Property:TibetanDefinition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 250 pages using this property.
D
(ལེགས་སྦྱར) 1 ལེགས་སྦྱར་གྱི་ༀ་ནི་གུས་འདུད་དང་ཕྱག་འཚལ་བ་མཚོན་བྱེད་ཀྱི་ཡི་གེ་ཞིག་སྟེ། ལེགས་སྦྱར་གྱི་ प्रणमः “པྲ་ཎ་མཿ” ཞེས་པ་རབ་སྔགས་ཏེ་ཕྱག་འཚལ་བ་དང་ༀ་ཡིག་གི་དོན་ཡིན་པར། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་གསུངས་པ་ལྟར་དང་། བོད་པས་བཀྲ་ཤིས་བདེ་ལེགས་ཟེར་བའི་ཚོད་དུ་རྒྱ་གར་བ་རྣམས་འཚམས་འདྲི་བྱེད་ཚེ་པྲ་ཎམ་ཞེས་བརྗོད་པ་གུས་འདུད་དང་ཕྱག་འཚལ་བ་མཚོན་བྱེད་རེད། ཡང་། སྣར་ཐང་ལོ་ཙཱའི་སྔགས་ཀྱི་བཀླག་ཐབས་སུ། ༀ་ནི་བཀྲ་ཤིས་པ་དང་གཡང་གི་དོན་དུ་བཤད་ཡོད། དཔལ་དུས་ཀྱི་འཁོར་ལོའི་ས་གར་དང་མཆོད་གར་གྱི་སྔགས་དོན་བརྡ་བཀྲོལ་ཁུངས་ལྡན་བདུད་རྩིའི་ཟེགས་མ་ལས་ཀྱང་། ༀ་ནི་སྔགས་ཀྱི་འགོ་འདྲེན་དང་བསྒྱུར་ན་རབ་སྔགས་སམ་སྲུངས་ཤིག་ཅེས་པའི་དོན་ཡིན་པར་བཤད། 2 ཡང་། འདི་ལ་ནོར་བུ་འཛིན་པའི་སྔགས་ཞེས་ཀྱང་ཟེར། ༀ་ལ་ཨ་ཨུ་མ་གསུམ་ (འདི་ཅུང་ཟད་གོ་དཀའ་བའི་རྒྱུ་མཚན་ནི། བོད་ཡིག་ལ་ཨཱ་ལི་སྲོག་ཞུགས་ཀྱི་རྣམ་གཞག་མ་མཛད་པས། དེ་ནི་ལེགས་སྦྱར་གྱི་དབང་དུ་བྱས་པ་སྟེ། སི་ཏུ་འགྲེལ་ཆེན་གྱི་དབུར། ལེགས་སྦྱར་ལྟར་ཨ་ཨི་འདུས་པས་ཨེ་སོགས་སུ་འགྱུར་བར་ཁས་ལེན་དགོས་པའི་སྐྱོན་ཡང་ཡོད་པའི་ཕྱིར་རོ། །ཞེས་གསུངས་པས་ཤེས་པར་འགྱུར་ཏེ། དཔེར་ན་ཨ་དང་ཨུ་འདུས་པ་ལས། ཨོ་ཞེས་གྲུབ། ཨ་དང་ཨི་འདུས་པས། ཨེ་ཞེས་གྲུབ་པ་ལྟ་བུའོ) འདུས་པས། སྐུ་གསུང་ཐུགས་གསུམ་མཚོན། དེ་གསུམ་གཅིག་ཏུ་གྱུར་པའི་ༀ་གྱིས་རྡོ་རྗེ་གསུམ་དབྱེར་མེད་མི་ཕྱེད་པ་མཚོན། སྔགས་དེའི་མཚོན་དོན་དྲན་པའི་སྒོ་ནས་ངག་ཏུ་བརྗོད་ན་བསོད་ནམས་མང་དུ་སྡུད་པས་ནོར་བུ་འཛིན་པའི་སྔགས་ཞེས་བརྗོད་དེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་དང་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་གསུངས་པ་ལྟར་རོ། །ཡི་གེ་གསུམ་པོ་རྡོ་རྗེ་གསུམ་དུ་འཇོག་ཚུལ་སྐལ་ལྡན་གྲགས་པས། ཨ་མི་བསྐྱོད་པ། ཨུ་སྣང་མཐའ། མ་རྣམ་སྣང་དུ་བཞེད། ལོ་ཙཱ་བ་འགའ་ཞིག་གིས། ཨ་དྷེ་ཧ་ཙ་ལུས། ཨ་ཙ་ར་ངག ཨཾ་མན་ཙ་ཡིད་དུ་འདོད་ཅེས་རྗེ་བདག་ཉིད་ཆེན་པོས་གསུངས་སོ། །ཞེས་དཔལ་དུས་ཀྱི་འཁོར་ལོའི་ས་གར་དང་མཆོད་གར་གྱི་སྔགས་དོན་བརྡ་བཀྲོལ་ཁུངས་ལྡན་བདུད་རྩིའི་ཟེགས་མ་ལས་གསུངས་སོ། །3 ཡང་། བཀྲ་ཤིས་པ་དང་གཡང་གི་དོན་ཡིན་པར་སྣང་ཐང་ལོ་ཙཱ་བ་གསུང་། འདི་འདོན་པ་རྣམས་ལ་བཀྲ་ཤིས་པ་སྟེ་བར་ཆད་མི་འབྱུང་ཞིང་། མངོན་པར་འདོད་པའི་དོན་འགྲུབ་པར། མཚོ་ཊཱིཀ་ན་གསལ། ཡི་གེ་འདི་དང་ཨ་ཐ་ཞེས་པ་གཉིས་སྔོན་ལྷ་ཚངས་པའི་ཁུར་ཚོས་བརྡོལ་ཏེ་བྱུང་ཚུལ་ཡང་དེའི་ཐད་དུ་གསལ། ས་བཅུ་པའི་གཟུངས། རྒྱུད་༼ ཙ་པ ༽༥༩བ༦ལས། གསང་སྔགས་ༀ་ཞེས་བྱ་བ་དྲན་ནས་ཚེ་འཕོས་པ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །  
(ལེགས་སྦྱར) རྒྱལ་བ་ཀུན་གྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དམ་རྡོ་རྗེ་གསུམ་གྱི་ཡོན་ཏན་ཆེན་པོ་ཚད་མེད་པས་ལྕི་ཞིང་གང་བ་རྒྱལ་དབང་པདྨ་ཞེས་བོས་ནས་བདག་ལ་མཆོག་གི་དངོས་གྲུབ་སྐུ་གསུམ་ཆེན་པོའི་གོ་འཕང་སྩོལ་ཅིག་ཅེས་པའི་དོན། དེ་ལ་ༀ་ཨཱཿཧཱུྃ་ནི་སྐུ་གསུམ་གྱི་ས་བོན་དང༌། བཛྲ་ནི་རྡོ་རྗེ། གུ་རུ་ནི་བླ་མ་སྟེ་གུ་ཎ་ཡོན་ཏན་ལ་དང་ལྕི་བ་ལ་འཇུག་པས་ཡོན་ཏན་གྱི་ཁུར་གྱིས་ལྕི་བས་བླ་མ་དང༌། པདྨ་ནི་དྷ་ན་ཀོ་ཤའི་མཚོ་གླིང་དུ་པདྨའི་སྦུབས་ལས་འཁྲུངས་པས་སམ་གསུང་པདྨའི་རིགས་ཡིན་པས་པདྨ་འབྱུང་གནས་ཞེས་མཚན་གསོལ། དོན་ནི་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་ལྟར་གདུལ་བྱའི་དོན་སྣ་ཚོགས་མཛད་ཀྱང་འཁོར་བའི་ཉེས་པས་མ་གོས་པའོ། །སིདྡྷི་ནི་དངོས་གྲུབ་དང༌། ཧཱུྃ་ནི་ཧ་ཨུ་མ་གསུམ་འདུས་པ་སྐུ་གསུམ་གྱི་ཡི་གའོ། །གཞན་ཡང༌། ༀ་ཨཱཿཧཱུྃ་རྡོ་རྗེ་གསུམ་གྱི་ས་བོན་གྱིས་ཐོག་དྲངས་ཏེ། བཛྲ་ནི་མཚན་རྟོག་གི་སྤྲོས་པས་མི་ཕྱེད་པའི་ཕྱིར་ཆོས་ཀྱི་སྐུ་དང༌། གུ་རུ་ནི་དེའི་ངང་ལས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་ཡོན་ཏན་གྱི་ཁུར་གྱི་ལྕི་བས་ན་ལོངས་སྐུ། པདྨ་ནི་དེའིང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིག་མདངས་གསུང་པདྨའི་རིགས་སུ་ཤར་བས་ན་སྤྲུལ་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་རྒྱན་ཆེན་པོའི་ཡོན་ཏན་རྗེས་སུ་དྲན་པས། སེམས་ཀྱི་གཤིས་སྤྲོས་པ་དང་བྲལ་བའི་རང་རྩལ་མོས་གུས་དུང་ངེ་བའི་གསོལ་བ་གདབ་ཅིང༌། དེ་ལྟར་གསོལ་བ་བཏབ་པའི་མཐུས་སིདྡྷི་སྟེ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཧཱུྃ་ཞེས་བདག་གི་ཤེས་རྒྱུད་ལ་དུས་ད་ལྟ་ཉིད་དུ་སྩོལ་ཅིག་ཅེས་པའོ། །ཞེས་རྙིང་མའི་གཞུང་ན་གསལ་བ་ལྟར་རོ། །  +
(ལེགས་སྦྱར) དམ་ཅན་ཆོས་རྒྱལ་གྱི་མིང་།  +
1 མརྒད། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༤༢བ༣ལས། རྡོའི་སྙིང་པོ་ཞེས་བྱ་བ་ནི་མརྒད་དོ། །ཞེས་གསུངས་ཤིང་། དེའི་དམར་དགེ་བཤེས་ཀྱི་སྨན་གཞུང་དྲི་མེད་ཤེལ་ཕྲེང་དང་། བོད་རྒྱ་ཚིག་མཛོད་ཆེན་མོར་ཡང་དེ་བཞིན་གསལ།  +
2 རིན་པོ་ཆེ་ཨ་སྨ་གརྦྷ་ཞེས་བྱ་བ་ལ་རིགས་གཉིས་ཏེ། ཨ་སྨ་གརྦྷ་དང་། དྲུ་མ་ཨ་སྨ་གརྦྷའོ། ། ཨ་སྨ་གརྦྷ་ནི་མདོག་ཤིན་ཏུ་གནག་པ་ལ་འོད་ཟེར་ཤིན་ཏུ་དམར་བ་འབྱུང་། དྲུ་མ་ཨ་སྨ་གརྦྷ་ནི་སྔ་མ་དང་འདྲ་བ་ལ་འོད་ཅུང་ཞིག་གསལ་བའོ། །འདི་གཉིས་ཆུ་ནང་གི་རྡོ་ལས་སྐྱེས་པའི་ཚུལ་དུ་འབྱུང་བས་ཨ་སྨ་གརྦྷ་སྟེ་བོད་སྐད་དུ་རྡོའི་སྙིང་པོ་ཞེས་བྱ། ཡུལ་སིངྒ་ལྡ་གན་སཽ་རཱཥྚ་རྣམས་ནས་འབྱུང་ལ། གོང་ཚད་ནི་སྔ་མ་ལ་དངུལ་གྱི་དོ་སྐོར་ཕྱི་མ་ལ་བརྗེ་བོ་བྱེད་པའོ། །ཞེས་དྲི་མེད་ཤེལ་ཕྲེང་༩༠ལས་བཤད་དོ། །  +
3 རྒྱ་མཚོ་ནས་ཐོན་པའི་རྡོ་རྨུག་པོ་ཞིག་ཡོད་པར་གྲགས། དངུལ་ཆུ་དྷརྨ་བྷ་དྲ་གསུང༌།  +
4 སློབ་དཔོན་ཡང་དག་བདེན་པས། རྡོའི་སྙིང་པོ་ནི་ཁ་དོག་དམར་པོའོ། །ཞེས་གསུངས།  +
5 བོད་ཀྱི་གབ་ཚིག་ཏུ་དངུལ་ལ་རྡོའི་སྙིང་པོ་ཟེར། ཞེས་དྲི་མེད་ཤེལ་ཕྲེང་༩༠ལས་གསུངས།  +
རྡོ་རྗེས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས། དྲིལ་བུས་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན། རྒྱས་པར་བཤད་ན། རྡོར་དྲིལ་གྱིས་བསྐྱེད་རྫོགས་ཀྱི་ལམ་ཡོངས་རྫོགས་མཚོན་པ་ཡིན་ཏེ། (དང་པོ་བསྐྱེད་རིམ་གྱི་ལྷ་ཡི་དཀྱིལ་འཁོར་མཚོན་ཚུལ་ལ) ༼ ཐོག་མར་རྡོ་རྗེའི་མཚོན་དོན་ནི ༽ རྡོ་རྗེས་རྡོ་རྗེ་སེམས་དཔའ་དང་། དྲིལ་བུས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་མཚོན། ཞིབ་ཏུ་བཤད་ན། རྡོ་རྗེ་ལྟེ་བས་རྡོ་རྗེ་སེམས་དཔའ། སྟེང་རྭ་ལྔས་རྣམ་སྣང་སོགས་ལྔ་སྟེ། དབུས་རྭས་རྣམ་སྣང་། ཤར་རྭས་མི་བསྐྱོད་པ། ལྷོ་རྭས་རིན་འབྱུང་། ནུབ་རྭས་འོད་དཔག་མེད། བྱང་རྭས་དོན་གྲུབ་བཅས་མཚོན་ནོ། ། (གཉིས་པ་རྫོགས་རིམ་གྱི་ལམ་མཚོན་ཚུལ་ལ) རྡོ་རྗེའི་རྩེ་མོ་ལྔས་ཡེ་ཤེས་ལྔ་ཡང་མཚོན་པར་གསུངས་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་ཞེས་གསུངས་པ་ལྟར་རོ། །སྟེང་གི་པད་འདབ་བརྒྱད་ཀྱིས་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་བྱམས་པ་སོགས་སེམས་དཔའ་བརྒྱད། (བྱང་ཆུབ་སེམས་དཔའ་བརྒྱད་ནི། པཎྜི་ཏ་སྨྲ་ཏི་ཛྙཱ་ན་ཀཱི་རྟིས་མཛད་པའི་དེ་ཁོ་ན་ཉིད་དྲུག་རྣམ་པར་བཞག་པ་ལས། དེ་འོག་པདྨ་འདབ་བརྒྱད་ལ། །བྱང་ཆུབ་སེམས་བརྒྱད་ཤེས་བྱ་སྟེ། །པདྨའི་ཕྱག་ (འདི་སྤྱན་རས་གཟིགས་ཡིན) དང་བྱམས་པ་དང་། །ནམ་མཁའ་མཛོད་དང་ཀུན་བཟང་། །ཕྱག་ན་རྡོ་རྗེ་འཇམ་དཔལ་དང་། །སྒྲིབ་སེལ་དང་ནི་ས་སྙིང་པོ། །ལྷ་རྣམས་བརྒྱད་པོ་འདི་དག་ནི། །ཇི་བཞིན་ཕྱོགས་སུ་བསྒོམ་པ་ཡིན། །ཞེས་གསུངས་པ་ལྟར་རོ) འོག་རྭ་ལྔས་མཁའ་འགྲོ་སྡེ། འོག་གི་པད་འདབ་བརྒྱད་ཀྱིས་སྒོ་མ་བཞི་དང་། སྐུལ་བྱེད་མ་སོགས་བཞི་སྟེ་ལྷ་མོ་བརྒྱད་མཚོན་ནོ། །རྡོ་རྗེ་ལ་དབྱེ་ན། རྡོ་རྗེ་རྩེ་གཅིག་པ་དང་། རྩེ་གཉིས་པ། རྩེ་གསུམ་པ། རྩེ་ལྔ་པ། རྩེ་དགུ་པ། སྣ་ཚོགས་རྡོ་རྗེ། རྒྱན་གྱི་རྡོ་རྗེ་རྣམས་སུ་ཡོད། (རྒྱན་གྱི་རྡོ་རྗེ་ནི། རྒྱན་གྱིས་ཅི་མཛེས་སུ་བྱས་པའི་རྡོ་རྗེ་ལ་ཟེར། འདི་རྒྱན་ཆས་བརྒྱན་པའི་རྡོ་རྗེ་ལ་ཟེར་བ་ཡིན་འདུག་སྙམ) ཡང་རྡོ་རྗེ་ལ་དབྱེ་ན། ཁྲོ་བོའི་རྡོ་རྗེ་དང་། (ཁྲོ་བོའི་རྡོ་རྗེ་ནི། རྡོ་རྗེ་ནག་པོ་རྭ་རྩེ་རྣམས་སོ་སོར་གདེངས་པའི་རྡོ་རྗེ་ལ་ཟེར) ཞི་བའི་རྡོ་རྗེ་གཉིས་སུ་ཡོད། (ཞི་བའི་རྡོ་རྗེ་ནི། ནམ་རྒྱུན་ཡོངས་གྲགས་ཀྱི་རྡོ་རྗེ་ལ་ཟེར) ༼ དྲིལ་བུའི་མཚོན་དོན་ནི ༽ དྲིལ་བུའི་སྟེང་གི་རྭ་ལྔའི་མཚོན་དོན་ནི་རྡོ་རྗེ་དང་འདྲ་ལ། དྲིལ་བུའི་ཞལ་གྱིས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་ལྷ་མོའི་རྣམ་པར་ཤར་བའི་ཤེས་རབ་མ་དེ་མཚོན། དེའི་འོག་གི་བདུད་རྩིའི་བུམ་པས་བདེ་བ་དང་སྟོང་པ་དབྱེར་མེད་ཕྱེད་པ་མཚོན། དེང་སང་དྲིལ་བུ་ཕལ་མོ་ཆེར་དྲིལ་ཞལ་གྱི་འོག་ཏུ་བུམ་པའམ་བུམ་པའི་དོད་བུག་པ་མི་སྣང་བ་ནི་ཆད་སྐྱོན་ཡིན། བུམ་པའི་དོད་དུ་བུག་པ་ཡོད་པའི་དྲིལ་བུ་ལ་ཕྱི་དྲིལ་ཟེར། ཕྱི་དྲིལ་ནི་ཡོ་གའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པར་བཤད། དེའི་འོག་གི་དབྱུ་གུས་འབྲས་དུས་ཀྱི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་མཚོན། པད་འདབ་ལ་གནས་པའི་ཡི་གེ་བརྒྱད་ཀྱིས་ཡུམ་བཞི་དང་ནོར་རྒྱུན་མ་སོགས་བཞི་སྟེ་ལྷ་མོ་བརྒྱད་མཚོན། (ལྷ་མོ་བརྒྱད་ནི། ༡ ཤར་དུ་ (ལྃ) ལོ་ཙ་ནཱ། སྤྱན་མ། ༢ ཤར་ལྷོར་ (བྃ) བ་སུ་དྷ་རི། ནོར་རྒྱུན་མ། ༣ ལྷོར་ (མྃ) མཱ་མ་ཀི། བདག་ཉིད་མའམ་སྙེམས་མ། ༤ ལྷོ་ནུབ་ཏུ་ (ཙུྃ) ཙུནྡ། སྐུལ་བྱེད་མ། ༥ ནུབ་ཏུ་ (པྃ) པཎྡ་རཱ་ཝ་སི་ནི། གོས་དཀར་མོ། ༦ ནུབ་བྱང་དུ་ (བྷྲིཾ ) བྷྲི་ཀུཊེ། ཁྲོ་གཉེར་ཅན་མ། ༧ བྱང་དུ་ (ཏྃ) ཏཱ་ར། སྒྲོལ་མ། ༧ ༨ བྱང་ཤར་ཏུ་ (མྃ) མཱ་ལི་ནཱི། ཕྲེང་བ་མ་བཅས་སོ། །ལྷ་མོ་བརྒྱད་པོ་དེ་དག་གི་མིང་ཡིག་དང་པོ། ལ། བ། མ། ཙུ། པ། བྷྲི། ཏ། མ། བཅས་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པ་ནི། ཐིག་ལེས་སྟོང་པ་ཉིད་དང་། ཟླ་ཚེས་ཀྱིས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པས། ངེས་དོན་དུ་ལྷ་མོ་དེ་དག་བདེ་སྟོང་གི་ཡེ་ཤེས་ཉིད་ལྷ་མོའི་གཟུགས་སུ་ཤར་བར་མཚོན་པའམ་གོ་བའི་ཆེད་དུ་ཡིན་ནོ། །དེས་སྐབས་གཞན་དུའང་རིགས་འགྲེའོ། ། <རྡོར་ཕྲེང་དང་མན་སྙེའི་ལུགས་ནི> (མན་ངག་སྙེ་མ་ནི། སཾ་བུ་ཊའི་འགྲེལ་པ་ཡིན་ཞིང་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་ཅེས་བུ་སྟོན་ཆོས་འབྱུང་ན་གསལ) ས་བོན་བརྒྱད་པོ་རྣམས་གཡས་སྐོར་དང་། ཤེས་རབ་མའི་གདོང་སྟེ་དྲིལ་བུའི་ཞལ་དང་། ལྃ། དེའི་འོག་གི་འཁོར་རྣམས་ཐད་ཀར་འཁེལ་བ་དགོས་ཤིང་། རྒྱུ་མཚན་ནི་དེ་དག་ཡབ་ཡུམ་དུ་གོ་བའི་ཆེད་དུ་ཡིན་པར་སྙམ། <སཾ་བུ་ཊའི་ལུགས་ནི> (སཾ་བུ་ཊ་ནི། རྒྱུད་མང་པོའི་བཤད་རྒྱུད་ཐུན་མོང་བ་ཡིན་པར། ཀུན་མཁྱེན་བུ་སྟོན་གསུང་། བདེ་དགྱེས་གཉིས་ཀའི་ཐུན་མོང་བའི་བཤད་རྒྱུད་ཡིན་པར། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གསུང་ངོ) ས་བོན་བརྒྱད་རིམ་བཞིན་གཡོན་སྐོར་དང་། ཤེས་རབ་མ་ཡི་གདོང་པ་དང་། ཏཾ་ཡིག་དང་། འཁོར་ལོ་གསུམ་ཐད་ཀར་འཁེལ་བ་དགོས། པད་འདབ་བརྒྱད་ཀྱི་འོག་ཏུ་ཆུ་སྲིན་གྱི་ཁ་ནས་ཐོན་པའི་དྲ་བའི་ཁུག་པའོ། །དྲ་བའི་ཁུག་པ་དང་པད་འདབ་གཉིས་ཐད་ཀར་བབས་པ་བྱ་དགོས་པར་གསུངས། བར་དུ་དྲ་བ་ཕྱེད་པས་བརྒྱན་པ། དྲ་ཁུག་བརྒྱད་ལ་གཤེགས་པ་བཞི་དང་། (གཤེགས་པ་བཞི་ནི། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ་དང་བཞིའོ། །དེ་དག་མཚོན་པའི་མཚན་མ་བཞི་ནི། རིམ་པ་བཞིན་འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི་དང་བཞིའོ) གཤེགས་མ་བཞིའི་ཕྱག་མཚན་བཀོད། (གཤེགས་མ་བཞི་ནི། སྤྱན་མ། མཱ་མ་ཀི། གོས་དཀར་མོ། སྒྲོལ་མ་དང་བཞིའོ། །དེ་དག་མཚོན་པའི་མཚན་མ་བཞི་ནི། སྤྱན། རྡོ་རྗེ། ཨུཏྤལ། སྣ་ཚོགས་རྡོ་རྗེ་དང་བཞིའོ) དྲིལ་བུའི་ནང་ཆོས་འབྱུང་གཅིག་བྲིས་ན་ལེགས་ཤིང་། ཆོས་འབྱུང་སྣོལ་མ་འབྲི་བ་དང་ༀ་ཨཱ་ཧཱུྃ་འབྲི་བ་ཚད་ལྡན་གྱི་གཞུང་གང་ནས་ཀྱང་མ་བཤད་པར་གསུངས། དྲིལ་བུ་ལ་དབྱེ་ན། སྤྱིར་དྲིལ་བུ་ལ་ཕྱི་དྲིལ་དང་ནང་དྲིལ་གཉིས་ཀྱི་ཐ་སྙད་སྔ་རབས་པ་རྣམས་མཛད་ལ། ཕྱི་དྲིལ་ནང་དྲིལ་ཞེས་པ་ནི། ཡོ་གའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པའི་དྲིལ་བུ་ལ་ཕྱི་དྲིལ་དང་། དུས་འཁོར། སྡོམ་འབྱུང་། སཾ་བུ་ཊ་ནས་བཤད་པ་ལ་ནང་དྲིལ་ཞེས་བྱ། དེ་གཉིས་ཀྱི་ཁྱད་པར་ནི། རྩེ་ལྔ་དང་རྩེ་དགུ་གང་ཡིན་ཀྱང་རྭ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པ་མ་ཡིན་པར་པདྨ་ལ་གནས