱལ་པོས་རྒྱལ་སྲིད་བཟུང་བ། ༧ སློབ་དཔོན་བོདྷི་ས་ཏྭ་གདན་དྲངས་ནས་གཙུག་ལག་ཁང་རྨང་བཏིང་བ། ༨ སློབ་དཔོན་གྱི་ཐུགས་རྗེས་དགོངས་ནས་བོད་ཡུལ་དུ་བྱོན་ནས་ཕོ་ཉ་བ་རྣམས་དང་མཇལ་བ། ༩ བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པ། ༡༠ སློབ་དཔོན་པདྨ་ཕོ་བྲང་བྲག་དམར་དུ་སྤྱན་དྲངས་ནས་ས་གཞི་བཏུལ་བ། ༡༡ དཔལ་གྱི་བསམ་ཡས་བཞེངས་ཏེ་རབ་གནས་མཛད་པ། ༡༢ སློབ་དཔོན་རྣམ་གཉིས་དང་ལོ་ཙཱ་བ་སྐ་ཅོག་གཉིས་ཀྱིས་གསང་སྔགས་ཀྱི་ཆོས་བསྒྱུར་ཞིང་གཏན་ལ་ཕབ་པ། ༡༣ སློབ་དཔོན་ནམ་མཁའི་སྙིང་པོ་གྲུབ་པ་ཐོབ་པ། ༡༤ བཻ་རོ་ཙ་ན་རྒྱ་གར་དུ་ཆོས་ཚོལ་བར་སོང་ཞིང་ཚ་བའི་རོང་དུ་སྤྱུགས་པ། ༡༥ རྒྱལ་པོས་ཆོས་ཁྲིམས་བཅས་པ། ༡༦ སློབ་དཔོན་བི་མ་ལ་མི་ཏྲ་སྤྱན་དྲངས་པ་དང་བཻ་རོ་ཙ་ན་སྤྱུགས་པ་ལ་འགྱོད་པ་སྐྱེས་པ། ༡༧ བསམ་ཡས་སུ་ཆོས་བསྒྱུར་ཞིང་གཏན་ལ་ཕབ་པ། ༡༨ རྒྱལ་པོའི་སྐུའི་རིམ་གྲོ་བྱས་ཏེ་སྐུ་ཚེ་བསྲིངས་པ། ༡༩ རྗེ་འབངས་རྣམས་ཀྱིས་སྒྲུབ་པ་མཛད་པ། ༢༠ བསྟན་པ་སྲུང་བའི་ཕྱིར་དཀོར་སྲུང་དང་ངན་སྔགས་ཐམས་ཅད་བསྒྱུར་ཞིང་དམ་ཚིག་སྐོང་ཐབས་བསྟན་པ། ༢༡ ཆོས་དང་གདམས་ངག་ཐམས་ཅད་གཏེར་དུ་སྦས་ཤིང་རྒྱལ་པོ་ལ་ལུང་བསྟན་པ། ༢༢ བོད་ཀྱི་སྒྲུབ་གནས་རྣམས་སུ་ཞབས་ཀྱིས་བཅགས་ནས་ཐུགས་ཀྱི་གཏེར་སྒོ་བསྡམས་པ་དང་ཞལ་གདམས་གནང་བ། ༢༥ སློབ་དཔོན་པདྨ་ལྷོ་ནུབ་བཞུད་པར་དགོངས་པ། ༢༦ བོད་ཀྱི་རྗེ་འབངས་རྣམས་ཀྱིས་བཤོལ་བ་ལ་མ་གནང་བ། ༢༧ བོད་ཀྱི་བློན་པོ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༢༨ བོད་ཀྱི་བཙུན་པ་ཕོ་མོ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༢༩ བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༠ བོད་ཀྱི་སྔགས་པ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༡ བོད་ཀྱི་སྒོམ་ཆེན་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༢ བོད་ཀྱི་བུད་མེད་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༣ བོད་ཀྱི་ཡོན་བདག་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༤ བོད་ཀྱི་སྨན་པ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༥ བོད་ཀྱི་དཔོན་སློབ་ཆོས་འབྲེལ་བྱེད་པ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༦ བོད་ཀྱི་སྤྱི་མཐུན་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༧ རྒྱལ་བློན་རྗེ་འབངས་རྣམས་ཀྱིས་སྤྱན་རས་གཟིགས་ཀྱི་གདམས་པ་ཞུས་པ། ༣༨ ཐུགས་རྗེ་ཆེན་པོས་རིགས་དྲུག་གི་སེམས་ཅན་ལ་ཐུགས་རྗེས་གཟིགས་པ། ༣༩ ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་ཕན་ཡོན། ༤༠ སློབ་དཔོན་གྱིས་ཕྱག་ལན་དུ་མགུར་གསུངས་པ། ༤༡ སློབ་དཔོན་པདྨ་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་ཏེ་ཕྱག་དང་སྐྱེལ་ལན་དུ་མགུར་གསུངས་པ་བཅས་སོ། །་ཕྱག་དང་སྐྱེལ་ལན་དུ་མགུར་གསུངས་པ་བཅས་སོ། །)
  • Dictionaries/Monlam Grand/27816  + (ཀརྨ་ངེས་ལེགས་བསྟན་འཛིན་ནི། ཕྱི་ལོ་ ༡༧༠༥ རབཀརྨ་ངེས་ལེགས་བསྟན་འཛིན་ནི། ཕྱི་ལོ་ ༡༧༠༥ རབ་བྱུང་བཅུ་གཉིས་པའི་ཤིང་མོ་བྱའི་ལོར་སི་ཏུ་པཎ་ཆེན་དང་ཡབ་ཡུམ་གཅིག་པར་འཁྲུངས། ཆུང་ངུའི་དུས་ནས་རྒྱལ་དབང་བདུད་འདུལ་རྡོ་རྗེ་དང༌། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་མཁས་གྲུབ་དུ་མར་བསྟེན་ནས་མཁས་བཙུན་གྲུབ་པའི་མངའ་བདག་ཆེན་མོར་གྱུར། ཁྱད་པར་དུ་གསོ་བ་རིག་པ་དང་སྐར་རྩིས་རིག་པ་ལ་སྦྱངས་པ་ཕུལ་དུ་བྱུང་བར་གྱུར། གདན་ས་དཔལ་སྤུངས་སུ་ལྔ་རིག་སློབ་གླིང་ཚུགས་སྐབས་རིག་གནས་སྤྱི་དང༌། ལྷག་པར་གསོ་བ་རིག་པའི་སྐོར་ལ་ཞབས་འདེགས་ཆེན་པོ་ཞུ་མཁན་གྱི་ཡ་གྱལ་ཞིག་ཡིན། ཕྱི་ལོ་ ༡༧༣༢ རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ལོར་རྩིས་གཞུང་ཉེར་མཁོ་བུམ་བཟང་ངམ་ཀར་མཛོད་བརྩམས། ནད་རིགས་ཐམས་ཅད་ཀྱི་གསོ་ཐབས་ལག་ལེན་མན་ངག་རྒྱུད་རྗེས་སུ་མཐུན་པར་གསོ་དཔྱད་ཀྱི་གཞུང་(སྨན་བསྡུས་ཨེ་ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་བ་གསར་པ། ) གསོ་བ་རིག་པའི་མན་ངག་མཐའ་དག་གི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ་(སྨན་བསྡུས་ཝཾ་ཕན་བདེ་ནོར་བུའི་བང་མཛོད་)ཅེས་པའི་པོད་གཉིས་བརྩམས་པར་མཛད། རྗེ་འདིས་རྒྱ་མཚོ་ཆེན་པོ་ཆུས་ངོམས་པ་མེད་པ་ལྟར་མུ་མཐུད་མཁས་དབང་ཡོངས་འཛིན་དམ་པ་ཆེས་མང་པོ་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པར་སྣང་བྱེད་བློ་ལྡན་ཡིད་ཀྱི་པདྨོ་ཕྱེ་བ་མ་ཧཱ་པཎྜི་ཏ་ཆེན་པོར་གྱུར། གསུང་རྩོམ་ནི། གོང་གི་སྨན་གཞུང་དེ་དག་དང་། སྡོམ་གསུམ་རྣམ་ངེས་འགྲེལ་པ། མཛོད་འགྲེལ་པོད་གཉིས། རྗེ་སི་ཏུ་པཎ་ཆེན་ལ་སྙན་ངག་གི་ལམ་ནས་བསྟོད་པ་ཡིད་འོང་ལྕུག་ཕྲན་གཞོན་ནུ་སོགས་མཁས་པ་ཀུན་གྱིས་ལེགས་བཤད་དང་ཚད་མའི་ཡུལ་དུ་འཛིན་པའི་གསུང་རྩོམ་མང་། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྡོ་རྗེ་གྲགས་པ་དང༌། རྟ་མགྲིན་མགོན་པོ། སྨན་སློབ་འཚོ་བྱེད་ཚུལ་ཁྲིམས་འོད་གསལ་སོགས་མཁས་པའི་མཚན་གྱི་ཅོད་པན་དཔྱངས་པ་མཐའ་ཀླས། དེ་ལྟར་ཕྲིན་ལས་རྒྱས་པར་སྤེལ་ཏེ་མཐར་དགུང་ལོ་ང་བཞི་བཞེས་པ། ཕྱི་ལོ་ ༡༧༥༩ ལོར་རབ་བྱུང་བཅུ་གསུམ་པའི་ས་ཡོས་བོད་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་སྐུའི་བཀོད་པ་བསྡུས་སོ། །་ཚེས་བཅུ་གཅིག་ཉིན་སྐུའི་བཀོད་པ་བསྡུས་སོ། །)