་པ་དང་། མཐར་རྭའི་རྩེ་རྣམས་དབུས་རྭ་དངོས་ལ་མ་ཐུག་པར་དབུས་རྭའི་པདྨ་འཁོར་ལོ་ལ་སོགས་པའི་མཚོན་བྱེད་ཀྱིས་བསྐོར་བ་ལ་ཟུག་ཅིང་། རྭ་རྣམས་པ་དི་རའིཚེར་མ་ལྟར་རྣོ་ཞིང་ཟུར་དང་ལྡན་པ་མིན་པར་ཟླུམ་པོར་གནས་པ་དང་། དྲིལ་བུའི་ཚངས་མགོའི་འོག་ཏུ་བུམ་པའི་དོད་དུ་བུག་པ་ཡོད་པ་དང་། རྫ་མར་གྲགས་པའི་སྟེང་གི་པད་འདབ་ཀྱི་ཤར་དུ་སྤྱན་མའི་ས་བོན་ནམ་ཕྱག་མཚན་ཡོད་པ་རྣམས་ཕྱི་དྲིལ་ཡིན་ལ། དེ་ལས་བཟློག་ཅིང་སྒྲོལ་མའི་ས་བོན་ནམ་ཕྱག་མཚན་ཡོད་པ་ནི་ནང་དྲིལ་ཡིན་པར། སྟག་ཚང་ལོ་ཙཱ་བས་གསུངས་པར་བཤད། ཡང་ན་རྡོ་རྗེ་སེམས་དཔའི་དྲིལ་བུ། (བ་ལང་ཁའམ་ཆུ་སྲིན་གྱི་ཁའི་མུ་ཏིག་ཕྲེང་བ་གཉིས་ཀྱི་བར་དུ་རྡོ་རྗེ་ཕྲེང་བས་བསྐོར་བའི་དྲིལ་བུ་ལ་ཟེར) དཔའ་བོའི་དྲིལ་བུ། (དྲ་བ་དྲ་ཕྱེད་ཀྱི་རྒྱན་མེད་པའི་དྲིལ་བུ་ལ་ཟེར) དེ་བཞིན་གཤེགས་པའི་དྲིལ་བུ་རྣམས་སུ་ཡོད། (ཆུ་སྲིན་གྱི་ཁའི་མུ་ཏིག་གི་ཕྲེང་བ་གཉིས་ཀྱི་བར་དུ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲིའི་ཕྲེང་བས་བསྐོར་བའི་དྲིལ་བུ་རྩེ་མོ་ལྔ་པ་ཅན་ལ་རིམ་པ་བཞིན། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ་བཅས་ཀྱི་དྲིལ་བུའམ། དེ་བཞིན་གཤེགས་པའི་དྲིལ་བུ་ཟེར) རྫོགས་རིམ་གྱི་ལམ་མཚོན་ཚུལ་ལ། རྡོ་རྗེའི་མཚོན་དོན་ནི། རྡོ་རྗེས་སྒྲུབ་པ་པོ་དང་། དེའི་གསང་བའི་རྡོ་རྗེ་གཉིས་ཀ་མཚོན། རྡོ་རྗེའི་རྭ་ལྔས་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ལྡོག་པ་ཕྱེ་ན་ཡེ་ཤེས་ལྔ་ཡོད་པར་མཚོན། རྭ་དེ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པ་དེས་སྙིང་རྗེས་སེམས་ཅན་མི་གཏོང་བ་མཚོན། དེའི་འོག་གི་ཉི་གདན་གྱིས་གཏུམ་མོའི་མེ་འབར་བ་མཚོན། དེའི་འོག་གི་པདྨས་འཁོར་ལོ་བཞིའམ་དྲུག་གི་རྩ་འདབ་མཚོན། དེའི་སྟེང་འོག་གི་རིན་པོ་ཆེའི་ཕྲེང་བ་དང་འོད་ཟེར་གྱི་རི་མོས་གདུལ་བྱའི་རེ་བ་བསྐོང་བའི་འཕྲིན་ལས་རྒྱས་པ་མཚོན། རྡོ་རྗེ་ལྟེ་བའི་ཟུར་བརྒྱད་ཀྱིས་ལུགས་འབྱུང་ལྡོག་གི་དགའ་བ་བཞི་བཞི་སྟེ་བརྒྱད་མཚོན། ཡང་ན། རྡོ་རྗེ་ལྟེ་བས་ཡབ་ཀྱི་རྡོ་རྗེའི་དྷཱུ་ཏཱིའི་མར་སྣ། ལྟེ་བ་ཟུར་བརྒྱད་དུ་ཡོད་པ་དེས་ནོར་བུའི་དབུས་ཀྱི་རྩ་འདབ་བརྒྱད་མཚོན། (དེང་སང་ལྟེ་བ་ཟླུམ་པོ་ཟླུམ་རྐྱང་མ་གཏོགས་ཟུར་བརྒྱད་མི་སྣང་ཡང་། ཟུར་བརྒྱད་ངེས་ཅན་དུ་དགོས) དྲིལ་བུའི་མཚོན་དོན་ནི། དྲིལ་བུས་ཕྱག་རྒྱ་མ་དང་། དེའི་བྷ་ག་གཉིས་ཀ་མཚོན། དྲིལ་བུའི་ཡུ་བའི་རྭ་ལྔ་དང་། ཟླ་ཉི་པདྨ་སོགས་ཀྱི་མཚོན་དོན་ནི། རྡོ་རྗེ་དང་འདྲའོ། །དྲིལ་བུའི་ལྕེས་ཡུམ་གྱི་གསང་གནས་མཁའ་འགྲོ་གདོང་ངམ་ཕལ་སྐད་དུ་བྱ་ལེ་ཞེས་པ་དེ་མཚོན། དྲིལ་ལྕེ་ཟུར་བརྒྱད་དུ་ཡོད་པ་དེས་ནང་གི་རྩ་འདབ་བརྒྱད་མཚོན། (དེང་སང་དྲིལ་ལྕེ་ཟུར་བརྒྱད་བྱས་པ་མི་སྣང་ཡང་། ཟུར་བརྒྱད་ངེས་ཅན་དུ་དགོས) དྲིལ་བུའི་སྟེང་དུ་རྡོ་རྗེ་ཕྱེད་པས་མཚན་པས་ནི་ཡབ་ཡུམ་སྙོམས་པར་འཇུག་པ་མཚོན། མདོར་ན་རྡོ་རྗེ་ཕྱོགས་བརྒྱད་དུ་གསོར་ཞིང་། དྲིལ་ལྕེ་ཕྱོགས་བརྒྱད་དུ་བསྐྱོད་ནས་དཀྲོལ་བས་སྒྲུབ་པ་པོའི་རྡོ་རྗེ་ནོར་བུས་ཕྱག་རྒྱའི་དྷཱུ་ཏཱིའི་མར་སྣ་ཁ་འབྱེད་དེ་ནང་གི་རྩ་འདབ་བརྒྱད་བསྐྱོད་པ་དེ་མཚོན་པར་བྱེད་དོ། །རྡོར་དྲིལ་འཇོག་ཚུལ་ནི། རྡོ་རྗེ་རང་གི་གཡོན་དང་། དྲིལ་བུ་རང་གི་གཡས་སུ་ཞལ་རང་ལ་བསྟན་ནས་བཞག རྡོར་དྲིལ་ལག་ཏུ་ལེན་ཚུལ་ནི། མཚོན་དོན་དྲན་ཞིང་གཙང་སྦྲ་དང་གུས་པའི་སྤྱོད་ལམ་གྱིས། ཐོག་མར་ལག་གཡས་ཀྱིས་རྡོ་རྗེ་བླངས། ལག་པ་དེ་གས་དྲིལ་བུ་བླངས་ཏེ། ལག་པ་གཡོན་པ་ལ་གཏད་དགོས། དམིགས་བསལ་གྱི་སྐབས་རེ་གཉིས་མ་གཏོགས། སྤྱིར་བཏང་གཡོན་པས་དྲིལ་བུ་དང་གཡས་པས་རྡོ་རྗེ་ལེན་པ་ལྟ་བུ་མི་མཛེས་པའི་སྐྱོན་ཡོད་པས་སྤང་བར་བྱའོ། །  
རྡོར་དྲིལ་གྱི་མཚོན་དོན་ཤེས་ནས་རྡོ་རྗེ་འཛིན་ཅིང༌། དྲིལ་བུ་དཀྲོལ་བ་ལ་ཟེར། རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལས་གསུངས།  +
དེ་ལ་བསངས་སྦྱངས་བསྐྱེད་ནས་བྱིན་གྱིས་བརླབ་ཚུལ་དང༌། མཚོན་བྱེད་དྲན་པའི་སྒོ་ནས་བྱིན་གྱིས་བརླབ་པ་གཉིས་ལས། དང་པོ་ནི་དུས་འཁོར་གྱི་ལུགས་ཡིན་ཞིང༌། གསང་འདུས་ཀྱི་སྐབས་འདིར་ནི་ཕྱི་མ་ལྟར་ཡིན་པར། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་ལས་གསུངས་སོ། །  +
རྡོ་རྗེ་བཟླས་པ་དང་འདྲ། དེར་གཟིགས།  +
1 རྣ་བའི་དབང་པོ།  +
བཞད་གད་དུ། རྗེའི་གསུང་ལྟར་བཀོད། དབུ་མ་ལ་འཇུག་པ་ལས། རང་ཁྱིམ་རྩིག་ཕུགས་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པ་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །  +
2 རི་དྭགས་གནའ་བ། འདི་ལ་ཕྱི་རྒྱལ་བས་Himalayan blue sheep, bharal དང་། མཚན་རིག་གི་མིང་དུ་pseudois nayaur ཟེར། བོད་ཡིག་དབྱངས་བཞི་པ་ན་རོའམ། གནའ་རུའམ། རྣ་རུ་ཞེས་པ་རི་དྭགས་འདིའི་རྭ་ཅོ་ལ་དཔེ་བླངས་ནས་མིང་ཐོགས་པ་ཡིན།  +
ཅུང་ཟད་མ་རངས་པའམ་མ་དགའ་བའི་ཚིག་སྟེ། ཕལ་སྐད་དུ། ཨ་ལྕོག་རང་ད་ཞེས་པའི་དོན། རྗེའི་ལམ་རིམ་ཆེན་མོ་ལས། ཇོ་བོ་ལ། ཨ་ཏི་ཤ་གདམས་ངག་ཞུ་ཞེས་སྐད་ཆེན་པོས་ཞུས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན་དད་པ་དད་པ་གསུང་བ་ལྟར་དད་པ་ཤིན་ཏུ་གལ་ཆེའོ། །ཞེས་གསུངས། འདིའི་དོན་ནི། མི་ཞིག་གིས་ཁང་པའི་ཕྱི་རོལ་ནས་ཇོ་བོ་ལ་མ་གུས་པའི་རྣམ་འགྱུར་གྱིས་སྐད་ཤུགས་ཆེན་པོས། ཨ་ཏི་ཤ་གདམས་ངག་གནང་རོགས་ཞེས་ཞུས་པ་ན། ཇོ་བོ་ཅུང་ཟད་ཐུགས་མ་དགྱེས་པའི་ཚུལ་གྱིས། སྐད་ཆེན་པོ་དེ་འདྲ་རྒྱག་དགོས་མ་རེད། ང་ཨ་ལྕོག་རང་ད་ཐང་ཐང་ཡིན། མ་གཞི་ཆོས་ཟེར་ཡ་དེ་དད་པ་རེད་ད། དད་པ། དད་པ་ཞེས་པའི་དོན་ནོ། །  +
རྣ་བ་ལ་རིན་ཐང་དང་བྲལ་བ་ཞེས་ཆེ་བརྗོད་ཀྱི་ཚིག་ཅིག ཨ་མཆོག་ལ་གསེར་སྙན་ཞེས་བརྗོད་པ་དང་འདྲ་བ་ཡིན། སྒྲ་བཤད་ནི། བྱེ་བ་རི་ཞེས་པར་གཟིགས།  +
རྣ་བ་གཏད་པ། ཨ་ལྕོག་ཡག་པོ་བྱས་ནས་ཉན་པ།  +
དབང་པོ་ལྔའི་ཡ་གྱལ། རྒྱུའི་ཁྱད་པར་རང་རྒྱུ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ། བྱེད་ལས་རྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པ། ངོ་བོའི་ཁྱད་པར་ནང་གི་གཟུགས་ཅན་དྭངས་པའོ། །དབྱིབས་ཤིང་གྲོ་ག་གཅུས་པ་ལྟ་བུའོ།། དེའི་དོན་ནི་ཤིང་སྟག་པའི་ཤུན་པ་སྒྲིམ་པ་ལྟ་བུའི་དབྱིབས་སུ་ཡོད་ཅེས་པའོ། །  +
རྣ་བར་སྙན་པའི་དོན་ཡིན། རྣ་བར་སྙན་པ་ལ་རྣ་བའི་བདུད་རྩི། མིག་ལ་མཛེས་པ་ལ་མིག་གི་བདུད་རྩི་ཞེས་པ་ལྟ་བུ། རྒྱ་གར་གྱི་སྐད་ལ། སྒྲའམ་ང་རོ་སྙན་པ་ལ། མ་དྷུ་ར་སྭར་ཞེས་བརྗོད་པ་ལྟ་བུའོ། །དེ་ཡང་མ་དྷུ་ར་མངར་མོའི་དོན་ཡིན་ཀྱང་འདིར་སྙན་པ་བརྗོད་པ་བཞིན་ནོ། །  +
སྙན་པོ། སྒྲ་བཤད་ནི། འཇེབས་ཞེས་པ་ནི་འཐད་པའི་དོན་ཡིན་པས་རྣ་བར་འཐད་པས་ན་དེ་སྐད་ཅེས་བྱ།  +
1 དབྱངས་བཞིའི་ཐ་མ་མཚོན་བྱེད་ཀྱི་རི་མོ་ཞིག འདི་རི་དྭགས་རྣ་བའི་རྭ་ཅོ་འདྲ་པོ་ཡོད་པའི་ཆ་ནས་དེ་ལ་རྣ་རུ་ཞེས་བཏགས་པ་ཡིན། དེ་ཡང་རྣ་ནི་རི་དྭགས་རྣ་བའམ་གནའ་བ་ཡིན་ལ། རུ་ནི་རྭ་ཅོའི་དོན་ནོ། །རི་དྭགས་འདི་ལ་ཕྱི་རྒྱལ་བས་bharal དང་། མཚན་རིག་གི་མིང་དུ་pseudois nayaur ཟེར།  +
2 རི་དྭགས་རྣ་བའི་རྭ་ཅོ།  +
རྣ་སྐྱག རྣ་བའི་དྲི་མ།  +
མིའི་ལག་པ་སོགས་ཁང་པའི་ཡ་ཐོག་གམ་ཤིང་སྡོང་ལ་ཐག་པས་འཕྱང་འཕྲུལ་དུ་བཏགས་པའི་དོན། ལག་པ་གནམ་བཏགས་བརྒྱབ་ལྟ་བུ།  +
(འདུལ་བ) ཞིང་ཁ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༤༢ན༦ ལས། རྣང་ཞེས་བྱ་བ་ནི་ཞིང་ངོ་། །ཞེས་གསུངས་སོ། །ལུང་རྣམ་འབྱེད་༼ ཅ་པ ༽༦༧བ༦ལས། དགེ་སློང་གིས་ཆུ་ཤིན་ཏུ་དཀོན་པའི་ཚེ་བདག་གི་འབྱོར་བར་འགྱུར་ལ། གཞན་གྱི་རྒུད་པར་གྱུ་ཅིག་སྙམ་པས་བདག་གི་སཱ་ལུའི་རྣང་ལ་ཡུར་བ་གཏོད་པར་བྱེད་ཅིང་གཞན་གྱི་ལ་གཅོད་པར་བྱེད་ན། ཞེས་གསུངས་སོ། །  +
(འདུལ་བ) ཞིང་ཁའི་ཡུར་བའམ་རོལ་ལ་ཟེར། ཡུར་བ་ཞེས་བྱ་བ་ནི་རྣང་ཡུར་སྲོལ་ཞེས་བྱ་བའི་ཐ་ཚིག་གོ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༤༢ན ༦ལས། རྣང་ཞེས་བྱ་བ་ནི་ཞིང་ངོ་། །ཞེས་གསུངས་སོ། །དག་ཡིག་ཀུན་བཏུས་ཀྱི་དོན་མཆན་མཐོང་བ་ཀུན་ཤེས་བློ་གསལ་མགུལ་རྒྱན་ལས། ཞིང་རྣང་མ། (ཆུ་སྙོམ་བྱེད་ཀྱི་གླིང་ངམ་མུ་འཐེན་པ) ཞེས་ཀྱང་གསལ་ལོ། །  +
1 སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་ཤིག  +
2 དུས་ཀྱི་འཁོར་ལོའི་མཚན་གྱི་རྣམ་གྲངས་སུའང་གསུངས།  +
1 (དགེ་ལུགས) སྦྱིན་སོགས་ཐབས་ཀྱི་ཆ་ཡོངས་སུ་རྫོགས་པས་ཟིན་པས་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་ཟེར་ཏེ། གཙུག་ན་རིན་པོ་ཆེའི་མདོ། རྗེའི་ལམ་རིམ་ཆེན་མོར་དྲངས་པ་ལས། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ་དང༌། ཚུལ་ཁྲིམས་དང་མ་བྲལ་བ་དང༌། བཟོད་པ་དང་མ་བྲལ་བ་དང༌། བརྩོན་འགྲུས་དང་མ་བྲལ་བ་དང༌། བསམ་གཏན་དང་མ་བྲལ་བ་དང༌། ཤེས་རབ་དང་མ་བྲལ་བ་དང༌། ཐབས་དང་མ་བྲལ་བ་དང༌། ཞེས་རྒྱས་པར་བཀའ་བསྩལ་ཅིང་དེའི་དོན་རྒྱུད་བླ་མར་ཡང༌། དེ་རྣམས་འབྲི་བྱེད་གང་དག་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཅེས་ཁ་ཅིག་གིས་མགོ་འབྲི་ཤེས་ཀྱི་གཞན་མི་ཤེས། ཁ་ཅིག་གིས་ལག་པ་ཤེས་ཀྱི་གཞན་མི་ཤེས་པ་ལ་སོགས་པའི་རི་མོ་མཁན་མང་པོ་འཚོགས་ནས་རྒྱལ་པོའི་གཟུགས་འབྲི་ན། རི་མོ་མཁན་གཅིག་མ་ཚང་ནའང་ཡོངས་སུ་མི་རྫོགས་པ་དང་དཔེར་བྱས་ནས་རྒྱལ་པོའི་གཟུགས་ནི་སྟོང་པ་ཉིད་དང་རི་མོ་མཁན་རྣམས་ནི་སྦྱིན་སོགས་དང་འདྲ་བར་གསུངས་ཏེ། སྦྱིན་པ་ལ་སོགས་པའི་ཐབས་རྣམས་མ་ཚང་ན་མགོ་རྡུམ་དང་ལག་རྡུམ་ལ་སོགས་པའི་གཟུགས་དང་འདྲ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གོང་གི་མདོའི་ལུང་དེ་སེ་ར་རྗེ་བཙུན་པའི་སྤྱི་དོན་རོལ་མཚོ་ནའང་གསལ། པཎ་ཆེན་ཤཱཀྱ་མཆོག་ལྡན་པའི་དབུ་མ་བྱུང་བ་ཞེས་པ་༡༨ན༢ལས། སྔགས་ཀྱི་དབུ་མ་མེད་པར་དགག་པ་ཉིད་དུ་བཤད་ན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ངོས་མ་ཟིན་པ་དང་། ཞེས་རྗེ་རིན་པོ་ཆེར། གལ་ཏེ་སྟོང་ཉིད་མེད་དགག་ཡིན་ན། ཁྱོད་ཀྱིས་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ངོས་བཟུང་ཐུབ་མི་འདུག་ཅེས་བརྩད་ཀྱང་། དོན་དུ་གོང་གི་མདོའི་ལུང་དེ་མ་མཐོང་བ་ཙམ་དུ་ཟད་དོ། །  +
2 (བཀའ་བརྒྱུད) བདེ་བར་གཤེགས་པའི་སྙིང་པོ་ལ་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དངོས་སུ་ལྡན་པ་ནི་རྣམ་ཀུན་མཆོག་ལྡན་ནོ། །ཞེས་གསུངས་པ་ལྟར་རོ། །བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་ཞེས་པའི་ཐད་དུ་གཟིགས།  +
2 (བཀའ་བརྒྱུད) དག་མ་དག་ལ་སོགས་པའི་སྣང་བའམ་རྣམ་པ་སྣ་ཚོགས་པ་ཅན་གྱི་ཆོས་ཉིད་ཀྱི་སེམས།  +
རྣམ་བཞག་དང་འདྲ། རྣམ་བཞག་ལ་གཟིགས།  +
བསྐྱེད་རིམ་རྣམ་གཞག་རིམ་པ་ཡང་ཟེར། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཀླུའི་བྱང་ཆུབ་བམ་ཀླུའི་བློས་མཛད་པའི་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གཙོ་བོར་སྟོན་ཞིང་རྫོགས་རིམ་གྱི་གནད་འགའ་ཞིག་ཀྱང་སྟོན་པའི་གཞུང་ཞིག རྗེའི་རིམ་ལྔ་གསལ་སྒྲོན་ལས། བསྐྱེད་རིམ་གཙོ་ཆེ་ཞིང་རྫོགས་རིམ་ཡང་སྟོན་པ་རྣམ་གཞག་རིམ་པ་ནི་ཤིན་ཏུ་གྲགས་ཆེ་ལ། ཞེས་གསུངས། མཁས་གྲུབ་ཆོས་རྗེའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༡༤ན༡ལས་ཀྱང་། སློབ་དཔོན་ཀླུ་བྱང་གིས། གཙོ་བོར་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་ལ་སོགས་པ་འཆད་ཅིང་། རྫོགས་རིམ་ཡང་ཅུང་ཟད་སྟོན་པ་རྣམ་གཞག་རིམ་པ་དང་། ཞེས་གསུངས་སོ། །  +
རྣམ་གཞག་རིམ་པའི་རྣམ་བཤད་དཔལ་གསང་བ་འདུས་པའི་གནད་ཀྱི་དོན་གསལ་བ་ཞེས་བྱ་བ། རྗེ་ཙོང་ཁ་པ་ཆེན་པོས་མཛད། འདི་རྗེ་བཙུན་འཇམ་དབྱངས་ཀྱི་གསུང་གིས་མ་འོངས་པར་གདུལ་བྱ་ཕན་ཐོག་ཆེན་པོ་འོང་ཞེས་བསྐུལ་བ་བརྟེན་ནས་མཛད་པ་ཡིན་ཏེ། རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལས། འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་པ་གླིང་དུ་བཞུགས་དུས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུང་གི་སྣང་བས་སློབ་དཔོན་ཀླུ་བྱང་གི་རྣམ་གཞག་རིམ་པ་ལ་རྣམ་བཤད་རྩོམས། ཕན་ཐོགས་ཆེན་པོ་འོང་ཞེས་བསྐུལ་བས་དེ་འཕྲལ་དུ་མཛད། ཅེས་གསུངས་སོ། །  +
ལེགས་པའི་དོན། འདི་བོན་པོའི་བརྡ་ཡིན་པར་ལི་གུར་དུ་གསུངས།  +
ཉེ་ཉོན་ཉི་ཤུའི་ཐ་མ་ནི། དུག་གསུམ་གང་རུང་གི་ཆར་གཏོགས་གང་ཞིག དམིགས་པ་ལ་སེམས་འཕྲོ་བར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པའོ། །  +
རྙེད་བཀུར་སྙན་གྲགས་ལ་མ་ཡེངས་པ་སྟེ་མ་ཆགས་པའི་སེམས་ཅན་ཞེས་པའི་དོན། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་གསུངས་པ་ལྟར་རོ། །  +
<པརྻ་ཡཱ> 1 རྣམ་པ། ཁྱད་པར། རྣམ་པའི་ཁྱད་པར། རྣམ་དབྱེ། རྣམ་པའི་དབྱེ་བ། དབྱེ་བ། རབ་དབྱེ། རྣམ་པ་མི་འདྲ་བ། རགས་བཤད་བྱས་ན་ལན་གྲངས་ལའང་འཇུག་པར་སྙམ། འདི་ལ་སྣ་གྲངས་ཞེས་ཀྱང་བྱའོ། །ཞིབ་པར་སྣ་གྲངས་ལ་གཟིགས། སྒྲ་བཤད་ནི། རྣམ་ནི་རྣམ་པ། གྲངས་ནི་ཁྱད་པར་ཏེ། རྣམ་པའི་ཁྱད་པར་ཞེས་བྱ་བའི་དོན་ནོ། །རྗེ་ཙོང་པ་ཆེན་པོའི་དམ་ཆོས་བཞེངས་པའི་སྨོན་ལམ་ལས། གང་ཞིག་འབྲི་དང་ཀློག་དང་འཆད་དང་ཉན། །ཡིད་ལ་བྱེད་དང་མཆོད་པ་གང་བགྱིད་པ། །དེ་ཡི་བསོད་ནམས་ཕུང་པོ་ཟླ་མེད་པར། །རྣམ་གྲངས་དུ་མར་ཡང་དང་ཡང་བསྔགས་པ། །ཞེས་གསུངས། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས། རྣམ་གྲངས་ནི་རབ་ཏུ་དབྱེ་བ་སྟེ། ཞེས་གསུངས་སོ། །2 མིང་གཞན། རྣམ་བཤད་རིགས་པ་༼ བསྟན་འགྱུར་ཤི་པ་༨༣བ་༥ ༽ལས། དེ་ལ་རྣམ་གྲངས་ནི་མིང་གཞན་ནོ། །ཞེས་གསུངས་པ་ལྟར་རོ། །3 རྣམ་གྲངས་ཞེས་པ་གྲངས་མང་ཉུང་ལ་མི་གོ་བར་རྣམ་པཙམ་གྱི་དོན་དུ་གོ་དགོས་པར་སི་ཏུ་འགྲེལ་ཆེན་ལས་བཤད་དེ། སི་ཏུ་འགྲེལ་ཆེན་༨༡ལས། རྣམ་གྲངས་ཞེས་པ་ནི་ལེགས་སྦྱར་དུ་པརྻ་ཡཱ་ཞེས་པ་ཡིན་ཏེ། དེ་ནི་གནས་སྐབས་དང་རིམ་པ་སྤྲུལ་པ་རྣམ་པ་རྣམས་ལ་འཇུག་པར་མངོན་བརྗོད་ཀྱི་བསྟན་བཅོས་རྣམས་སུ་བཤད་ལ། དེ་རྣམ་གྲངས་སུ་བསྒྱུར་བ་ནི་རྣམ་པ་ལ་འཇུག་པའི་རྒྱུ་མཚན་གྱིས་ཡིན་པས། རྣམ་གྲངས་དང་རྣམ་པ་དོན་གཅིག་ཏུ་གྲུབ་པའི་ཕྱིར་ཏེ། དཔེར་ན་མིང་གི་རྣམ་གྲངས་གཞན་མེད་དོ། །དོན་གྱི་རྣམ་གྲངས་མང་པོའོ། །དོན་གྱི་རྣམ་གྲངས་གཅིག་གོ། འདི་ནི་རྣམ་གྲངས་ཙམ་མོ། །རྣམ་གྲངས་ཀྱི་དོན་དམ་བདེན་པའོ། །ཞེས་པ་ལྟ་བུ་རྣམས་གྲངས་མང་ཉུང་གི་ཁྱད་པར་མེད་པར། མིང་གི་རྣམ་པ་གཞན་མེད་དོ། །དོན་གྱི་རྣམ་པ་མང་པོའོ། །དོན་གྱི་རྣམ་པ་གཅིག་གོ། འདི་ནི་རྣམ་པ་ཙམ་མོ། །རྣམ་པའི་དོན་དམ་བདེན་པའོ། །ཞེས་ཐམས་ཅད་དུ་རྣམ་པའི་སྒྲ་དང་འཇུག་པ་གཅིག་པར་སྣང་བའི་ཕྱིར་རོ། །ཞེས་གསུངས། གཞན་ཡང་། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས་ཀྱང་། རྣམ་གྲངས་ཞེས་བྱ་བ་ནི་རྣམ་པས་སོ། །ཞེས་གསུངས་སོ། །  +
རྣམ་པ་གཅིག་ཏུ་ན་ཞེས་པ་དང་དོན་འདྲ། རྣམ་པ་གཅིག་ཏུ་ན་ཞེས་པར་གཟིགས།  +
རྣམ་དབྱེ་དུ་མ། རྣམ་པའི་དབྱེ་བ་དུ་མ། དབྱེ་བ་དུ་མ།  +
<ཝི་མོཀྵ> 1 སྐྱེས་བུ་དམ་པའི་མི་ཚེའི་ལོ་རྒྱུས་ལ་རྣམ་ཐར་ཟེར། དེ་ཡང་ཞིབ་པར་བཤད་ན། སྐྱེས་ཆེན་དམ་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནམ་དེ་དག་བརྗོད་བྱར་བྱེད་པའི་བསྟན་བཅོས། མི་ཕལ་པ་ལ་དེ་དང་དེའི་ལོ་རྒྱུས་སམ་མི་ཚེའི་ལོ་རྒྱུས་ཟེར་བ་ལས་རྣམ་ཐར་ཞེས་བརྗོད་མི་རིགས་ཏེ། གུང་ཐང་བསྟན་པའི་སྒྲོན་མེའི་རང་རྣམ་ལས། རྙེད་བཀུར་ལོངས་སྤྱོད་འདུ་འཛིའི་ཞགས་པ་ཡིས། །རྣམ་པར་བཅིངས་པའི་ངང་ཚུལ་བརྗོདཔ་ལ། །རྣམ་པར་ཐར་ཅེས་དོན་མི་མཐུན་གྱི་གཏམ། །ཅོ་འདྲི་ལྟ་བུར་སྙིགས་མའི་དུས་འདིར་སྒྲོགས། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། རྣམ་ནི་རྣམ་པར་ཏེ། ཡང་དག་པར། ལེགས་པར། རྫོགས་པར་ཞེས་པའི་དོན་ཡིན་ལ། ཐར་ནི་ཐར་པའོ། །སྐྱེས་བུ་དམ་པ་གང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་གདུལ་བྱ་རྣམས་ཀྱིས་མཐོང་ན་ཡིད་འཕྲོག་ཅིང་། ཐོས་ན་དད་པ་སྐྱེ་བ་སོགས་ཀྱིས་གདུལ་བྱའི་རྒྱུད་ལ་རྣམ་ཐར་རམ་ཐར་པའི་བག་ཆགས་འཇོག་པར་བྱེད་པས་ན་རྣམ་ཐར་ཞེས་བྱའོ། །ཡང་ན་སྐྱེས་བུ་དམ་པ་གང་གིས་རྣམ་གྲོལ་ཐར་པ་བསྒྲུབ་པ་ལ་དཀའ་སྤྱད་དང་སྙིང་རུས་མཛད་ཚུལ་ལས་བརྩམས་ཏེ་བྲིས་པའི་ལོ་རྒྱུས་ཡིན་པས་ན་རྣམ་ཐར་ཞེས་བྱའོ། །རྗེའི་རྣམ་ཐར་ཆེན་མོ་དང་། བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་རིན་པོ་ཆེའི་རང་རྣམ་དུའང་༦༥རྣམ་ཐར་གྱི་སྒྲ་བཤད་ཚིག་རིས་ཅུང་ཟད་མི་འདྲ་བ་འགའ་ཡོད་པས་དེར་བལྟ་བར་བྱའོ། །2 རྣམ་པར་ཐར་པའི་བསྡུས་ཚིག་སྟེ། བཅིངས་པ་ལས་གྲོལ་བ། སྤྱོད་འཇུག་ལས། ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །དེ་ཙམ་ཁོ་ན་མྱོང་གྱུར་ནས། །དེ་ནི་ (ངན་འགྲོ་ལས) རྣམ་ཐར་མི་འགྱུར་ཏེ། །ཞེས་གསུངས་པ་ལྟར་རོ། །3 ཐར་པ་མྱང་འདས་ཀྱི་མིང་། རྣམ་ཐར། རྣམ་པར་ཐར་པ། རྣམ་གྲོལ། རྣམ་པར་གྲོལ་བ་རྣམས་དོན་གཅིག དཔེར་ན་རྣམ་ཐར་སྒོ་གསུམ་ཞེས་པ་ལྟ་བུ། སྤྱིར་རྣམ་པར་ཞེས་པའི་སྒྲ་འཇུག་གཞི་མང་དུ་ཡོད་པ། རྣམ་པར་ཞེས་པའི་ཐད་དུ་གཟིགས། 4 སྤྱོད་པ། སྤྱོད་ཚུལ། མཛད་སྤྱོད། བྱ་སྤྱོད། རྣམ་འགྱུར་བཅས་ཀྱི་དོན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་ལས། གཏི་མུག་མུན་པས་ཡིད་བསླད་ངོ་ཚ་བྲལ། །བག་མེད་སྨྱོན་པའི་རྣམ་འགྱུར་སྣ་ཚོགས་ཀྱང་། །ཐེག་མཆོག་གསང་བའི་རྣལ་འབྱོར་སྤྱོད་པ་ཞེས། །གྱ་གྱུའི་རྣམ་ཐར་ཚུལ་ལ་བདག་མི་མོས། །ཞེས་དང་། ཆགས་སྡང་བརླང་པོའི་ཐུགས་རྒྱུད་ཞོ་འཐུང་བུའི། །རུས་པར་འགྲན་ཀྱང་གསུང་འཇམ་ཞི་དུལ་ཅན། །ངུར་སྨྲིག་གིས་མཛེས་ཚེར་མ་དར་གཏུམས་བཞིན། །འཕྱོན་མའི་རྣམ་ཐར་ཚུལ་ལའང་བདག་མི་དགའ། །ཞེས་གསུངས་པ་ལྟ་བུ་དང་། ས་སྐྱ་ལེགས་བཤད་ལས་ཀྱང་། དམན་ལ་སྤྱོད་པ་བཟང་བྱུང་ཡང་། །དེ་ནི་བཅོས་མའི་རྣམ་ཐར་ཡིན། །ཤེལ་ལ་ནོར་བུས་ཁ་བསྒྱུར་ཡང་། །ཆུ་དང་འཕྲད་ན་རང་མདོག་བསྟན། །ཞེས་གསུངས་པ་ལྟ་བུའོ། །གཞོན་ནུ་ཟླ་མེད་ཀྱི་རྣམ་ཐར་ལས་ཀྱང་། ཀྱེ་ཧུད་བག་ཡོད་ངོ་ཚའི་གོས་བྲལ་བ། །ཁྲེལ་འདས་གཅེར་བུར་རྒྱུ་བའི་བློན་འབངས་ཀུན། །གཞོན་ནུ་བྲལ་བས་ནོངས་ཞེས་སྨྲ་ཞིང་ངུ་། །མྱ་ངན་བཅས་ཀྱང་བཅོས་མའི་རྣམ་ཐར་ཡིན། །ཞེས་པ་ལྟ་བུའོ། །  
རྣམ་པར་ཐར་པའི་སྒོ་ངོ་བོསྟོང་པ་ཉིད་དང༌། རྒྱུ་མཚན་མ་མེད་པ། འབྲས་བུསྨོན་པ་མེད་པ་དང་གསུམ། རྣམ་ཐར་སྒོ་གསུམ་པོ་རྣམས་རིན་པ་བཞིན་དུ། ངོ་བོ་རྒྱུ་འབྲས་གསུམ་ལ་སྦྱར་བ་དང༌། བྱ་བྱེད་ལས་གསུམ་ལ་སྦྱར་ནས་བཤད་ཚུལ་གཉིས་ཡོད། འདིའི་སྐོར་རྗེ་གུང་ཐང་པའི་རྣམ་ཐར་སྒོ་གསུམ་གྱི་འགྲེལ་པ་དང༌། དྲང་ངེས་རྩོམ་འཕྲོ་སོགས་ལ་གཟིགས།  +
སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ། མངོན་པར་འདུ་མི་བྱེད་པ་དང་བཞིའོ། །བུ་སྟོན་རིན་པོའི་དུས་ཀྱི་འཁོར་ལོའི་ཊཱི་ཀ་འདོད་འཇོ་ལས། སྟོང་པ་ཉིད་དང་མཚན་མ་མེད། །སྨོན་མེད་མངོན་པར་འདུས་མ་བྱས། །རྣམ་པར་ཐར་པའི་སྒོ་བཞི་ཡིས། །རྫོགས་པའི་སངས་རྒྱས་བསྒྲུབ་པར་བགྱི། །ཞེས་ལུང་འདྲེན་མཛད་འདུག ལུང་འདི་གང་གི་ཡིན་པ་མི་གསལ་ཡང༌། ཕལ་ཆེར་སློབ་དཔོན་རྟ་དབྱངས་ཀྱི་ཡིན་པར་སེམས་ཏེ། སྦྱིན་པའི་གཡབ་མོས་ལེགས་བོས་ནས། །ཞེས་སོགས་ཀྱང་གཞུང་དེ་གའི་ཁོངས་སུ་དེའི་གོང་ཙམ་དུ་དྲངས་འདུག་ཅིང༌། ཚིགས་བཅད་དེ་ནི་སློབ་དཔོན་རྟ་དབྱངས་ཀྱི་ཡིན་པར་རིགས་པའི་དབང་ཕྱུག་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྤྱི་དོན་ན་གསལ། རྣམ་ཐར་སྒོ་བཞིའི་ཐ་སྙད་འདི་རྗེའི་འདོད་འཇོ་ལས་ཀྱང་གསུངས་སོ། །ཞར་བྱུང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཕྱག་ཞབས་ཀྱི་སྤྱན་བཞིས་རྣམ་ཐར་སྒོ་བཞི་མཚོན་ཞེས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྗེ་བཙུན་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སུ་གསུངས་ཏེ། དཔྲལ་བའི་དབུས་ན་ཡེ་ཤེས་ཀྱི་སྤྱན། ཕྱག་ཞབས་ཀྱི་མཐིལ་ན་རྣམ་ཐར་སྒོ་བཞི་མཚོན་པའི་སྤྱན་བཞི་མངའ་བ། ཞེས་གསུངས།  +
1 འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་བཞིའི་ཡ་གྱལ་ཏེ། སེམས་དབེན་མཐར་ཐུག་དཔེ་ཡི་འོད་གསལ་དང་རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱི་དོད་ཐུབ་ཡིན། འཇིགས་བྱེད་ཀྱི་སྐབས་སུ་གསང་འདུས་ལྟར་རྫོགས་རིམ་རིམ་པ་ལྔའམ་དྲུག་གི་ཐ་སྙད་མི་བྱེད་པར་དེའི་དོད་དུ་རྫོགས་རིམ་རྣལ་འབྱོར་བཞིའི་ཐ་སྙད་བྱེད་དེ། འཇིགས་བྱེད་ལྷ་བཅུ་གསུམ་མ། དཔའ་གཅིག དགྲ་ནག གཤེད་དམར། རོ་ལངས་བརྒྱད་སྐོར། ཞེ་དགུ་མ་རྣམས་ལ་རྫོགས་རྣལ་འབྱོར་བཞིའི་ཐ་སྙད་བྱེད། གསང་འདུས་ཀྱི་སྐབས་སུ་དབེན་པ་གསུམ་གྱི་རྣལ་འབྱོར། སྒྱུ་ལུས་དང་འོད་གསལ་ཟུང་འཇུག་སྟེ་རྫོགས་རིམ་རིམ་པ་ལྔའམ་དྲུག་གི་ཐ་སྙད་བྱེད་དོ། །  +
2 ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བས་ཡུལ་སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་ལ་ཟེར། དངུལ་ཆུའི་ཁམས་དཀར་སོགས་ཀྱི་དྲི་ལན་ན་གསལ།  +
ས་ལ་གསལ་བ་གཉིས། རྒྱ་གར་ན་གནམ་ལ་ཉི་ཟླ་གཉིས། ས་ལ་གསལ་བ་གཉིས། ཞེས་པའི་གསལ་བ་གཉིས་ནི། སྒྲོན་གསལ་དང་ཚིག་གསལ་གཉིས་ལ་ཟེར།  +
(བཀའ་བརྒྱུད) རླུང་སེམས་ཀྱི་དྭངས་མ་ལས་གྲུབ་པའི་རྟོག་པས་མ་བརྟགས་པར་པྲ་ཕབ་པ་ལྟར་སྣང་བའི་ཁྱད་པར་ལྔ་ལྡན་གྱི་ལུས། ཁྱད་པར་ལྔ་ནི། དུས་ཀྱི་ཁྱད་པར་རགས་པ་དང་ཕྲ་བའི་སྣང་བ་དང་རྟོག་པ་རྣམས་ཐིམ་པའི་རྗེས་སུ་འཆར་བ། ཐབས་ཀྱི་ཁྱད་པར་གཟུང་འཛིན་གྱི་རླུང་རྟོག་དབུ་མར་འགོག་པ་ལས་བྱུང་བ། རྒྱུའི་ཁྱད་པར་རླུང་སེམས་ཀྱི་དྭངས་མ་ཤིན་ཏུ་ཕྲ་བ་ལས་གྲུབ་པ། རྣམ་པའི་ཁྱད་པར་མ་བརྟགས་པར་གསལ་བར་སྣང་བ་པྲ་ཕབ་པ་ལྟ་བུར་མཐོང་བ། ངོ་བོའི་ཁྱད་པར་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡིན་པ་སྟེ་ལྔའོ། །སྔགས་བླ་མེད་ཐུན་མོང་མ་ཡིན་པའི་སྦས་དོན་གྱི་སྒྱུ་ལུས་རླུང་སེམས་བདག་བྱིན་གྱིས་བརླབས་པའི་ལམ་གྱི་རིམ་པ་དངོས་དེ་ཡིན་ནོ། །བཀའ་བརྒྱུད་པའི་ལུགས་ལ། རྣམ་དག་སྒྱུ་ལུས་དང༌། དག་པའི་སྒྱུ་ལུས་གཉིས་ལ་ཁྱད་པར་ཆེ་སྟེ། རྣམ་དག་སྒྱུ་ལུས་ནི་གོང་དུ་བཤད་པ་ལྟར་དང༌། དག་པའི་སྒྱུ་ལུས་ནི། ཐ་མལ་གྱི་སྣང་བ་བསལ་ཏེ་བསྒོམ་པ་ཙམ་གྱིས་དག་པར་བཞག་ཀྱང་ངོ་བོ་རྟོག་པས་བརྟགས་པའི་སྒོམ་པ་ཡིན་པས་ཤིན་ཏུ་རྣམ་དག་གམ་རྣམ་དག་སྒྱུ་ལུས་ནི་མ་ཡིན་ནོ་ཞེས་བཞེད་དོ། །  +
རྣམ་བདུན་གྱི་རིགས་པ་ལ་གཟིགས།  +
ཆགས་སྡང་གི་བློ་དོར་ཏེ། རང་རང་གི་བརྩི་ཞེན་ཆེན་པོ་བྱེད་རྒྱུའི་ཆོས་བརྒྱུད་གྲུབ་མཐའ་དེ་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་པ་ལ་ཟེར། ཚིག་འདི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་༸རྒྱལ་མཆོག་བསྟན་འཛིན་རྒྱ་མཚོས་གསར་གཏོད་མཛད།  +
རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ནི། མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དང༌། མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་ནི་སེར་བྱེས་མཁས་སྙན་གྲྭ་ཚང་ཕྱག་འདེབས་པ་པོ་ཡིན་ཞིང༌། ཡོངས་གྲགས་སུ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ཞེས་ཞུ་བ་དེ་ཡིན ཞང་ཞུང་པ་ཆོས་དབང་གྲགས་པ་གཉིས་སོ། །  +
(བརྡ་སྤྲོད) ལ་དོན། འབྲེལ་སྒྲ། བྱེད་སྒྲ་སོགས་ལ་ཟེར།  +
1 རིགས་དང་དབྱེ་བ། དཔེར་ན་རྣམ་པ་སྣ་ཚོགས་ཞེས་པ་ལྟ་བུ།  +
2 དབྱིབས་དང་བཟོ་ལྟ། མཛེས་སྡུག རྣམ་འགྱུར། དཔེར་ན་རྣམ་པ་མཛེས་ལྟ་བུ་དང་། གྲུ་བཞིའི་རྣམ་པ་ཅན་ལྟ་བུ།  +
3 རབ་ཏུ། ཡོངས་སུ། ཤིན་ཏུ། ཧ་ཅང་བཅས་ཀྱི་དོན་དུ་གོ་བའི་ཚིག་རྒྱན་ཞིག དཔེར་ན་རྣམ་པར་བཀྲ་བ་ཞེས་པ་ལྟ་བུ།  +
4 ངོ་བོ། རང་བཞིན། མཚན་ཉིད་རྣམས་དོན་འདྲ་བར་བཤད་དེ། མན་སྙེ་ལས། དངོས་པོ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ངོ་བོ་ནི་རང་བཞིན་དང་རྣམ་པ་ཞེས་དོན་གཞན་མ་ཡིན་ཏེ། རང་གི་ངོ་བོ་ཞེས་པའི་དོན་ནོ། །ཞེས་པ་ལྟར་དང༌། ས་སྐྱའི་མཁས་པ་གྲགས་ཅན་གཡག་སྟོན་སངས་རྒྱས་དཔལ་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་པ་ལས་ཀྱང༌། རྣམ་པ་ནི་ངོ་བོ། རྟགས་ནི་འབྲས་བུ། མཚན་མ་ནི་རྒྱུའོ་ཞེས་པ་ལྟར་རོ། །  +
5 མང་ཚིག་གི་ཞེ་སའི་ཚིག་ཅིག ཁོང་རྣམ་པ་གཉིས་ཞེས་པ་ལྟ་བུ།  +
ལོ། གནམ་ལོའི་ཞེ་སར་དགུང་ལོ་ཟེར། བོད་རྒྱ་ཚིག་མཛོད་ཆེན་མོར། གནམ་ལོ་ཞེས་པ་ལོའི་ཞེ་སར་བྱས་འདུག་ཀྱང་། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་གུར་ཁང་དུ་དགུང་ལོ་གནམ་ལོའི་ཞེ་སར་གསུངས་པར་གཞིགས་ན་འདི་ཞེ་ས་མིན་པ་ལྟ་བུར་སྣང་ངོ་། །འོན་ཀྱང་དཔྱད་དགོས་ཏེ། བཞུགས་པ་དང་གཞེས་པ་གཉིས་ཀ་ཞེ་ས་ཡིན་ཀྱང་། དེ་ཉིད་ལས། གཞེས་པ་བཞུགས་པའི་ཞེ་སར་གསུངས་པའི་ཕྱིར་རོ། །སྙམ་མོ། །  +
1 འཆད་ཚུལ་གཞན་ཞིག་ལ། རྣམ་གྲངས་གཞན་ཡང་ཞེས་པའི་དོན།  +
2 ཡང་ན་ཞེས་པའི་དོན།  +
1 ཚིག་རྒྱན་ཞིག་སྟེ། རབ་ཏུ། ཤིན་ཏུ། ཆེས་ཆེར་ཞེས་པའི་དོན། དཔེར་ན་རབ་ཏུ་བཀྲ་བ་ལ་རྣམ་པར་བཀྲ་བ་ཞེས་པ་ལྟ་བུ།  +
2 ཡོངས་སུ། ཡང་དག་པར། རྫོགས་པར། ལེགས་པར། དཔེར་ན་རྣམ་པར་དག རྣམ་པར་བཤད། རྣམ་པར་གྲོལ་ལྟ་བུ།  +
3 དོན་གཞན་མི་སྟོན་པར་ཚིག་རྒྱན་ཙམ་ལ་སྦྱར་བ། དཔེར་ན་རྣམ་པར་རྟོག་པ་ནི་མང་ཞེས་པ་ལྟ་བུ།  +
4 རྣམ་པ་ལ། རྣམ་པ་རུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་སྤྱན་དྲངས་ལྟ་བུ།  +
5 སྤྱིར་རྣམ་པར། རབ་ཏུ། ཉེ་བར་ཞེས་པ་རྣམས་ཕལ་ཆེར་འདྲ་བ་ཡིན་ཏེ། རྣམ་པར་ལྟ། རབ་ཏུ་ལྟ། ཉེ་བར་ལྟ་ཞེས་པ་ལྟ་བུ་རྣམས་ལ་ཁྱད་པར་མེད་པ་བཞིན་ནོ། །  +