  • Dictionaries/Monlam Grand/88148  + (ཀླུ་ཤིང་སྟེ། ཤིང་འདིའི་ཡལ་ག་ཕྲ་ཞིང་རིང་བའི་ལྕུག་མ་ཡིན་པས་ནའོ། །)
  • Dictionaries/Monlam Grand/100380  + (ཁ་སྣ་བསྡམས་ནས་དབུགས་བསྒགས་པའི་དོན།)
  • Dictionaries/Monlam Grand/3757  + (ཁམས་ཁུལ་ནས་ཐོན་པའི་ལྕུག་མས་བསླས་པའི་སྣོད་རུ་བཞི་ཅན་ཞིག་གི་མིང་།)
  • Dictionaries/Monlam Grand/4884  + (ཁོང་ཁྲོ་བའི་སྐབས་ཀྱི་གདོང་གི་རྣམ་འགྱུར་ཞིག་སྟེ་ཨམ་གཙིགས་བསྡམས་པ་དང་སྨིན་མ་བསྡུས་པ་སོགས་ཡིན།)
  • Dictionaries/Monlam Grand/27770  + (ཁོང་ནི་སྦྲང་ཡུལ་འོལ་ཁའི་ས་ཆ་འོད་བཟང་གྲོང་དཁོང་ནི་སྦྲང་ཡུལ་འོལ་ཁའི་ས་ཆ་འོད་བཟང་གྲོང་དུ། ཡབ་ཉང་འོད་བཟང་སྲད་ག་དང་། ཡུམ་འབའ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ས་སྟག་ ༡༤༥༨ ལོར་བལྟམས། དགུང་ལོ་ལྔ་དྲུག་ཙམ་ནས། རྒོད་ཕྲུག་ཆོས་རྗེའི་དངོས་སློབ་ཡོན་སྒོམ་ལས་རི་ཆོས་ཡོན་ཏན་ཀུན་འབྱུང་སོགས་གསན། སྐུ་ཆུང་དུས་ནས་ཡུམ་གཤེགས་ཤིང། འཁོར་བ་ལ་ཐུགས་སྐྱོ་སྟེ། བཅུ་དྲུག་ལ་གཞན་གྱི་ཟླ་ལ་ཙ་རིར་བྲོས། དེར་གྲུབ་ཆེན་ཆུ་བོ་རི་པ་ཀུན་དགའ་རྣམ་རྒྱལ་དང་མཇལ་ཏེ། རབ་བྱུང་བསྒྲུབས། མཚན་ཀུན་དགའ་བཟང་པོར་གསོལ། ལོ་གསུམ་གྱི་བར་བསྟེན་ཏེ། དབང་ཁྲིད་ལུང་བསམ་གྱིས་མི་ཁྱབ་པ་བསྩལ། བཅོ་བརྒྱད་པར། མཁས་གྲུབ་བསོད་ནམས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་གི་དྲུང་དུ་དགེ་ཚུལ་བཞེས། རྟོགས་ལྡན་བསོད་ནམས་བཟང་པོ། སྟག་ལུང་ངག་གི་དབང་པོ་དང་། ཆོས་རྗེ་དཔལ་འབྱོར་རྒྱ་མཚོ། གྲུབ་ཆེན་ཆུ་འཕུར་བ། ཆོས་རྗེ་ཤར་སྨད་པ། རྗེ་ནམ་མཁའ་བློ་གྲོས། རྗེ་བཙུན་མི་གཡོ་བ། པཎ་ཆེན་ཤཱཀྱ་མཆོག་སོགས་ལས་དབང་ཁྲིད་མང་དུ་གསན། རིན་པོ་ཆེ་བྲག་ལྕོག་པ་རིན་ཆེན་བཟང་པོ་ལས། ཤངས་ཆོས་སྐོར་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་རིགས་བདག་ཏུ་བཞེས། བླ་མའི་བཀའ་བཞིན་མི་ལའི་རྫོང་དྲུག། གངས་ཏི་སེ། བལ་ཡུལ་མཐིལ། རྒྱ་གར་ཕམ་མཐིང་ཚུན། ལོ་ཧྲིལ་པོ་ལྔའི་བར་བྱོན་བཞུགས་མཛད། ཉམས་རྟོགས་ཀྱི་རྩལ་རྒྱས། རྫུ་འཕྲུལ་དུ་མ་བསྟན། ཧེ་རུ་ཀའི་ཆས་སུ་ཞུགས་ཏེ། མངའ་རིས་སུ་ཕེབས། རྫོང་ཁ་རྒྱལ་པོའི་ཕོ་བྲང་དུ་ཐལ་བྱུང་བྱོན་རྐྱེན་སྐུ་ལ་མཚོན་ཆ་བསྣུན་ཀྱང་མ་ཟུག་ཅིང་། ཧར་གྱིས་བཞེངས་ཏེ། ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་བཞིན་བྲོ་འཁྲབས་པས། རྒྱལ་བློན་རྣམས་རབ་ཏུ་དད་ཅིང་། བསྙེན་བཀུར་ཕུལ། མཚན་དབུས་པ་སྨྱོན་པ་ཞེས་གྲགས་སོ། །སླར་རྒྱ་བལ་ཕྱོགས་སུ་བྱོན་ཏེ། དབང་ཕྱུག་སོགས་ཀྱི་རྟེན་ལ་བརྡུང་བཅོག་གིས་རྐྱེན་པས། མཚོན་བསྣུན་པ། མགུལ་ཐག་པས་བསྡམས་པ། སྐུ་ལུས་གསོན་པོར་བསྲེགས་ཀྱང་། ཞག་མ་ལོན་པར། སྐུ་གར་སྟབས་སུ་མཛད་ཅིང་། བཀྲག་མདངས་གཟི་བརྗིད་ཅན་བྱོན་པས། རྒྱ་བོད་ཐམས་ཅད་དུ་གྲུབ་ཐོབ་ཀྱི་གྲགས་པས་ཁྱབ། ཕྱིས་སུ་ནང་པ་དྲུང་ཆེན་གྱིས་ཐར་པ་གླིང་ཞེས་པའི་ཆོས་གཞིས་ཕུལ་ཏེ། དེར་སྒྲུབ་གྲྭ་བཙུགས་ཤིང་། འཁོར་སློབ་དཔག་ཏུ་མེད་པ་འདུས་པར་ཟབ་ཆོས་རྣམས་སྨར་ཁྲིད་དུ་བསྩལ། མཐར་དགུང་ལོ་དོན་ལྔ་པ་ ༡༥༣༢ ཆུ་འབྲུག་བོད་ཟླ་དགུ་པའི་ཚེས་བཅོ་ལྔ་ལ་བབ་པ་ན། ཞབས་རྡོར་སྐྱིལ། ཕྱག་མཉམ་བཞག་ངང་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །གདུང་ལ་ལྷ་སྐུ་དང་། རིང་བསྲེལ་ཁ་དོག་ལྔ་ལྡན་འཁྲུངས། སློབ་མ་ཡང་དབོན་སྲས་གདན་ས་པ། གཙང་སྟོད་རབ་འབྱམས་པ་ཉི་ཟླ་འབྲུག་གྲགས། མི་ཉག་རབ་འབྱམས་པ་དགེ་འདུན་དཔལ། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ། དུང་དཀར་རས་པ་ཀུན་དགའ་སྙིང་པོ། མཁར་ནག་རྟོགས་ལྡན་བསོད་ནམས་རྒྱལ་མཚན། རྫོང་དཀར་རས་ཆེན། གངས་དཀར་རས་ཆེན། སྟག་གཤེར་རས་པ། བ་ལོག་ཀུན་སྤངས། མགོན་ནག་ཆོས་མཛད། འཇིགས་མེད་རས་པ། སེང་གེ་རས་པ། རས་རྔ་རྟོགས་ལྡན། ཤཱཀྱ་ཆོས་འཕེལ། བློ་ལྡན་རྡོ་རྗེ་སོགས་ཉམས་རྟོགས་མཐར་ཕྱིན་པའི་བྱ་བྲལ་བ་ཤིན་ཏུ་མང་པོ་བྱུང་ངོ་། །ཕྱིན་པའི་བྱ་བྲལ་བ་ཤིན་ཏུ་མང་པོ་བྱུང་ངོ་། །)
  • Dictionaries/Monlam Grand/21224  + (ཁྱབ་འཇུག་གིས་ཀན་ས་གསོད་པའི་ཕྱིར་ཀྲིཥྞ་ལ་སྤཁྱབ་འཇུག་གིས་ཀན་ས་གསོད་པའི་ཕྱིར་ཀྲིཥྞ་ལ་སྤྲུལ་ནས་ནགས་གསེང་དུ་བསྡད་སྐབས། བ་ལང་སྐྱོང་བ་གཞན་དག་གིས་བདག་ཏུ་བཟུང་བའི་ཞོ་དང་འོ་མ་བརྐུས་ནས་འཐུང་བ་བ་ལང་སྐྱོང་མཁན་ཚོས་རིག་ནས་སྲུང་བའི་ཕྱིར་ཁོའི་སྐེད་པ་ནས་ཐག་པས་བསྡམས་ཏེ་ཤིང་གི་སྡོང་པོ་ཆེན་པོར་བཏགས་བཞག་པས། དཱ་མ་ད་ར་སྟེ་ཐག་པའི་ལྟོ་ཅན་ཞེས་པའི་མིང་ཆགས་པ་ཡིན།ར་སྟེ་ཐག་པའི་ལྟོ་ཅན་ཞེས་པའི་མིང་ཆགས་པ་ཡིན།)
  • Dictionaries/Monlam Grand/28373  + (ཁྲིམས་ཀྱི་དམ་རྒྱ་ལས་བརྒལ་མི་རིགས། ཁྲིམས་ཀྱི་དམ་རྒྱ་བསྡམས་པ།)