(ཕར་ཕྱིན) གཏན་ལ་དབབ་པ་བསྡུ་བ་ལ་གཟིགས།  +
སྙོམས་འཇུག་གི་སྒྲིབ་པ་དང་དོན་གཅིག ལེ་ལོ་དང༌། དམིགས་པ་བརྗེད་པ། བྱིང་བ་དང་རྒོད་པ། རྩོལ་བ་དང་མི་རྩོལ་བའི་ཉེས་པ་ལྔ་ལ་སོགས་པ་སྟེ། ཊཱིཀ་བྱེད་དག་གིས་རྣམ་པར་ཐར་པའི་སྒྲིབ་པ་ནི་གང་གིས་རྣམ་པར་ཐར་པ་དང༌། བསམ་གཏན་དག་སྐྱེད་པར་མི་ནུས་པ་སྟེ་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ། །ཞེས་མཆིམས་མཛོད་ན་གསལ། མཆིམས་མཛོད་དུ་རྣམ་པར་ཐར་པའི་སྒྲིབ་པ་དང༌། སྙོམས་འཇུག་གི་སྒྲིབ་པ་གཉིས་ཁྱད་པར་ཕྲན་བུའི་ཡོད་པ་ལྟ་བུར་གསུངས་པས་དཔྱད་དོ། །  +
སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག སྒྲ་བཤད་ནི། སངས་རྒྱས་ཐམས་ཅད་རབ་ཏུ་འབྱུང་བའི་ཕྱིར་རྣམ་པར་དག་པའི་ལྷ་ཞེས་བྱའོ། །ཞེས་མའི་སོ་ཐར་གྱི་མདོ་ལས་གསུངས།  +
རོ་མདོག་དམར་བར་གྱུར་པ།  +
རོ་མདོག་དམར་བར་གྱུར་པ་ལ་དམིགས་པའི་འདུ་ཤེས།  +
རོའི་ལུས་སྐྲངས་ཤིང་སྦོས་པ།  +
རོའི་ལུས་སྐྲངས་ཤིང་སྦོས་པ་ལ་དམིགས་པའི་འདུ་ཤེས།  +
རུལ་ཞིང་སྔོན་པོར་གྱུར་པ།  +
ལུས་རུལ་ཞིང་སྔོན་པོར་གྱུར་པ་ལ་དམིགས་པའི་འདུ་ཤེས།  +
དགེ་བ་བཅུ་གཅིག་གི་ཐ་མ་ནི། ཀུན་ནས་མནར་སེམས་མེད་པའི་ཆ་ཤས་གང་ཞིག སྡུག་བསྔལ་ཅན་ལ་དེ་དང་བྲལ་ན་སྙམ་དུ་མི་བཟོད་པས་རབ་ཏུ་ཕྱེ་བའི་སེམས་བྱུང་ཞིག་གོ། བྱེད་ལས་ནི། སེམས་ཅན་ལ་གསོད་པ་དང༌། བརྡེག་པ་སོགས་ཐོ་མི་འཚམས་པའི་ལས་ཅན་ནོ། །  +
1 ཅིར་ཡང་མི་རྟོག་པའམ་མི་དཔྱོད་པར་རང་ལུགས་སུ་བཞག་པའི་དོན།  +
2 སྟོང་ཉིད་རྟོགས་པའི་ཡེ་ཤེས།  +
སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་ཟེར། སྒྲ་བཤད་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལྟ་བའི་ཕུ་ཐག་བཅད་ནས། དེ་ནས་དེའི་སྟེང་དུ་མི་རྟོག་པ་སྟེ་མི་དཔྱད་པར་བཞག་པ་ལ་ཟེར། རྗེའི་ལམ་རིམ་ཆེན་མོ་ལ་གཞི་བྱས། མི་རྟོག་པར་བཞག་པ་ཞེས་པ་བརྟག་དཔྱད་མི་བྱེད་པར་བཞག་པའི་དོན་ནོ། །  +
དབང་ཆེ་བའི་དོན། འདི་བོན་པོའི་བརྡ་ཡིན་པར་ལི་གུར་དུ་གསུངས།  +
ལུས་ཀྱི་ཤ་དང་པགས་པ་བྱ་དང་གཅན་གཟན་སོགས་ཀྱིས་ཟོས་པ། ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གཞི་བྱས།  +
ལུས་ཀྱི་ཤ་དང་པགས་པ་བྱ་དང་གཅན་གཟན་སོགས་ཀྱིས་ཟོས་པ་ལ་དམིགས་པའི་འདུ་ཤེས། ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གཞི་བྱས།  +
ཡན་ལག་དང་ཉིང་ལག་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་བ།  +
ཡན་ལག་དང་ཉིང་ལག་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་བ་ལ་དམིགས་པའི་འདུ་ཤེས།  +
(འདུལ་བ) ཁྱད་པར་དུ་འཕེལ་བ། ལྷག་པར་འཕེལ་བ། རྣམ་འབྱེད་འགྲེལ་༼ ཚུ ༽༣བ༥ལས། རྣམ་པར་འཕེལ་དང་ཞེས་བྱ་བ་ནི་ཁྱད་པར་དུ་འཕེལ་བ་སྟེ། ཞེས་གསུངས་སོ། །  +
སྲིན་བུས་ཟོས་ནས་ཞིག་པ།  +
སྲིན་བུས་ཟོས་ནས་ཞིག་པའམ་འབུས་གང་ལ་དམིགས་པའི་འདུ་ཤེས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། རྣམ་པར་འབུས་ཞིག་པའི་འདུ་ཤེས་ནི་འབུས་གང་བར་དམིགས་པ་ཡིན་ནོ། །ཞེས་གསུངས།  +
(ཕར་ཕྱིན) འདིའི་མཚན་དངོས་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་ཞེས་བྱ་བའི་མདོ་ཞེས་བྱའོ། །སྡེ་དགེ་བཀའ་འགྱུར་མདོ་སྡེ་༼ ཚ ༽༡༢༣བ༢ན་བཞུགས་ཤིང་། འདི་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ། རྟེན་འབྲེལ་གྱི་མདོ་རྣམས་དོན་གཅིག རྗེའི་ལེགས་བཤད་གསེར་ཕྲེང་སྨད་ཆ་སྐབས་ལྔ་པའི་རྟེན་འབྲེལ་བཤད་པའི་སྐབས་ཀྱི་ཕྱི་ལུགས་ཀྱི་ཤོག་གྲངས་༤༠༡ལས། རྣམ་པར་འབྱེད་པའི་མདོ་ཞེས་འབྱུང་བ་ཡང་འདི་ཉིད་ལ་ཟེར་བ་ཡིན་ནོ། །  +
1 སྤྱིར་བཏང་རྣམ་པར་འཚེ་བ་ནི་གནོད་པ་བྱེད་པའི་དོན་ཡིན། ཉེ་ཉོན་ཉི་ཤུའི་ནང་གི་བཅུ་པ་རྣམ་པར་འཚེ་བ་ནི། ཁྲོ་བ་ལྷག་པར་འཕེལ་ཏེ་གཞན་ལ་ཁུ་ཚུར་དང་ཐལ་ལྕགས་ལ་སོགས་པས་དངོས་སུ་གནོད་པ་བྱེད་པ་ལ་ཟེར། ཕུང་པོ་ལྔའི་རབ་བྱེད་ལས། ཁྲོ་བའི་རྐྱེན་གྱིས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པས་གཞན་ལ་རྣམ་པར་ཐོ་འཚམས་པར་བྱེད་པ་དེ་ནི་རྣམ་པར་འཚེ་བའོ། །ཞེས་གསུངས་སོ། །ཕུང་པོ་ལྔའི་རབ་བྱེད་ལས་བཤད་པའི་རྣམ་པར་འཚེ་བའི་གོ་དོན་འདི་ཤིན་ཏུ་ཡིད་ལ་འཐད་ཅིང་ལེགས་བཤད་དུ་སྣང་ངོ་། །ཡང་གོང་གི་ལུང་གི་མཇུག་ཙམ་ལས། ཁྲོ་བའི་རྐྱེན་གྱིས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་རབ་ཏུ་བརྡེག་པའི་རྒྱུའི་ཆོས་ནི་རྣམ་པར་འཚེ་བས་ན་རྣམ་པར་འཚེ་བའོ། །ཞེས་རྒྱུའི་གནས་སྐབས་ལ་གོ་དགོས་པ་ལྟ་བུ་ཅུང་ཟད་མི་འདྲ་བའང་བཤད་པས་དཔྱད་དོ། །  +
2 ཡང་། ཉེ་ཉོན་ཉི་ཤུའི་བཅུ་པ་ནི། ཁོང་ཁྲོའི་ཆར་གཏོགས་གང་ཞིག གཞན་ལ་སྙིང་བརྩེ་བ་སོགས་མེད་ཅིང་མཐོ་འཚམས་པར་འདོད་པས་རབ་ཏུ་ཕྱེ་བའི་རིག་པའོ། །རང་གིས་མཐོ་འཚམས་པར་འདོད་པས་སྙིང་བརྩེ་བ་མེད་པ། གཞན་བྱེད་དུ་འཇུག་འདོད་པས་སྙིང་རྗེ་བ་མེད་པ། གཞན་གྱིས་བྱེད་པ་མཐོང་ངམ། ཐོས་ན་རྗེས་སུ་ཡི་རངས་པས་བརྩེ་བ་མེད་པའོ། །བྱེད་ལས་ནི། གཞན་ལ་མཐོ་འཚམས་པའི་ལས་ཅན་ནོ། །ཀུན་བཏུས་དར་ཊཱིཀ་ལྟར་རོ། །  +
གནའ་བོ་དང་དེང་དུས། དཔེར་ན་གནའ་དེང་གི་མཁས་པ་ཞེས་པ་ལྟ་བུ།  +
(ཕར་ཕྱིན) སེམས་ཙམ་པ། སྒྲ་བཤད་ནི། ཕྱི་རོལ་མེད་ཅིང་ཆོས་རྣམས་རྣམ་པར་ཤེས་པའི་བདག་ཉིད་ཙམ་དུ་སྨྲ་བས་དེ་སྐད་ཅེས་བྱ་སྟེ། དཔེར་ན་རྨི་ལམ་ན་ཁང་ཁྱིམ་ལ་སོགས་པའི་དོན་མེད་ཀྱང༌། ནང་གི་རྣམ་པར་ཤེས་པ་ཉིད་ཁང་ཁྱིམ་དང་ནགས་ཚལ་དང་ས་དང་རི་ལ་སོགས་པའི་དོན་སྣ་ཚོགས་ཀྱི་རྣམ་པར་སྣང་བ་བཞིན་ནོ། །  +
(མཛོད) ཕྱིའི་རྣམ་འགྱུར་ལ་བརྟེན་ནས་ནང་གི་ཀུན་སློང་བཟང་ངན་སོགས་རིག་པའམ་དཔོག་པར་བྱེད་པའི་གཟུགས། དཔེར་ན་ཁོང་ཁྲོ་ལངས་ཏེ་གདོང་དམར་པོ་ཆགས་པའི་རྣམ་འགྱུར་ལྟ་བུ། སྒྲ་བཤད་ནི། རྣམ་པར་ནི་ཚིག་རྒྱན་ཙམ་མམ། ཡང་ན། ཡང་དག་པའམ་ལེགས་པར་ཞེས་པའི་དོན་དང༌། ཕྱིའི་རྣམ་འགྱུར་ལ་བརྟེན་ནས་ནང་གི་ཀུན་སློང་བཟང་ངན་སོགས་རིག་པའམ་དཔོག་པར་བྱེད་པའི་གཟུགས་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་དབྱེ་ན། ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་གཉིས་སོ། །  +
(མཛོད) ཁྱད་ཆོས་དྲུག་དང་ལྡན་པའི་བསྟན་མེད་ཐོགས་མེད་ཀྱི་གཟུགས་ཤིག ཁྱད་ཆོས་དྲུག་ནི། གནས་སྐབས་ཀྱི་ཁྱད་པར་སེམས་གཡེངས་པ་དང༌། སེམས་མེད་པའི་སྙོམས་འཇུག་གཉིས་ཀྱི་གནས་སྐབས་ན་ཡང་ཡོད་པ་དང༌། ངོ་བོའི་ཁྱད་པར་དགེ་བ་དང་མི་དགེ་བ་གང་རུང་ཡིན་པ། དུས་ཀྱི་ཁྱད་པར་རྒྱུན་མཆོག་རྗེས་སུ་འབྲེལ་བ་སྟེ་རྒྱུན་བར་མ་ཆད་དུ་གནས་པ། རྒྱུའི་ཁྱད་པར་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་ལས་བྱུང་བ། མིག་ཤེས་ལ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་ཁྱད་པར་དང་དྲུག་གོ།མཛོད་རྩ་བ་ལས། གཡེངས་དང་སེམས་མེད་པ་ཡི་ཡང༌། །དགེ་དང་མི་དགེ་རྗེས་འབྲེལ་གང༌། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་གསུངས་སོ། །  +
1 རྣམ་རྟོག རྟོག་པ། ཀུན་རྟོག་རྣམས་དོན་གཅིག དཔེར་ན་རྣམ་པར་རྟོག་པ་ནི་ཤིན་ཏུ་མང་ལྟ་བུ། སྒྲ་བཤད་ནི། འདིའི་རྣམ་པར་ཞེས་པ་དོན་གཞན་མི་སྟོན་པར་ཚིག་རྒྱན་ཙམ་ཡིན་ལ། རྟོག་པ་ནི་འདིར་སྒྲ་དོན་འདྲེར་རུང་དུ་འཛིན་པའི་ཞེན་རིག་གོ།  +
2 རྣམ་པར་རྟོག་པ་སྟེ་བརྟག་དཔྱད་བྱེད་པའི་དོན། རྣམ་དབྱེ་རྟོག་པའམ་དཔྱོད་པ། སྒྲ་བཤད་ནི། རྣམ་པར་ཏེ་ཡང་དག་པར་རྟོག་པའམ་དཔྱོད་པས་ན་དེ་སྐད་ཅེས་བྱའོ། །  +
3 སེམས་ཀྱི་འཆར་ཚུལ་ལའང་བཤད།  +
རྣག་འཛག་པ། དག་ཡིག་གསར་བསྒྲིགས་ལྟར་བྱས་ན། རྣམ་པར་རྣག་པ་ཞེས་ས་མཐའ་མི་སྦྱོར།  +
རྣག་འཛག་པ་ལ་དམིགས་པའི་འདུ་ཤེས།  +
གཟིགས་པ་བཞི་དང་དོན་འདྲ། ཡོངས་གྲགས་སུ་གཟིགས་པ་ལྔ་ཟེར་ཡང་རྒྱ་ཆེར་རོལ་པའི་མདོར་བཞིར་གསུངས།  +
1 ཡང་དག་པར་ཤེས་པ།  +
བོད་ཀྱི་རི་དྭགས་ཤིག འདི་ལ་ཕྱི་རྒྱལ་བས་Himalayan blue sheep, bharal དང་། མཚན་རིག་གི་མིང་དུ་ pseudois nayaur ཟེར། བོད་ཡིག་དབྱངས་བཞི་པ་ན་རོའམ། གནའ་རུའམ། རྣ་རུ་ཞེས་པ་རི་དྭགས་འདིའི་རྭ་ཅོ་ལ་དཔེ་བླངས་ནས་མིང་ཐོགས་པ་ཡིན།  +
2 རྣམ་ཤེས་དང་དོན་གཅིག  +
རྣམ་ཤེས་དང་དོན་གཅིག  +
སྔར་བྱས་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་བྱེད་པ་ལ་ཟེར། སྒྲ་བཤད་ནི། སྡིག་པ་བྱེད་འདོད་ཀྱི་སེམས་དང་དེས་ཀུན་ནས་བསླངས་པའི་སྔར་བྱས་ཀྱི་སྡིག་པ་རྣམས་རྣམ་པར་སུན་འབྱིན་པ་སྟེ་སེལ་བར་བྱེད་པའི་དགེ་སེམས་སྟོབས་ཆེན་པོ་ཡིན་པས་དེ་སྐད་ཅེས་བྱའོ། །  +
1 ཿ ཀླད་ཀོར་གཉིས་བརྩེགས་ཅན་དེ་ལ་རྣམ་བཅད་ཟེར། བཀླག་ཚུལ་གཉིས་ཏེ། ཕལ་ཆེར་ས་རུ་བཀླག་སྟེ། དཔེར་ན་ན་མཿ ཞེས་པ་ལ། ན་མས་ལྟ་བུ་དང༌། ས་མ་ཡིན་པ་ལ་དྲག་པོར་ལྡུམས་ལྡུམས་བཅད་ནས་འདོན་དགོས་པར། དཔེར་ན་ཨཿདང༌། ཕཊཿལྟ་བུའོ། །  +
2 མཚམས་མ་ནོར་བར་འཛིན་བྱེད་ཀྱི་རྟགས་ཤིག མཚོན་རྟགས་འདི་རྗེ་ཙོང་ཁ་པ་ཆེན་པོའི་འགྲེལ་པ་བཞི་སྦྲགས་ན་མང་དུ་སྣང༌།  +
རྣམ་བཅུ་དབང་ལྡན་གྱི་ཡི་གེ་བཅུ་པོ་འདིས། ཕྱི་ནང་གཞན་གསུམ་མམ། གཞི་ལམ་འབྲས་གསུམ་མཚོན་ཏེ། སྦྱང་གཞི་ཕྱིའི་སྲིད་པ་བཅུ། ནང་སྒྲུབ་པ་པོའི་རྡོ་རྗེའི་ལུས། དེ་གཉིས་སྦྱོང་བྱེད་བསྐྱེད་རྫོགས་གཉིས། སྦྱངས་པའི་འབྲས་བུ་ཡེ་ཤེས་རྣམས་མཚོན་པར་བྱེད་ཅིང༌། ཡིག་འབྲུ་རྣམས་གཅིག་སྟེང་གཅིག་བརྩེགས་པ་ནི། ཕྱི་ནང་གི་སྣོད་བཅུད་ཆགས་ཚུལ་གྱི་རིམ་པ་སོགས་སྟོན་པའི་ཆེད་དུ་ཡིན། དེར་བརྟེན་འདིའི་སྐབས་སུ་སྔགས་ཀློག་པ་ན་འོག་ནས་སྟེང་དུ་བཀླགས་ནས་འགྲེལ་བཤད་བྱེད་དགོས། འདིའི་བཀླག་ཚུལ་ནི། གསལ་བྱེད་མི་འདྲ་དུ་མ་བརྩེགས། །རང་སྒྲ་ཐོན་ཙམ་མྱུར་བར་བཀླག །དབྱངས་དང་ང་རོ་འོག་མར་དབང༌། །ཞེས་པས་སྟོན་ཏེ། གསལ་བྱེད་དུ་མ་བརྩེགས་པ་ལྟ་བུ་ལ། རང་རང་གི་སྒྲ་ཐོན་ཙམ་མྱུར་བར་བཀླག་སྟེ། དཔེར་ན། ཧ་ཀྵ་མ་ལ་ཝ་ར་ཡྃ། ལྟ་བུའོ། །འདིར་ཁ་ཅིག ཧཾ་ཀྵཾ་མཾ་ལཾ་ཝཾ་རཾ་ཡྃ། ཞེས་དབྱངས་དང་ང་རོ་ཀུན་ལ་སྦྱར་ནས་བཀླག་པ་ཡོད་དེ། ནོར་བ་ཡིན་པས་སྤང་བར་བྱ་ཞེས་གསུངས། (ཕྱིའི་སྲིད་པ་མཚོན་ཚུལ་ནི) (ནཱ་དས) བདེ་སྟོང་གི་དེ་བཞིན་ཉིད། (རྣམ་བཅད་དང་ཐིག་ལེས) ཟླ་ཉི་གཉིས་མཚོན། (ཧ) གཟུགས་མེད་ཀྱི་གནས་མཚོན། (ཀྵ) འདོད་གཟུགས་ལྷའི་གནས། (མ) ལྷུན་པོ། (ལ) པདྨ། (ཝ) ཆུའི་དཀྱིལ་འཁོར་མཚོན། (ར) མེ། (ཡ) རླུང༌། (སྲོག་ཏུ་ཞུགས་པའི་ཨས) ནམ་མཁའ། (ནང་སྒྲུབ་པ་པོའི་རྡོ་རྗེའི་ལུས་མཚོན་ཚུལ་ནི) (ནཱ་དས) འདིས་ནི་གང་ལ་གནད་དུ་བསྣུན་པའི་རྡོ་རྗེའི་ལུས་ཀྱི་གནད་ཆེ་ས་དག་ཀྱང་མཚོན་པར་བྱེད་དོ། །(ཧྃ) དེས་རྩ་དབུ་མ་དང་རོ་རྐྱང་གཉིས་མཚོན། (ཀྵ) གསང་གནས་ཀྱི་པདྨ། (མ) ལྟེ་བ་ནས་གསང་གནས་ཀྱི་བར་གྱི་ལུས་སམ་སྒལ་ཚིགས། (ལ) ལྟེ་བའི་འཁོར་ལོ། (ཝ) སྙིང་ག (ར) མགྲིན་པ། (ཡ) དཔྲལ་བ། (སྦྱོང་བྱེད་བསྐྱེད་རིམ་མཚོན་ཚུལ་ནི) ཡི་གེ་རྣམས་བརྩེགས་པའི་གོ་རིམ་གྱིས་བསྐྱེད་རིམ་གྱི་རྟེན་དང་བརྟེན་པ་བསྐྱེད་པའི་གོ་རིམ་ཀྱང་མཚོན། (ནཱ་དས) དཀྱིལ་འཁོར་གྱི་གཙོ་བོ་དུས་ཀྱི་འཁོར་ལོ་དང༌། འཁོར་གྱི་ལྷ་ཐམས་ཅད་མཚོན། (ཧྃ) དེས་ཟླ་གཉིས་སྒྲ་གཅན་གྱི་གདན་དང༌། གཞལ་ཡས་ཁང་མཚོན། (ཀྵ) པདྨ། (ལ) ས་དཀྱིལ། (ཝ) ཆུ་དཀྱིལ། (ར) མེ་དཀྱིལ། (ཡ) རླུང་དཀྱིལ། (ཡ་ཡིག་གི་སྲོག་ཏུ་ཞུགས་པའི་ཨས) ཆོས་འབྱུང༌། (རྫོགས་རིམ་མཚོན་ཚུལ་ནི) (ཧྃ) དེས་ཡས་རིམ་བཞིན་གཏུམ་མོ། ཁུ་བ། སེམས་བདེ་བའི་ངོ་བོར་སྐྱེས་པ་མཚོན། དེ་ཡང་རྣམ་བཅད་ཀྱིས་གཏུམ་མོ་འོག་ནས་འབར་བ་དང༌། ཐིག་ལེས་ཁུ་བ་སྟེང་ནས་འབབ་པ་མཚོན། (ནཱ་དས) སེམས་བདེ་བའི་ངོ་བོར་སྐྱེས་པ་མཚོན། (ཀྵ) གསང་བའི་རྩ་འཁོར་གྱི་པདྨ། (ལ) ལྟེ་བ་ནས་གསང་གནས་ཀྱི་བར་གྱི་ལུས་སམ་སྒལ་ཚིགས། (ཝ) སྙིང་གའི་རྩ་འཁོར། (ར) མགྲིན་པའི་རྩ་འཁོར། (ཡ) དཔྲལ་བའི་རྩ་འཁོར། (ཧྃ) དེས་བདེ་བ་ཆེན་པོའི་ཡེ་ཤེས། (ཀྵ་མ་ལ་ཝ་ར་ཡ) རྣམས་ཀྱིས་ཁམས་དྲུག་པོ་ཐམས་ཅད་སྒྲིབ་བྲལ་དུ་གྱུར་པའི་སྟོང་ཆེན་གྱི་ཡི་གེ་ལྔ་དང༌། ཡིག་དྲུག་མཚོན། མདོར་ན་དུས་འཁོར་གྱི་སྔགས་འདིས་ཕྱི་ནང་གཞན་གསུམ་མམ། ཡང་ན་གཞི་ལམ་འབྲས་གསུམ་རྫོགས་པར་མཚོན་པའི་ལཉྫའི་ཡི་གེ་རྨད་དུ་བྱུང་བ་ཞིག་གོ། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལ་གཞི་བྱས་ཏེ་རགས་རིམ་ཙམ་ཞིག་བཀོད། རྣམ་བཅུ་དབང་ལྡན་ཞེས་པའི་ཡི་གེ་རྣམ་པ་བཅུ་ནི། ༡ ནཱ་ད། ( ྂ ) ༢ རྣམ་བཅད་དང་ཐིག་ལེ། ( ྃ ) ༣ ཧ ༤ ཀྵ ༥ མ ༦ ལ ༧ ཝ ༨ ར ༩ ཡ ༡༠ ཨ (ཡི་གེ་དེ་དག་གི་སྲོག་ཏུ་ཞུགས་པའི་ཨ་ཡིག) བཅས་སོ། །  