  • Dictionaries/Monlam Grand/3366  + (གང་ལས་སྡོམ་པ་ནོད་ཡུལ་གྱི་དགེ་འདུན་ལ་བཞི་ཡིགང་ལས་སྡོམ་པ་ནོད་ཡུལ་གྱི་དགེ་འདུན་ལ་བཞི་ཡི་གྲངས་ཚང་ཞིང༌། ༡ ཁ་སྐོང་གི་ཆོས་འགྲེང་བ་མིན་པ། ༢ བསྐོ་ལས་སོགས་ལ་བསྐོ་བྱའི་ཡུལ་མིན་པ། ༣འདུན་པ་ཡོངས་དག་སོགས་ཕུལ་བ་མིན་པ། ༤ ཕམ་པས་ཉམས་པ་མིན་པ། ༥ བསྙེན་པར་མ་རྫོགས་པ་མིན་པ། ༦ མཚམས་མེད་ལྔ་གང་ཡང་མ་བྱས་པ། ༧ ཆོས་མིན་ཕྱོགས་ཁས་ལེན་པའི་སྡིག་ལྟ་ཅན་མིན་པ་དང༌། ༨ སྤོ་མགུ་སྤྱོད་པ་སོགས་ས་གཞན་ན་གནས་པ་ཉེར་དྲུག་པོ་གང་རུང་མ་ཡིན་པ། ༩ ཆོས་ཕྱོགས་ཁས་མི་ལེན་པའི་ཐ་དད་དུ་གནས་པ་མིན་པ། ༡༠ བཤགས་བསྡམས་བརླབས་གསུམ་གང་ཡང་མ་བྱས་པའི་ཉེས་བྱས་ཡན་ཆད་དང་ལྡན་པའི་འཁྲུལ་བཅས་མིན་པ། ༡༡ དགེ་འདུན་དཀོན་མཆོག་ལས་གཞན་མིན་པ། ༡༢ བསྒྲུབ་བྱ་དང་མེ་ཆུ་ནམ་མཁའ་སོགས་ཀྱིས་བར་དུ་ཆོད་པའི་མཚམས་གཞན་མིན་པ། ༡༣ མཚན་མི་མཐུན་པ་མིན་པ། ཞེས་པ་ལྟར་གྱི་ཆོས་བཅུ་གསུམ་དང་ལྡན་པ་ཁ་སྐོང་པར་འོས་པའི་ཁྱད་ཆོས་དང༌། མཚམས་དེར་གཏོགས་ཀྱི་དགེ་སློང་ཁ་སྐོང་དུ་འོས་པ་མ་འདུས་པའི་མི་མཐུན་པ་དང༌། འདུས་པ་ཕྱིར་བཟློག་གི་མི་མཐུན་པ་མེད་པ་སྟེ། མི་མཐུན་པ་གཉིས་དང་བྲལ་བའི་ཁྱད་ཆོས་གསུམ་ཚང་བའི་དགེ་འདུན་ལས་ལེན་དགོས་པ་ཡིན་ནོ། །ུམ་ཚང་བའི་དགེ་འདུན་ལས་ལེན་དགོས་པ་ཡིན་ནོ། །)
  • Dictionaries/Monlam Grand/95002  + (གཉེན་ཡུལ་ཁྱུང་པོའི་རིགས་ལས་ཡབ་མགོན་པོ་ལེགསགཉེན་ཡུལ་ཁྱུང་པོའི་རིགས་ལས་ཡབ་མགོན་པོ་ལེགས་པ་དང༌། ཡུམ་དགོས་འཛོམས་ཞེས་པའི་སྲས་སུ། རབ་བྱུང་བཅུ་པའི་ས་ཡོས་ ༡༥༧༩ ལོར་འཁྲུངས། མཚན་ཀུན་བཟང་བཀྲ་ཤིས་བཏགས། དགུང་ལོ་བརྒྱད་ཙམ་ལོན་པའི་དུས། ཆོམ་རྐུན་མི་བསྲུན་པ་ལྷགས་ནས། གཅེན་ལ་མཚོན་བསྣུན། ཉིད་ཀྱི་མགུལ་བསྡམས་ཏེ་གསོད་རྩིས་བྱས་ཀྱང་དྲན་མེད་དུ་བརྒྱལ་བ་ཙམ་ལས་སྐྱོན་མ་བྱུང་ཞིང༌། དེ་དུས་སྣང་བ་ལ་བཙུན་ཆུང་མང་པོས་མཐའ་བསྐོར། མི་དཀར་པོ་ཞིག་འོང་ནས་ཁྱོད་རང་མ་ཎི་བགྲོངས་ཟེར་བའི་ཉམས་སྣང་བྱུང༌། དེས་རྐྱེན་བྱས་འཁོར་བ་ལ་ཡིད་ངེས་པར་འབྱུང་བས་བསྐུལ་ཏེ་ཆོས་ལ་བྱོན། རྒྱལ་བ་དཔག་བསམ་དབང་པོའི་དྲུང་དུ་གཙུག་ཕུད་ཕུལ་བར། མཚན་ཤེས་རབ་འབྲུག་རྒྱས་སུ་བཏགས། རྗེ་ལྷ་རྩེ་བ་ངག་དབང་བཟང་པོའི་སྤྱན་སྔར་ཕྱག་རྒྱ་ཆེན་པོའི་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་གསན། རྩོལ་བ་ཆེར་མ་དགོས་པར། ཐུགས་དམ་རྟོགས་པ་ཁྱད་པར་ཅན་འཁྲུངས། སེམས་དཔའ་རིན་ཆེན་དཔལ་བཟང་ལས། དགེ་བསྙེན་གྱི་སྡོམ་པ་དང༌། དགེ་ཚུལ་གྱི་བསླབ་ཚིགས་ཞུས། རྗེ་ངག་དབང་བཟང་པོ་ལས་བསྙེན་པར་རྫོགས་ཏེ། རྗེ་མི་ཕམ་བློ་གྲོས་ལས་ཀྱང་ཕྱག་ཆེན། ཆོས་དྲུག་སོགས་འབྲུག་སྐོར་དང་གདམས་ངག་མང་དུ་གསན། ཀོང་པོ་ཤེལ་སྟོད་ཀྱི་སྒྲུབ་སྡེར། ལོ་གསུམ་སྒྲུབ་པར་བཞུགས། མཚན་ལམ་དུ་མི་འཁྲུགས་པ་དང༌། རྗེ་བཙུན་ནཱ་རོ་པ། གྲུབ་ཐོབ་གླིང་རས་པ་དང་མཇལ་བ་བྱུང༌། ཙ་རི་ཏྲ་དང༌། ལྷ་ས། འབྲུག ར་ལུང༌། གངས་ཏི་སེ། ལ་སྟོད། སྐྱིད་གྲོང་སོགས་ཀྱི་གནས་རྣམས་མཇལ་བར་ཕེབས། ལྷ་ལུང་ཤར་དུ་བཞུགས་སྐབས། བསེར་མས་ཅུང་ཞིག་རིང་བརྒྱལ་སོང་ཡང༌། དྲན་པ་ཡེངས་མེད་དུ་འདུག་པས། དེས་འཆི་བ་ལ་མི་འཇིགས་པའི་གདེང་ཚད་རྙེད་པ་བྱུང་གསུང༌། དཀའ་སྤྱད་ཡུན་རིང་མཛད་པས། སྐུའི་ཉམས་ཤིན་ཏུ་ཞན། ཐེངས་ཤིག་རྩེ་ཆེན་དུ་དཔལ་འབྲུག་པ་ཡབ་སྲས་ལ། ཕྱག་འབུལ་བར་བྱོན་པའི་ཚེ། བླ་མའི་ཞལ་ནས། འདི་ཟོ་མདོག་དང་ཐུགས་དམ་གཉིས་ཀ། མི་ལ་རས་པ་དང་མཉམ་པ་ཡོད་ཅེས་བསྔགས་པ་མཛད། རྒྱལ་རྩེའི་སྐྱིད་སྦུག་བྱང་ཆུབ་བསམ་གླིང་གི་སྒྲུབ་སྡེར་བཞུགས་ཤིང༌། ལོ་གསུམ་འདག་སྦྱར་དང༌། དབུ་མཛད་གནང་བས། སྐྱིད་སྦུག་དབུ་མཛད་དུ་གྲགས། དེར་སྒྲུབ་པའི་བཅའ་སྒྲིགས་ལེགས་པ་དང་དགེ་སྦྱོར་འཕེལ་བར་རྗེ་ལྷ་རྩེ་བས་གསན་ཏེ། ཐུགས་ཤིན་ཏུ་དགྱེས་ཤིང༌། དྲུང་དུ་མཇལ་བའི་ཚེ། མར་པའི་ཤོག་དྲིལ་བཞི་པ། སྙན་རྒྱུད་ཡུམ་བཀའ་རྒྱས་པའི་དབང་དང་དེའི་རྣམ་བཤད། རྗེ་ཉིད་ཀྱི་བཀའ་འབུམ་གྱི་ལུང་སོགས་བསྩལ། །ཞལ་ནས། ཁྱེད་རང་ཡང༌། སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དབུ་མཛད་སྔོན་པོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཟེར་བའི་དུས་ཤིག་འོང༌། དེ་དུས་བཤད་ཆོག་གསུང༌། དེ་ནས་སྐྱིད་སྦུག་སོགས། ཕྱོགས་གང་སར་གདུལ་བྱ་མཐའ་ཡས་པ་ལ། འབྲུག་སྐོར་གཙོ་བོར་གྱུར་པའི་སྨིན་གྲོལ་རྒྱུན་མི་ཆད་པར་སྤེལ་བས། སྒམ་སྨྱོན་གྲུབ་པའི་དབང་པོ། ཕྱག་རྡོར་ནོར་བུ་སོགས་ཞལ་སློབ་མང་དུ་བྱུང༌། མཐར་སྐྱིད་སྦུག་བྱང་ཆུབ་བསམ་གཏན་གླིང་ཉིད་དུ་ང་བརྒྱད་པ་མེ་བྱི་ ༡༦༣༦ ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་གཤེགས་སོ། །སྐུ་གདུང་ལ་ལྷ་སྐུ་རིང་བསྲེལ་སོགས་མང་དུ་བྱུང་ངོ༌། །་ལ་ལྷ་སྐུ་རིང་བསྲེལ་སོགས་མང་དུ་བྱུང་ངོ༌། །)
  • Dictionaries/Monlam Grand/1575  + (གཟེར་བཏབ་པའམ་གཟེར་གྱིས་བསྡམས་པ།)
  • Dictionaries/Monlam Grand/10207  + (གཡང་རྫས་འཇུག་སྣོད་དམ། ནོར་གཡང་བསྒྲུབས་ཏེ་རྒྱ་བསྡམས་ཟིན་པའི་བུམ་པའི་མིང་།)
  • Dictionaries/Monlam Grand/93930  + (གལ་བསྡམས།)