ཤིང་རྟ་རང་གི་ཡན་ལག་དང་གཅིག་དང༌། ཐ་དད། རྟེན་དང༌། བརྟེན་པ། ལྡན་པ། ཚོགས་པ། དབྱིབས་དང་བདུན་དུ་བཙལ་བས་མི་རྙེད་ཀྱང་བཏགས་ཙམ་དུ་ཡོད་པར་སྒྲུབ་པའི་རིགས་པའོ། །འདི་གང་ཟག་གི་བདག་འགོག་པའི་རིགས་པའི་གཙོ་བོར་རྗེའི་ལམ་རིམ་ཆེན་མོ་དང་དྲང་ངེས་ལེགས་བཤད་སྙིང་པོ་སོགས་སུ་གསུངས། རིགས་པ་དང་པོ་བཞི། མདོ་ལས་ཕྱི་རོལ་མུ་སྟེགས་པ་འགོག་བྱེད་དུ་གསུངས། ལྡན་པའི་རིགས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་བྱེ་མདོ་སོགས་འགོག་བྱེད་དུ་རྩ་བ་ཤེས་རབ་ལས་གསུངས། ཚོགས་པ་དང་དབྱིབས་སུ་མེད་ཚུལ་གྱི་རིགས་པ་ནི། དཔལ་ལྡན་ཟླ་བས་སེམས་ཙམ་པ་དང་རང་རྒྱུད་པ་འགོག་བྱེད་དུ་དབུ་ལ་འཇུག་པར་གསུངས་ཞེས་ཀློང་རྡོལ་བླ་མ་གསུང༌། ཅོ་ནེ་བླ་མ་གྲགས་པ་བཤད་སྒྲུབ་ཀྱི་༼ གཞུང་ལུགས་དུ་མའི་བརྗོད་བྱ་སྣ་ཚོགས་པ་མིང་གི་སྒོ་ནས་གསལ་བར་བསྟན་པ ༽ལས། དགག་བྱའི་བདག་ནི་ཕུང་དང་གཅིག་ཉིད་༡མིན། །རང་བཞིན་གྱིས་ཀྱང་ཐ་དད་ཡོད་མིན་༢ཞིང༌། །ཕུང་པོ་རྣམས་དང་རང་བཞིན་གྱིས་༣མི་ལྡན། །ཕུང་པོར་རང་བཞིན་གྱིས་ནི་བརྟེན་༤མ་ཡིན། །ཕུང་རྣམས་དེ་ལའང་དེ་ལྟར་བརྟེན་༥པ་མིན། །ཕུང་པོའི་ཚོགས་༦པ་བདག་མིན་དབྱིབས་མ་༧ཡིན། །རྣམ་བདུན་རིགས་པར་དབུ་མའི་གཞུང་ནས་བཤད། །ཅེས་གསུངས་སོ། །  +
1 གཏན་ལ་ཕབ་པ།  +
2 སྐོར། དཔེར་ན་སྟོང་ཉིད་ཀྱི་རྣམ་བཞག་ཅེས་པ་ལྟ་བུ། སྒྲ་བཤད་ནི། ཡང་དག་པར་གཏན་ལ་ཕབ་པ་ཡིན་པས་ན་རྣམ་བཞག་ཅེས་བྱ་སྟེ། རྣམ་ནི་རྣམ་པར་ཏེ་ཡང་དག་པ། བཞག་ནི་གཏན་ལ་ཕབ་འི་དོན་ནོ། །  +
ཞི་རྒྱས་དབང་དྲག་གི་ལས་བཞི། རྗེའི་རྣམ་ཐར་ཆེན་མོ་ལས། མྱུར་མཛད་མགོན་དང་ལས་གཤིན་ཕྱི་ནང་གསང་། །དམག་ཟོར་ཞི་དྲག་ཆོས་རྒྱལ་སྐུ་ལྔ་སོགས། །བདུད་དཔུང་འཇོམས་ལ་རྡོ་རྗེའི་ཤུགས་ལྡན་པའི། །བསྟན་སྲུང་རྒྱ་མཚོས་རྣམ་བཞིའི་འཕྲིན་ལས་མཛོད། །ཞེས་གསུངས་པ་ལྟར་རོ། །  +
འདི་ལ་ཀ་བསྟོད་ཟེར་ཞིང་འདི་དམ་ཅན་ཆོས་རྒྱལ་གྱི་བསྟོད་པ་ཡིན། རྗེ་དགེ་འདུན་གྲུབ་ཀྱིས་མཛད། ཞིབ་པར་ཀ་བསྟོད་ཅེས་པའི་ཐད་དུ་གཟིགས།  +
1 བོད་ཡིག་གི་དབྱངས་བཞི་པ་མཚོན་བྱེད་ཀྱི་རི་མོ་ཞིག  +
སློབ་དཔོན་དབྱིག་གཉེན་གྱིས་མཛད། སྡེ་དགེ་བསྟན་འགྱུར་སེམས་ཙམ་༼ ཤི་པ ༽༢༩ན༢ན་བཞུགས་སོ། །  +
སློབ་དཔོན་དབྱིག་གཉེན་གྱིས་མཛད། སྡེ་དགེ་སྤར་མའི་བསྟན་འགྱུར་༼ ཤི ༽ཤོག་གྲངས་༢༩མདུན་གཟིགས་ནས་དབུ་བཙུགས་ནས། མཇུག་༡༣༤ལ་རྫོགས་སོ། །  +
<བི་དྷཱ་ཏཱ> (མངོན་བརྗོད) འཇིག་རྟེན་བྱེད་པ་པོ་སྟེ། ཚངས་པའི་མིང་ངོ་། །ལེགས་སྦྱར་དུ་བི་དྷཱ་ཏཱ་ विधाता, Vidhaataa ཟེར།  +
རྣམ་མཁྱེན་གྱི་ཤེས་རྣམ་ལ་བརྒྱ་དང་བཅུ་ཡོད་དེ། ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་ཤེས་རྣམ་སུམ་ཅུ་རྩ་བདུན། བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་ཤེས་རྣམ་སུམ་ཅུ་རྩ་བཞི། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་སུམ་ཅུ་རྩ་དགུ་ཡོད་པའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས། དྲན་པ་ཉེར་གཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་གསུངས་པའི་ཕྱིར།  +
སྟོན་པ་དང་དེའི་བསྟན་པ་སྐྱོན་མེད་པར་བསྒྲུབ་པའི་ཚུལ་ནི་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱའི་གཙོ་བོ་ཡིན་ཞིང༌། དེ་ཉིད་བསྒྲུབ་པ་ལ་ལེའུ་གཉིས་པ་ཚད་མ་གྲུབ་པའི་ལེའུ་དང༌། དེ་ཡང་གཏན་ཚིགས་ཡང་དག་གི་སྒོ་ནས་བསྒྲུབ་དགོས་པས། དེ་གཏན་ལ་འབེབས་པ་ལ་ལེའུ་དང་པོ་རང་དོན་གྱི་ལེའུ། གཏན་ཚིགས་སྐྱོན་མེད་དུ་འགྱུར་བ་ཡང་ཚུལ་གསུམ་མཐར་མངོན་སུམ་གྱིས་གྲུབ་པ་ལ་རག་ལས་པས། དེའི་ཕྱིར་མངོན་སུམ་གྱི་ཚད་མ་གཙོ་བོར་གཏན་ལ་འབེབས་པ་ལ་ལེའུ་གསུམ་པ་མངོན་སུམ་གྱི་ལེའུ། རང་གིས་ངེས་པ་དེ་གཞན་ལ་སྟོན་པའི་ཐབས་གཏན་ལ་འབེབས་པ་ལ་གཞན་དོན་ལེའུ་གསུངས་པ་ཡིན་ནོ། །མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལ་གཞི་བྱས་ཏེ་བཀོད།  +
རང་དོན་རྗེས་དཔག་གི་ལེའུ། ཚད་མ་གྲུབ་པའི་ལེའུ། མངོན་སུམ་གྱི་ལེའུ། གཞན་དོན་གྱི་ལེའུ་སྟེ་བཞིའོ། །དེ་ཡང་བསྡུ་ན་རང་དོན་གྱི་ལེའུ། མངོན་སུམ་གྱི་ལེའུ། གཞན་དོན་གྱི་ལེའུ་སྟེ་གསུམ་དུ་འདུས་པར་གསུངས་སོ། །ཚད་མ་གྲུབ་པའི་ལེའུ་རང་དོན་གྱི་ལེའུར་འདུས་སོ། །  +
1 འཁྲིད་པའམ་འཐེན་པ།  +
2 སངས་རྒྱས་སྤྱིའི་མཚན། སྒྲ་བཤད་ནི། གདུལ་བྱ་རྣམས་ངན་སོང་གསུམ་ལས་རྣམ་པར་རམ་ཡང་དག་པར་འདྲེན་ཞིང་བདེ་བ་ལ་འཇོག་པས་ན་རྣམ་འདྲེན་ནོ། །  +
སྐུ་བཅར་ཕན་བདེ་ལེགས་བཤད་གླིང་ཞེས་བྱ་བ་ྋརྒྱལ་བ་བསོད་ནམས་རྒྱལ་མཚོས་ཕྱི་ལོ་༡༥༧༤ལོར་ཕྱག་བཏབ།  +
མཆོད་རྟེན་ཆ་བརྒྱད་ཀྱི་བདུན་པ་སྟེ། ཡངས་པ་ཅན་དུ་བདག་ཅག་གི་སྟོན་པ་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་བཞེངས་པ། འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་བ་མཚོན་བྱེད། ཟླུམ་པོ་བང་རིམ་གསུམ་པ་ཅན་གྱི་མཆོད་རྟེན་ཞིག དེ་ལ་བྱིན་རླབས་མཆོད་རྟེན་ཡང་ཟེར།  +
2 རི་དྭགས་གནའ་བའི་རྭ་ཅོ།  +
1 རྟོག་པ་དང་དོན་གཅིག སེམས་ཀྱི་འཆར་སྒོ་སྣ་ཚོགས་པ།  +
2 ཐེ་ཚོམ། དོགས་པ། ངན་སེམས།  +
(བཀའ་བརྒྱུད) ཕྱག་ཆེན་གྱི་བརྡ་ཞིག་སྟེ། རྟོག་པ་ངོས་འཛིན་པ་དང་དོན་འདྲ། ཡིད་ལ་དགེ་མི་དགེའི་རྟོག་པ་ཕྲ་རགས་ཅི་རིགས་པ་ཤར་དུ་བཅུག་ལ། དེའི་དབང་གིས་བློ་ལ་དགའ་མི་དགའི་རྣམ་རྟོག་གང་ཡང་རུང་བ་ཞིག་ལྷང་ངེ་བྱུང་བ་ན། དེ་ཉིད་རང་ཡན་དུ་མི་བཏང་བར་དྲན་པས་ཅེར་གྱིས་ངོས་བཟུང་བ་ལ་ཟེར།  +
(བཀའ་བརྒྱུད) དབུ་མའི་ལྟ་བ་རང་རྒྱུད་ལ་སྐྱེས་པ་དང་དོན་གཅིག འདི་དང་ཐ་མལ་གྱི་ཤེས་པ་མངོན་དུ་བྱས་ཞེས་པ་དང༌། ཆོས་སྐུ་མངོན་སུམ་དུ་བྱས་པ་རྣམས་དོན་འདྲ་བར་བཤད། ཆོས་ཅན་མྱུ་གུ་དང་རྣམ་རྟོག་སོགས་དེ་དག་དེའི་ཆོས་ཉིད་ལས་གཞན་དུ་མ་གྲུབ་པར་རྟོགས་པ་ན། རྣམ་རྟོག་ཆོས་སྐུར་ཤར་ཞེས་བྱའོ། །ཞེས་འབྱུང༌། ཀརྨ་པ་དབང་ཕྱུག་རྡོ་རྗེའི་འཇུག་ཊཱིཀ་དག་བརྒྱུད་གྲུབ་པའི་ཤིང་རྟ་ལས་ཀྱང་དེ་བཞིན་དུ་གསལ།  +
ཕྱི་རོལ་ཏུ་དགྲ་མེད་ཀྱང་། རང་གི་སེམས་ཕྱི་རོལ་གྱི་དགྲར་ཤར་བ་ལ་ཟེར། གཏམ་དཔེར། རྣམ་རྟོག་དགྲར་ལངས། ཁ་སྟོང་རྐུན་མ་སྡང་། ཞེས་པ་ལྟ་བུའོ། །  +
ཁྱབ་པའི་དམིགས་པ་བཞིའི་དང་པོ་ནི། དེ་ལ་དམིགས་ནས་ལྷག་མཐོང་གིས་དཔྱོད་པར་བྱེད་པའི་ཚེ་དཔྱོད་བྱེད་ཀྱི་རྣམ་རྟོག་ཡོད་པས་རྣམ་རྟོག་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །འདིའི་གཟུགས་བརྙན་ཞེས་པ་ནི། གང་ལ་དམིགས་པའི་དམིགས་པ་རང་མཚན་པ་དེ་དངོས་མིན་པར་དེའི་རྣམ་པ་བློ་ལ་སྣང་བའོ། །  +
ཁྱབ་པའི་དམིགས་པ་བཞིའི་གཉིས་པ་ནི། ཞི་གནས་ཀྱིས་རང་གི་དམིགས་པ་དེ་ལ་དམིགས་ནས་མི་དཔྱོད་པར་སེམས་འཇོག་པའི་ཚེ་དཔྱོད་བྱེད་ཀྱི་རྟོག་པ་མེད་པས་རྣམ་རྟོག་མེད་པའི་གཟུགས་བརྙན་ཞེས་བྱའོ།  +
དེའི་ཚུལ་ནི། རླུང་ཕྱི་ནང་དུ་རྒྱུ་བ་ལ་བགྲང་བ་དང་ལྟ་བའི་སྒོ་ནས་སེམས་གཞན་དུ་མི་གཡེང་བར་དམིགས་པའོ། །  +
(བཀའ་བརྒྱུད) རྟོག་པ་ངོས་ཟིན་ནས་གང་ཤར་བའི་རྟོག་པ་དེ་ཉིད་ལ། སྤང་བླང་དགག་སྒྲུབ་བཅོས་བསླད་སོགས་མི་དགོས་པར་རྟོག་པ་དེ་ཀ་སྒོམ་དུ་ལྷང་གིས་འཆར་བ་ལ་ཟེར།  +
(བཀའ་བརྒྱུད) ཕྱག་ཆེན་གྱི་ལམ་འཁྱེར་དྲུག་གི་ནང་གསེས། རྣམ་རྟོག་ལམ་འཁྱེར་ལྟས་ངན་གཡང་དུ་བླང་པའི་གདམས་པ་ནི། རྟོག་པ་ཟིན་ནས་གང་ཤར་བའི་རྟོག་པ་དེ་ཉིད་ལ། སྐྱོན་ཡོན་དགག་སྒྲུབ་བཅོས་བསླད་སོགས་མི་བྱེད་པར། གསལ་ལེ་ལྷོད་དེ་གུ་ཡངས་སང་ངེ་འཛིན་མེད་དུ་སྐྱོང་བ་ལ་ཟེར།  +
1 ས་ཆ། ས་གནས་ཞེས་པ་ལྟ་བུ།  +
<བི་ཛྙ> ཡུལ་གྱི་ངོ་བོ་གཙོ་བོར་རིག་པའི་ཤེས་པ། མཛོད་རྩ་བ་ལས། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་གསུངས་པ་ལྟར་རོ། །སེམས། ཡིད། རྣམ་ཤེས་རྣམས་དོན་གཅིག སྒྲ་སྦྱོར་བམ་གཉིས་བསྟན་འགྱུར་༼ ཅོ་པ ༽༡༥༢ན་༦ལས།  +
<བི་ཛྙ་སྐནྡྷ> རྣམ་ཤེས་དང་དོན་གཅིག བི་ཛྙ་སྐནྡྷ་ནི་བི་ཛྙན་ཞེས་བྱ་བ་སྟེ། ཡུལ་ཐ་དད་པ་རྣམ་པ་སྣ་ཚོགས་ཤེས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་བརྒྱད་བསྡུས་པའི་མིང་ཡིན་པས་ན་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ། ཞེས་གསུངས་སོ། །  +
ཡིད་ཀྱི་རྣམ་ཤེས་དང་དོན་གཅིག སྒྲ་བཤད་ནི། དེས་ལུས་སྲོག་གནས་པར་བྱེད་པས་ཟས་དང་བྱེད་ལས་མཚུངས་པས་ཟས་ཞེས་བཏགས། དེ་ཡང་རྣམ་ཤེས་ལུས་ལས་ཐོན་ན་ལུས་ཀྱི་དྲོད་ཉམས་པ་དང་རུལ་པ་ལ་སོགས་པས་ལུས་གནས་མི་ཐུབ་པ་ལྟ་བུའོ། །  +
གཟུང་འཛིན་གྲངས་མཉམ་པ་དང་འདྲ།  +
སོ་སྐྱེའི་ཤེས་པ་ལ་རྣམ་ཤེས་དང་འཕགས་པའི་ཤེས་པ་ལ་ཡེ་ཤེས་ཟེར། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་༡༠༧༨པར། རྣམ་ཤེས་དང་ཡེ་ཤེས་འབྱེད་ཚེ་འདག་བྱ་གཟུང་འཛིན་གྱི་སེམས་ལ་རྣམ་ཤེས་དང་རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ལ་ཡེ་ཤེས་ཀྱི་སྒྲས་བཤད་པ་ཡིན་ཞིང༌། འདི་ནི་ཡོད་མེད་ལ་སོགས་པ་སྒྲོ་སྐུར་གྱི་རྣམ་པ་གང་དུ་ཡང་མི་གནས་པའི་ཕྱིར་རོ། །ཞེས་གསུངས་པ་ཡང་དོན་གོང་དུ་ཁོ་བོས་བཤད་པ་དང་འདྲའོ། །རྒྱས་པ་ཡེ་ཤེས་ཞེས་པའི་ཐད་དུ་གཟིགས།  +
མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས་དང་དྲུག་གོ།  +
རྣམ་ཤེས་ཚོགས་དྲུག་གི་སྟེང་དུ། ཀུན་གཞིའི་རྣམ་ཤེས་དང༌། ཉོན་ཡིད་བསྣན་པའི་བརྒྱད་དོ། །  +
ལྷ་སྤྱིའི་མིང་དུ་བཤད། སྒྲ་བཤད་ནི། གཉིད་མེད་པའི་ཕྱིར་རྣམ་སད་ཅེས་པའམ། རྣམ་པའམ་དུས་ཀུན་ཏུ་གཉིད་སད་པས་རྣམ་སད་ཅེས་བྱའོ། །  +
ཆུ་བོ་གངྒཱའི་མིང་ཡིན་པར་བཤད། དེ་ཡང་རྣམ་སད་ནི་ལྷའི་མིང་ཡིན་ལ། ལྷ་རྣམས་ཀྱིས་ཁྱབ་འཇུག་ལྷ་མིན་འཇོམས་པའི་བྱ་དགའ་ལ་ཆུ་བོ་གངྒཱ་རྐང་པའི་མཆོད་ཡོན་དུ་ཕུལ་བས་ གངྒཱ་ལ་རྣམ་སད་མཆོད་ཡོན་ནམ་ཁྱབ་འཇུག་རྐང་པ་ཞེས་བྱ་བར་བཤད་དོ། །  +
རྣམ་པར་བསལ་ནས་ཏེ་ལེགས་པར་སྤངས་ནས་ཞེས་པའི་དོན་ཡིན། དཔེར་ན་ཚོམས་ཤོག་གྲངས་༡ལས། གཉིད་དང་གཏི་མུག་རྣམ་སོལ་ལ། །ཞེས་གསུངས་པ་ལྟ་བུ། དཔེ་འགར། གཉིད་དང་གཏི་མུག་རྣམས་སོལ་ལ། །ཞེས་ས་མཐའ་འབྱུང་བ་ནི་ཡིག་ནོར་རོ། །ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་༼ ཏུ་པ ༽༥༡བ༡ལས། རྣམ་སོལ་ལ་ཞེས་བྱ་བ་ནི་རྣམ་པར་བསལ་བར་བྱ་སྟེ། ཞེས་གསུངས་པ་ལྟར་རོ། །  +
2 ཁྱིམ། སྡོད་ས། དཔེར་ན་སྡོད་གནས། སྨད་འཚོང་མའི་གནས་དང་། གནས་ཁང་ཞེས་པ་ལྟ་བུ།  +
1 (ལོངས་སྐུ་དངོས) འདི་ལ་ལོངས་སྐུ་དང་སྤྲུལ་སྐུའི་རྣམ་པ་ཅན་གཉིས་ཡོད་ཀྱང་། ལོངས་སྐུའི་ཆ་བྱད་ཅན་དེ་གྲགས་ཆེ། ལོངས་སྐུ་ལའང་དངོས་དང་དེའི་རྟེན་གཉིས་ལས། དང་པོ་དངོས་ནི། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་ནས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ལོངས་སྐུའི་ངོ་བོར་དང་པོར་སངས་རྒྱས་པའི་སངས་རྒྱས་ལ། ཐུབ་པ་རྣམ་སྣང་གངས་ཆེན་མཚོ་ཟེར། འདིའི་ཁུངས་ནི། མདོ་སྡེ་ཕལ་མོ་ཆེ་ལས་གསུངས་པར་བཤད། རྣམ་སྣང་གངས་ཅན་མཚོ་ཞེས་བྱ་བ་སྐུ་མདོག་མཐིང་ག་ཕྱག་གཉིས་མཉམ་བཞག་མཛད་ཅིང་དབུ་ལ་ཟླ་བས་བརྒྱན་པའི་ལོངས་སྐུ་ཞིག འདི་རྣམ་སྣང་མངོན་བྱང་གི་རྒྱུད་གསུང་བ་པོ་ཡིན་ཞེས་ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང༌། རྣམ་སྣང་གངས་ཅན་མཚོ་ཞེས་པ་ལོངས་སྐུ་དངོས་དང་དེའི་རྟེན་སྐུ་ངོ་མཚར་ཅན་ཞིག་ཡོད་པ་གཉིས་ཀ་ལ་གོ  +
2 (ལོངས་སྐུའི་རྟེན་སྐུ) སྟོན་པ་ཞལ་བཞུགས་དུས་ཀྱི་གཟོ་བོ་བི་ཤྭ་ཀརྨས་ཀླུའི་རིན་ཆེན་སྣ་ཚོགས་བཞུ་བཏུལ་བྱས་ནས་བླུག་ཅིང་བཞེངས་པའི་རྟེན་སྐུ་དཔག་ཚད་བརྒྱད་བཅུ་དང་ལྡན་པ། སྐུ་མདོག་མཐིང་ག་ཕྱག་གཉིས་མཉམ་བཞག་ཅན། དབུ་ལ་ཟླ་བ་ཆུ་ཤེལ་གྱིས་སྤྲས་པ། བཞུགས་གནས་ཕྱིའི་རྒྱ་མཚོའི་ནང་དུ་བཞུགས་ཤིང་ལྟེ་བ་མན་ཆད་ཆུ་ཡི་ནང་དུ་ནུབ་པས་ཆུ་ནང་གནས་པའི་སྲོག་ཆགས་ཀླུ་སོགས་ཀྱི་འགྲོ་དོན་མཛད་ལ། ལྟེ་བ་ཡན་གྱིས་ལྷ་དང་དྲི་ཟ་སོགས་སྐམ་དང་བར་སྣང་ལ་གནས་པའི་སེམས་ཅན་འགྲོ་དོན་མཛད་པའི་ལོངས་སྐུའི་རྟེན་སྐུ་ངོ་མཚར་ཅན་ཞིག འདི་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་སྟོད་ཆ་༧༦ནའང་གསལ།  +
3 (སྤྲུལ་སྐུའི་ཆ་བྱད) བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱི་ཐུབ་པ་གངས་ཅན་མཚོ་ནི། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་གི་སྐབས་སུ་འབྱུང་སྟེ། དེ་ཡང་དེ་ཉིད་ལས། ཐུབ་པ་གངས་ཅན་མཚོ་སྤྲུལ་སྐུའི་རྣམ་པ་ཅན། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ། གཡོན་མཉམ་བཞག་མཛད་པ། གཡས་གཡོན་དུ་མཆོག་ཟུང་བཞེངས་ཏེ་བཞུགས་པ་སོགས་གསུངས།  +