  • Dictionaries/Monlam Grand/71353  + (གསང་སྔགས་ཀྱི་གཞུང་ནས་གསུངས་པའི་སྔགས་ཟློ་སྟགསང་སྔགས་ཀྱི་གཞུང་ནས་གསུངས་པའི་སྔགས་ཟློ་སྟངས་ཀྱི་བྱེ་བྲག་ཅིག་ཡིན། འདི་ལ་ནང་གསེས་སུ་ཡིད་བཟླས་ཙམ་དང་། འགོག་བཟླས། རྡོར་བཟླས། བུམ་ཅན་བཅས་སུ་གསུངས་ཏེ། འོད་གསལ་སྙིང་པོ་ལས། ཡིད་ཀྱིས་བཟླས་པ་དང་། ཤུབ་བུར་བཟླས་པ་དང་། དབྱངས་སུ་བཟླས་པ་གསུམ་ཡོད་པའི་དང་པོ། སྙིང་གར་སྔགས་ཕྲེང་དང་ས་བོན་དམིགས་ལ་དེར་རང་སྒྲ་སྒྲོགས་པའི་ཚུལ་དུ་ཡིད་ཀྱིས་ཡང་ནས་ཡང་དུ་བཟླ་བར་བྱ་བ་ལས་མཆུ་འགུལ་བ་སོགས་ཀྱི་རྩོལ་བ་མེད་པའོ། །དེའང་ཡིད་བཟླས་ཙམ་དང་། རླུང་དང་སྦྱར་ན་འགོག་བཟླས། རྡོར་བཟླས། བུམ་ཅན་གསུམ་ཡོད་པའི་དང་པོ་སྲོག་རྩོལ་འགོག་པའམ་བསྡམ་པའི་བཟླས་པ་ཞེས་བྱ་སྟེ། སྲོག་ནི་རླུང་དང་རྩོལ་བ་དྲན་པའམ་ཡིད་ཀྱི་རྒྱུ་བ་ཡིན་ལ། རླུང་གི་རྒྱུ་བ་དང་དྲན་རྩོལ་ཐམས་ཅད་ནང་དུ་བསྡམས་ཏེ་ཡིད་ཀྱིས་བཟླས་པས་ལུས་ངག་གི་རྩོལ་བ་ཤུགས་ཀྱིས་ཁེགས་ལ་ཡོན་ཏན་ཁྱད་པར་ཅན་འགྲུབ་བོ། །གཉིས་པ་རླུང་འབྱུང་འཇུག་གནས་གསུམ་སྔགས་དང་སྦྱར་ཏེ་དམིགས་པ་མ་ཡེངས་པར་བྱེད་པ་དང་། གསུམ་པ་སྦྱོར་བ་ལ་བཞི་དང་ལྡན་པའི་བུམ་ཅན་དང་སྦྲགས་ཏེ་ཡིད་བཟླས་བྱེད་པའོ། །ཞེས་གསུངས་སོ། །ྲགས་ཏེ་ཡིད་བཟླས་བྱེད་པའོ། །ཞེས་གསུངས་སོ། །)
  • Dictionaries/Monlam Grand/82019  + (གསར་དུ་དཔར་བའི་དཔེ་ཤོག་རྣམས་གཅིག་ཏུ་བསྡམས་ནས་ཁོད་སྙོམས་བྲད་བརྡར་བྱས་ཏེ་མཐའ་རྩི་འབྱུག་རྒྱུའི་གླེགས་བམ།)
  • Dictionaries/Monlam Grand/78181  + (གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་སྟེ། རགསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་སྟེ། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ཕྱི་ལོ་༡༧༨༠ལོར་ཨ་རིག་ཆུ་སྟོད་དུ་འཁྲུངས། དགུང་ལོ་བདུན་པར་ཀ་ཀོར་སྤྲུལ་སྐུའི་དྲུང་དུ་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས། བཅུ་གསུམ་པར་རྭ་རྒྱའི་ཆོས་གྲྭར་ཞུགས། ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་ལས་ཆོས་མང་པོ་གསན། དགུང་ལོ་ཉི་ཤུ་པ་ས་ལུག་ཕྱི་ལོ་༡༧༩༩ལོར་རྗེ་དེ་ཉིད་ལས་བསྙེན་པར་རྫོགས། དེ་ནས་རྭ་རྒྱའི་ཉེ་འཁོར་རྒོད་པོ་རྫོང་དུ་ཡུན་རིང་བཞུགས། མཚོ་སྙིང་དུ་ལོ་ངོ་གསུམ་དུ་སྐུ་མཚམས་བསྡམས། གསེར་ཁང་དུ་འདག་སྦྱར་གྱིས་ལོ་མཚམས་ཁ་ཤས་གནང་བས་གསེར་ཁང་བར་གྲགས། ཙོང་ཆུ་བྱང་རྒྱུད་ཀྱི་དགོན་སྡེ་མཆོད་རྟེན་ཐང་དང་། དགོན་ལུང་། གསེར་ཁོག་སོགས་སུ་ཕེབས་ཏེ་དབང་ལུང་སོགས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་མཛད། དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་ཕེབས། པེ་ཅིང་དུ་ཙན་དན་ཇོ་བོ་མཇལ། སྤྱིར་རྗེ་འདིར་མདོ་སྨད་ལྷོ་བྱང་གི་བཤད་སྒྲུབ་ཀྱི་སྡེ་མང་པོ་དང་གོང་མའི་རྒྱལ་ཁབ་ཡན་ཞབས་ཀྱིས་བཅགས་ཏེ་ཐུབ་བསྟན་སྙིང་པོ་རྗེ་བླ་མའི་ལུགས་བཟང་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་སྤེལ་བའི་མཛད་རྗེས་མཆོག་ཏུ་ཆེའོ། །རབ་བྱུང་བཅུ་བཞི་པའི་ས་སྤྲེལ་ཕྱི་ལོ་༡༨༤༨ལོར་སྐུ་གཤེགས།་བཞི་པའི་ས་སྤྲེལ་ཕྱི་ལོ་༡༨༤༨ལོར་སྐུ་གཤེགས།)
  • Dictionaries/Monlam Grand/13548  + (གསེར་གྱི་གར་བུའམ། ལེབ་ལྕུག་ལྟ་བུའི་དབྱིབས་རྡོག་པོ་ཅན་གྱི་མིང་།)
  • Dictionaries/Monlam Grand/13993  + (གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་བ། ཞེསགུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཀྱེ་མ་དུས་ཀྱི་སྙིགས་མ་ལྔ་བཅུ་ཁ་རལ་དུས༔ སངས་རྒྱས་བསྟན་པ་དར་ལ་མ་སྨིན་པས༔ གསང་སྔགས་ཟེར་ཞིང་བཅོས་མའི་ཆོས་ཀྱིས་གང༔ ལྟར་སྣང་ལེགས་ཀྱང་གྲུབ་རྟགས་ཐོན་མི་མེད༔ ད་ལྟའི་དུས་ན་རྒྱ་འགྱུར་མ་འཆུགས་པ༔ པདྨའི་ཐུགས་གཏེར་ཡིན་གྱི་ཉམས་སུ་ལོངས༔ སྐལ་ལྡན་ལས་ཅན་གཅིག་དང་ཕྲད་ནས་ཀྱང༔ གསང་སྔགས་མི་ནུབ་བསྟན་པ་མཐའ་རྒྱས་ཤོག༔ མཁར་ཆུ་དཔལ་གྱི་ཕུག་རིང་ཨ་ཐམ་རྒྱ༔ ཞེས་པའི་ལུང་བསྟན་ལྟར། གཏེར་ཆེན་རཏྣ་གླིང་པས་བྱི་བའི་ལོ་ལ་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། ལོ་བཅུ་བཀའ་རྒྱ་བསྡམས་ནས་བྱའི་ལོ་ལ་ས་བདག་རྒྱལ་པོའི་ཕོ་བྲང་སྣེ་གདོང་དུ་ཤོག་སེར་ཞེང་འཁྱུད་གང་། དཀྱུས་སུ་མཐོ་གསུམ་པ་གཅིག་ལ་ཞལ་བཤུས་པའི་ཡི་གེ་པ་ནི་རྗེ་ཉིད་ཀྱི་སྲས་དག་ཆེན་བཟང་པོས་བགྱིས་པའོ། །ཞེས་གསལ། འདིའི་ནང་དོན་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་དྲག་སྒྲུབ་ཐམས་ཅད་ཀྱི་ཡང་སྙིང་ཐུགས་ཀྱི་ཏི་ཀ་གསང་བའི་ཡང་ཞུན་ཉམས་སུ་ལེན་པའི་རིམ་པ་བསྟན།་གསང་བའི་ཡང་ཞུན་ཉམས་སུ་ལེན་པའི་རིམ་པ་བསྟན།)
  • Dictionaries/Monlam Grand/69276  + (གོས་རློན་ལག་པ་སོགས་ཀྱིས་དམ་པོར་བསྡམས་ནས་ནང་གི་གཤེར་ཁུ་ཕྱིར་བཏོན་པའི་དོན།)
  • Dictionaries/Monlam Grand/93359  + (གྲང་དམྱལ་བརྒྱད་ཀྱི་ནང་གསེས་ཤིག་སྟེ། གྲང་བའི་ཟུག་རྔུ་བསྲན་མི་བཟོད་པར་ལུས་འདར་ཞིང་། སོ་ཐམ་ཐམ་དུ་བསྡམས་པའི་སྡུག་བསྔལ་ཡོད་སའི་དམྱལ་གནས་ཤིག)