སངས་རྒྱས་རྣམ་པར་སྣང་མཛད་ཀྱི་བཞུགས་སྟངས་དང་མཐུན་པའི་ལུས་གནད་བདུན་ནམ་བརྒྱད་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ། ལག་གཉིས་མཉམ་བཞག རྐེད་པ་མདའ་ལྟར་བསྲང་བ། མཆུ་སོ་རང་བབས་སུ་བཞག་པ། མགོ་བོ་ཅུང་ཟད་དགུག་པ། མིག་སྣ་རྩེར་ཕབ་པ། ཕྲག་པ་གཉིས་མཐོ་དམའ་མེད་པར་ཐད་ཀར་འཇོག་པ། དབུགས་བགྲང་བ་དང་བརྒྱད་དོ། །དོན་དེ་དག་རྒྱལ་བ་དབེན་ས་པ་ཆེན་པོས། རྐང་པ་ལག་པ་རྐེད་པ་གསུམ། །སོ་མཆུ་ལྕེ་རྣམས་བསྡོམས་པས་བཞི། །མགོ་མིག་ཕྲག་པ་དབུགས་དང་བཞི། །རྣམ་པར་སྣང་མཛད་ཆོས་བརྒྱད་དོ། །ཞེས་སྡོམ་ཚིག་ཏུ་མཛད་དོ། །ལུས་གནད་བརྒྱད་ལྡན་དུ་བྱ་བ་འདི་འཕགས་པ་ཐོགས་མེད་ཀྱིས་ས་སྡེ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་བར་ཐ་གཉིས་དང་། གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་སོགས་སུ་བཤད་དོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ (རྒྱུད་གླེགས་བམ་༼ ཅ་པ ༽༢༡༨ན༤) ལས། སྒྲུབ་པོ་བདེ་བའི་སྟན་འདུག་ནས། །མིག་གཉིས་སྣ་རྩེར་གཏད་བྱས་ནས། །སྣ་ནི་ལྕེ་ཡི་ཚད་དུ་བཞག །ཕྲག་གོང་བསྙམས་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །ཅེས་གསུངས་སོ། །འདི་སྐོར་ཞིབ་པར་ཁོ་བོས་བྱས་པའི་€རྣམ་སྣང་གི་ཆོས་བདུན་རྒྱས་པར་བཤད་པཞེས་བྱ་བ་དེར་བལྟ་བར་བྱའོ། །སྒྲ་བཤད་ནི། ལུས་ཀྱི་འདུག་སྟངས་དེ་དག་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་བཞུགས་ལུགས་དང་མཐུན་པས་དེ་སྐད་ཅེས་བཏགས་སོ། །དེ་དག་གི་འགྲེལ་བཤད་རྒྱས་པར་བཤད་པ་ལ། (རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱེད་པ་ནི) རྡོ་རྗེ་ནི་མི་ཆོད་པ་དང་མི་ཚུགས་པའི་དོན་ཡིན་པས། བར་གཅོད་ཀྱིས་མི་ཚུགས་པའི་དགོས་པ་དང་རྟེན་འབྲེལ་ཡོད། དགོས་པའི་གཙོ་བོ་ནི་རྡོ་རྗེ་སྐྱིལ་ཀྲུང་བཅས་པས་ལུས་དང་རྐེད་པ་རང་བཞིན་གྱིས་འདྲོང་པོར་བྱེད་པ་དེ་ཡིན། ཡང༌། རྫོགས་རིམ་སྐབས་སྐྱིལ་ཀྲུང་བཞི་ལྡན་བསྒྲུབ་པའི་རྟེན་འབྲེལ་འཇོག གཞན་ཡང༌། ཀརྨ་པ་དབང་ཕྱུག་རྡོ་རྗེའི་ཕྱག་ཆེན་གྱི་ཁྲིད་ཡིག་ངེས་དོན་རྒྱ་མཚོ་ལས། རྐང་པ་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་དབུ་མར་ཚུད་ཅིང་ཉོན་མོངས་པ་ཕྲག་དོག་ཞི་བ་དང༌། བར་གཅོད་ཀྱིས་མི་ཚུགས་པའི་དགོས་པ་ཡོད་པར་གསུངས། ཕྱེད་སྐྱིལ་ནི་ཡོངས་གྲགས་ཀྱི་སྐྱིལ་ཀྲུང་ལ་ཟེར། (ལག་གཉིས་མཉམ་བཞག་ནི) གཡས་པ་སྟེང་དང་གཡོན་པ་འོག་ཏུ་བྱས་ནས་མཐེ་བོང་གཉིས་རྩེ་སྤྲད་དེ་ལྟེ་བའི་ཐད་དུ་བཟུང༌། དེའི་དགོས་པ་ནི། རྫོགས་རིམ་གྱི་སྐབས་ལྟེ་བའི་གཏུམ་མོ་འབར་བའི་རྟེན་འབྲེལ་ཡོད་ཅེས་བདག་གི་དྲིན་ཅན་རྩ་བའི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་ཡང་ཡང་གསུང༌། དཔུང་པ་གཡས་གཡོན་གློར་མི་སྦྱར་བར་རླུང་འགྱུ་འོང་བྱེད་ས་ཡོད་ཙམ་གྱི་བར་སྟོང་བཞག་ན་ལུས་སེམས་གྲུང་པོར་གྱུར་པའི་དགོས་པ་ཡོད། (རྐེད་པ་གདའ་ལྟར་བསྲང་བའི་དགོས་པ་ནི) ལུས་དྲང་ན་རྩ་འདྲོང༌། རྩ་དྲང་ན་རླུང་འདྲོང༌། རླུང་དྲང་ན་སེམས་ལས་རུང་དུ་འགྱུར་བའི་དགོས་པ་ཡོད། (མཆུ་སོ་རང་བབས་སུ་བཞག་པ་ནི) མཆུ་དང་ཁ་ངོ་རྣམས་ལྷོད་ཅིང་མི་ངལ་བའི་དགོས་པ་ཡོད། ལྕེ་རྩེ་རྐན་ལ་སྦྱར་བའི་དགོས་པ་ནི། ཁ་མཆུ་མི་འཛག་པ་དང༌། ཁ་ལྕེ་མི་བསྐམ་པའི་དགོས་པ་ཡོད། (མགོ་བོ་ཅུང་ཟད་དགུག་པ་ནི) རྒོད་པ་སེལ་བའི་ཆེད་ཡིན། (མིག་སྣ་རྩེར་ཕབ་པ) མིག་སྣ་རྩེར་ཕབ་ཅེས་པ་མང་པོས་མིག་སྣ་རྩེར་བལྟ་བ་སོགས་བྱེད་པ་ནི་ནོར་རོ། །དེ་ནི་མིག་འབྱེད་འཛུམ་རན་པོའི་སྒོ་ནས་ཐུར་དུ་ཕབ་པ་ཙམ་ལ་ཟེར། མིག་ཅུང་ཟད་ཕྱེ་བས་བྱིང་བ་སེལ་བ་དང༌། མིག་སྣ་རྩེར་ཕབ་པས་རྒོད་པ་སེལ། དེ་ལ་དགོས་པ་གཞན་ཡང་ཡོད་པ་འདི་ལྟར། སྔོན་ཨ་རིའི་སི་ཡ་ཊལ་གྲོང་ཁྱེར་དུ་ཞི་གནས་ཀྱི་སྐོར་སློབ་ཁྲིད་བྱེད་སྐབས་ཤིག་ལ། རྒྱ་མོ་གཞོན་ནུ་མ་ཞིག་ནས། སྒོམ་རྒྱག་སྐབས་མགོ་བོ་རང་ཤུགས་ཀྱིས་གཡས་སུ་འགྱུར་བའི་སྣང་བ་འོང་གི་འདུག་པ་དེ་གང་ཡིན་ནམ་ཞེས་དྲིས་བྱུང༌། དེ་མིག་བཙུམས་པའི་སྐྱོན་རེད་ཅེས་བརྡ་སྤྲད་པས་སྐྱོན་དེ་བསལ་ཐུབ་པ་བྱུང༌། (ཕྲག་པ་གཉིས་མཐོ་དམའ་མེད་པར་དྲང་པོར་འཇོག་པ) (དབུགས་བགྲང་བ་དང་བརྒྱད་དོ) དབུགས་བགྲང་བ་ནི་སྔགས་ཀྱི་སྐབས་ཡིན་ན། རླུང་རོ་དགུ་ཕྲུགས་སུ་བསལ་བ་དེ་ཡིན། འདིར་ནི་དབུགས་འབྱུང་རྔུབ་སྟེ་དབུགས་ཕར་གཏོང་བ་དང་ཚུར་རྔུབ་པ་གཉིས་གཅིག་ཏུ་བགྲངས་པ་ཉེར་གཅིག་གི་ཡུན་ལ་སེམས་མ་ཡེངས་པར་གནས་པ་ལ་ཟེར། དེའི་དགོས་པ་ནི་ཆགས་སྡང་གི་བློ་རགས་པ་ཞི་ནས་རབ་དགེ་སེམས་དང༌། མ་མཐར་ཡང་བཏང་སྙོམས་སུ་སོང་ནས་སེམས་དགེ་སྦྱོར་བསྒྲུབ་པའི་ལས་རུང་དུ་འགྱུར་བའི་དགོས་པ་ཡོད། འདི་ལོ་ཏོག་ཕུན་སུམ་ཚོགས་པ་འབྱུང་བ་ལ་ཞིང་ས་ལས་རུང་དུ་བྱེད་པ་དང་འདྲའོ། །མདོར་ན། བོད་ཀྱི་གྲུབ་ཆེན་རྣམས་ཀྱིས། རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར། ཞེས་པ་ལྟར་ནང་དུ་རྟོགས་པ་སྐྱེ་བ་ལ་ཕྱིའི་ལུས་གནད་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །  
རྣམ་སྣང་གི་ཆོས་བདུན་གྱི་སྟེང་དུ། དབུགས་བགྲང་བ་བསྣན་པས་བརྒྱད་དོ། །  +
སྤྱོད་རྒྱུད་ཀྱི་གཙོ་བོ་ཡིན། རྣམ་སྣང་མངོན་བྱང་གི་རྒྱུད་འདི་གསུང་བ་པོ་ནི་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོ་ཡིན་ཞིང༌། རྒྱུད་འདི་གསུང་བའི་གནས་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འོག་མིན་སྟུག་པོ་བཀོད་པའི་ཞིང་ཡིན་པར་གསུངས་སོ། །  +
༡ རང་དང་གཞན་གྱི་དོན་ལས་བརྩམས་ནས་ཡུན་རིང་པོར་དགེ་བ་མང་པོ་གསོག་པར་བྱེད་པ། ༢ མཐོང་བ་ཙམ་གྱིས་གདུལ་བྱ་དགའ་ནས་འདུལ། དེའི་ཚིག་མཉན་པ་དང་བྱ་བར་སེམས་པ། ༣ བསྒོ་བ་ལས་མི་འདའ་བར་བསྒྲུབ་པ། ༤ སྦྱིན་པས་སེམས་ཅན་རྣམས་བསྡུས་ཏེ་སྨིན་པར་བྱེད་པ། ༥ སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པས་སེམས་ཅན་རྣམས་སྡུད་ཅིང་སྨིན་པར་བྱེད་པ། ༦ བྱ་བ་ཐམས་ཅད་གྲོགས་བྱས་ཏེ་ཕན་བཏགས་པས་བྱས་པ་གཟོ་ཞིང་མྱུར་དུ་བསྒོ་བ་ཉན་པ། ༧ ཡོན་ཏན་ཐམས་ཅད་ཀྱི་སྣོད་དང་འདུན་པ་དང་རྩོལ་བས་བྱ་བ་རྩལ་ཐམས་ཅད་ཀྱི་སྣོད་དང་ཤེས་རབ་ཡངས་པ་ཤེས་བྱ་རབ་ཏུ་འབྱེད་པའི་སྣོད་དུ་འགྱུར་ལ། གཞན་ཡང་འཁོར་དུ་མི་འཇིགས་པ་དང་སེམས་ཅན་ཐམས་ཅད་ལྷན་ཅིག་འགྲོ་བའམ་སྨྲ་བའམ་ལོངས་སྤྱོད་པའམ་དབེན་པར་གནས་པ་ལ་བཟློག་པ་དང་གེགས་བྱེད་པ་མེད་པ། ༨ རང་དང་གཞན་གྱི་དོན་གང་ལ་ཡང་མི་སྐྱོ་ཞིང་སྤྲོ་ཤུགས་ཆེ་ལ་བརྟན་པས་སོ་སོར་རྟོག་པའི་སྟོབས་ཐོབ་ནས་མངོན་པར་ཤེས་པ་མྱུར་བའོ། །ཞེས་རྗེའི་ལམ་རིམ་ཆེན་མོར་གསུངས།  +
༡ ཚེ་ཕུན་སུམ་ཚོགས་པ། ༢ ཁ་དོག་ཕུན་སུམ་ཚོགས་པ། ༣ རིགས་ཕུན་སུམ་ཚོགས་པ། ༤ དབང་ཕྱུག་ཕུན་སུམ་ཚོགས་པ། ༥ ཚིག་བཙུན་པ། ༦ དབང་ཆེ་བར་གྲགས་པ། ༧ སྐྱེས་པ་ཉིད། ༨ སྟོབས་དང་ལྡན་པ་སྟེ་བརྒྱད་དོ། །ཞེས་རྗེའི་ལམ་རིམ་ཆེན་མོར་གསུངས། ཚེ་ཕུན་སུམ་ཚོགས་པ་ནི་ཚེ་རིང་བ་ལ་ཟེར། ཁ་དོག་ཕུན་སུམ་ཚོགས་པ་ནི་གཟུགས་བཟང་ཞིང་མཛེས་པ། རིགས་ཕུན་སུམ་ཚོགས་པ་ནི་རིགས་མཐོན་པོར་སྐྱེས་པ། དབང་ཕྱུག་ཕུན་སུམ་ཚོགས་པ་ནི། ལོངས་སྤྱོད་ཆེ་བ་དང་། རྩ་འཇིང་ཆེ་བ། འཁོར་ཕལ་ཆེ་བ། ཚིག་བཙུན་པ་ནི་ཡིད་ཆེས་པའི་ཚིག སྐྱེ་བོ་ཚོགས་ཆེན་པོའི་བླ་མར་གྱུར་ཞིང་། བཀུར་སྟིར་བྱ་བ། བརྩུན་པར་བྱ་བ་དང་། མཆོད་པར་བྱ་བའི་གནས་སུ་གྱུར་པ་དེ་ནི་དབང་ཆེ་བར་གྲགས་པ་ཞེས་བྱའོ། །སྐྱེས་པ་ཉིད་ནི་ཕོའི་དབང་པོ་དང་ལྡན་པ། སྟོབས་ཕུན་སུམ་ཚོགས་པ་ནི། གནོད་པ་ཆུང་བ་དང་། ནད་མེད་པ་དང་། སྤྲོ་བ་ཆེ་བ་ལ་ཟེར། བྱང་ས་སྡེ་དགེ་བསྟན་འགྱུར་༼ ཝི་པ ༽༡༥བ༧ན་དེའི་སྐོར་རྒྱས་པར་གསལ།  +
རྒྱུ་དྲུག་གི་ཐ་མ་ནི། མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་གིས་བསྡུས་པའི་ཆོས། སྲོག་གཅོད་ཀྱི་ལས་ལྟ་བུ།  +
སེམས་ཅན་ལ་མི་འཚེ་བ་དང་མི་འཚེ་བའི་བསམ་པ་བསྟེན་པ། མར་མེ་ལ་སོགས་པའི་སྣང་བ་དང་གོས་གསར་པ་སྦྱིན་པ། ང་རྒྱལ་བཅོམ་ནས་བླ་མ་ལ་སོགས་པ་ལ་ཕྱག་ལ་སོགས་པ་དང་གཞན་ལ་བྲན་ལྟར་གུས་པར་བྱས་པ། ཟས་གོས་ལ་སོགས་པ་སློང་བ་ལ་དེ་དག་སྦྱིན་པ་དང་མི་སློང་ཡང་ཕན་འདོགས་པ་དང༌། སྡུག་བསྔལ་དང་ཡོན་ཏན་གྱི་ཞིང་ཡོ་བྱད་མེད་པ་ལ་ཕར་སྦྱིན་པ། ངག་གི་མི་དགེ་བ་བཞི་སྤོང་བ་ལ་གོམས་པ། ཕྱི་མ་ལ་རང་ལ་ཡོན་ཏན་སྣ་ཚོགས་བསྒྲུབ་པར་སྨོན་ལམ་འདེབས་ཤིང་དཀོན་མཆོག་གསུམ་ལ་མཆོད་པ་དང་ཕ་མ་དང་ཉན་རང་དང་མཁན་སློབ་དང་བླ་མ་ལ་མཆོད་པར་བྱེད་པ། སྐྱེས་པའི་ཡོན་ཏན་ལ་དགའ་བ་དང་བུད་མེད་ཀྱི་དངོས་པོ་ལ་མི་དགའ་ཞིང་ཉེས་དམིགས་སུ་ལྟ་བ་དང་བུད་མེད་ཀྱི་ལུས་འདོད་པ་རྣམས་འདུན་པ་བཟློག་པ་དང་ཕོའི་དབང་པོ་གཅོད་པ་རྣམས་ཐར་བར་བྱེད་པ། གཞན་གྱི་གཏན་མི་ནུས་པ་རང་གིས་བྱེད་པ་དང་རང་དང་བསྡོམས་པས་ནུས་པ་ལ་གྲོགས་བྱེད་པ་དང་བཟའ་བ་དང་གཏུང་བ་སྟེར་བའོ། །ལམ་རིམ་ཆེན་མོར་གསུངས་པ་ལྟར་རོ། །  +
3 ཡུལ་ཁམས། གནས་མཆོག་རྡོ་རྗེ་གདན་ཞེས་པ་ལྟ་བུ།  +
1 ཆོས་བྱེད་པའམ་ལམ་གོང་མ་ཐོབ་པ་ལ་བར་དུ་གཅོད་པའི་བདེ་བ།  +
2 ཆོས་བྱེད་པའམ་ལམ་གོང་མ་ཐོབ་པ་ལ་བར་དུ་གཅོད་པའི་སྡུག་བསྔལ།  +
རྣམ་ཐོས་སྲས་ཀྱི་བསྡུས་ཚིག  +
1 རྣལ་མའི་བསྡུས་ཚིག་སྟེ། ཡང་དག་པ།  +
2 བརྟན་པོའམ་བརྟན་པ།  +
1 རང་བཞིན། མ་བཅོས་པ། བཅོས་མ་མ་ཡིན་པ། དཔེར་ན་སེམས་རང་བཞིན་དུ་མི་གནས་པ་ལ། སེམས་རྣལ་དུ་མི་གནས་པ་ཞེས་པ་ལྟ་བུ། གཞན་ཡང་རྗེའི་ལམ་རིམ་ཆེན་མོ་ལས། བྱང་ཆུབ་ཀྱི་རྒྱུར་མི་འགྱུར་ཟེར་བར་སྣང་བས་སེམས་རྣལ་དུ་ཞོག་ལ་སྨྲོས་ཤིག ཅེས་གསུངས་པ་ལྟ་བུ།  +
2 བཏང་སྙོམས་ལའང་འཇུག རྗེའི་ལམ་རིམ་ཆེན་མོ་ལས། དྲན་པ་དང་ཤེས་བཞིན་དང་འདུ་བྱེད་པའི་སེམས་པ་དང་རྣལ་དུ་འཇོག་པའི་བཏང་སྙོམས་ཏེ། དེ་དག་ནི་སྔར་བཤད་ཟིན་ཏོ། །ཞེས་གསུངས་པ་ལྟ་བུ།  +
བརྟན་པོར་གནས་པའི་དོན། སེམས་རྣལ་དུ་གནས་ལྟ་བུ།  +
1 གཞན་གྱིས་འཚེ་བ་མེད་པར་རང་དབང་དུ་གནས་པའི་དོན་ལ། ལི་ཤིའི་གུར་ཁང་གསུང་། བསྟན་དར་ལྷ་རམས་པའི་དག་ཡིག་ལས་ཀྱང་། གཞན་གྱིས་མཚེར་སྣང་མེད་པར་རང་དབང་དུ་གནས་པ་ཞེས་གསུངས།  +
2 བརྟན་པོར་གནས་པའི་དོན། རྒྱལ་ཚབ་ཆོས་རྗེའི་སྤྱོད་འཇུག་དར་ཊཱིཀ་ལས། ལུས་བདེ་བའང་མི་འཐོབ་ལ་གཉིད་མི་འོང་ཞིང་སེམས་རྣལ་དུ་ཕབས་པའི་བརྟན་པའང་མེད་པར་འགྱུར་རོ། །ཞེས་གསུངས། སེམས་རྣལ་དུ་ཕབ་ཅེས་པའི་ཐད་དུ་གཟིགས།  +
4 རྒྱུ། དཔེར་ན་ཆང་ལ་བག་མེད་པའི་གནས་ཞེས་པ་ལྟ་བུ། དགའ་བ་ཅན་གྱིས་ཞུས་པའི་མདོ་ན་གསལ། འཕགས་པ་ཐོགས་མེད་ཀྱི་གཏན་ལ་དབབ་པ་བསྡུ་བ་༤༩ན༧ལས། འབྱུང་བ་ཆེན་པོ་རྣམས་ནི་གནས་ཡིན་ལ། རྒྱུར་བྱས་པའི་གཟུགས་རྣམས་ནི་གནས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །  +
བརྟན་པར་བྱེད་པ། དཔེར་ན་རྒྱལ་བ་རྣལ་དུ་འགོད་ལྟ་བུ། རྒྱལ་བ་དགེ་འདུན་གྲུབ་ཀྱི་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ལས། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང། རྒྱལ་བ་རྣམས་རྣལ་དུ་འགོད་པར་བྱེད་པ། ཞེས་དང་། བར་ཆད་མེད་ལམ་གྱིས་ཉོན་མོངས་པའི་ཐོབ་པ་གཅོད་པས་མ་རྒྱལ་བ་ལས་རྒྱལ་བ་དང། རྣམ་གྲོལ་ལམ་གྱིས་བྲལ་ཐོབ་འཛིན་པས་རྒྱལ་བ་རྣལ་དུ་འགོད། ཅེས་གསུངས་པ་ལྟར་རོ། །  +
1 ཡང་དག་པ། རང་བཞིན་པ། མ་བཅོས་པ། བཅོས་མ་མ་ཡིན་པ། དཔེར་ན་སངས་རྒྱས་ཀྱི་ལམ་རྣལ་མ་ཞེས་པ་ལྟ་བུ། རྗེའི་ལམ་རིམ་ལས། དེ་ལ་ཧྭ་ཤང་གིས་ནི་ཅིར་ཡང་མི་རྟོག་པ་ལ་བསྔགས་པ་མཛད་པའི་མདོའི་ཁུངས་བརྒྱད་ཅུ་དྲངས་ནས་བསྒྲུབས་སོ། །འདིས་ནི་ཐབས་ཀྱི་ཆ་ཐམས་ཅད་སངས་རྒྱས་ཀྱི་ལམ་རྣལ་མ་མིན་ནོ་ཞེས་ཀུན་རྫོབ་ལ་སྐུར་པ་ཆེན་པོ་བཏབ་ཅིང༌། ཞེས་གསུངས།  +
2 དོན། གོ་དོན། དཔེར་ན་དགག་པ་གཉིས་ཀྱི་རྣལ་མགོ་བ་ཞེས་པ་ལྟ་བུ།  +
<ཡོ་ག> སྤྱིར་བཏང་རྣལ་འབྱོར་ཞེས་པ་ནི་མཉམ་དུ་སྦྱོར་བའི་དོན་ཡིན། བྱེ་བྲག་ཏུ་བཤད་ན། རྣལ་འབྱོར་ནི། 1 སེམས་མཉམ་པར་གཞག་པ། ཏིང་ངེ་འཛིན། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་བཅས་ལ་ཟེར། ཐེག་བསྡུས་བཤད་སྦྱར་ལས། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བར་རང་གི་ངང་གིས་འཇུག་པ་དང་ལྡན་པ་ནི་རྣལ་འབྱོར་རོ། །ཞེས་གསུངས་པ་ལྟར་རོ། །2 ལམ། དཔེར་ན་རྣལ་འབྱོར་མངོན་སུམ་ཞེས་་ལྟ་བུ། 3 ཉམས་ལེན། ལྷའི་རྣལ་འབྱོར་ཞེས་པ་ལྟ་བུ། སཾ་བོད་སྐད་གཉིས་ཤན་སྦྱར་ལས་རྣལ་འབྱོར་གྱི་སྐད་དོད་ཡོ་ག་ཞེས་པ། རྣལ་འབྱོར། འབྲེལ་བ། རྫས། སྦྱོར་བ། ཐབས། བསམ་གཏན་སོགས་ལ་འཇུག་པར་བཤད། སྒྲ་བཤད་ནི། རྣལ་ནི་རྣལ་མ་སྟེ་ཡང་དག་པ་དང་། འབྱོར་ནི་མཉམ་དུ་སྦྱོར་བའི་དོན་ཡིན་པས། ཡང་དག་པར་སྦྱོར་བས་ན་རྣལ་འབྱོར་རོ། །དེ་ཡང་ཕར་ཕྱིན་ཐེག་པ་ལྟ་བུར། ཞི་ལྷག་གཉིས་ཡང་དག་པར་སྦྱོར་བས་ན་རྣལ་འབྱོར། སྔགས་ཀྱི་སྐབས་སུ། ཐབས་ཤེས་གཉིས་ཡང་དག་པར་སྦྱོར་བས་ན་རྣལ་འབྱོར། ཡང་དེང་སང་ཡོངས་གྲགས་ཀྱི་ཕྱི་རོལ་པའི་ལུས་སྦྱོང་ལའང་ལུས་སེམས་གཉིས་ཡང་དག་པར་མཉམ་དུ་སྦྱོར་བས་ན་རྣལ་འབྱོར་རམ་ཡོ་ག་ཞེས་བརྗོད་པ་ལྟ་བུ་སྐབས་ཐོབ་ཀྱི་སྒྲ་བཤད་བྱེད་ཚུལ་མང་དུ་ཡོད་དོ། །རྗེ་གུང་ཐང་པས་ནི། རྣལ་འབྱོར་གྱི་དོན་ཡང་། ཞི་གནས་ལ་བརྟེན་ནས་བྱིང་རྒོད་ཀྱི་གཡེང་བ་སོགས་སེམས་ལས་སུ་མི་རུང་བར་བྱེད་པའི་སྐྱོན་དང་བྲལ་བ་རླུང་མེད་པའི་མར་མེ་བཞིན་རྣལ་དུ་གནས་པ་དང་། ལྷག་མཐོང་གི་འོད་གསལ་བས་མར་མེས་མུན་པ་སེལ་བ་ལྟར་ཡུལ་སོ་སོར་གཅོད་པ་དང་། སྤྲུལ་བསྒྱུར་སོགས་ཀྱི་དོན་མཐའ་དག་འབྱོར་བའམ་ཕུན་སུམ་ཚོགས་པར་བྱེད་པས་རྣལ་འབྱོར་ཞེས་བཤད་པའི་ཕྱིར། དབུ་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཞེས་གསུངས་པ་འདི་རྣལ་འབྱོར་གྱི་སྒྲ་བཤད་དུ་རུང་བར་སྣང་ལ། ཞེས་རྗེ་གུང་ཐང་པའི་སྐབས་དང་པོའི་མཆན་འགྲེལ་ལས་གསུངས་སོ། །ཁུ་ནུ་བླ་མ་རིན་པོ་ཆེའི་ངག་སྒྲོན་འགྲེལ་པར། རྣལ་འབྱོར་གྱི་སྒྲ་བཤད་ལ། རྣལ་ནི། རྣལ་མ་སྟེ་གཉུག་མ། འབྱོར་ནི། འབྱོར་བའམ་སྦྱོར་བ་སྟེ་སྒོམ་པའི་དོན་ཏེ། ཏིང་ངེ་འཛིན་ཐབས་ཤེས་ཟུང་འཇུག་གི་དོན་ལ་བཤད་དོ། །  +
ཏིང་ངེ་གསུམ་དང་དོན་འདྲ། ཏིང་ངེ་འཛིན་གསུམ་ནི། དང་པོ་སྦྱོར་བའི་ཏིང་ངེ་འཛིན། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་དང་གསུམ་མོ། །  +
འདི་ནི་མི་ཏྲའི་བརྒྱ་རྩ་དར་བར་བྱེད་པ་པོ་གྲུབ་ཆེན་མི་ཏྲ་ཛོ་ཀི་ཞེས་བྱ་བ་དེ་ཡིན། ཁོང་གིས་མཛད་པའི་རྒྱལ་པོ་ཟླ་བ་ལ་སྤྲིངས་པའི་སྤྲིངས་ཡིག་ཅེས་བྱ་བ་དེ་ཁོང་བོད་ལ་བཞུགས་སྐབས་རྒྱ་གར་གྱི་རྒྱལ་པོ་ཟླ་བ་ཟེར་བ་ཞིག་ལ་བསྐུར་བར་གསུངས། འདི་སྡེ་དགེ་བསྟན་འགྱུར་སྐྱེས་རབས་དང་ལྷན་དུ་ཤོག་གྲངས་༧༡བ༥ན་བཞུགས་སོ། །ཤྲཱི་ཛ་ག་ཏ་མིཏྲ་ཨཱནནྟ་ནི། དཔལ་འགྲོ་བའི་བཤེས་གཉེན་ཀུན་དགའ་ཞེས་པའི་དོན་ཡིན་པར་བཤད་དོ། །  +
དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་ཆིངས་རྣལ་འབྱོར་དྲུག་ནི། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ། དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར། ལས་རྒྱལ་མཆོག་གི་རྣལ་འབྱོར་དང་དྲུག་གོ །དེ་ཡང་གནས་ཀྱི་དེ་ཉིད་ནས། ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པའི་བར་ནི་རྣལ་འབྱོར། ས་བོན་ཕྱག་མཚན་སྐུ་རྫོགས་པ་ལས་བྱང་ཆུབ་པ་རྣམས་ནི་རྗེས་སུ་རྣལ་འབྱོར། ལོངས་སྐུ་སྤྲུལ་སྐུར་བསྒྱུར་བ་ནས་ཡན་ལག་ཁྲོ་བོར་བསྐྱེད་པའི་དེ་ཉིད་ཀྱི་བར་ནི་ཤིན་ཏུ་རྣལ་འབྱོར། སྐུ་བྱིན་གྱིས་རློབ་པ་ནས་མཆོད་པའི་དེ་ཉིད་ཀྱི་བར་ནི་རྣལ་འབྱོར་ཆེན་པོ། མཆོད་པའི་དེ་ཉིད་ནས་ཁྲོ་བོ་དབྱུང་བའི་དེ་ཉིད་ཀྱི་བར་ནི་དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར། སྟེང་སྒོར་ཕྲ་མོ་སྒོམ་པའི་དེ་ཉིད་ནས། དངོས་གྲུབ་འབྲིང་བསྒྲུབ་པའི་བར་ནི་ལས་རྒྱལ་མཆོག་གི་རྣལ་འབྱོར་རོ། ། ཞེས་རྗེའི་གསང་འདུས་ཀྱི་གསུང་ཟིན་བྲིས་བློ་གསལ་བུང་བའི་རེ་སྐོང་ལས་གསུངས།  +
དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་སྒྲུབ་ཐབས་ཀྱི་ཆིངས་བཤད་པ་ལ། དེ་ཉིད་ཞེ་དགུའི་ཆིངས། རྡོ་རྗེ་བཞིའི་ཆིངས། རྣལ་འབྱོར་དྲུག་གི་ཆིངས། ཏིང་ངེ་འཛིན་གསུམ་གྱི་ཆིངས། བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་དང་ལྔ་ཡོད་པ་ལས། རྣལ་འབྱོར་དྲུག་གི་ཆིངས་ནི། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ། དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར། ལས་རྒྱལ་མཆོག་གི་རྣལ་འབྱོར་དང་དྲུག་གོ། དེ་ཡང་རྗེའི་གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་བློ་གསལ་བུང་བའི་རེ་སྐོང་གནད་དོན་གསལ་བ་ལས། རྣལ་འབྱོར་དྲུག་གི་ཆིངས་ནི། གནས་ཀྱི་དེ་ཉིད་ནས། ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པའི་བར་ནི་རྣལ་འབྱོར་དང༌། ས་བོན་ཕྱག་མཚན་སྐུ་རྫོགས་པ་ལས་བྱང་ཆུབ་པ་རྣམས་ནི་རྗེས་སུ་རྣལ་འབྱོར་དང༌། ལོངས་སྐུ་སྤྲུལ་སྐུར་བསྒྱུར་བ་ནས་ཡན་ལག་ཁྲོ་བོར་བསྐྱེད་པའི་དེ་ཉིད་ཀྱི་བར་ནི་ཤིན་ཏུ་རྣལ་འབྱོར་དང༌། སྐུ་བྱིན་གྱིས་རློབ་པ་ནས་མཆོད་པའི་དེ་ཉིད་ཀྱི་བར་ནི། རྣལ་འབྱོར་ཆེན་པོ་དང༌། མཆོད་པའི་དེ་ཉིད་ནས་ཁྲོ་བོ་དབྱུང་བའི་དེ་ཉིད་ཀྱི་བར་ནི། དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར་དང༌། སྟེང་སྐོར་ཕྲ་མོ་སྒོམ་པའི་དེ་ཉིད་ནས། དངོས་གྲུབ་འབྲིང་བསྒྲུབ་པའི་བར་ནི་ལས་རྒྱལ་མཆོག་གི་རྣལ་འབྱོར་རོ། །དེ་ཡང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོའི་སྦྱོར་བ་བསྒོམ་པར་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི༌།རྣལ་འབྱོར་མཆོག་ལ་དབྱེ་བ་ལྷ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །ཞེས་གསུངས་སོ། །ཞེས་འབྱུང་ངོ་། །  +
1 ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་རྒྱུད་ལ་མངའ་བའི་གང་ཟག དགེ་བ་ལྷའི་སྤྱོད་འཇུག་འགྲེལ་པ་ལས། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ནི་རྣལ་འབྱོར་ཡིན་ལ། དེ་གང་ལ་ལྡན་པ་ནི་རྣལ་འབྱོར་པའོ། །ཞེས་ཚིག་རིས་ཙམ་མ་གཏོགས་དེ་ཇི་བཞིན་འབྱུང་ངོ༌། །རྗེའི་ལམ་རིམ་ཆེན་མོ་ལས། རྣལ་འབྱོར་པ་ནི་ཞི་ལྷག་གང་རུང་རྙེད་པ་ཞིག་ལ་བྱེད་པའི་ཕྱིར། ཞེས་གསུངས་པའང་དེ་དང་མཐུན་ནོ། །  +
2 ལམ་ཉམས་སུ་ལེན་མཁན།  +
5 ཡུལ། སྐྱབས་ཡུལ། སྐྱབས་གནས་ཞེས་པ་ལྟ་བུ།  +
ཁྱབ་པའི་དམིགས་པ། སྤྱད་པ་རྣམ་སྦྱོང་གི་དམིགས་པ། མཁས་པའི་དམིགས་པ། ཉོན་མོངས་རྣམ་སྦྱོང་གི་དམིགས་པ་དང་བཞིའོ། །  +
འོད་གསལ་འཆར་བའི་གནས་སྙིང་གར་རླུང་རིམ་གྱིས་སྡུད་པའི་རིམ་པ་ལས་ལུགས་འབྱུང་གི་སྟོང་པ་བཞི་དང༌། དེ་ནས་ཕྱིར་ལ་ལྡང་བའི་རིམ་པ་ལས་ལུགས་ལྡོག་གི་སྟོང་པ་བཞིའི་སྒོ་ནས་སྟོང་པའི་ཡེ་ཤེས་སྐྱེ་ཚུལ་དང༌། འོད་གསལ་གྱི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྤྲུལ་ཚུལ་གཙོ་བོར་སྟོན་པས་ན་རྣལ་འབྱོར་ཕའི་རྒྱུད་ཅེས་བྱའོ། །སྒྲ་བཤད་ནི། སྟོང་པའི་ཡེ་ཤེས་དང་རླུང་ལས་བསྒྲུབས་པའི་སྐུ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་གཟུགས་ཀྱི་སྐུ་སྒྲུབ་བྱེད་སྣང་ཕྱོགས་ཐབས་ཀྱི་ཆ་ཡིན་པས་ཕ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །ཞེས་རྗེའི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ལས་གསུངས།  +
1 (དགེ་ལུགས) དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་ཆིངས་རྣལ་འབྱོར་བཞི་ནི། རྣལ་འབྱོར། རྗེས་སུ་རྣལ་འབྱོར། (རྗེས་སུ་ཞེས་པ་ནི་རྗེས་སུ་མཐུན་པ་སྟེ། འདྲ་བའི་རྣལ་འབྱོར) ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་དང་བཞིའོ། །རྗེའི་སྔགས་རིམ་ཆེན་མོ་ལས། དེ་ལ་སྤྱིར་རྣལ་འབྱོར་གྱི་དོན་ནི། འདུས་པ་ཕྱི་མ་ལས་གསུངས་པ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་དུ་སྦྱོར་བ་ཡིན་ལ་འདིར་ནི། མངོན་བྱང་ལྔ་ལས་བསྒྲུབས་པའི་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ཅན་རྒྱུ་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་ནོ། །རྗེས་སུ་རྣལ་འབྱོར་ནི། རྗེས་སུའི་དོན་འདྲ་བ་ལ་ཤནྟཱི་པས་བཤད་པས་རྣལ་འབྱོར་སྔ་མ་དང་འདྲ་བ་ལ་བྱ་སྟེ་འབྲས་བུ་རྡོ་རྗེ་འཛིན་པའི་རྣལ་འབྱོར་རོ། །དེ་དག་ལས་ཀྱང་ལྷའི་རྣལ་འབྱོར་ཤིན་ཏུ་རྒྱས་པར་གྱུར་པ་ནི། ཤིན་ཏུ་རྣལ་འབྱོར་ཏེ་ཡབ་ཡུམ་སྙོམས་པར་ཞུགས་ནས་པད་མར་བསྐྱེད་པའི་ལྷའི་འཁོར་ལོ་སྤྲོས་ནས་རང་གནས་སུ་བཀོད་པའི་འཁོར་ལོ་རྫོགས་པའོ། །དེ་ནས་སྐུ་གསུང་ཐུགས་ལ་སོགས་པ་བྱིན་གྱིས་རློབ་ཅིང་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་རྒྱས་གདབ་དང་མཆོད་བསྟོད་བདུད་རྩི་མྱང་བ་དང་བཟླས་པ་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཞིང་དམ་ཚིག་པ་བསྡུས་པའི་བར་ལ་རྣལ་འབྱོར་ཆེན་པོར་དཔལ་འཛིན་གྱིས་བཤད་དེ། ཞེས་གསུངས། རྣལ་འབྱོར་དྲུག་ལ་གཟིགས།  +
2 (ཕྱག་ཆེན) རྩེ་གཅིག་གི་རྣལ་འབྱོར། སྤྲོས་བྲལ་གྱི་རྣལ་འབྱོར། རོ་གཅིག་གི་རྣལ་འབྱོར། སྒོམ་མེད་ཀྱི་རྣལ་འབྱོར་དང་བཞིའོ། །རྗོགས་རིམ་རྣལ་འབྱོར་བཞི་ཞེས་པའི་ཐད་དུ་གཟིགས།  +
3 རྫོགས་རིམ་རྣལ་འབྱོར་བཞི། དེའི་ཐད་དུ་གཟིགས།  +
བླ་མེད་ཀྱི་རྒྱུད་དང་དོན་གཅིག ཐབས་ཤེས་གཉིས་སུ་མེད་པའི་དོན་སྟོན་ཞིང༌། རྒྱུད་སྡེ་ཀུན་གྱི་རྩེ་མོར་གྱུར་པའི་རྒྱུད་སྡེ་ཞིག སྒྲ་བཤད་ནི། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་དབྱེར་མེད་དུ་ཡང་དག་པར་སྦྱོར་བས་ན་རྣལ་འབྱོར། དེའི་གོང་ན་བླ་མེད་ཀྱི་རྒྱུད་སྡེ་གཞན་མེད་པས་ན་བླ་ན་མེད་པའི་རྒྱུད་དོ། །མཁས་གྲུབ་ཆོས་རྗེའི་དུས་འཁོར་གྱི་འགྲེལ་པ་ལ་གཞི་བྱས།  +
ཀུན་ཏ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བྱུང་བའི་ཡས་བབས་དང༌། དེ་ནས་སྤྱི་གཙུག་ཏུ་ལོག་པའི་མས་བརྟན་གྱི་དགའ་བ་བཞི་སྐྱེ་ཚུལ་དང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྟོང་པ་གཉིས་དབྱེར་མི་ཕྱེད་པར་སྦྱོར་བའི་སྒོ་ནས་དོན་དམ་པའི་དེ་ཁོ་ན་ཉིད་ལ་རབ་ཏུ་འཇུག་པའི་རྟོགས་པ་གོང་ནས་གོང་དུ་བགྲོད་པའི་རིམ་པ་གཙོ་བོར་སྟོན་ཞིང༌། བདེ་བ་ཆེན་པོའི་ཡེ་ཤེས་བཞོན་པའི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་མི་སྟོན་པ་ནི་རྣལ་འབྱོར་མའི་རྒྱུད་ཅེས་བྱའོ། །སྒྲ་བཤད་ནི། ལྷན་སྐྱེས་ཀྱི་ཤེར་ཕྱིན་ཆོས་སྐུ་སྒྲུབ་པའི་ཐབས་དེ་ནི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་ཆོས་ཀྱི་སྐུའི་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་ཡིན་པས་མ་ཞེས་ཀྱང་བྱའོ། །རྗེའི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ལ་གཞི་བྱས་ཏེ་བཀོད།  +
རྒྱུད་སྡེ་འོག་མ་གསུམ་གྱི་ཡ་གྱལ་ཏེ། ཕྱི་ནང་གི་རྣལ་འབྱོར་གཉིས་ལས་ནང་གི་རྣལ་འབྱོར་གཙོ་ཞིང་བསྒོམ་པའི་ལྷ་མོ་དང་བལྟ་བ་དང༌། རྒོད་པ་དང༌། ལག་བཅངས་ཀྱི་བདེ་བ་ལམ་བྱེད་ནུས་ལ། དངོས་ཀྱི་རིག་མའི་བདེ་བ་ལམ་བྱེད་མི་ནུས་པ་ལ་དེ་ཙམ་གྱི་ཆགས་པ་ལམ་བྱེད་སྟོན་པ་རྣལ་འབྱོར་རྒྱུད།  +
ཐ་སྙད་དུ་ཕྱི་རོལ་དོན་གྱིས་སྟོང་པའི་རྣམ་པར་རིག་པ་ཙམ་གྱི་ཚུལ་དང་མཐུན་པར་འདོད་པའི་དབུ་མ་པ་ཡིན་པས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བྱའོ། །  +
སྙོམས་པར་འཇུག་པའི་དོན་ཡིན། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༥༩བ༥ལས། རྣལ་འབྱོར་སྤྱོད་པའི་ས་ཞེས་བྱ་བ་ནི་བསམ་གཏན་པའི་ཡུལ་ཏེ། སྙོམས་པར་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་ལྟར་རོ། །  +
6 གོ་འཕང༌། མཐོ་རིས་ཀྱི་གནས་ཞེས་པ་ལྟ་བུ།  +
སྤྲོ་ཐུང་བའི་མི། ས་པཎ་གྱི་ལེགས་བཤད་འཕྲུལ་གྱི་དྲ་བ་ལས། རྣོ་ཐུང་ལ་ཀུ་རེ་མ་བྱེད། མི་ཐུབ་པ་ལ་དོ་མ་བསྡོ། ཞེས་པ་ལྟ་བུ།  +
1 འཁྱིལ་ཞིང་འཁྲུགས་པའི་རྦ་རླབས་ཀྱི་ཕུང་པོ་ཆེན་པོ་ལ་ཟེར། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༤༨ན༢ལས། དབའ་ཀློང་ཞེས་བྱ་བ་ནི་ཆུ་སྲུབས་ཆེན་པོ་གཅིག་ཏུ་འཁྱིལ་ཞིང་འཁྲུགས་པའོ། །ཞེས་གསུངས་སོ། །རྦ་ནི་དབའ་ཡི་འབྲི་ཚུལ་གཞན་ནོ། །སློབ་དཔོན་ཡོན་ཏན་འོད་ཀྱི་མདོ་རྩ་རང་འགྲེལ་རང་གི་རྣམ་བཤད་ལས། དབའ་ཀློང་དང་རྦ་ཀློང་གཉིས་ཀ་བེད་སྤྱོད་བྱས་ཡོད། ཆུ་སྲུབས་ནི་ཆུ་རིས་ཤུར་ཤུར་པོ་སྟེ་ཆུ་རླབས་ཀྱི་དོན་ཡིན།  +
2 ཆུ་ཀླུང་ཤས་ཆེར་འཁོར་བ་ལ་ཟེར། ཀློང་འཁོར་ཡང་ཟེར། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༤༥ན༢༢ལས། དབའ་ཀློང་ཞེས་བྱ་བ་ནི་ཆུ་འཁོར་བའོ། །ཞེས་གསུངས་སོ། །  +
རྦ་ཀློང་ལ་གཟིགས།  +
སྐུལ་བ་དང་གཏོང་བའི་དོན་དུ་བཤད། རྦོད་པ། རྦད་པ། རྦད་པ། རྦོད། རྗེའི་ལམ་རིམ་ཆེན་མོ་ལས། བརྒྱུད་ནས་གནོད་པ་སྐྱེལ་བའི་གནོད་བྱེད་ལ་ཁྲོ་ན་ནི་དབྱུག་པ་སོགས་སྐྱེས་བུས་རྦད་པ་བཞིན་དུ་སྐྱེས་བུ་ཡང་གནོད་པ་བྱེད་པ་ལ་ཞེ་སྡང་གིས་རྦད་པས་ཞེས་སྡང་ལ་ཁྲོ་དགོས་ཏེ། ཞེས་གསུངས་པ་ལྟར་རོ། །  +
ཐག་རྦད་ཀྱིས་གཅོད་པ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཕྱག་ཆེན་ཁྲིད་ཡིག་ལས། ཡང་ན་རལ་སྐོར་མཁན་བཞིན་དུ། །རྣམ་རྟོག་ཅི་སྐྱེས་རྦད་རྦད་གཅོད། །ཅེས་གསུངས་པ་ལྟར་རོ། །  +
ཐུར་དུ་འགྲིལ་བ།  +
རྦུད་རྒྱག་རྒྱབ་པ་དང་འདྲ།  +
རྦུད་རྒྱག་གཏོང་བ། སྦུད་རྒྱག་རྒྱབ་པ་ཞེས་ཀྱང་བྲིས་སྣང༌།  +
དམོད་མོ་རྒྱག་པ། མཐུ་དང་ངན་སྔགས་གཏོང་བ།  +
7 ཚབ། གོ་ས། འཇམ་དབྱངས་ཀྱི་གནས་སུ་འོད་དཔག་མེད་གསལ་གདབ་ཅེས་པ་ལྟ་བུ།  +
1 གྲི་སོགས་ཀྱིས་རྨས་ཏེ་ཤ་ལྤགས་ཁྱེ་ཕྱེ་བ།  +
2 མོ་མཚན་དང་། བཤང་ལམ། ཁ་གསུམ་ལ་ཟེར། རྨ་སྒོ་གསུམ་ཞེས་པ་ལྟ་བུ།  +
3 སྐྱོན་ལའང་འཇུག དཔེར་ན་སྡེ་བདུན་གྱི་དགོངས་པ་རྨ་མེད་པའོ། །ཞེས་པ་ལྟ་བུ།  +
4 མི་གཙང་བ། དཔེར་ན་མི་གཙང་བ་འབབ་པའི་སྒོ་ལ་རྨ་སྒོ་ཞེས་བརྗོད་པ་ལྟ་བུ།  +
རྨ་ག་ཆད་དང་དོན་འདྲ། མདོ་སྡེ་ཕལ་པོ་ཆེ་ལས་སངས་རྒྱས་ཕལ་པོ་ཆེའི་ཚབ་ཏུ། སངས་རྒྱས་རྨ་ག་ཅད་ཅེས་འབྱུང་སྟེ། དེ་ཉིད་ལས། སངས་རྒྱས་རྨ་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པའི་མདོ། བམ་པོ་གཉིས་པ། ཞེས་སོགས་འབྱུང་ངོ་། །  +
1 ཕལ་པོ་ཆེ།  +
2 སྙན་གྱི་གོང་རྒྱན་།  +
3 ཡང་དག་པ་བཅས་ལ་འཇུག་པར། ལི་ཤིའི་གུར་ཁང་དང་། བཀའ་འགྱུར་དཀར་ཆགས་ལས་ཀྱང་གསུངས་ཏེ། དེ་ཉིད་ལས། དང་པོ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་སངས་རྒྱས་ཕལ་པོ་ཆེ་ནི། བརྡ་རྙིང་དུ་སངས་རྒྱས་རྨ་ག་ཆད་དུ་གྲགས་ཤིང༌། ཡང་སྙན་གྱི་གོང་རྒྱན་དུའང་བསྒྱུར་བ་ཡོད་དེ། དེ་ལྟ་བུའི་མཚན་དེའང་བྱེ་བྲག་གི་མིང་སྤྱི་ལ་བཏགས་པར་གསལ་ཏེ། མདོ་འདིའི་ལེའུ་ཉི་ཤུ་རྩ་དགུའི་བར་དུ་ཕལ་པོ་ཆེ་ཞེས་དཀར་ཆག་ལྡན་དཀར་མ་སོགས་སུ་བཤད་པ་གང་ཞིག །དེས་ལྷག་མ་རྣམས་ལའང་མཚན་དེ་ལྟར་གྲགས་པའི་ཕྱིར་རོ། །  +
དུག་སེལ་བའི་རིག་སྔགས་ཤིག་སྟེ། སྔོན་དགེ་སློང་ལ་སྦྲུལ་གདུག་པ་ཅན་ཞིག་གིས་སོ་བཏབ་སྟེ་འཆི་ལ་ཉེ་བའི་ཚེ། སྨན་པ་བསྟེན་ཏེ་བཅོས་ཐབས་ཅི་བྱས་ཀྱང་མ་ཕན་པར། མཐར་བཅོམ་ལྡན་འདས་ལ་ཞུས་ནས། བཅོམ་ལྡན་འདས་ཀྱིས་རྨ་བྱ་ཆེན་མོའི་རིག་སྔགས་འདི་གསུངས་ནས་ནད་ལས་གྲོལ་བའི་ལོ་རྒྱུས། འདུལ་བ་ལུང་གཞི་བམ་པོ་དྲུག་ཅུ་པ་ན་གསལ།  +
པ་ཚབ་ཀྱི་སྲས་ཀྱི་ཐུ་བོ་ཞིག ཁུ་ལོ་ཙཱ་བ་མདོ་སྡེ་འབར་དང་། ཁ་ཆེ་ཛ་ཡ་ཨཱ་ནནྡ་གཉིས་ཀའི་སློབ་མ་སྟེ། ཛ་ཡ་ཨཱ་ནནྡས་མཛད་པའི་རྟོག་གེའི་ཐོ་བའི་ཊཱིཀྐ་མཛད། རྩ་བ་ཤེས་རབ་ཀྱི་ཊཱིཀྐ་དང་། ཚིག་གསལ་གྱི་སྟོང་ཐུན་གྱི་ཊཱིཀྐ་དང་། འཇུག་འགྲེལ་གྱི་བསྡུས་དོན་གྱི་མཆན་དང་། དབུ་མའི་བསྡུས་པ་རྣམས་མཛད་དོ། །རྨ་བྱ་བྱང་བརྩོན་གྱིས་སྤ་ཚབ་ལས་དབུ་མ་དང་འདུས་པ་གཉིས་ཀ་གསན་པར་དེབ་སྔོན་དུ་བཤད་དོ། །  +
8 ཤེས་པར་བྱ་བའམ་ཤེས་པར་བྱ་བའི་གཞི། བསླབ་པར་བྱ་བའམ་བསླབ་པར་བྱ་བའི་གཞི། དཔེར་ན་རིག་གནས། རིག་པའི་གནས་ཞེས་པ་ལྟ་བུ།  +
(འདུལ་བ) 1 རྨ་རྗེས། 2 ལུས་ལ་ཁབ་གཙག་བརྒྱབ་ནས་བྲིས་པའི་རི་མོ། ཁབ་གཙགས་རི་མོ། པགས་གཙགས་རི་མོ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། གང་གི་ལུས་ལ་རྨ་མཚན་དག་ཡོད་པ་དེ་དག་ནི་ལུས་ལ་རྨ་མཚན་ཅན་དག་སྟེ། སྣག་ཚ་ལ་སོགས་པས་ལག་པ་ལ་བྲིས་པ་ནི་ལུས་ལ་རྨ་མཚན་ཅན་ཡིན་ཏེ། ཁབ་ལ་སོགས་པས་གཙགས་ཤིང་ཁྱི་རྗེས་ལ་སོགས་པའི་མངོན་མཚན་དག་གིས་མཚན་བཏབ་པའི་ཕྱིར་རོ། །ལྕག་ལ་སོགས་པས་གཞུས་པའི་རྨ་མཚན་ཡང་ཡིན་ནོ། །ཞེས་གསུངས་སོ། །དེང་སང་ཕྱི་རྒྱལ་བས (tattoo) ཟེར་བ་དེའོ། །  +
(འདུལ་བ) མོ་མཚན་ཁ་ཕྱེ་ནས་སྟོན་པ། ལུང་རྣམ་འབྱེད་༼ ཉ ༽༢༡༩བ༦ལས། བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱིས་སྐྱེས་པ་རྣམ་པ་བརྒྱད་ཀྱིས་འཆིང་བར་བྱེད་དེ། གར་དང་། གླུ་དང་། རོལ་མོ་དང་། གད་མོ་དང་། ངུ་བ་དང་། ལྟ་བ་དང་། རེག་པ་དང་། རྨ་འབྱེད་པས་སོ། ཞེས་གསུངས་པ་ལྟར་རོ། །རྣམ་འབྱེད་འགྲེལ་༼ ཚུ ༽༡༩༥ན༣ལས། རྨ་འབྱེད་ཅེས་བྱ་བ་ནི་གཅི་བའི་ལམ་བགྲོད་པའོ། །ཞེས་གསུངས། འདིའི་དོན་གང་ཡིན་བརྟག་དགོས་སོ། །  +
(འདུལ་བ) ཁ་དང་རྐུབ་མོ་མཚན་གསུམ་གྱི་སྤྱི་མིང་། སྒྲ་བཤད་ནི། རྨ་ནི་སྐབས་འདིར་སྐྱོན་ནམ་མི་གཙང་བའི་དོན་ཡིན་པས། མི་གཙང་བ་འབབ་པའི་སྒོའམ་ལམ་ཡིན་པས་ན་དེ་སྐད་ཅེས་བརྗོད་དོ། །རྨ་ཞེས་པ་སྐྱོན་ལ་འཇུག་ཚུལ་ནི། རྣམ་བཤད་ཐར་ལམ་གསལ་བྱེད་ལས། དེས་ན་ཕ་གི་ན་དུ་བ་འདུག་པས་མེ་འདུག་སྙམ་ཡང་རྟགས་སུ་ནི་དུ་བ་ཉིད་སོང་བ་སྡེ་བདུན་གྱི་དགེངས་པ་རྨ་མེད་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་གསུམ་རྨ་སྒོ་ཞེས་བཏགས་པའི་རྒྱུ་མཚན་ནི། རབ་ཏུ་བྱུང་བ་རྣམས་དེ་དག་ལ་ཆགས་པ་སྤོང་བའི་ཆེད་དུ་ཡིན་ནོ། །རིན་ཆེན་ཕྲེང་བ་༼ གེ ༽༡༡༢བ༤ལས། ལུས་ཀྱི་གྲོང་ཁྱེར་མི་གཙང་བ། །འབྱུང་བའི་བུ་ག་དོད་པ་གང་། །དེ་ནི་སྐྱེ་བོ་བླུན་པོ་ཡིས། །དགའ་བའི་དོན་དུ་ཉེ་བར་བརྟགས། །ཞེས་གསུངས་སོ། །  +
(འདུལ་བ) མི་གཙང་བ་འབབ་པའི་ལམ་གསུམ་ནི། ཁ་དང་། རྐུབ། མོ་མཚན་དང་གསུམ་མོ། །སྒྲ་བཤད་ནི། རྨ་སྒོ་ཞེས་པའི་ཐད་དུ་གཟིགས།  +
རྨའི་སྒྲོས་དང་དོན་འདྲ།  +
(བརྡ་རྙིང) རྨི་ལམ་གྱི་མིང་ཡིན་པར་མཆིམས་མཛོད་དུ་གསལ། ཞིབ་པར་རྨི་ལམ་ཞེས་པའི་ཐད་དུ་གཟིགས།  +
དམོད་མོ་དང་དོན་གཅིག གཞན་ལ་རྨངས་མོ་ཟེར་བ་ཞེས་པ་གཞན་ལ་དམོད་མོ་རྒྱག་པའི་དོན་ཡིན།  +
རྨད་དུ་བྱུང་བ། སྤྱོད་འཇུག་ཆེན་མོ་ལས། སེམས་ཀྱི་རིན་ཆེན་ཁྱད་པར་འདི། །སྔ་ན་མེད་པའི་རྨད་ཅིག་འཁྲུངས། །ཞེས་གསུངས་པ་ལྟ་བུའོ། །  +
ཕུལ་དུ་བྱུང་བའམ། ངོ་མཚར་བ། ངོ་མཚར་རམ་ཡ་མཚན་སྐྱེ་བར་འོས་པའི་གནས། ཞིབ་པར་ངོ་མཚར་རྨད་དུ་བྱུང་བ་ཞེས་པའི་ཐད་དུ་གཟིགས།  +
གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བཅུ་གཅིག་པ་ནི། མཆིམས་མཛོད་ལས། གང་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉོན་ཐོས་རྣམས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གཞན་ལས་ཁྱད་པར་དུ་འཕགས་པ་ངོ་མཚར་རྨད་དུ་བྱུང་བར་གྲགས་པ་བསྟན་པ་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང༌། ཞེས་གསུངས་སོ། །  +
ཀ་ལི་དང་འདྲ།  +
བརྟན་གཡོ་དང་འདྲ། ཀེའུ་ཚངས་འཇམ་དབྱངས་སྨོན་ལམ་གྱི་སྦྱོར་ཆོས་སུ་ཚིག་འདི་བེད་སྤྱོད་བྱས་ཡོད།  +
རྨད་དུ་བྱུང་བའི་ཚིག་བསྡུས་པའོ། །  +
མཁར་རྩེ་ཟེར་བ་དེང་སང་འཕན་ཡུལ་ལྷུན་གྲུབ་རྫོང་ཞེས་པ་དེ་ཡིན་གསུང་།  +
རྨ་ཤུལ། དབྱིན་སྐད་དུ་ (scar) ཟེར། མིག་ཆུང་གི་གཏམ་རྒྱུད་འཆད་པའི་སྐབས་ཀྱི་མདོ་སྡེ་ལས་བརྒྱ་པ་༼ ཧ ༽༩བ་༤ལས། དེས་དགྲ་བཅོམ་པ་ཉིད་ཐོབ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་སྣུམ་གྱིས་སྐུད་པ་ན། དེས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པའི་རྨའི་སྒྲོས་མཐོང་ངོ་། །ཞེས་གསུངས་པ་ལྟ་བུ།  +
རྨས་སྐྱོན་ཕོག་པའི་གང་ཟག རྨས་མ་དང་དོན་གཅིག  +
གཉིད་ལམ། རྨི་ལམ་ཇི་ལྟར་འབྱུང་བའི་ཚུལ་ནི། རྗེའི་རིམ་ལྔ་གསལ་སྒྲོན་ལས། གཙོ་བོ་ནི་རྒྱུད་གཞན་ལས། སྙིང་ཁ་དང་ནོར་བུར་གནས་པའི་ཐིག་ལེས་གཉིད་འཐུག་གི་སྐབས་དང༌། མགྲིན་པ་དང་ལྟེ་འོག་གི་གསང་གནས་ཀྱི་ཐིག་ལེས་རྨི་ལམ་དང༌། དཔྲལ་བ་དང་ལྟེ་བའི་ཐིག་ལས་སད་པའི་གནས་སྐབས་སྐྱེད་པར་གསུངས་པ་ལ་བརྟེན་ནས། གཉིད་དུ་འགྲོ་བའི་ཚེ་སྙིང་ཁ་དང་ནོར་བུར་རླུང་འདུ་ཚབས་ཆེ་བ་ལ་བརྟེན་ནས་རྨི་ལམ་མེད་པའི་གཉིད་འབྱུང་ཞིང༌། དེ་དེར་གནས་པའི་རིང་ལ་དེ་ལྟར་གནས་པ་དང༌། དེ་གཉིས་སུ་རླུང་འདུད་པ་ཅུང་ཞིག་གྱེས་ནས་མགྲིན་པ་དང་གསང་གནས་སུ་སོང་སྟེ་འདུས་པ་ལས་རྨི་ལམ་འབྱུང་ཞིང༌། ཞེས་གསུངས་པ་ལྟར་རོ། །རྨྱིད་ལམ། རྨྱི་ལམ། རྨི་ལམ། (རྨི་ལམ་ནི་རྨྱིད་ལམ་ཟུར་ཆག་པ་ཡིན་ཞིང་། དོན་དུ་གཉིད་ལམ་ཡིན) མནལ་ལམ། རྨང་ལམ། གཟིག་ལམ། (རྨི་ལམ་གྱི་ཞེ་སར་གཟིག་ལམ་ཟེར) གཟིགས་ལམ་རྣམས་དོན་གཅིག ཡིག་རྙིང་རྣམས་སུ་གཉིད་ལམ་ལ་རྨྱི་ལམ་མམ་རྨྱིད་ལམ་ཞེས་འབྲི་བར་སེམས།  +
རྨི་ལམ་ངན་པ་བཟློག་ཐབས་རྣམ་པ་བདུན་ཏེ། ཕྱོགས་སྐྱོང་ལ་གཏོར་མ་སྦྱིན་པ། མཁའ་འགྲོ་ལ་གཏོར་མ་སྦྱིན་པ། སྲུང་འཁོར་སྒོམ་པ། བཟླས་པ་བྱེད་པ། གོ་ཆའི་སྔགས་འགོད་པ། ལྷ་ལ་གསོལ་བ་འདེབས་པ། སྦྱིན་སྲེག་དང་བདུན་ནོ། །  +
1 གཉིད་དུས་སུ་རྨི་ལམ་ལ་རྨི་ལམ་ཡིན་པར་ངོ་ཤེས་པ་ལ། རྨི་ལམ་ཟིན་པ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་དང་། རྗེའི་གསུང་ཟིན་བྲིས་གསང་འདུས་ཡིག་ཆུང་ཉེར་གཅིག་སོགས་ལས་བཤད། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་རང་རྣམ་དུའང་གསལ།  +
2 རྗེའི་སྔགས་རིམ་༥༠༤ལས། དེ་བས་ཟབ་པ་ཞིག་ལ་གསུངས་འདུག་པ་འདི་ལྟར། གཉིད་ཀྱི་འོད་གསལ་དངོས་གཞི་དེ་ཡང་རླུང་གིས་མ་གཡོས་བར་དུ་འབྱུང་གི་རླུང་གིས་གཡོས་ནས་རྨི་ལམ་དུ་འགྲོ་བས། དེ་ཟིན་པའི་ཚེ་རྨི་ལམ་ལ་མི་འཆོར་བར་དེ་ཉིད་ལ་འཛིན་པའི་འཕེན་པ་དྲག་པོ་བཏང་ནས་སྐབས་དེ་ཉིད་དུ་སེམས་གཟུང་དགོས་པ་ནི། ཇི་སྲིད་དུ་ཞེས་སོགས་ཀྱི་དོན་ཏོ། །ཞེས་སོགས་གསུངས་སོ། །རྨི་ལམ་ལ་མི་འཆོར་བར་གཉིད་ཀྱི་འོད་གསལ་ལ་སེམས་འཛིན་པ་ལ། རྨི་ལམ་འཛིན་ཟེར་བ་ཡིན་ནམ་སྙམ་དཔྱད། རྗེའི་སྔགས་རིན་ཆེན་མོ་གོང་འོག་ཀུན་ལ་ཞིབ་ཏུ་གཟིགས།  +
རྨི་ལམ་ཟིན་དང་འདྲ།  +
རྨི་ལམ་ཐིག་པོ། འདུལ་བ་ལུང་གཞི་༼ ང་པ ༽༢༤༦བ༦ལས། དེའི་ཚེ་དེའི་དུས་ཀྱི་སྤྲེའུའི་ཚོགས་ཀྱི་དཔོན་པོ་རྨི་ལམ་རྣོ་བ་གང་ཡིན་པ་དེ་ནི་ང་ཡིན་ནོ། །ཞེས་པ་ལྟ་བུ།  +
ཕྱིའི་གནས་གསུམ། ནང་གི་གནས་གསུམ། གསང་བའི་གནས་གསུམ་དང་གསུམ་ལས། དང་པོ་ཕྱིའི་གནས་གསུམ་ནི། གངས་རི་སེང་གདོང་དཀར་པོ་སྐུ་ཡི་གནས། །ལ་ཕྱི་སྟག་གདོང་ཕྲ་མོ་གསུང་གི་གནས། །རྩ་རི་ཕག་གདོང་ནག་མོ་ཐུགས་ཀྱི་གནས། །ཞེས་འདས་ལོག་མ་བསྟན་འཛིན་ཆོས་སྒྲོན་གྱི་རྣམ་ཐར་དུ་གསུངས་པ་ལྟར་དང༌། ཡང་ན། ས་འོག་སྐུའི་གནས། ས་སྟེང་གསུང་གི་གནས། ས་བླ་ཐུགས་ཀྱི་གནས། ཞེས་བདེ་མཆོག་གི་སྐོར་ནས་གསུངས་པ་ལྟར་རོ། །གཉིས་པ་ནང་གི་གནས་གསུམ་ནི། སྤྱི་བོ་སྐུའི་གནས། མགྲིན་པ་གསུང་གི་གནས། སྙིང་ག་ཐུགས་ཀྱི་གནས་དང་གསུམ་མོ། ། གསུམ་པ་གསང་བའི་གནས་གསུམ་ནི། སྔགས་སྐྱེས། ཞིང་སྐྱེས། ལྷན་སྐྱེས་ཀྱི་མཁའ་འགྲོ་མ་གསུམ་ལ་ཟེར་ཏེ། རྒྱལ་བ་དགེ་འདུན་རྒྱ་མཚོས། ཞིང་སྐྱེས་ལྷན་ཅིག་སྐྱེས་དང་སྔགས་སྐྱེས་ཀྱི། །གནས་གསུམ་མཁའ་འགྲོའི་ཚོགས་ལ་དབང་བསྒྱུར་ཞིང༌། །ཞེས་གསུངས་པ་ལྟར་དང༌། བསྐྱེད་རིམ་དང༌། སོ་སྐྱེའི་རྫོགས་རིམ་དང༌། འཕགས་རྒྱུད་ཀྱི་རྫོགས་རིམ་གྱི་རྟོགས་པ་རྒྱུད་ལྡན་གྱི་རྣལ་འབྱོར་མ་ལ་རིམ་པ་ལྟར། སྔགས་སྐྱེས་དང༌། ཞིང་སྐྱེས་དང༌། ལྷན་སྐྱེས་ཀྱི་མཁའ་འགྲོ་མར་གསུངས་པ་ལྟར་རོ། །ཞེས་དངུལ་ཆུའི་གསུང་ན་གསལ་བ་ལྟར་རོ། །  +
རྨི་ལམ་གྱི་ལུས་ཁྱད་པར་བ་ཅིག་ཡོད་པ་དེ་ལ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་ལས། རྨི་ལམ་འབྱུང་བ་ཙམ་མིན་གྱི་རྨི་ལམ་གྱི་ལུས་ཁྱད་པར་བ་ཅིག་ཡོད་པ་དེ་སྒྱུ་ལུས་ཀྱི་རིམ་པ་ཡིན་ལ། འདི་ལ་རྨི་ལམ་ལོངས་སྐུ་ཞེས་ཀྱང་བྱའོ། །ཞེས་གསུངས་སོ། །  +
བསྲེ་བ་སྐོར་དགུའི་ལྔ་པ་དང༌། གཉིད་དུས་ཀྱི་བསྲེ་བ་གསུམ་གྱི་གཉིས་པ་རྨི་ལམ་ལོངས་སྐུ་དང་བསྲེ་བ་ནི། གཉིད་ཀྱི་འོད་གསལ་ལས་ལྡང་བར་རྩོམ་པ་དང་རྨི་ལམ་འཆར་བས། དེའི་དུས་སུ་རྨི་ལམ་གྱི་ལུས་དེ་རྣམ་སྨིན་གྱི་ལུས་ལས་ལོགས་སུ་བྱེ་བའི་ལོངས་སྐུ་དང་པོའི་མགོན་པོའམ། འཇིགས་བྱེད་ལྟར་ན་ལོངས་སྐུ་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པའི་སྐུ་འཇའ་ཚོན་ལྟ་བུར་སྐད་ཅིག་གིས་ལངས་ཏེ་ཇི་ཙམ་གནས་གནས་ཀྱི་བར་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་རྨི་ལམ་ལོངས་སྐུ་དང་བསྲེ་བའོ། །  +
(བཀའ་བརྒྱུད) བག་ཆགས་ལས་བྱུང་བའི་རྨི་ལམ་གྱི་ལུས་རླུང་སེམས་ཕྲ་བ་ལས་གྲུབ་པ་གང་ལའང་ཐོགས་པ་མེད་པ་དེའོ། །  +
རྨིག་པ་ཁ་གཉིས་སུ་གྱེས་པ། བ་ཕྱུགས་དང་མ་ཧེ་སོགས་ཀྱི་རྨིག་པ་ལྟ་བུ།  +
རྨིག་པ་ཟླུམ་པོ་དང་འདྲ། རྟོག་གེ་འབར་བ་ལས། ཐལ་ཁུང་ན་འགྲེ་བ་དང༌། དུ་བའི་ཁ་དོག་དང༌། སྒྲ་བོ་ཆེ་དང༌། རྨིག་པ་གཅིག་པ་དང༌། རྣ་བ་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་བོང་བུའི་བདག་ཉིད་ཞེས་སོགས་གསུངས་པ་ལྟར་རོ། །  +
རྨིག་པ་ཁ་གྱེས་པ་མིན་པར་ཟླུམ་པོར་ཡོད་པ། རྟ་དང་བོང་བུའི་རྨིག་པ་ལྟ་བུ།  +
ལྷ་ཡུལ་དུ་འགྲོ་བའི་དཔྱང་ཐག་ལྟ་བུ་ཞིག་ལ་གནའ་བོའི་བོན་རྣམས་ངོས་འཛིན་བྱེད། བུ་སྟོན་ཆོས་འབྱུང་ན་དམུ་ཐག་ཅེས་ཀྱང་སྣང་བས་འབྲི་ཚུལ་གཉིས་ཀའང་འཐད་པར་སེམས་སོ། །རྨུ་ཐག་དང་རྨུ་སྐས་གཉིས་ཕལ་ཆེར་དོན་འདྲ་བར་སེམས་སོ། །  +
ལྷ་ཡུལ་དུ་འགྲོ་བའི་ཐག་པའི་སྐས་འཛེག་ཅིག་ལ་གནའ་བོའི་བོན་རྣམས་ངོས་འཛིན་བྱེད། བུ་སྟོན་ཆོས་འབྱུང་ན་དམུ་སྐས་ཞེས་ཀྱང་སྣང་བས་འབྲི་ཚུལ་གཉིས་ཀའང་འཐད་པར་སེམས་སོ། །  +
1 (མིང་ཚི) གཏི་མུག་གི་ཆར་གཏོགས་གང་ཞིག ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བར་བྱེད་ལ་བྱིང་བའི་རྒྱུར་གྱུར་པའི་སེམས་བྱུང་ཞིག་ལ་ཟེར། རྗེའི་ལམ་རིམ་ཆེན་མོ་ལ་གཞི་བྱས། དེ་ཉིད་ལས། གངས་རིའི་ཁྲོད་ཀྱི་བསམ་གཏན་པ་ཕལ་མོ་ཆེ་རྣམས་ནི། ཡུལ་གཞན་ལ་འཕྲོ་བ་མེད་པར་གནས་ཤིང་གསལ་དྭངས་ནི་མེད་པའི་སེམས་རྨུགས་པ་ཞིག་ལ་བྱིང་བར་འདོད་པར་སྣང་ངོ༌། །དེ་ནི་མི་རིགས་ཏེ། རྨུགས་པ་ནི་བྱིང་བའི་རྒྱུར་གསུངས་པས་དེ་གཉིས་སོ་སོ་ཡིན་པའི་ཕྱིར་ཏེ། ཞེས་སོགས་གསུངས།  +
2 (བྱེད་འབྲེལ་ལས་ཚིག་འདས་པ) རྨུག་པའི་འདས་པ། ཁྱིས་རྨུགས་ལྟ་བུ།  +
སྔར་དྲི་བཅས་ཀྱི་གནས་སྐབས་ལས་ཕྱིས་དྲི་མས་དག་པའི་གནས་སྐབས་གཞན་དུ་གྱུར་པའམ། འགྱུར་བ་ཕྱིན་པ་བཅས་ཀྱི་དོན།  +
<ཛམྦྷན> སྔགས་ཀྱིས་གཞན་སེམས་རྨོངས་པར་བྱེད་པའི་མིང་། སྒྲ་བཤད་ནི། རྨུགས་པ་ནི་རྨོངས་པའི་དོན་ཡིན་པས་སྔགས་ཀྱིས་གཞན་སེམས་རྨོངས་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །བྱེ་བྲག་རྟོགས་བྱེད་འབྲིང་པོའམ་སྒྲ་སྦྱོར་བམ་གཉིས་༼ ཅོ་པ ༽༡༥༤བ༢ལས། ཛམྦྷན་ཞེས་བྱ་བ་སྔགས་ཀྱིས་སེམས་རྨོངས་པར་བྱེད་པའི་མིང་སྟེ་རྨུགས་བྱེད་ཅེས་བྱ། ཞེས་གསུངས།  +
བླུན་པོའི་དོན་དུ་ལི་ཤིའི་གུར་ཁང་དུ་བཤད། དམུན་པ་དང་འདྲ། དེའི་ཐད་དུ་གཟིགས།  +